Skip to main content Skip to search
15 Dec 2011
1 min 59 sec
Video Overview
Creators: 
Unknown

Dékyi describes a photo of pilgrims from Kham.

Transcript search
No results found for this search
0 of 0
  • ཁོང་ཚོ་ཕལ་ཆེར་ཁམས་ནས་ཡོང་པའི་གནས་མཇལ་པ་ཡིན་པ་འདྲ། ཨོའོ་ཅོག་ལགས་དེ་གཟུགས་པོ་ཆུང་ང་ལ་ཨཱ། ཡིན་ནའི་ཁོང་ལོ་ཆུང་ཆུང་མ་རེད་ཤག ཁོང་གི་ལག་པ་ཆེ་བ་ལ་ཨཱ། གདོང་ཡའི་རིང་པོ་ཅིག་འདུག་ག་བྱས་ཙང་ཁོང་ལོ་ཆུང་ཆུང་མ་རེད།
    khong tsho phal cher khams nas yong pa'i gnas mjal pa yin pa 'dra/_o'o cog lags de gzugs po chung nga la A/_yin na'i khong lo chung chung ma red shag_khong gi lag pa che ba la A/_gdong ya'i ring po cig 'dug ga byas tsang khong lo chung chung ma red/
  • ཨོའོ་བུ་མོ་དེ་ཚོ་གསུམ་ལོ་ཆུང་ཆུང་ཡིན་པ་འདྲ། ཨོའོ་བུ་མོ་གཅིག་གི་ལག་པ་འཕྲེང་ང་འཁྱེར་འདུག་ག ཁོང་གི་འོག་འཇུག་དེ་དམར་ཁྲ་རེད། ཨོའོ་བུ་མོ་གཅིག་མགོ་རས་ལྗང་ཁུ་ཅིག་དཀྲིས་ཤག འོག་འཇུག་ཡའི་ལྗང་ཁུ་རེད་ཤག
    o'o bu mo de tsho gsum lo chung chung yin pa 'dra/_o'o bu mo gcig gi lag pa 'phreng nga 'khyer 'dug ga_khong gi 'og 'jug de dmar khra red/_o'o bu mo gcig mgo ras ljang khu cig dkris shag_'og 'jug ya'i ljang khu red shag
  • ཁོང་གི་ལག་པ་ཨམ་ཅོག་སྒང་ལ་བཀལ་བསྡད་བཞག ཨོའོ་ཕལ་ཆེར་སྐད་མང་པོ་ལ་དགའ་པོ་ཡོའོ་མ་རེད། ཨོའོ་བུ་མོ་འདི་འོག་འཇུག་དམར་པོ་རེད་བཞག ཁོ་གཉིས་ཀྱི་མགོ་རས་སྐེད་པ་དཀྲིས་བཞག ཁོང་གི་མགོ་རས་དམར་པོ་རེད་བཞག བུ་མོ་འདིའི་མགོ་རས་སིང་སྐྱ་རེད་བཞག
    khong gi lag pa am cog sgang la bkal bsdad bzhag_o'o phal cher skad mang po la dga' po yo'o ma red/_o'o bu mo 'di 'og 'jug dmar po red bzhag_kho gnyis kyi mgo ras sked pa dkris bzhag_khong gi mgo ras dmar po red bzhag_bu mo 'di'i mgo ras sing skya red bzhag
  • ཨོའོ་ཡིན་ནའི་ཁོང་ཚོའི་ལྷམ་གོག་སྒང་ག་ལོགས་འགྱིག་འཇུག་རེད་བཞག ཅོག་ལགས་དེ་ཕལ་ཆེར་ཚ་སྡུག་འཚིགས་ཀྱི་ཡོད་པ་འདྲ། ཁོང་གས་༼གིས༽སྟོད་ཐུང་ཕུད་གྲབས་བྱེད་ཀྱི་འདུག་ག
    o'o yin na'i khong tsho'i lham gog sgang ga logs 'gyig 'jug red bzhag_cog lags de phal cher tsha sdug 'tshigs kyi yod pa 'dra/_khong gas (gis)stod thung phud grabs byed kyi 'dug ga
  • ཁོང་ཚོ་ག་པར་བལྟ་གི་༼ཡི༽ཡོའོ་རེད། ཨོང་ཕལ་ཆེར་བུ་མོ་གསུམ་བལྟ་ས་གཅིག་རེད་འདུག་ག ཅོག་ལགས་རྫིག་གོ་ཅིག་མཐོང་པ་འདྲ། ཁོང་ཚོ་ཕལ་ཆེར་བར་བསྐོར་ནང་ལོགས་ལ་ཡོའོ་རེད། བར་བསྐོར་རྒྱག་གི་ཡོའོ་རེད། ཁོང་ཚོ་ཚང་མའི་ལྷམ་གོག་འགྱིད་འཇུག་རེད་བཞག
    khong tsho ga par blta gi (yi)yo'o red/_ong phal cher bu mo gsum blta sa gcig red 'dug ga_cog lags rdzig go cig mthong pa 'dra/_khong tsho phal cher bar bskor nang logs la yo'o red/_bar bskor rgyag gi yo'o red/_khong tsho tshang ma'i lham gog 'gyid 'jug red bzhag
  • བུ་མོ་དེའི་པང་གདན་ཧར་པོ་ཞེ་དྲགས་འདུག ཨོའོ་དེ་ཁམས་ཀྱི་པང་གདན་རེད། ཡིན་ནའི་བུ་མོ་འདིའི་པང་གདན་རྫིག་པོ་ཞེ་དྲགས་མི་འདུག
    bu mo de'i pang gdan har po zhe drags 'dug_o'o de khams kyi pang gdan red/_yin na'i bu mo 'di'i pang gdan rdzig po zhe drags mi 'dug
  • བུ་མོ་དེ་གཉིས་ཀྱི་སྐྲ་ལ་ཡ་ལྷས་མ་སྙིང་རྗེ་པོ་ཅིག་རྒྱབ་འདུག་ག ལྷས་མ་དེ་མགོ་ལ་ཡ་དཀྲིས་བྱས་བཞག་ཡོའོ་རེད། ཡིན་ནའི་བུ་མོ་དེ་མགོ་རས་གྱོན་ཙང་ལྷས་མ་ཞེ་དྲག་མཐོང་གི་མི་འདུག
    bu mo de gnyis kyi skra la ya lhas ma snying rje po cig rgyab 'dug ga_lhas ma de mgo la ya dkris byas bzhag yo'o red/_yin na'i bu mo de mgo ras gyon tsang lhas ma zhe drag mthong gi mi 'dug
  • ཅོག་ལགས་དེའི་སྐྲ་དེ་མང་ག་ལ་ཨཱ། ཅོག་ལགས་དེ་ཏིག་ཙམ་ཉོབ་བཞག་ཚ་གདུག་འཚིགས་ཙང་བྱས་པ་རེད།
    cog lags de'i skra de mang ga la A/_cog lags de tig tsam nyob bzhag tsha gdug 'tshigs tsang byas pa red/