Skip to main content Skip to search
21 Jun 2018
1 min 19 sec
Ariana Maki
Video Overview
Creators: 
Duptho, Sonam Chophel

Phurpa from Radhi Gewog, Tashigang, shares a description of Meymey Cham, which is performed during the annual tshechu of Jonla Ugyen Ghatsel temple. It is said to be performed by the Atsara during the tshechu. The origin and meaning of why this is performed is unknown; however the lyrics lead one to believe it was humor created for Shaman Jawa Loday critiquing his unachievable dreams. The lyrics state that Shaman Jawa had hundreds of chances yet did not have sex with any of them; he owns hundreds of cows yet never tasted a cup of curd; hundreds of ladies offered drinks yet he could not even take one sip. The song portrays him as rejected by all women, though he is desperate with lust.

 

བཀྲིས་སྒང་རྫོང་ཁག  རདྷི་རྒེད་འོག་ལས་ཕུར་པ་གི་ འབྱོན་ལ་ཨྱོན་དགའ་ཚལ་ ལྷ་ཁང་ཚེས་བཅུའི་སྐབས་ འཁྲབ་ཡོད་མི་ མེ་མེ་འཆམ་གི་སྐོར་ལས་ འགྲེལ་བཤད་རྐྱབ་ཨིན་མས། འཆམ་འདི་ཡང་ ཚེས་བཅུའི་སྐབས་ ཨ་རྩ་ར་གི་འཁྲབ་ཡོད་ཨིན་མས། འཆམ་འདི་གི་འབྱང་ཁུངས་དང་ འཆམ་འདི་ག་ཅི་འབད་རྐྱབ་ཨིན་ན་སྐོར་ལས་ངོས་བཟུང་མེདཔ་ཨིན་རུང་ ཚིག་འདི་ནང་ལས་ དགོད་བྲའི་སྒོ་ལས་ ཤཝ་མན་ཇ་ཝ་བློ་གྲས་ཀྱི་ འགྲུབ་མ་ཚུགས་པའི་ རེ་བ་གི་སྐོར་ལས་ཨིན་མས་ ཟེར་ཤེས་ཚུགསཔ་ཨིན་མས། གླུ་གཞསའི་ཚིག་འདི་ནང་ ཤཝ་མན་ཇ་ཝ་འདི་ལུ་ ཨམ་སྲུ་བརྒྱ་ཐམ་པ་ཡོད་རུང་ གཅིག་དང་གཅིག་ཁར་ཡང་ ལུས་འབྲེལ་མ་འབདཝ་ཨིན་མས་ དེ་ལས་ཁོ་ལུ་བ་ བརྒྱ་ཐམ་པ་ཡོད་རུང་ ཞོ་ཕོརཔ་གཅིག་ཡང་བྲོཝ་བལྟ་ནི་མ་ཐོབ་མས། ཨམ་སྲུ་བརྒྱ་ཐམ་པ་གིས་ ཁོ་ལུ་ཆང་བྱིན་རུང་ ཁོ་ཆང་ཧུབ་གཅིག་ཡང་ འཐུང་ནི་མ་ཐོབ་ཨིན་མས། ཁོ་འདོད་ཆགས་ཀྱི་ ཐབས་ཆག་ཏེ་འབད་རུང་ ཨམ་སྲུ་ཚུ་གི་ དགོ་མ་བཏུབ་ཨིན་མས།

 

Transcript search
No results found for this search
0 of 0
 • ཕུར་པ་ Phurpa
  སྟེང་ཕྱོགས་ལྷ་ལུ་[ལྷ་ལས་?]མར་འབབ་ཚེ། །བསང་བཏང་མི་ཁལ་ལྔ་ཡོད། །རྡོ་ཕུག་གཅིག་ཡང་ང་མ་མཐོང་། །
 • ཕུར་པ་ Phurpa
  བུ་མོ་ཁལ་ལྔའི་བདག་པོ་ང་ཨིནམ་པས། །རྒྱོ་ཕོག་གཅིག་ཡང་ང་མ་མྱོང་། །
 • ཕུར་པ་ Phurpa
  རྒྱ་ཚ་མིན་ཁལ་ལྔའི་བདག་པོ་ང་ཨིནམ་པས། །དརཝ་ཕོརཔ་གཅིག་ཡང་ང་མ་འཐུང་། །
 • ཕུར་པ་ Phurpa
  བུ་མོ་་་་་ མར་ཆང་དྲངས་མི་ཁལ་ལྔ་ཡོད། །ཆང་ཕོརཔ་གཅིག་ཡང་ང་མ་འཐུང་། །
 • ཕུར་པ་ Phurpa
  སྤོ་ཆེན་བྱ་བ་བློ་གྲོས་ང་། །མཇེ་ཆེ་བའི་ཚེ་སྔོན་ལས་རང་ཨིན། །
 • ཕུར་པ་ Phurpa
  སྨན་ཆུང་བུ་མོས་དགོ་མ་བཏུབ། །རྒད་པོ་རྒས་ཀྱང་རྩ་མི་རྒས། །རྩ་ཆེན་སྡོང་པོ་ཕི་རི་རི། །
 • ཕུར་པ་ Phurpa
  དེམ་ཅིག་རང་ཨིན་ལགས།། །།