Video Overview
Söyak describes a photo of a Tibetan couple.
- ཀའདིར་ཅོག་ལགས་ཅིག་དང་ཨ་ཅག་ལགས་ཅིག་འདུག ཕལ་ཆེར་གྲོང་གསེབ་ཅིག་ནས་གནས་མཇལ་ལ་ཕེབས་པ་མིན་འགྲོ ཁོ་རྣམ་གཉིས་བཟའ་ཚང་གཉིས་ཡིན་པ་འདྲ།
- ཀཨོའོ་ཅོག་ལགས་དེའི་ཞྭ་མོ་དང་ཕྱུ་པ་དང་འོག་འཇུག་ཚང་མ་ཚོས་གཞི་རྫ་མདོག་གི་བཟོ་འདྲ་ཅིག ཡང་ན་ནང་ལོགས་དེ་ཚོས་གཞི་སྨུག་པོ་དེ་འདྲས་རེད་བཞག
- ཀཁོང་ཉིད་གཉིས་ག་ཞྭ་མོ་ཚོས་རྦད་དེ་ཞུས་བཞག དུས་ཚོད་རིང་པོ་གྱོན་པ་འདྲ། བོད་ཀྱི་ཉི་མ་ཚ་པོ་ཡོད་ཙང་ཚོས་བཞུ་ཡས་དེ་དུས་ཚོད་རིང་པོ་ཕྱིན་པ་དང་ཚོས་ཞེ་པོ་ཞུས་འགྲོ་གྱི་འདུག་ག
- ཀཨ་ཅག་ལགས་དེ་ག་རེ་མཐོང་པ་ཡིན་ནམ། མཛུབ་གུ་གཅིག་དག་ཁའི་འཁྲིས་ལ་འཁྱེར་བྱས་བསྡད་བཞག འོག་འཇུག་གཡུ་མདོག་ཧར་པོ་ཅིག་གྱོན་བཞག ཕྱུ་པ་ནག་པོ་ཅིག་མཆོད་བཞག སྐྲ་ཡའི་ཡག་པོ་ཞེ་པོ་འདུག ཡིན་ནའི་མིག་ལ་དཀྲི་ཀ་ཁྱོན་ནས་མི་འདུག
- ཀལག་པའི་སྒང་ལ་ཡ་ཚིག་ཁེབ་ཅིག་གྱོན་བཞག རི་མོ་རྡོ་རྗེ་བྱས་པ་ཅིག་རྡོ་རྗེའི་སྒང་དེར་ཡ། གཡུ་སྔོན་པོ་ཅིག་རྒྱབ་བཞག ཅོག་ལགས་དེའི་ལག་པ་འཕྲེང་ང་ཅིག་འཁྱེར་བཞག ད་ཁོ་གཉིས་བར་བསྐོར་ནང་ལ་ཕེབས་བྱས་བྱས་མི་མང་པོ་ཡ་གཟིགས་བྱས་བཞུགས་ཞུགས་ཡོད་པ་འདྲ།