Video Overview
Dékyi and Dawa describe a photo of a Tibetan man in Western clothes.
- ཀབུ་འདི་རྫིག་པོ་འདུག་གམ།
- ཁཨོའོ་འདུག འདི་ག་རེད། རྒྱ་མི་འདྲ་པོ་འདྲ་ཅིག་འདུག མིན་འདུག་གམ།
- ཀཨོའོ་ངས་བྱས་ན་ཕལ་ཆེར་བོད་རིགས་ཡིན་པ་འདྲ།
- ཁཨོའོ་རེད་བཞག བལྟས། བལྟས་ན་བོད་རིགས་འདྲ་པོ་འདུག
- ཀའདུག་གང་།
- ཁབོད་རིགས་འདྲ་པོ་འདུག སྐྲ་དེའི་བོད་རིགས་འདྲ་པོ་མིན་འདུག་གམ།
- ཀནག་རྐྱང་རེད་བཞག རེད་འདུག་གང་།
- ཁསྐྲ་སུ་ལུ་ཏོག་ཙམ་མི་འདུག་གམ།
- ཀཏོག་ཙམ་འདུག
- ཁཏོག་ཙམ་འདུག
- ཀགདོང་ཡའི་དཀར་པོ་ཞེ་དྲག་མིན་འདུག་གང་།
- ཁཨོའོ་འདུག
- ཀཁོང་གི་ཨ་ར་འདི་ལན་པོ་ཞེ་དྲག་འདུག
- ཁཨོང་ཨ་ར་ལན་པོ་ཞེ་དྲག་འདུག ང་འདྲ་པོ་འདྲ་གཅིག་འདུག་གང་ལགས། ཧ་ཧ་་་་་།
- ཀཁོང་གི་སྟོད་ཐུང་འདུ་སྙིང་རྗེ་པོ་འདུག་གམ།
- ཁསྙིང་རྗེ་པོ་འདུག ལན་པོ་འདུག འདུག་གང་། ལན་པོ། ཚོས་གཞི་འདིའི་ག་རེ་ཟེར་དགོས་རེད། ཚོས་གཞི། ཚོས་གཞི།
- ཀསྔོ་དཀར་ཟེར་དགོས་མ་རེད་པས།
- ཁསྔོ་དཀར།
- ཀཐལ་མདོག་འདྲ་པོ་འདྲ་འདི།
- ཁཨོའོ་འདི་འདུག
- ཀརེད་པཱ།
- ཁའདུག། ཚོས་གཞི་ལན་པོ་འདུག
- ཀཨོའོ་ཁོང་གི་འོག་འཇུག་འདི།
- ཁའོག་འཇུག་འདི་ཚོས་གཞི།
- ཀསྔོན་པོ་རེད་བཞག
- ཁསྔོན་པོ་རེད་པཱ།
- ཀརེད་བཞག
- ཁཨོང་། འོག་འཇུག་དང་སྟོད་ཐུང་འདི་ཚོས་གཞི་གཅིག་ལན་པོ་མི་འདུག་གས།
- ཀལན་པོ་ཞེ་དྲག་འདུག
- ཁའདུག་གང་།
- ཀཡག་པོ་ཞེ་དྲག་འདུག
- ཁའདུག་བལྟ་དུས་ལོ་ཕལ་ཆེར་ལོ་གསུམ་བཅུའི་ཡས་གཡོན་ཙམ་རེད་བཞག
- ཀཡིན་པ་འདྲ། གསུམ་བཅུ་ལྷག་ཙམ་ཡིན་པ་འདྲ།
- ཁགསུམ་བཅུ་ལྷག་ཙམ་ཡིན་པ་འདྲ། ཁོ་ག་པར་བལྟ་གི་ཡོད་ནམ།
- ཀཁོང་ཕལ་ཆེར།
- ཁཨོའོ་ཞེ་དྲག་ཅིག་བལྟ་ཡི་འདུག་གང་། མིག་ལྡིར་བྱས་ནས་བལྟ་ཡི་འདུག་གང་།
- ཀབྱས་ཙང་བལྟ་ཡི་འདུག་གང་།