Video Overview
Söyak describes a photo of two nuns.
- ཀཨོའོ། འདིར་ཨ་ནི་ལགས། གཉིས་ཞུགས་ཞུགས་བཞག་ཕལ་ཆེར་ཁོ་རྣམ་གཉིས་ཞབས་བསྐོར་ལ་ཐད་བྱས། ངལ་གསོ་བསྐྱོན་བྱས་ཞུགས་ཞུགས་ཡོད་པ་འདྲ།
- ཀལག་པའི་ནང་ལ་ཡ་གྱིད་ཤོག་ལྗང་ཁུ་ཅིག་གི་ནང་ལ་རྔན་པ་ཅིག་བླུགས་བྱས། མཆོད་ཀྱིན་ཞུགས་བཞག ཨ་ནི་ལགས་རྒན་པ་དེའི་དབུ་སྐྲ་ཡའི་དཀར་པོ་ག་རོའོ་ཆགས་བཞག ཕྱག་ལ་མ་ཎི་ཅིག་བསྣམས་བཞག
- ཀདབུ་ཞྭ་ཚོས་གཞི་སྔོ་སྐྱ་ཅིག་གྱོན་བཞག ཁོང་རྒན་ཆོས་གནང་པ་མིན་འགྲོ ཕྱུ་པ་ནག་པོ་ཅིག་གྱོན་བཞག ནག་པོ་ཕུ་མེད་ཅིག ལམ་ཁག་ཟུར་དེར་ཡ་ཤུག་པ་དེ་འདྲས་ཡའི་སྐྱེས་བཞག ཕལ་ཆེར་ད་སྟོན་ཁ་སླེབས་གྲབས་ཡོད་པ་འདྲ། ཤུག་པ་དེ་ཚོ་སེར་ཚུབ་ཚུབ་ཆགས་བཞག
- ཀཨ་ནི་ལགས་རྒན་པ་དེའི་གདོང་ལ་ཡ་གཉེར་མ་ཞེ་དྲགས་འདུག དགུང་ལོ་ག་རོའོ་ཕེབས་ཡོད་པ་འདྲ། ཕལ་ཆེར་ལོ་དྲུག་ཅུའི་གཡས་གཡོན་ལ་ཕེབས་མིན་འགྲོ ཡིན་ནའི་སྐུ་གཟུགས་ཐང་མདོག་ཁ་པོ་ཅིག་འདུག