15 Dec 2011
9 min 2 sec
Video Overview
Creators:
Unknown
Two people attempt to describe a person in order to identify them.
- Lhasa
- Ü
- བུད་མེད་ Womanད་ལྟ་རྡོ་རྗེ་ལགས། ཆུང་ཆུང་རྒྱོའོ་ཆགས་འདུག སྐུ་གཟུགས་ཆུང་ཆུང་འདི་རེད་པས།Are you talking about Dorjé, the short and stocky build?
- སྐྱེས་པ་ Manརྡོ་རྗེ་ག་གིDorjé who?
- བུད་མེད་ Womanཁ་སང་འདི་ནས་ཕེབས་སོང་། ཨམ་་་The one from, um...
- ག་རེ་ཟེར། ཨམ་་་ མཚོ་མོལ་གླིང་བཞུགས་མཁན་དེ།What is that? Um... The one who lives in Tsomöl Ling area.
- སྐྱེས་པ་ Manགང་འདྲ་ཞིག་འདུགWhat does he look like?
- བུད་མེད་ Womanཁོང་སྐུ་གཟུགས་ཆེན་པ་ཞེ་དྲགས་(མེད་)། འདའི་ཨ་ར་ཏིག་ཙམ་བཞག་གནང་འདུག རེད་པཱ།He is not very tall and got a chin puff. Right?
- སྐྱེས་པ་ Manའདི་འདྲས་ཨ་ཡིན། རྡོ་རྗེ་ཕ་གི་མ་རེད་པས། གཟུགས་པོ་པག་ཙམ་བྱས་རྒྱོག གཟུགས་པོ་པག་ཙམ་བྱས། ཨམ་ཐེར་ར་ཞིག་མི་འདུག་གས།No, that's not the one I am talking about. The one I am talking is very tall and amtera (having flat ears).
- བུད་མེད་ Woman[གད་མོ་][Laughter]
- ཨམ་ཐེར་ར་ལགས།Amtera?
- སྐྱེས་པ་ Manའོ་འོ། ཨམ་ཅོག་ཐེར་ཐེར་གཅིག་འདུག་གས།Yes. Does he have flat ears?
- བུད་མེད་ Womanའོ་འོ། དབུ་སྐྲ་ཞེ་དྲགས་མེད་པ་ཞིགYes. And he has little hairs.
- སྐྱེས་པ་ Manབྱས་ཙང་འོ་འདི་རེད་པས།So that is the one?
- བུད་མེད་ Womanའོ་འདི་རེད།Yes.
- སྐྱེས་པ་ Manཨ་ལས། འོ་འདི་རེད།I see, that is the one.
- བུད་མེད་ Womanཨ་ལས།Right.
- ཨཱ་ནི་ཁ་སང་ང་ཚོ་འདའི་སྐྱེས་སྐར་ལ་འགྲོ་དུས་འདི་འདུག་ག ཁོང་དགའ་རོགས་རེད་གང་རེད། སྐུ་གཞུགས་འདི་སྐམ་པོ་བྱས་ཨ་ཅག་ལགས་གཟུགས་བྱད་ཡག་པོ་ཞིག་འདུག་གLast time when we were at the birthday party, he was with his friend or could be a girlfriend. Do you remember?
- སྐྱེས་པ་ Manའོ་གཟུགས་པོ་གང་རེད་སྐམ་པོ་ཅིགDid you mean the girl with a slim figure?
- བུད་མེད་ Womanའོ། ཁོང་ཕྱུ་པ་མཆོད་འདུག་གYes, the one in chupa dress.
- སྐྱེས་པ་ Manའང་འདུག་འདུགOh, I see.
- བུད་མེད་ Womanསྐུ་གཟུགས་རིང་པོ་བྱས། དབུ་སྐྲ་རིང་པོ་ཞིག་འདུག་གThe girl with a nice figure and long hair.
- སྐྱེས་པ་ Manའོ་འདུག་འདུགYes.
- སྣ་ཁུག་ཙོག་ཙམ་མི་འདུག་གས།She has a raised nose. Is that correct?
- བུད་མེད་ Womanའོ་འོ།Yes.
- སྐྱེས་པ་ Manའོ་འདི་རེད་པས།Is that one?
- བུད་མེད་ Womanཨང་འདི་རེད་ཤག ཁོང་གང་རེད་གདོང་ལ་ཞེ་པོ་བྱུག་གནང་འདུག་གYes. She was wearing a lot of make up that day.
- སྐྱེས་པ་ Manཨ་ལས། འོ་འོ།Oh, I see.
- བུད་མེད་ Womanབྱུག་བྱས་བཀྲ་ཤིས་ལགས་གཅིག་གསུངས་སོང་ང་།That day, Trashi said something about it.
- སྐྱེས་པ་ Manའོ་འོ།I see.
- བུད་མེད་ Womanའོ་དེ་ང་སྣང་བ་ཞེ་པོ་བྱུང་།I noticed it.
- སྐྱེས་པ་ Manའོ་འོ།Okay.
- བུད་མེད་ Womanབུ་དེ་ཁོང་རང་གི་འདི་རེད་འདུག་ག གྲོགས་པོ་གཅིག་གི་འདི་རེད་འདུག་ག གྲོགས་པོ་འདིའི་མཚན་ལ་གང་ཟེར། དགྲ་འདུལ།And the man with her is her friend. His name is Dradül.
- སྐྱེས་པ་ Manདགྲ་འདུལ།Dradül.
- བུད་མེད་ Womanདགྲ་འདུལ་ལགས་སྤུ་གུའི་སྐྱེས་སྐར་རེད་འདུག་གཱIt was the birthday of Dradül's son.
- སྐྱེས་པ་ Manའོ་འོ་འོ།I see, okay.
- བུད་མེད་ Womanཁོ་རང་དེ་དུས་རོགས་པོ་གཅིག་འདུགAt the time, she brought another friend.
- སྐྱེས་པ་ Manའདི་འདུག་འདི།There was ...
- བུད་མེད་ Womanདགྲ་འདུལ་འདི་འོང་རྡོ་རྗེ་ལགས་ཀྱི་གྲོགས་པོ་དགྲ་འདུལ་ལགས།Dradül and Dorjé are friends.
- བུ་མོ་དེའི་བུ་དེའི་སྐྱེས་སྐར་ཡིན་ཟེར་རེད་པཱ།The girl said it was her son's birthday.
- སྐྱེས་པ་ Manཨ་ལས།I see.
- བུད་མེད་ Womanཁོ་དུས་འདི་གནས་བཞག་ཁོ་རང་གྲོགས་པོ་གཅིག་མིན་འདུག་གས། རྒན་ལགས་མགོ་སུ་ལུ་བྱས།And there was another friend of her that day. Do you remember, the one with curly hair?
- སྐྱེས་པ་ Manའོ་འོ་འོ།I see.
- བུད་མེད་ Womanཞལ་རས་ནག་པོ་ར་ཅིག་བྱས། སྐུ་གཟུགས་ཆེན་པོ་ཞེ་དྲགས་མེད།He has a dark complexion and he is short.
- སྐྱེས་པ་ Manཨ་ར་ཚུབ་ཙམ་བྱས་རྒྱོག་གཅིག་འདུག་གས།Do you mean the one with some beard here?
- བུད་མེད་ Womanམ་རེད། ཁོང་གི་འདི་རེད་ཤག ཚེམས་འདི་ནས་གཉིས་བུད་ཤགNo, the one with two missing teeth.
- སྐྱེས་པ་ Manཨ་ལས།I see.
- བུད་མེད་ Womanཚེམས་གཉིས་བུད་ཤག ཚེམས་མི་འདུགHe has two missing teeth.
- སྐྱེས་པ་ Manཨང་ལས།Okay.
- བུད་མེད་ Womanདགུང་ལོ་ཆུང་ཆུང་རེད་ཟེར། འདི་བྱས་པ་རེད་ཟེར། ཁ་སང་ནས་བརྡབས་པ་རེད་ཟེར་བ་རེད་པཱ།I heard that he is very young. It was said that he had a fetal fall recently.
- སྐྱེས་པ་ Manཨ་ལས།I see.
- བུད་མེད་ Womanཚིམས་གཉིས་མི་འདུགSo he lost two teeth.
- གཅིག་མིན་འདུག་གས། མགོ་བོ་སུ་ལུ་གོག་གོག་བྱས། ཨམ། ཞལ་རས་རྒྱགས་པ་ར་ཅིག་བྱས། ཨཱ་ནི་ཚེམས་མེད་པ་བྱས། འདི་ལམ་སེང་ཧ་གོ་གིས།That's the one I am talking about. The one with curly hair and two missing teeth. Identifying him is easy.
- སྐྱེས་པ་ Manཨཱ།Really?
- བུད་མེད་ Womanཁྱེད་རང་སྣང་བ་མ་བྱུང་ངས།You didn't notice that?
- སྐྱེས་པ་ Manང་སྣང་བ་གཅས་མ་བྱུང་།No, I didn't.
- བརྡབས་ཚར་ཙམ་ཡིན་གྱི་རེད། ཕལ་ཆེར།It must be a recent fall.
- བུད་མེད་ Womanཕྱག་སྦག་བཀྱོན་གྱི་ཡོད་ཀྱི་རེད། སྣང་བ་མ་བྱུང་བ་རེད། ང་ཚོ་མ་ཅང་ཨེ་འདྲས་མ་རྒྱག་པ་རེད་པཱ།Since you were playing mahjong that day, you failed to notice him.
- སྐྱེས་པ་ Manཨ་ལས།Right.
- བུད་མེད་ Womanཨཱ་ནི་འདི་འདུག་ག་གང་ཟེར། བདེ་སྐྱིད་ལགས་ཀྱི་གྲོགས་མོ་རེད་པས། བུ་མོ་དེ་གང་ཟེར། བསོད་དབྱངས་ཟེར་རེད་པས།Then there was another girl that day. She is Dékyi's friend. What is her name? Is it Söyang?
- སྐྱེས་པ་ Manབསོད་དབྱངས།Söyang?
- བུད་མེད་ Womanདེ་བསླབ་གྲྭ་ཆེན་པོ་ཨེ་འདྲས་ཐོན་བྱས་ཡོང་པ་རེད། དེ་སྙིང་རྗེ་པོ་རྒྱོའོ་འདུག་གShe has graduated from a university. That one is charming.
- སྐྱེས་པ་ Manཨའང་། བསོད་དབྱངས།I see, Söyang.
- བུད་མེད་ Womanབསོད་དབྱངས་སེ་འདི་རེད་ཤག སྐྲ་དེ་རྒྱ་མི་ཨེ་འདྲས་ཀྱིས་སྐྲ་ཨེ་འདྲས་བཟོས་འདུག་ག བང་ཀ་ལི།Söyang is the one who has a bob hairstyle as many Chinese women do.
- སྐྱེས་པ་ Manམིག་པག་ཙམ་བྱས་རྒྱོག་ཅིག་འདུག་གས།Do you mean the one with large eyes?
- བུད་མེད་ Womanའོ་མིགYes.
- སྐྱེས་པ་ Manཁྲ་རིལ་རིལ་བྱས།One with round shining eyes?
- བུད་མེད་ Womanཨོའོ། རྒྱ་གར་ཨེ་འདྲས་བུ་མོའི། ཁྲ་རིལ་རིལ་བྱས།Yes. Like Indian women's sparkling eyes.
- སྐྱེས་པ་ Manའོ་འདུག་འདུགYes.
- བུད་མེད་ Womanཤ་རྩི་དཀར་པོ་ར་ཅིག་བྱས། ཁོང་རང་མི་བཀའ་མོལ་གསུང་དུས་ཞལ་གསང་པོ་ཞིག་འདུག་གShe also has a fair complexion and candid personality.
- སྐྱེས་པ་ Manའདུག་འདུག་འདུགYes, she has.
- བུད་མེད་ Womanའདི་འདྲས་འདྲ་མིན་འདྲ་སྣང་བ་བྱུང་ཨ་ཡོད།I think you didn't notice all these details.
- སྐྱེས་པ་ Manཡིན་ནའི་གཟུགས་པོ་ཆུང་ཆུང་ཞེ་པོ་འདུག་ག་བུ་མོ་འདི།However, she is very short.
- བུད་མེད་ Womanཆུང་ཆུང་ཤ་སྟག་ཨ་ཡོད།I don't think so.
- སྐྱེས་པ་ Manརྒྱགས་པ་གཅིག་ལ་རིལ་རིལ་ར་ཅིག་གཅིག་འདུག དེ།She is short and round.
- དེ་མ་རེད་པས།Isn't she?
- གདོང་སྙིང་རྗེ་པོ་ར་ཅིག་འདུགHowever, she has a pretty face.
- བུད་མེད་ Womanའ་ཨང་འདི་མ་རེད། འདི་ཁོང་གི་གྲོགས་མོ་དེ་རེད།Not that one. You are talking about her friend.
- སྐྱེས་པ་ Manཨ་ལས།I see.
- བུད་མེད་ Womanབསོད་དབྱངས་ལགས་ཟེར་འདི་རེད། ད་ག་ཙམ། གཟུགས་པོ་ད་ག་ཙམ།Söyang is the one who is this tall.
- ལོ་འདི་ཡིན་ཟེར་ད་ལོ་༡༧She is 17 now.
- སྐྱེས་པ་ Man༡༧17?
- བུད་མེད་ Womanའོ་འོ། ད་ལྟ་ལོ་རིམ། མཐོ་རིམ་ལོ་རིམ་གཉིས་པ་ཐོན་པ་རེད་ཟེར་རེད་པཱ།Yes. She completed her second year in college.
- སྐྱེས་པ་ Manཨ་ལས། འོ་འོ།I see, okay.
- བུད་མེད་ Womanལོ་གཉིས་པ་ཐོན་ཟེར་རེད་པ། ཁོང་ཡང་སྙིང་རྗེ་པོ་ཞིག་འདུག་ག་ཁྱེད་རང་སྣང་བ་མ་བྱུང་བ་རེད།She is really charming. Probably you didn't notice her.
- སྐྱེས་པ་ Manང་སྣང་བ་མ་བྱུང་ཞེ་དྲགས།I didn't notice that much.
- བུད་མེད་ Womanཤ་རྩི་དཀར་པོ་བྱས། མིག་ཅི་ཏག་ཁྲ་རིལ་རིལ།She has a fair complexion and two sparkling eyes.
- སྐྱེས་པ་ Manཨ་ལས།I see.
- བུད་མེད་ Womanཕ་གིར་འདི་བོད་སྐད་ཞེ་དྲགས་གསུངས་ཀྱི་མི་འདུགShe hardly any Tibetan.
- སྐྱེས་པ་ Manའོ་འོ།I see.
- བུད་མེད་ Womanརྦད་དེ་རྒྱ་མིའི་སྐད་རེད་ཤག ཁོང་རྣམ་ཚོ་མང་ཆེས་རྒྱ་ནག་ལ་བཞུགས་པ་རེད་པཱ།Most of the time, she speaks in Chinese because she has spent most of her time in China.
- སྐྱེས་པ་ Manང་ནི་བུ་མོ་གཅིག་དེ་ཟེར་གྱི་ཡོག་རེད་བསམས་བྱུང་། བུ་མོ་གཅིག་དེ་མིང་འདོགས་ལ་པུ་རིལ་ཟེར་བྱས་ཙང་།I thought you are talking about the other girl. Her nickname is puril, meaning short and round.
- བུད་མེད་ Womanཔུ་རིལ་ཨས།Puril?
- སྐྱེས་པ་ Manའོ་འོ།Yes.
- འོ་འདི་ཟེར་གྱི་ཡོག་རེད་བསམས་བྱུང་།I thought that is the one you have in mind.
- བུད་མེད་ Womanའདི་ལྟ་ཁོང་རྣམ་ཚོ་ཆུང་ཆུང་སྐབས་མིང་འདོགས་ཨེ་འདྲས་བཏབ་གནང་པ་ཡིན་འགྲོProbably she got that nickname when she was very young.
- སྐྱེས་པ་ Manའོ་འོ།That's right.
- བུད་མེད་ Womanམིན་འགྲོIs that correct?
- སྐྱེས་པ་ Manརེད། ཆུང་ཆུང་གོང་ནས་ད་ག་ཟེར་གྱི་རེད། པུ་རིལ་ཟེར་གྱི་རེད། རྒྱགས་པ་ཅིག་རིལ་རིལ་ཞིག་མིན་འདུག་གས།Yes. She got that nickname when she was a child. We call her puril.
- བུད་མེད་ Womanལྟ་འདི་འདྲས་ཡང་ང་ཚོ་བོད་རིགས་མིང་འདོགས་བཏགས་ཡག་རྒྱོའོ་ཡོག་རེད་དཱ། རེད་པཱ།We Tibetans are quite fond of giving nicknames to others.
- སྐྱེས་པ་ Manརེད་ལགས།Indeed.
- བུད་མེད་ Womanཨཱ་ནི་འདའི་འདི་རེད་ཟེར་བ་རེད་ད། གང་ཟེར་རྒན་ལགས་སྐུ་གཟུགས་རིང་པོ་ཞིག་མིན་འདུག་གས།And then did you notice that tall guy?
- སྐྱེས་པ་ Manའོ་འོ།Yes.
- བུད་མེད་ Womanའཐོམ་སིལ་སིལ་གཅིག འདི་པ་སྐྲ་ཞེ་དྲགས་མེད་པ་ཞིགThe one who is rather dull looking and has little hair on the head.
- སྐྱེས་པ་ Manའོ་འོ།Yes.
- བུད་མེད་ Womanཁོང་མི་་་He ...
- སྐྱེས་པ་ Manམདུན་ལ་སྐྲ་མེད་རྒྱོག་འདི་གས་རེད། ཀླད་དམར་བྱས་རྒྱོག་དེ།Do you mean with no hairs on the front? The bald one?
- བུད་མེད་ Womanའོ། འདི་ཁོང་ཚོས་འདི་གས་ཁོང་ཚོ་རྟག་པར་ནང་མར་ཕྱིན་པ་རེད་པཱ། འཕྲིན་ལས་བཏགས་འདུག་གཱYes. They frequently visited Nangma with him, and they nicknamed him as Trinlé.
- སྐྱེས་པ་ Manཨཱ།What?
- བུད་མེད་ Womanའཕྲིན་ལས་ཟེར།His nickname is Trinlé.
- སྐྱེས་པ་ Manའཕྲིན་ལས་ཟེར་ག་རེ་ཟེར་གྱི་ཡོག་རེད།Why do they call him Trinlé?
- བུད་མེད་ Womanགང་ཞིག་མི།I don't know.
- བུད་མེད་ Womanའདི་ཟེར་གྱི་ཡོད་ནཱ་ག་རེ་ཟེར་གྱི་ཡོད་ནཱ། [གད་མོ།]I don't know why he is called Trinlé.
- སྐྱེས་པ་ Manའཕྲིན་ལས་ལགས།Trinlé lak.
- བུད་མེད་ Womanའོ། འཕྲིན་ལས་ཟེར་གྱི་ཡོག་རེད་ཟེར་རེད་པཱ།Yes. They call him Trinlé.
- ཨཱ་ནི་ཁོང་ཆོབ་ཚ་པོ་རྒྱོའོ་འདུག་གHe is a humorous person.
- སྐྱེས་པ་ Manཨ་ལས།I see.
- བུད་མེད་ Womanབི་ཇུའུ་(སྦི་རག་)མཆོད་ལྷོད་ལྷོད་བྱས་བཞུགས་ཀྱིས་ལགས། མིན་འདི་གང་ཟེར། གྲོགས་པོའང་མང་པོ་འདུག་ག ཁོང་རང་རོགས་པ་ཆོག་ཏོ་འདུགHe likes drinking beers and relax. And he has many friends.
- སྤྱི་ཚོགས་སྒང་ལ་འདི་འདྲས་མི་ཡག་པོ་ཨེ་འདྲས་ཀྱིས་ད་ག་སེ་ཨེ་འདྲས་འདུག ཡང་སྐྱིད་འདུག་ཨེ་འདྲས་འདུག་གHis has both regular friends and others who share his good and bad fortunes.
- སྐྱེས་པ་ Manཨ་ལས།I see.
- བུད་མེད་ Womanཨཱ་ནི་ཁོ་རང་ཡང་གཤིས་ཀ་འདི་ཡོག་རེད་པ་མི་གང་ག་འདྲེས་བདེ་པོ་ཞེ་པོ་འདུགHe has an amiable personality and connect with others well.
- སྐྱེས་པ་ Manཨ་ལས།I see.
- བུད་མེད་ Womanཁོང་གི་གྲོགས་པོ་གཅིག་འདི་ཟེར། ག་ར་ཟེར། ཨམ་་་He has one friend. What is his name? Um ...
- འཕྲིན་ལས། འཕྲིན་ལས་མ་ཟེར། འདི་ཟེར། ཨམ་་་Trinlé. No, it's not Trinlé. It's, um ...
- ཁྱི་སྐྱག་ལགས།Khyikyak lak.
- སྐྱེས་པ་ Manཁྱི་སྐྱགKhyikyak?
- བུད་མེད་ Womanའོ།Yes.
- སྐྱེས་པ་ Manའོ་འོ།I see.
- བུད་མེད་ Womanཟེར་གྱི་འདུག་གThey call him so.
- སྐྱེས་པ་ Manའདི་ངས་ཧ་རོབ་ཙམ་གོ་གི་ཡོད།I know a bit about him.
- བུད་མེད་ Womanའོ།Yes.
- སྐྱེས་པ་ Manཞབས་རོ་(བྲོ་)མཁས་པོ་དེ་རེད་པས།He is a good dancer.
- བུད་མེད་ Womanའོ།Yes.
- སྐྱེས་པ་ Manའོ་ཞབས་རོ་(བྲོ་)རྒྱག་མཁན་དེ།I mean the performer.
- བུད་མེད་ Womanཁོང་འོ་བོད་གཞས་མཁས་པ་རྒྱོའོ་འདུགHe is very good at singing Tibetan songs.
- སྐྱེས་པ་ Manཨ་འང་།Oh, I see.
- བུད་མེད་ Womanསྐུ་གཟུགས་ཡག་པོ་ཞེ་པོ་འདུག་གAnd he is fit.
- སྐྱེས་པ་ Manའོ་འདུགTrue.
- བུད་མེད་ Womanཁོང་འཁྲུངས་ས་བསྐྱོན་རྒྱུ་ཡིན་པ་འདྲ།I think he is not married yet.
- སྐྱེས་པ་ Manཁོང་ཨས།You mean him?
- བུད་མེད་ Womanའོ།Yes.
- སྐྱེས་པ་ Manལྟ་ཧ་གོ་ཡག་མི་འདུག་གIt's hard to tell.
- འཐོམ་སིལ་ཙམ་འདུག་ག་འདའི།He is a bit dull.
- བུད་མེད་ Womanཀླད་པ་ཐང་ཐང་ཡོག་མ་རེད་པཱ།You mean he is not quite right in his head?
- སྐྱེས་པ་ Manཀླད་པ་ཐང་ཐང་ཞེ་དྲགས་མི་འདུགHe is not in his right mind.
- བུད་མེད་ Womanཁོང་ཕྱག་ལས་ག་རེ་གནང་གི་ཡོད་ནཱ།What work he does?
- སྐྱེས་པ་ Manག་རེ་ར་ཅིག་བྱེད་ཀྱི་ཡོད་ནཱ། གང་ཞིགI don't know what work he does.
- ཧ་ཞེ་དྲགས་གོ་གི་མེད་དཱ། འདི་འདྲས་ཡང་།I know very little about these things.
- བུད་མེད་ Womanཨང་ཁོང་པར་ཁང་ཨེ་འདྲས་གཅིག་གནང་གི་ཡོད་པ་འདྲ།I think he works for a photo studio.
- སྐྱེས་པ་ Manཔར་རྒྱག་མཁན་མིན་འགྲོ།Is he a photographer?
- བུད་མེད་ Womanའོ། ཁོང་ད་དུང་རོགས་པ་འདི་ཞིག་མིན་འདུག་གས། རྒན་ལགས་མིང་ལ་ཅིག་ཟེར། ཨམ། དོན་རྒྱལ། དོན་རྒྱལ་ཟེར་གཅིག་ཟེར་གྱི་འདུག་གI think so. And he also has a friend. What is his friend? Um ... Döngyel. His name is Döngyel.
- སྐྱེས་པ་ Manའོ་འོ།I see.
- བུད་མེད་ Womanའོ་འདི་གྱོན་འདུག་གང་ཟེར། དགའ་པོའི་དུབ་ལོག་(གོས་ལོག) དགའ་པོ།That day, he (Döngyel) was wearing valentines clothes.
- སྐྱེས་པ་ Manཨ་ལས།I see.
- བུད་མེད་ Womanརྫིག་པོ་རྒྱོའོ་འདུག ཁྱེད་རང་དུབ་ལོག་ཕ་གི་འོ།That looks nice on it. It was a nice dress.
- འདི་ཕ་གིར་རྒན་ལགས་ཟུར་འདའི་བཞུགས་མིན་འདུག་གས།Do you remember, the one who sat in the corner,
- སྐྱེས་པ་ Manའོ་འོ།Yes.
- བུད་མེད་ Womanམ་ཅང་བསྐྱོན།and playing mahjong?
- སྐྱེས་པ་ Manའོ་འདི་འདྲས་ལྟ་ལོང་མ་བྱུང་མ་ཅང་གས།I didn't notice him that much. I was so busy with mahjong game.
- བུད་མེད་ Womanདགའ་པོ་འདིའི་མཆོད་འདུག་ག ཞྭ་མོ་ཞེ་ཏག་ལྟ་བཟོ་ཞེ་པོ་འདུག་ཁྱེད་རང་།Besides the clothes, he was wearing a very nice cap.
- སྐྱེས་པ་ Manཨ་ལས།I see.
- བུད་མེད་ Womanཨཱ་ནི་འདི་ཁོང་རྣམ་ཚོ་བབ་ལེ་དེ་ཚོ་བསྐྱོན་པ་རེད་པཱ། ཁོང་ཚོས་ཟེར་ན་བབ་ལེ་གསེར་ཟེར་ཡག་གཅིག་ཟེར་གྱི་འདུག་ག བྱུག་ཡོག་རེད་ཟེར་གྱི་འདུག་གAlso, he was wearing baplé. They told me that it was smeared with gold.
- སྐྱེས་པ་ Manཨ་ལས། ཡིན་གྱི་རེད་ཕལ་ཆེར།I see. It is possible.
- བུད་མེད་ Womanཨཱ་ནི་དུབ་ལོག་(གོས་ལོག)འདི་སྒང་འདའ་འདི་རེད་འདུག ཐེར་མ།And his dresses were made from high-quality woolen cloth.
- སྐྱེས་པ་ Manའོ་འོ།I see.
- བུད་མེད་ Womanཐེར་མ་བྱས། ཧ་ཁོང་སྐུ་གཟུགས་ཡད་ཡུད་ཡག་པོ་ཡོད་རེད་པ་མི། ཞལ་རས་དཀར་པོ་དང་དུབ་ལོག་(གོས་ལོག)ལན་པོ་ཞེ་པོ་འདུག ཁོང་བསླབ་གྲྭ་ཐོན་བྱས་ལོ་གཉིས།In addition to all these, he has a nice body and fair complexion, so they all fit together perfectly. He finished his school two years back.
- སྐྱེས་པ་ Manཁོང་ཚོའི་རོགས་པ་གཅིག་འདུག་གང་རེད། འདི་ཀོང་ཆས་དཀྲིས་མཁན་དེ།Do you remember one of their friends, the one in Kongpo dress?
- བུད་མེད་ Womanའོ། ཀོང་པོ།Yes, the Kongpo dress.
- སྐྱེས་པ་ Manགཞུག་པོ་ཀོང་པོའི་ཞབས་བྲོ་བརྒྱབ་མ་སོང་ངས།The man who performed Kongpo dance in the end?
- བུད་མེད་ Womanའོ་འོ།Yes.
- སྐྱེས་པ་ Manའོ་འདི་སུ་རེད།Who is he?
- བུད་མེད་ Womanཁོང་མི་དགའ་རོགས་མིན་འགྲོ།Must be someone's boyfriend.
- སྐྱེས་པ་ Manཨ་ལས། ཨའང་།Oh, I see.
- བུད་མེད་ Womanཕལ་ཆེར་ཡིན་གྱི་རེད།Most likely.
- སྐྱེས་པ་ Manཨ་ལས།I see.
- བུད་མེད་ Womanའོ། ཨཱ་ནི་འདི་ཁོང་ཚོས་ཀོང་པོ་དུབ་ལོག་འདི་ཡང་འདི་རྒྱོའོ་བརྩི་གི་རེད་ད།That Kongpo dress he wore is highly regarded.
- སྐྱེས་པ་ Manཨ་ལས།I see.
- བུད་མེད་ Womanསྙིང་རྗེ་པོ་འདུག་གIt is a very nice dress.
- སྐྱེས་པ་ Manཨམ་ཤག་ད་གི་ཙམ་བཏགས། ཞབས་བྲོ་ཞེ་ཏ་བརྒྱབ་སྐེད་པ་དེ་ཚོ།Decorated with Amshak, it looks nice when he danced that day.
- བུད་མེད་ Womanཞབས་བྲོ་མཁས་པོ་ར་ཅིག་འདུག་གHe is an excellent dancer.
- སྐྱེས་པ་ Manབྱས་ཙང་འོ་འདི་རེད་པཱ།He is for sure.
- བུད་མེད་ Womanའོ་མཁས་པ་རྒྱོའོ་ཡོག་རེད། ཨཱ་ནི་འདི་གང་ཟེར། འདི་འདི་པ་འཁྲུག་པོ་ར་ཅིག་བཟོས་སོང་ང་།He is very good at it. That day, he made the event very lively. Right?
- སྐྱེས་པ་ Manབྱས་ཙང་འོ་འཁྲུག་པོ་ཞེ་པོ་ཅིག་བྱུང་སོང་།Yes, it was entertaining.
- བུད་མེད་ Womanདེ་ནས་དོན་རྒྱལ་ལགས། དོན་རྒྱལ་ལགས་ཁྱེད་རང་གྱིས་ཧ་གོ་གི་རེད།Then there is Döngyel. You know him well, isn't so?
- སྐྱེས་པ་ Manདོན་རྒྱལ།Döngyel
- བུད་མེད་ Womanང་ཚོ་བསླབ་གྲྭ་ཆེན་མོའི་བོད་ཡིག་རྒན་ལགས།He is a Tibetan language instructor at our university.
- རྒན་ལགས་སྐུ་གཟུགས་ཆེན་པོ་ཞེ་དྲགས་མེད་པ་བྱས། སྟོད་གུག་ཙམ་ར་དེ།A tall man who bends his back a little.
- སྐྱེས་པ་ Manརེད་པཱ།Does he?
- སྐྱེས་པ་ Manའོ།Yes.
- སྐྱེས་པ་ Manཨ་ལང་།I see.
- བུད་མེད་ Womanམིན་རྒན་ལག་སྐུ་ཡོན་མཐོ་པོ་རེད་པཱ། སྟོད་གུག་རེད་ཟེར་ཡོང་གི་མ་རེད་པཱ། ཨཱ་ནི་རྒན་དོན་རྒྱལ་ལགས། དོན་རྒྱལ་ལགས།He is a very learned person. Everyone address him respectfully as Döngyel Lak. Döngyel Lak.
- ཨཱ་ནི་ཁོ་རང་རྩོམ་པ་པོ་སོང་ཙང་རྟག་པ་ཞེ་རིག་ཨེ་འབྲས་བཞུགས་པ་རེད་པཱ། ཨཱ་ནི་གུག་གུག་ཨེ་འདྲས་ཆགས་འདུག་གཱAs a writer, most of the time works like this. That's why he is bending.
- སྐྱེས་པ་ Manཨེ་འདྲས་བྱས། གང་རེད། ཨེ་འདྲས་སེ་བསྡད་མཁན་ཞིག་འདུགIs he the one who often sits like this?
- བུད་མེད་ Womanའོ་ད་ག་རེད།Exactly.
- སྐྱེས་པ་ Manའདི་རེད་པས།So that's him.
- བུད་མེད་ Womanཁོང་འདི་རེད་ད། བསླབ་གྲྭ་ཆེན་མོའི་འདི་བོད་པའི་འདིའི་སྒང་ལ་ཞེ་པོ་ཡོག་རེད་དཱ།That's him. He is well versed in Tibetan studies at the university.
- སྐྱེས་པ་ Manཨ་འང་།I see.
- བུད་མེད་ Womanསློབ་ཡོན་དེ་ཚོ་ཞེ་པོ་ཡོག་རེད། ཁོང་ང་ཚོ་འཆམ་པོ་ར་ཅིག་ཡོད།And he is highly educated. We are very close friends.
- སྐྱེས་པ་ Manའོ་འོ།I see.
- བུད་མེད་ Womanཨཱ་ནི་འདི་གང་ཟེར། ཁྱེད་ཁ་སང་འཁྲིད་གནང་བའི་བདེ་སྐྱིད་ལགས་ཟེར་ཡག་དེ་གང་ནས་རེད།Then who is that? Dékyi, where she is from? The one you brought with you the other day.
- སྐྱེས་པ་ Manབདེ་སྐྱིད་ལགས། བདེ་སྐྱིད་ལགས། བདེ་སྐྱིད་ག་གིDékyi. Which one are you talking about?
- བུད་མེད་ Womanའདི་ཆུང་བ་དེ། གཟུགས་པོ་ཆུང་བ་དེ། རྒྱགས་པ་དེ།The short and plumpy one.
- སྐྱེས་པ་ Manཨའང་བདེ་སྐྱིད་ཆུང་བ།I see. Junior Dékyi.
- བུད་མེད་ Womanའོ་འོ།Yes.
- སྐྱེས་པ་ Manའོ་འོ། དེ་འདི་རེད་ད། བསླབ་གྲྭའི་དགེ་རྒན་རེད། འདའི་ལའི།She is also a school teacher.
- བུད་མེད་ Womanཨཱ་དབྱིན་ཇི་བསླབ་ཀྱི་ཡོག་རེད་པཱ། ག་རེ་རྒྱ་མི་ཨེ་འདྲས་ཡོག་རེད་པས།Is she teaching English language or what?
- སྐྱེས་པ་ Manདབྱིན་ཇི་བསླབ་ཀྱི་ཡོག་རེད།She teaches English.
- བུད་མེད་ Womanཨའང་། ཁོང་དབྱིན་ཇི་ག་གིར་སྦྱངས་པ་ཡིན་ནམ།I see. I wonder where she learned English.
- སྐྱེས་པ་ Manའདའི་བསླབ་གྲྭ་ཞིག་འདུག་ག ད་གར་ང་ཚོ་བོད་ཀྱི།She learned it from the Tibetan school near us.
- བུད་མེད་ Womanཨའང་། འདི་ནས་ཨས།I see. From here?
- སྐྱེས་པ་ Manའོ་འོ།Yes.
- བུད་མེད་ Womanའོ་འོ། བྱས་ཙང་ཁོང་དབྱིན་ཇི་རྣམ་ཚོས་ཞུས་ན་ཡག་པོ་རྒྱོའོ་བསླབ་ཀྱིས་ཟེར་བ་རེད་དཱ།I see. They told me that she is an excellent teacher.
- སྐྱེས་པ་ Manའོ་འོ།I see.
- བུད་མེད་ Womanསྐུ་གཟུགས་ཆེན་པོ་ཞེ་དྲགས་མི་འདུག་ག ཁོང་ད་དུང་འདི་གང་རེད། གློག་ཆས་པ་ཡོད་པ་འདྲ།She is not very tall. Also, it seems that she is very good at electronic things.
- སྐྱེས་པ་ Manཡོག་རེད་ལ།Yes, she is very good at it.
- བུད་མེད་ Womanའོ་འོ།I see.
- སྐྱེས་པ་ Manམཁས་པ་ཞེ་པོ་ཡོག་རེད་དབྱིན་ཇི།Her English is perfect.
- བུད་མེད་ Womanགློག་ཆས་འཕྲུལ་འཁོར་ཨེ་འདྲས་སྒང་ལ་མཁས་པ་ཞེ་པོ་ཡོད་པ་འདྲ། ཨཱ་ནི་ཁོང་འདི་འདུག་ག་གཟའ་སྤེན་པ་དང་། ཟླ་བ་བྱས། མིག་དམར་ཨེ་འདྲས་ལ་དབྱིན་ཇི་བསླབ་ཀ་འགྲོ་གི་ཡོད་པ་འདྲ།She seems very good at electronic things. On every Saturday, Monday, and Tuesday, she teaches English.
- སྐྱེས་པ་ Manའོ་འོ། འགྲོ་གི་ཡོག་རེད་ཟེར།Yes, that's right.
- བུད་མེད་ Womanའོ་འོ།I see.
- སྐྱེས་པ་ Manཚལ་ཞིང་ཟེར་ཡག་གཅིག་ལ་བསླབ་ཀ་འགྲོ་གི་ཡོག་རེད་ཟེར། གདོང་དགI heard that she is holding evening classes at Tselzhing school.
- བུད་མེད་ Womanའོ་འོ།I see.
- སྐྱེས་པ་ Manཆུ་ཚོད་རེ་རེ་བསླབ་ཀྱི་ཡོག་རེད་ཟེར་རེད་པཱ།Each class is one-hour long.
- བུད་མེད་ Womanའོ་འོ། ཨ་ལས་ལགས་སེ།I see.
- ལྟ་ང་ཚོའི་རོགས་པ་འདི་གས་ལ་མིང་འདྲ་མིན་འདྲ་འདུག་ཨང་། མིང་འདོག་འདི་གས། འདུག་གAll our old friends got all kind of nicknames. Isn't so?
- སྐྱེས་པ་ Manམིང་འདོགས་འདི་གས། འོ་འོ། མིང་འདོགས་བཏགས་ན་མ་གཞི་མིང་རང་ལབ་ན་ངོ་ཤེས་ཀྱི་མ་རེད་ཕར་ཚུར་ཡང་།Yes. Unless you use the nicknames, you won't remember all of them by their real names.
- བུད་མེད་ Womanབྱས་ཙང་། ཁ་སང་ཁྱེད་རང་ཨེ་འདྲས་གསུངས་པ། ཨམ་ཅོག་ཐེར་ཐེར་གཅིག ག་རེ་གསུངས་པས།Indeed. You talked about a man with flat ears. What did you say?
- སྐྱེས་པ་ Manཨམ་ཐེར།Amter (Flat ears).
- བུད་མེད་ Womanཁྱེད་རང་ཚོས་ཨམ་ཐེར། ཨམ་ཐེར་གསུངས་ཀྱི་ཡོག་རེད་པས།You guys call him as Amter?
- སྐྱེས་པ་ Manརེད། ཨམ་ཐེར་ཟེར་གྱི་ཡོག་རེད།Yes. We call him Amter.
- བུད་མེད་ Womanཨའང་། ཨཱ་ནི་ཁྱེད་རང་ཕ་གིར་སྟོབས་ཆེན་པོ་འདའི། བོ་ལོ་ཟེར། གང་ཟེར།How about the muscular man? Is he called Bolo?
- སྐྱེས་པ་ Manའདི་ཕ་གི་ཟེར། གང་ཟེར། སྤོའོ་མིང་སྟོབས་ལགས།His name is Toplak.
- བུད་མེད་ Womanཨའང་།I see.
- སྐྱེས་པ་ Manཔག་ཙམ་ཞིག འདུག་སེ་འགྲོ་མཁན་ཞིགThe huge guy, who moves like this.
- བུད་མེད་ Womanའོང་རེད། ཏག་ཏགRight, exactly.
- སྐྱེས་པ་ Manསྟོབས་ལགས་ཟེར་འདའ་ཡཱ།He is called Toplak.
- བུད་མེད་ Womanཨཱ་ནི་འདི་སྐམ་པོ་ར་དེར་གང་ཟེར། བུ་མོ་སྐམ་པོ་ད་རེ། ཤ་རྩི་དཀར་པོ་ར་དེར།How about the skinny girl, one with fair complexion.
- སྐྱེས་པ་ Manསྐམ་པོ་ཤ་རྩི་དཀར་པོ། གང་འདྲ་ཞིག་འདུགFair complexion? What does she look like?
- བུད་མེད་ Womanའདི་ག་རེ་ཟེར། དགྲ་འདུལ་ལགས་དགའ་རོགས་ཟེར་ཡག་གཅིག་རེད་ཟེར།What is that? I am talking about Dradül's girlfriend.
- སྐྱེས་པ་ Manའོ་འོ་འོ། འདི་མིང་ལ་བདེ་སྐྱིད་ཟེར་གཅིག་ཟེར་གྱི་འདུག རེད་པཱ།I see. I think her name is Dékyi or something like this.
- བུད་མེད་ Womanབདེ་སྐྱིད་མ་རེད། འདི་མ་རེད། འདིའི་མིང་ལ་འདི་ཟེར། ཨམ་དཔལ་སྐྱིད་ཟེར།It's not Dékyi. Her name is Pelkyi.
- སྐྱེས་པ་ Manདཔལ་སྐྱིད།Pelkyi?
- བུད་མེད་ Womanའོ།Yes.
- སྐྱེས་པ་ Manཨའང་ལྟ་ངས་ཧ་གོ་སོང་། ཧ་གོ་སོང་།I see. Now I know.
- བུད་མེད་ Womanའོ་འདི།Yes, that one.
- སྐྱེས་པ་ Manགདོང་སྒོར་སྒོར་དེ་རེད་པས།Do you mean the one with round face?
- བུད་མེད་ Womanའོ། གདོང་འདུག་སེ་བྱས་སྣ་ཁུག་གཅིག་འདུག་ག སྣ་ལེབ་བཟོ་ལྟ།Yes. The one with a round face and flat shaped nose.
- སྐྱེས་པ་ Manསྣ་ཁུག་འདི་རེད། དབྱིན་ཀོའུ་(སྣ་གུག)་རྒྱ་མིའི་སྐད་ཆ།She has a nose that is yinkou in Chinese.
- བུད་མེད་ Womanརྒྱ་མིའི་སྐད་ཆ།In Chinese?
- སྐྱེས་པ་ Manའོ་འདི་རེད།Yes.
- བུད་མེད་ Womanཨེ་འདྲས་བཟོ་ལྟ་ངེ་མེད་སྣ་ཁུག་འདྲ་པོ་ཞིག་འདུག་གThe one with nose looks like that of ngémé.
- སྐྱེས་པ་ Manའོ་འདི་རེད།Right.
- བུད་མེད་ Womanཏིག་ཙམ་གདོང་བག་བྲོ་པོ་ར་ཅིག་བྱས། ཨོག་མ་ཐུང་ཐུང་ར་ཅིགShe has an appealing face and short chin.
- སྐྱེས་པ་ Manའོ་རེད་རེད།That's right.
- བུད་མེད་ Womanཨོག་མ་ཐུང་ཐུང་ར་ཅིག་འོ།The one with short chin?
- སྐྱེས་པ་ Manའོ་འདུག་འདུགYes.
- བུད་མེད་ Womanཁོང་མཐོང་དོད་པོ་ར་གཅིག་འདུགShe is a good looking person.
- སྐྱེས་པ་ Manའོ་འདུགYes, she is.
- བུད་མེད་ Womanཨང་འདི་གང་ཟེར། ཁྱེད་རང་ང་ཤེས་ཀྱི་རེད། འོ་ཛི་ཁོ་རང་།Then what about her? I am sure you know her.
- སྔས་མ་ང་ཚོ་འདི་ཕ་གིར་ཁྲོམ་གཟིགས་ཁང་འདའི་ལས་ཕིང་བཟའ་ས་འདའི་འདི་གཅིག་མེད་པས། རྨོའོ་ལགས། འདའི་འདུག་སེ་སྣ་ཁུག་རས་བརྒྱབ་བསྡད་པ་བུ་མོ་གཅིག་མེད་པས། སྙིང་རྗེ་པོ་ཞིགIn Tromzikhang at the Léping eatery, the girl who lives with an old lady. The pretty one. Do you remember?
- སྐྱེས་པ་ Manའོ་འོ།Yes.
- བུད་མེད་ Womanའདི་ཁ་སང་གང་རེད། ཨམ་ཅོག་འདི་བྱས་འདུག་ག གཅིག་མེད་པ་འདྲ། གང་རེད།And what is that? It appears that her one ear is missing. What had happened?
- སྐྱེས་པ་ Manཨམ་ཅོག མོ་ཊས་བརྡུངས་པ་རེད། རང་མཐོང་མ་བྱུང་ངས། རྐང་པ་ཤ་སྟང་ཀྱོག་ཀྱོག་རེད་འདུག་སེ་འགྲོ་གི་ཡོག་རེད།Ear! She met with a car accident. Didn't you notice that? She limps when she walks.
- བུད་མེད་ Womanཨའང་། ཁོ་རང་ཚོ་རྐང་པ་ལྕགས་ཟེར་ཡག་གཅིག་སྒར་པ་རེད་ཟེར། རེད་པས།Is it true that a piece metal was planted in her broken leg?
- སྐྱེས་པ་ Manལྕགས་སྒར་པ་རེད། བྱས་ཙང་མོ་ཊས་བརྡུངས་བྱས། འོ་འོ།Yes. After the car accident, a piece of metal was planted in her leg.
- བུད་མེད་ Womanའོ་ཨཱ་ནི་གང་རེད་ཅམ་ལྕོག་གཅིག་བཀོག་པ་འདྲ།It seems that one of her ears got hurt.
- སྐྱེས་པ་ Manཨམ་ཅོག་ཡང་གཅིག་བྱས་པ་འདྲ། གང་ལྟར། གོམ་པ་རྒྱག་དུས་ཀྱོག་ཙམ་ཀྱོག་ཙམ་བྱས་འགྲོ་འདུག་གThere is something wrong with one of her ears. She walks with a limp.
- བུད་མེད་ Womanགཞན་མི་གདོང་དེ་སྙིང་རྗེ་པོ་ཞིག་ཡོད་དཱ།Otherwise, she has a pretty face.
- སྐྱེས་པ་ Manབྱས་ཙང་བྱས།Right.
- བུད་མེད་ Womanཁོང་ད་ལྟ་ཅོག་ལགས་དགའ་རོགས་དེ་འདི་གཅིག་ཡོད་པ་འདྲ། བལ་པོ་གཅིགHer husband is a Nepalese.
- སྐྱེས་པ་ Manའོ་རེད།That's right.
- བུད་མེད་ Womanཞལ་རས་ནག་པོ་ར་ཅིག་བྱས།He has a dark complexion.
- སྐྱེས་པ་ Manའོ་འདུག་འདུགYes, he has.
- བུད་མེད་ Womanཨཱ་ནི་སྐུ་གཟུགས་ཆེན་པོ་ཞེ་དྲགས་མེད། དབུ་སྐྲ་ཞེ་པོ་མི་འདུག་གA short man with little hair on his head.
- སྐྱེས་པ་ Manརེད།Right.
- བུད་མེད་ Womanལས་ཀ་འཇོན་པོ་རྒྱོའོ་ཡོག་རེད་ཟེར།He is a very hard working man.
- སྐྱེས་པ་ Manགཟུགས་པོ་ཆུང་ཆུང་ཞིག་འདུག་གHe is a short guy, right?
- བུད་མེད་ Womanའོ། ཁོང་རྣམ་ཚོ་ག་ཕིར་འདི་ཟ་ཁང་བཟོ་ལྟ་གཅིག་ཁེཡེ་(སྒོ་ཕྱེ་)འདུག་གYes. The couple had recently opened a restaurant.
- སྐྱེས་པ་ Manའོ་རེད་རེད།That's right.
- བུད་མེད་ Womanའདའི་ཚོང་ཡག་པོ་ར་ཅིག་ཡོད་པ་འདྲ།It seems that their restaurant is doing well.
- སྐྱེས་པ་ Manབར་བསྐོར་ནང་འདའི་ཟ་ཁང་ཞིག་བཙུགས་ཡོད་རེད་ཟེར།They opened the restaurant in Barkor.
- བུད་མེད་ Womanབར་བསྐོར་རེད་པས།Is it in Barkor?
- སྐྱེས་པ་ Manབར་བསྐོར་རེད།Yes, it's in Barkor.
- བུད་མེད་ Womanཨའང་བྱས་ཙང་།So I see.
- སྐྱེས་པ་ Manཤ་མོག་མོག་བཟའ་ས་རེད་ཟེར་རེད་པ།I heard that it is a meat dumpling restaurant.
- བུད་མེད་ Womanཨའང་། ཤ་མོག་མོགMeat dumpling?
- སྐྱེས་པ་ Manའོ་འོ།Yes.
- བུད་མེད་ Womanཁོང་ཚོ་འདི་ཡིན་གྱི་རེད། བོད་པའི་ཁ་ལག་དང་། བལ་ཡུལ་ཁ་ལག འདི་ཟུང་འབྲེལ་བྱས།I think they must be serving both Tibetan and Nepalese cuisines.
- སྐྱེས་པ་ Manའོ་འདི་མཉམ་དུ་མེད་འགྲོ།So you think it is a combined one?
- བུད་མེད་ Womanའོ་ཟུང་འབྲེལ་བྱས་བཙོངས་གནང་གི་ཡོད་ཀྱི་རེད།Yes, they must be serving cuisines from both places.
- སྐྱེས་པ་ Manབྱས་ཙང་།Possibly.
- བུད་མེད་ Womanའོ་འོ། ལྟ་དུས་ཚོད་ཡོད་ན་ཕ་གིར་གཅིག་འཐད་ཀས།Okay. Should we go there when we have time?
- སྐྱེས་པ་ Manརེད་རེད་རེད།Right. Right.
- བུད་མེད་ Womanཁྱེད་རང་ག་རེ་མཉེས་པོ་ཡོད་པས།What food do you like?
- སྐྱེས་པ་ Manའོ་ཤ་འབྲས་ཟ་སྒྱིད་པོ་ར་ཅིག་ཡོད་ད།My favorite food is rice and meat stew.
- བུད་མེད་ Womanཨཱ་ནི་ཕྱི་རྒྱལ་ཁ་ལག་དགའ་པོ་ཞེ་པོ་ཡོད།I like foreign foods.
- སྐྱེས་པ་ Manཨའང་།Really?
- བུད་མེད་ Womanགང་ཟེར་པི་ཛ་ཟེར། གང་ཟེར། གཅིག་ཟེར་གྱི་འདུག་གIs it called pizz (pizza)?
- སྐྱེས་པ་ Manའོ་འདུག་འདུགYes.
- བུད་མེད་ Womanས་ལཱ་ཟེར་ཡག་འདའི་དགའ་པོ་ར་ཅིག་ཡོད།And I like salad very much.
- སྐྱེས་པ་ Manང་བཟའ་མྱོང་མེད། འདི་འདྲས།I never tried any western food.
- ཤ་འབྲས་ར་ཅིག འདི་འདྲས་ཟ་གི་མེད།Mostly I eat like meat stew and rice.
- བུད་མེད་ Womanཨ་ལས། ལགས་སོ།I see. Okay.
- སྐྱེས་པ་ Manའོ་འོ།Okay.
- བུད་མེད་ Womanཉིན་མ་གཅིག་ང་ཚོ་ཞལ་ལག་མཆོད་ཀ་འཐད།One day, let's go and eat together.
- སྐྱེས་པ་ Manའོ་རེད་རེད།Right.
- བུད་མེད་ Womanའོ་འོ། ལགས་སོ།Okay, great.
- ཨཱ་ནི་ཆབ་མཆོད་དང་།Now drink some water.
- སྐྱེས་པ་ Manའོ་འོ།Okay.