Video Overview
Dékyi and Dawa describe a photo of an Ashi.
- Eastern Tibet
- ཀདེའི་ཡ་ཨ་ཤེལ་སྙིང་རྗེ་པོ་ཅིག་འདུག་ག
- ཁཨ་ཤེལ་ཨེ། ཨོའོ་འདུག འགོ་དེའི་ཨ་མ་ལགས་རྒྱན་ཆ་ཞེ་དྲག་བཏགས་ཤག
- ཀཁོང་གི་མགོ་ལ་ཡ་རྒྱན་ཆ་མང་པོ་འདུག་གང་།
- ཁཨོའོ་འདུག
- ཀདམར་པོ་གཅིག་འདུག་ག འདི་བྱུ་རུ་རེད་དང་།
- ཁབྱུ་རུ་རེད་ཤག ཨོའོ་འདུག
- ཀསྔོན་པོ་ཅིག་འདུག་གང་།
- ཁཨོའོ་ཨོའོ།
- ཀའདི་གཡུ་རེད།
- ཁཨོའོ་གཡུ་ཡིན་པ་འདྲ། འདི་མགོ་ནང་ལ་ཕར་རྦད་དེ་འཁྱིལ་ཏེ་བཏགས་ཡོད་པ་འདྲ།
- ཀབཏགས་ཤག དཀྲིས་བྱས་བཞག་ཤག
- ཁཨོའོ་བཏགས་ཤག
- ཀཨོང་ཁོང་གི་དེར་སྒོར་སྒོར་ཅིག་འདུག་གང་། འདི་ཁོང་ཚོའི་མགོ་གི་རྒྱན་ཆ་རེད་དང་།
- ཁཨོའོ་རེད་ཤག
- ཀརྟག་པར་དེ་འདྲས་བཏགས་ཀྱི་ཡོའོ་རེད།
- ཁཨོའོ་འདི། སེར་པོ་འདི་རེད་པཱ།
- ཀཨོའོ་ཏག་ཏག་རེད།
- ཁཨོའོ་རེད་ཤག
- ཀཁོང་གི་ཨམ་ཅོག་ལ་ཡ་རྒྱན་ཆ་ཞེ་དྲག་འདུག་གང་།
- ཁཨོའོ་འདུག
- ཀགཡུ་དང་བྱུ་རུ་འདུག་གང་།
- ཁཨོའོ་འདུག
- ཀཁོང་གི་སྐྲ་ནག་རྐྱང་རེད།
- ཁཨོའོ་འདུག
- ཀཁོང་གི་སྐྲའི་སྒང་ལ་ཡ་ལྷས་མོ་ཆུང་ཆུང་མང་པོ་ཡོའོ་རེད།
- ཁཨོའོ་འདུག
- ཀའདི་རྟག་པར་ཁོང་ཚོས་དེ་འདྲས་ཟེར་བྱས་སྐྲ་བཟོ་ཡི་ཡོའོ་རེད་ད
- ཁཨོའོ་རེད་ཤག
- ཀཁོང་གི་སྐེ་ཕྲུག་འདི་སྙིང་རྗེ་པོ་འདུག་གམ།
- ཁསྐེ་ཕྲུག་སྙིང་རྗེ་པོ་ཞེ་དྲག་འདུག སྐེ་ཕྲུག་ནང་ལ་ཞེ་དྲག་བཏགས་ཤག བྱུ་རུ་བཏགས་ཤག བྱུ་རུ་འདུག
- ཀཨ་དུང་གཟི།
- ཁགཟི་འདུག ཨང་གཟི་ག་ཚད་འདུག་གམ། གཅིག། གཉིས། གསུམ། བཞི། གཟི་དངོས་འབྲེལ་ཡིན་ནམ།
- ཀགཟི་དངོས་འབྲེལ་ཡིན་གྱི་རེད།
- ཁགཟི་དངོས་འབྲེལ་ཡིན་ན་ད།
- ཀཁོང་གི་འདིར་ཡ་སེར་པོ་གཅིག་འདུག་གང་། འདི་སྤོས་ཤེལ་རེད་དང་།
- ཁཨོའོ། འདི་དཀྱིལ་འདི་རེད་པཱ།
- ཀཨོང་། དཀྱིལ་འདི་སྤོས་ཤེལ་རེད་དང་། ཚོས་གཞི་སེར་པོ་གཅིག་འདུག་གང་། འདི་སྤོས་ཤེལ་རེད། ཁོང་གི་གདོང་དཀར་པོ་ཞེ་དྲག་འདུག་གང་།
- ཁཨོའོ་འདུག ཡང་དེ་བར་དཀར་པོ་ཅིག་ཡིན་པ་དེའི་ནང་ལ་ཅིག་མཁུར་ཚོས་དེ་བར་ཅིག་དམར་མོ་འདྲ་པོ་འདུག་ག
- ཀཨོའོ་འདི་ཨ་ཤེལ་གི་ཁྱད་ཆོས་རེད།
- ཁཨོའོ་རེད་ཤག
- ཀཁོང་གི་སྟོད་ཐུང་དེ་ཧར་པོ་ཞེ་དྲག་འདུག་གང་།
- ཁསྟོད་ཐུང་ཨོའོ་རེད་ཤག ཚོས་གཞི་འདི།
- ཀསིང་དཀར་རེད།
- ཁསིང་དཀར་རེད་པཱ།
- ཀརེད།
- ཁསིང་དཀར་རེད་ཤག
- ཀབྱས་ཙང་། ཁོང་ལ་ཡ་རྒྱན་ཆ་མང་པོ་ཞེ་དྲག་ཡོའོ་རེད།
- ཁཨོའོ་འདུག
- ཀཁོང་ག་རེ་བྱེད་ཀྱི་ཡོའོ་རེད།
- ཁཅིག་གི་བསམ་བློ་ཞེ་དྲག་ཅིག་བཏང་བྱས་ནས་བསྡད་ཤག
- ཀབྱས་ཙང་། ཁོང་བསམ་བློ་ཞེ་དྲག་བཏང་གིས།
- ཁཨོའོ་བཏང་གི་འདུག
- ཀཨ་ཤི་ནང་ལོགས་ལ་ཡ་གདོང་དཀར་པོ་དེ་འདྲས་མང་པོ་རང་ཡོའོ་མ་རེད་ད།
- ཁཨོའོ་རེད།
- ཀཡིན་ནའི་སྐྲ་ལྷས་མ་མང་པོ་འདི་མང་པོ་ཞེ་དྲག་ཡོའོ་རེད།
- ཁབྱས་ཙང་།
- ཀཁོང་མེ་ཏོག་གི་ལྡུམ་རྭའི་ནང་ལོགས་ལ་ཡ་བསྡད་ཡོད་པ་འདྲ།
- ཁད་ག་ཟེར་ངལ་གསོ་བརྒྱབ་བྱས་བསྡད་ཡོད་པ་འདྲ།
- ཀབྱས་ཙང་།
- ཁཏོག་ཙམ་དཀའ་ལས་ཁག་པ་འདྲ།
- ཀཡིན་པ་འདྲ།
- ཁམིག་དེའི་བལྟས་ཡོང་དུས་ཏོག་ཙམ་དཀའ་ལས་ཁག་པ་འདྲ་པོ་འདུག
- ཀའདུག་གས།
- ཁའདུག འདི་ག་རད་ཅིག་ཕྱུ་པ། ཕྱུ་པ་རེད་ག་རས་འདི།
- ཀག་གི།
- ཁའདི། མི་གཞན་པ་གི་ལག་པ་རེད་པས་འདི།
- ཀམི་གཞན་དག་གི་ལག་པ་རེད་དང་། ཁོང་ལ་བརྙེས་བྱས་བསྡད་ཡོའོ་རེད་དང་།
- ཁཨ་ལས།
- ཀཨོང་། ཁོང་གི་འོག་འཇུག་འདི་ཆེན་པོ་ཞེ་དྲག་ཡོད་ཙང་བྱས་པ་རེད།
- ཁཨོང་འོང་།
- ཀཁོང་གི་འོག་འཇུག་གི་བཟོ་བལྟ་ཅིག་འདུག་གང་། འདིའི་གོང་པ་ཅིག་འདུག་གང་།
- ཁཨོའོ་འདི།
- ཀཨའོ་འདི། འདི་བོད་པའི་འོག་འཇུག་གི་གོང་པ་རེད་དང་།
- ཁབོད་བཟོ་རང་རེད་ཤག།
- ཀགོང་པ་ད་ལྟ་མར་སློག་བྱས་བསྡད་འདུག་གང་།
- ཁཨོའོ་རེད་ཤག བོད་བཟོ་རེད་ཤག དེའི་ཐེབས་ཅི་རྒྱག་རྒྱུ་ཡོད་པ་གཅིག་བྱས། རེད་པཱ།
- ཀཨོའོ་རེད།
- ཁཨོའོ་འདི་བོད་བཟོ་རང་རེད་ཤག
- ཀདེའི་ཐེབས་ཅུ་འདུག་གང་། ཐེབས་ཅུ་དེའི་བྱས།
- ཁའདི། ལན་པོ་ཞེ་དྲག་འདུག
- ཀསྙིང་རྗེ་པོ་ཞེ་དྲག་འདུག
- ཁའདུག