Video Overview
Professor Dawa describes a photo of a village girl from Litang.
- Litang
- ཀཨོང་། དེའི་ཨ་ཅག་ལགས་གཅིག་འདུག ཕལ་ཆེར་འདི་དེ་བར་ཡིན་ས་རེད། ལི་ཐང་གི་བོད་རིགས་ཡིན་ས་རེད། ཕྱུ་པ་དེ་བལྟས་ན། ཕྱུ་པ། ཚོས་གཞི་དེའི་སྣུམ་པོ་ཞེ་དྲག་འདུག་ག
- ཀཕྱུ་པ་དེའི་ཟུར་དེ་ཚོ་འདི་རེད་པཱ། ཀྲམ་ལྤགས་བརྒྱབ་བྱས། ཀྲམ་ལྤགས་བརྒྱབ། ཕྱུ་པ་ཚོས་གཞི་འདི། ཨོང་། དམར་སྨུག དམར་སྨུག་རེད་ཤག ཚོས་གཞི། གོས་ཆེན་རེ་མོ་དེ་ཕལ་ཆེར་རེ་མོ་འདི་ཡིན་པ་འདྲ། ལན་ཚ་ཟེར་མཁན་དེ། ཨོང་རེ་མོ་ལན་ཚ་རེད་ཤག་འདི།
- ཀཨ་ནི་སྐེད་རགས་དའི་ཧར་པོ་ཞེ་པོ་འདུག་སིང་སྐྱ། སྐེད་རགས་དེ་ཟིང་སྐྱ་བྱས། འོག་འཇུག་དེ་འདི་རེད་ཤག གཡུ་མདོག་འོག་འཇུག འོག་འཇུག་གཡུ་མདོག་གཅིག་གྱོན་ཤག
- ཀལག་པ་དེར་ག་རེད། ཤུག་པོ་རེད་ག་རེད་དེ་འདྲས། ཡང་ན་ཚོང་གི་ཅིག་ལག་འཁྱེར་ཡིན་ན་ཅིག་རེད་ཤག མོ་རང་ཞེ་དྲག་བལྟ་ཡི་འདུག ཨོང་། ཨ་ནི་ཁྲོམ་གཟིགས་ཁང་སོང་ཙང་། འཁྲིས་དེ་བར་ཅིག་བོད་རིགས་ཅོག་ལགས་དེ་འདྲས་མང་པོ་འདུག
- ཀཅོག་ལགས་དེ་གཅིག་ནུབ་ཕྱོགས་ཀྱི་གྱོན་གོས་གྱོན་པ་གཅིག་གོམ་པ་ཆེན་པོ་རྒྱབ་ནས་འགྲོ་མཁན་གཅིག་འདུག ཡང་ཕ་གའི་ཅིག་གི་ཅོག་ལགས་གཅིག་ཤ་རྒྱགས་པ་ཅིག་བྱས་ནས། ཨོང་ལག་པ་ག་རེད་ཅིག་གོས་ཐུང་པའོ་པའོ་ནང་ལ་བཅུག་བཞག་པ་ཅིག་འདུག་ག
- ཀཡང་འཁྲིས་དེར་ཕྲུག་གུ་གཅིག་འདུག ཕྲུག་གུ་དེའི་སྦ་ལན་འདི་སྙིང་རྗེ་པོ་འདུག་ག སྦ་ལན་ཚོས་གཞི་ཅིག་གི། ད་ག་རེ་ཟེར་དགོས་རེད། ཨོང་ཅིག་ཁྲ་ཁྲ་ཟེར་དགོས་རེད་པཱ། ཚོས་གཞི་ཁྲ་ཁྲ་བྱས། གོས་ཐུང་དེའི་དེང་སང་བསླབ་གྲྭ་གི་གོས་ཐུང་རེད་ཤག གོས་ཐུང་ཅིག་གཡུ་མདོག གཡུ་ཏོག་ཙམ་ག་རེ་རེད། གཡུ་དཀར་འདྲ་པོ་འདྲ་ཅིག་གྱོན་ཤག