Skip to main content Skip to search
15 Dec 2011
2 min
Rating
0
No votes yet
Video Overview
Creators: 
Unknown

Dékyi describes a photo of an Ashi.

Show More

  • ཨོའོ་འདའི་ཨ་ཤེལ་སྙིང་རྗེ་པོ་ཅིག་འདུག་ག ཁོང་གི་མགོ་བོ་སྒང་ལ་རྒྱན་ཆ་མང་པོ་ཞེ་དྲག་ཡོའོ་རེད། དམར་པོ་དེ་ཚོ་བྱུ་རུ་རེད། ཡིན་ནའི་སྔོན་པོ་དེ་ཚོ་གཡུ་རེད་ད།
  • ཁོང་གི་མགོ་སྒང་ལ་ཡོད་པའི་སྒོར་སྒོར་ཅིག་འདུག་ག དེ་ཡའི་མགོ་གི་རྒྱན་ཆ་རེད། ཁོང་གི་སྐྲ་ནག་ཀྱང་རེད་བཞག སྐྲ་ལ་ཡ་ལྷས་པ་མང་པོ་ཞེ་དྲགས་རྒྱབ་ཡོའོ་རེད། དེ་ཁོང་ཚོའི་ལུགས་སྲོལ་རེད།
  • ཁོང་གི་ཨམ་ཅོག་ཡའི་རྒྱན་ཆ་མང་པོ་ཡོའོ་རེད་ད། གཡུ་དང་བྱུ་རུ་མང་པོ་ཡོའོ་རེད། ཨོའོ་ཁོང་གི་སྐེ་དཀྲུག་དེ་སྙིང་རྗེ་པོ་ཞེ་དྲག་འདུག ཁོང་གི་སྐེ་དཀྲུག་ནང་ལོགས་ལ་ཡ་བྱུ་རུ་ཡོའོ་རེད། གཟི་ཡོའོ་རེད། གཟི་ག་ཚད་ཡོའོ་རེད་ཟེར་ན་གཟི་བཞི་ཡོའོ་རེད། གཟི་ཁྲ་ཁྲ་རེད་ད།
  • ཁོང་གི་སྐེ་དཀྲུག་གི་དཀྱིལ་དེར་ཡོད་པའི་སེར་པོ་ཅིག་འདུག་ག དེ་སྤོས་ཤེལ་རེད། ཁོང་གི་འོག་འཇུག་དེ་ཚོས་གཞི་སྙིང་རྗེ་པོ་ཞེ་དྲག་འདུག དེ་ཚོས་གཞི་སིང་སྐྱ་རེད། ཁོང་གི་གདོང་དཀར་ར་ལ་ཨ། མཁུར་ཚོས་ཏོག་ཙམ་དམར་པོ་བྱས་སྙིང་རྗེ་པོ་ཞེ་དྲགས་འདུག ཨ་ཤེལ་ནང་ལོག་ལ་ཡ་གདོང་དཀར་པོ་དེ་འདྲས་མང་པོ་རང་ཡོའོ་མ་རེད།
  • ཁོང་ད་ལྟ་ཕལ་ཆེར་བསམ་བློ་ཅིག་བཏང་གི་ཡོད་པ་འདྲ། དཀའ་ལས་ཡའི་ཏོག་ཙམ་ཁག་ཡོད་པ་འདྲ། ཁོང་གི་འོག་འཇུག་གི་གོང་པ་དེ། ཨོའོ་བོད་པའི་འོག་འཇུག་གི་བཟོ་བལྟ་རེད་ད། འདིར་ཡ་ཐོབ་ཆི་ཆུང་ཆུང་ཅིག་ཡོའོ་རེད།
  • ཁོང་གི་འཁྲིས་ལ་ཡ་མི་ཅིག་བསྡད་བཞག ཁོང་བསྡད་ས་དེ་མེ་ཏོག་ལྡུམ་རྭའི་ནང་ལོགས་ལ་རེད་བཞག ཁོང་ལོ་ཆུང་ཆུང་རང་མ་རེད་བཞག ཨོའོ་ཁོང་གི་དཔྲལ་ཁོག་ལ་ཡ་གཉེར་མ་ཁ་ཤས་ཅིག་ཡོའོ་རེད་ད།
  • ཁོང་དངོས་གནས་འདི་འདྲས་ཟེར་བལྟས་པ་ཡིན་ན་སྙིང་རྗེ་པོ་ཅིག་འདུག དུག་ལོག་དང་རྒྱན་ཆ་ཡའི་ལན་པོ་ཞེ་དྲགས་འདུག