Skip to main content Skip to search
16 Jan 2015
4 min 44 sec
Video Overview
Creators: 
Yeshey Wangchuk

༉  བུམ་ཐང་རྫོང་ཁག་ནང་འཁོད་ཀྱི་ས་གནས་ པདྨ་གླིང་པ་གིས་བཏགས་གནང་པའི་བྱིན་རླབས་ཅན་གྱི་ས་གནས་ཚུ་གི་མིང་ ག་དེ་སྦེ་ར་ཡོད་གའི་སྐོར་ལས་ ལེ་ཤ་ཅིག་ཡོད་པའི་གྲལ་ལས་ ཁྲལ་ཟེར་ བཏགས་དགོ་པའི་རྒྱུ་མཚན་ཡང་ ས་གནས་དེ་ནང་གི་མི་ཚུ་ པད་མ་གླིང་པའི་ཁྲལཔ་ཨིནམ་ལས་ ས་གནས་ཀྱི་མིང་ཡང་ ཁྲལ་ཟེར་བཏགས་བཏགསཔ་ཨིན་པས། དེ་ལས་ པད་མ་གླིང་པའི་གསོལ་བམ་བྱང་སྟེ་ དེ་གི་གནས་སྟངས་དང་འཁྲིལ་ཏེ་བཏགས་གནང་པའི་ ས་གནས་ཀྱི་མིང་ཡང་ལེ་ཤ་ཅིག་སླབ་ནི་ཡོདཔ་མ་ཚད་ དེ་ཚུའི་སྐོར་ལས་ ཚེ་རིང་རྡོ་རྗེ་གིས་ རེ་རེ་བཞིན་དུ་འབད་ ཁུངས་དང་བཅསཔ་སྦེ་བཤད་ནི་འདུག ཨིན་རུང་ ས་གནས་ཀྱི་མིང་འདི་ཚུ་ ད་ལྟོ་མང་ཤོས་ཅིག་སྒྲ་ཟུར་ཉམས་ཏེ་སླབ་སྲོལ་ དར་ཁྱབ་སོང་སྟེ་ཡོདཔ་སྦེ་བཤད་ནི་འདུག

Tshering Dorji is a Chiwog (sub county, electoral precinct) representative for Beinzaibi, Chutö, Gamling, Khangrab, Khödyar, Namkha, Shobong Gönpa, Tashiling and Ugyencholing villages. He is from Gamling village, which has an old temple said to have been founded by Guru Rinpoche during the 8th century. It was later re-established by an Ani (nun) from Tibet and renovated by her son. Tshering Dorji also shares some of the sacred places, temples in the community.

 

Transcript search
No results found for this search
0 of 0
  • ཚེ་རིང་རྡོ་རྗེ་
    ནཱ་གི་སྤྱི་འོག་གི་ ས་ཆའི་མིང་ཚུ་ འབོ་དགོཔ་ག་དེ་སྦེ་སྨོ་ཟེར་བ་ཅིན་ དེ་ལས་ད་ཁྲལ་ཟེར་ ཁྲལ་ལྷ་ཁང་ཟེར་ཨིན་ལགས་ ག་ཅི་འབད་ཟེར་བ་ཅིན་ པདྨ་གླིང་པ་གི་ ཁྲལ་པ་ཨིན་ཟེར་ཨིན་པས་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ ད་གཅིག་པདྨ་གླིང་པ་གི་ཁྲལ་པ་ དེ་ལས་ཏེ་ པད་གླིང་ཡར་བཞུགས་ནུག་ལགས་ བ་རི་སྦྲང་ཟེར་ས་བཞུགས་ཏེ་ ཁོ་གི་(གསོལ་)བ་འབྱང་ནུག་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ ཁོ་གི་གསོལ་བ་འབྱང་སྟེ་ འཚོལ་བར་འོངམ་ད་ ད་ལས་ཡར་ ས་ཆའི་མིང་ང་བཅས་ཀྱི་ ཁ་སྐད་ལས་འབད་བ་ཅིན་ བྲཱ་ད་རོང་ཟེར་བའི་ལགས་ ཏེ་བྲཱ་ད་རོང་ཟེར་མེན་པས་ལགས་ བ་རོང་ཟེར་ཨིན་པས་ལགས་
  • ཚེ་རིང་རྡོ་རྗེ་
    ཁོ་གི་གསོལ་བ་འདི་ འདམ་ནང་(རོང་ཟེར་འཛུལ་ཡར་སོ་ནུག་ཟེར་ཨིན་པས་ལགས་དེ་ལས་ད་དབའེ་ངེའི་བ་འདམ་ནང་ཐིམ་སོ་ནུག་ཟེར་ ཏེ་བ་བཏོན་ད་པའི་ཟེར་ཨིན་པས་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ འདམ་ནང་ལས་བཏོན་སྟེ་ ཡར་ལས་ཕར་བཞགཔ་ད་ ཡར་ལས་ཡར་ལྷོད་ནུག་ཟེར་ཨིན་པས་ལགས་ ཨ་ཡར་ལུ་ཁྱིམ་གཅིག་འབད་མི་ཅིག་ཡོད་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ ཚར་ཅིག་འབདཝ་ད་ པད་གླིང་ལྟ་བར་བྱོནམ་ད་ བ་ཡར་ལུ་ཉམས་དགའ་ཏོག་ཏོ་འདུག་ཟེར་ཨིན་པས་ལགས་ དེ་ལས་ ཉམས་དགའ་སྦིས་ཟེར་
  • ཚེ་རིང་རྡོ་རྗེ་
    དེ་ལས་ ད་པད་གླིང་གི་བ་གིས་ ཆུ་བཏངམ་ད་འཐོན་ཐོན་པའི་ཟེར་ ཆུ་འདི་ད་བྱཱར་ཡང་སྦོམ་འགྱོ་ནི་མེད་ དགུན་ཡང་སྐམ་ནི་མེདཔ་ཨིན་ལགས་ ཏེ་ཆུང་ཀུ་ཅིག་འབད་
  • ཚེ་རིང་རྡོ་རྗེ་
    ཆུ་འཁོར་མ་ཎི་ཆུང་ཀུ་ཅིག་ཡང་ཡོད་ལགས་ ད་འདི་དམངས་ཀྱི་ ཡར་ལོ་མར་ལོ་ཟེར་ འཐུང་ཆུའི་ནང་བཙུགས་ཏེ་ ཆུ་འཁོར་མ་ཎི་ཡང་ ཁུངས་མེད་པར་?ལུས་སོང་ཡི་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ འ་ནི་ཉམས་དགའ་སྦིས་ཟེར་ས་ལུ་ ད་རུང་ད་མི་འདི་ཚུ་བདེན་འཛིན་མི་རེ་ཟེར་ ཏེ་ངེའི་བ་གི་ཞབས་རྗེས་བཏོན་དགོ་ཟེར་ བའི་ཞབས་རྗེས་ཅིག་ཡང་ཡོད་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ཁྱོད་ནཱ་ཉམས་དགའ་ཏོག་ཏོ་འདུག་ཟེར་ བཀོག་བཞག་སྟེ་ ད་ལས་ཚར་ཅིག་འབདཝ་ད་ ཁོ་མར་ཡོད་པའི་ ཡོད་ག་མེད་ག་ལྟ་བར་བྱོན་ནུག་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ ལྟ་བར་བྱོནམ་ད་ ཡ་ཡར་ལུ་མིན་འདུག་ཟེར་ དེ་ལས་ རྐང་རྗེས་འདུག་ཟེར་ཨིན་པས་ ལམ་བཟུང་སྟེ་ཕར་བདའ་སྟེ་ དེ་ལས་ ཕར་ལྟ་བར་བྱོནམ་ད་ ཁོ་གི་བ་འདི་ སྒང་ཏོ་བརྒལ་ཏེ་རང་ ཡར་སོང་ནུག་ཟེར་ཨིན་པས་
  • ཚེ་རིང་རྡོ་རྗེ་
    དབའེ་ད་ བ་འདི་སྒང་ཏོ་བརྒལ་ཏེ་རང་འགྱོ་ནུག་ དེ་ལས་བ་ཟུར་ཟེར་ ཟུར་བརྒལ་ཏེ་འགྱོ་ནུག་ཟེར་ ད་ལྟོ་ང་བཅས་ཀྱི་ཁ་ལས་འབད་བ་ཅིན་ པོག་ཏོ་(སྒང་ཏོ་)ཕལ་སྐད་ནང་ཨིན་པས་ལགས་ བ་ཟུར་ཟེར་
  • ཚེ་རིང་རྡོ་རྗེ་
    ས་ཟུར་བརྒལ་ཏེ་འགྱོ་ནུག་ཟེར་ཨིན་པས་ལགས་ དེ་ལས་ འཚོལ་ཡི་རང་འགྱོཝ་ད་ དེ་ལས་ རོང་ཅིག་ནང་ལྷོདཔ་ད་ ཆུ་འཐུང་སྟེ་འདུག་ཟེར་ཨིན་པས་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ བཏབ་སྒང་ཟེར་ ཏེ་བ་འདི་ཁ་སྐོམ་ཏེ་ ཆུ་འཐུང་མས་ཟེར་ བཏབ་སྒང་ཟེར་ དེ་ལས་ཁོ་ནཱ་རང་སྡོད་ནི་ཨིན་པས་ཟེར་ བཀོག་བཞགཔ་ད་
  • ཚེ་རིང་རྡོ་རྗེ་
    དེ་ལས་ཕར་ལས་མར་ ཁོ་ཕར་ནེམ་འབད་བཞུགསཔ་ད་ ད་ས་ཆའི་མིང་ཡང་ ཁྲུམ་སྒང་ཟེར་ཡང་འདུག་ལགས་ ཏེ་ད་ལྟོའི་མི་ཚུ་གིས་ ཁྲུམ་སྒང་ཟེར་སླབ་མས་ལགས་ དེ་ལས་ པད་གླིང་གི་གནས་ཡིག་ནང་འབད་བ་ཅིན་ ཁྲོམ་ཁང་ཟེར་ཨིན་པས་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ ནཱ་ལས་ཕར་ཚུར་འདི་མིན་འདུག་ ད་རུང་ཡང་ ནཱ་ལས་ཡར་སོང་ནུག་ཟེར་ འཚོལ་བྱོནམ་ད་དེ་ལས་ ལ་བརྒལ་ཏེ་བྱོན་ནུག་ལགས་ དེ་ལས་ང་བཅས་ཡར་ བ་ཐལ་ཡ་(ཡ་ཟེར་མི་འདི་ བུམ་ཐང་པའི་ཁ་ནང་ ལ་ལུ་གོ་ནི་ཨིན་)ཟེར་ སྐད་ཅིན་མིང་ཅིན་ཨིན་ལགས་ དང་ཕུ་གཞུང་ལམ་ཅིག་ཨིན་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ཕར་བྱ་རི་མཁར་ལུ་ ལྷོད་ཅི་ཟེར་ཨིན་པས་ལགས་ དེ་ལས་བྱ་རི་མཁར་ལུ་ལྷོདཔ་ད་ དེ་ལས་ཁོ་གི་བ་འདི་ ཕར་ལུ་འདུག་ཟེར་ཨིན་པས་ལགས་
  • ཚེ་རིང་རྡོ་རྗེ་
    འདི་བཟུམ་མའི་ས་ཆ་ རླུང་འདི་ག་ཅི་དེ་ཚ་བས་ ད་རྩྭ་ཟ་ནི་ག་ནི་ཡང་མི་འོང་ནི་མས་སྨོ་ཤིག་ཟེར་ ད་ངེའི་བ་འདི་བྱིན་གྱིས་བརླབ་དགོ་པས་ཟེར་ དེ་ལས་ཨ་ཕར་སྒང་རེ་ཐང་ཟེར་ས་ལུ་
  • ཚེ་རིང་རྡོ་རྗེ་
    མིག་གིས་མ་མཐོང་བའི་རྩྭ་ཅིག་བྱིན་གྱིས་བརླབས་ཏེ་ཡོད་པའི་ཟེར་ཨིན་པས་ ད་(Speaker uses English for school) སློབ་གྲྭ་ཆགས་ཏེ་ འདི་ཡང་ཉམས་སོངཔ་འོང་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ང་བཅས་ནཱ་ལས་མར་འབད་བ་ཅིན་ ཏེ་ང་བཅས་ཀྱིས་འབད་བ་ཅིན་ སུམ་སྦྲང་ཟེར་སླབ་པའི་ལགས་ དེ་ལས་ གནས་ཡིག་ནང་འབད་བ་ཅིན་ གསུམ་གྲངས་?ཟེར་ཨིན་པས་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ད་གསུམ་གྲངས་ཟེར་ དེ་ལས་སྒོམ་པ་གླིང་དང་ ཏེ་གསུམ་གྲངས་ མར་མེ་འབར་མཚོ་ དེ་ལས་ ཡར་ཀུན་བྲག་འདི་ཚུ་ག་རའི་ནང་ པདྨ་གླིང་པ་གིས་ འ་ནི་འབད་བྱིན་གྱིས་བརླབས་ཏེ་དེ་ལས་
  • ཚེ་རིང་རྡོ་རྗེ་
    ད་འ་ནི་ཚུ་ པདྨ་གླིང་པའི་སྦས་ཡུལ་ཨིན་ཟེརཝ་མས་ ད་དང་ཕུ་འབད་བ་ཅིན་ ཨ་ནི་ཆུ་ནང་ཉ་ཡོད་པའི་ཟེར་ཨིན་པས་ལགས་ ད་ངེའི་སྦས་ཡུལ་ནང་ ཁྱོད་ཆ་ཁྱབ་སྡོད་མི་ཆོག་ཟེར་ དེ་ལས་ པདྨ་གླིང་པ་གིས་ཏེ་
  • ཚེ་རིང་རྡོ་རྗེ་
    ད་ང་བཅས་རའི་མཇལ་བ་ཅིན་ རྟས་ཐག་ཅིག་ཨིན་པས་ལགས་ དེ་ལས་རོགས་སངས་རྒྱས་འདི་ཚུ་གིས་གཟིགསཔ་ད་ཏེ་ གསེར་གྱི་རྟས་ལྕག་ཨིན་པས་ཟེར་ ཨིན་པས་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ གསེར་གྱི་རྟས་ལྕག་གི་བརྡུང་སྟེ་ ངེའི་སྦས་ཡུལ་ནང་ སྡོད་མི་ཆོག་ཟེར་ དེ་ལས་མར་ ཡར་སྟང་ལས་འོང་པའི་ ཆུ་སྦོམ་ཅིག་ཡོད་ལགས་ དེ་ལས་ འ་མར་བསྡོམ་སར་ལུ་ལྷོདཔ་ད་ ད་ཁྱོད་ཆ་ཁྱབ་འ་ན་ལས་འོང་མི་ཆོག་ཟེར་
  • ཚེ་རིང་རྡོ་རྗེ་
    དམ་བཅའ་གནང་ཡི་ཟེར་ཨིན་པས་ ཏེ་ང་བཅས་ཀྱིས་ ལྟ་བ་ཅིན་བྱག་ཨིན་ལགས་ དེ་ལས་ པད་གླིང་གིས་གཟིགསཔ་ད་ གསེར་གྱི་ཨེན་ཙེ་ཨིན་ཟེར་ ཨིན་མས་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་འ་ན་ལས་ཡར་འབད་དེ་ ད་ང་བཅས་ནོར་འཚོ་རུང་ ན་ལས་ཕར་ཚུར་ པད་གླིང་སྦས་ཡུལ་ དེ་ལས་ཡར་ཞབས་རྗེས་ ལུག་འཚོ་ཡོད་པའི་ཞབས་རྗེས་ ནོར་འཚོ་བ་ཅིན་ནོར་འཚོ་ཡོད་པའི་ཞབས་རྗེས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ ཆུ་འཐུང་པ་ཅིན་ གྲུབ་ཆུ་འཐུང་ས་ གནམ་མེད་ས་མེད་ད་གནས་ཀྱི་ ད་ས་གཞན་ཁར་གནས་མཇལ་བར་མ་ལྷོད་རུང་ དེ་ལས་ད་ པད་མ་གླིང་པའི་ སྦས་ཡུལ་ནང་ གནས་མཇལ་དོ་བཟུམ་ཅིག་ཨིན་ཟེར་ ད་འ་ནེམ་ཅིག་ཨིན་པས་ལགས་ ལགས་སོ་ལགས།