Video Overview
Dékyi and Dawa describe a photo of a security officer.
- ཀཨོའོ་ཁོང་གི་དུག་ལོག་འདི་རྫིག་པོ་ཞེ་དྲག་འདུག ཡིན་ནའི་ཁོང་དམག་མི་རེད། བདེ་སྲུང་རེད། ཧ་ཞེ་དྲག་གོ་གི་མི་འདུག ཨོའོ་ཁོང་གི་ཞྭ་མོའི་སྒང་གི་རྟགས་མ་འདི་སྙིང་རྗེ་པོ་ཞེ་དྲག་འདུག ཞྭ་མོའི་སྒང་ལ་ཡ་སྐུད་པ་སེར་པོ་གཅིག་ཡོའོ་རེད་ད།
- ཀཁོང་གི་དུག་ལོག་འདི། ཚོས་གཞི་འདི་ལྗང་གུ་རེད། ངས་བྱས་ན་ཁོང་ཕལ་ཆེར་བདེ་སྲུང་མི་སྣ་ཡིན་པ་འདྲ། ཁོང་གི་འདིའི་སྒང་ལ་ཡ་རྟགས་མ་གཅིག་བཏགས་ཡོའོ་རེད། ཨོའོ་ཕལ་ཆེར་དེའི་སྒང་ལ་ཁོང་གི་མིང་ཡོའོ་རེད།
- ཀཁོང་གི་ནང་ལོགས་ཀྱི་འོག་འཇུག་འདི། ཚོས་གཞི་སྙིང་རྗེ་པོ་གཅིག་འདུག ཁོང་ཕལ་ཆེར་རླུང་ཏོག་ཙམ་ལངས་ཡོད་པ་འདྲ། ཁོང་གི་ཞྭ་མོའི་སྒང་གི་ཚོས་གཞི་སེར་པོ་འདི་དང་ལྗང་གུ་འདི། ཨོའོ་ལན་པོ་ཞེ་དྲག་འདུག
- ཀཁོང་གི་སྐེ་རགས་འདི་ཚོས་གཞི་ནག་པོ་རེད་བཞག ཁོང་ལག་པ་རྒྱབ་ལ་བསྐྱལ་བྱས། ཕལ་ཆེར་མི་གཅིག་ལ་ཡ་བལྟས་བསྡད་ཡོད་པ་འདྲ། རླུང་ཏོག་ཙམ་ལངས་ཡོད་པ་འདྲ། ཁོང་གི་ཕུ་ཐུང་སྒང་ལ་ཡའི་སྐུད་པ་སེར་པོ་གཉིས་ཡོའོ་རེད་དང་། ཁོང་གི་དཔུང་པའི་སྒང་དེ་ཡ། ཨོའོ་རྟགས་གཅིག་འདུག
- ཀའདི་ཕལ་ཆེར་བདེ་སྲུང་བའི་རྟགས་རེད། ཁོང་གི་གདོང་གི་ཚོས་གཞིར་བལྟས་ན། ཁོང་ཕལ་ཆེར་ནག་ཆུ་ནས་ཡིན་པ་འདྲ། ཁོང་གི་གདོང་ཏོག་ཙམ་དམར་པོ་དང་ནག་པོ་ཏོག་ཙམ་ཡོའོ་རེད། གཅིག་བྱས་ན་ཕལ་ཆེར་ཉི་མས་འཚིགས་བཞག