Video Overview
Dékyi and Dawa describe a photo of pilgrims from Kham.
- Kham
- རྒན་བདེ་སྐྱིདའདུག་གང།
- རྒན་བདེ་སྐྱིདགནས་མཇལ་ཡོང་བའི་ཁམས་མོ་གསུམ་དང་ཅོག་ལགས་གཅིག་འདུག་ག
- རྒན་ཟླ་བ་ཚེ་རིང་ཨོའོ་འདུག
- རྒན་ཟླ་བ་ཚེ་རིང་ཅོག་ལགས་འདི་གཏེ་པོ་ཞེ་པོ་ཞིག་འདུག འདུག་ག
- རྒན་བདེ་སྐྱིདགཟུགས་པོ་ཆུང་ཆུང་རེད་བཞག
- རྒན་ཟླ་བ་ཚེ་རིང་ཨོའོ་རེད་བཞག
- རྒན་བདེ་སྐྱིདཡིན་ནའི་ཁོང་ལོ་ཆུང་ཆུང་མ་རེད། ངས་བྱས་ན།
- རྒན་ཟླ་བ་ཚེ་རིང་ལོ་ག་རོའོ། ཕལ་ཆེར་ལོ་བཞི་བཅུ་ཙམ་ཡིན་ས་རེད།
- རྒན་བདེ་སྐྱིདརེད་པས།
- རྒན་ཟླ་བ་ཚེ་རིང་བཞི་བཅུའི་གཡས་གཡོན་ཡིན་ས་རེད།
- རྒན་བདེ་སྐྱིདཡིན་པ་འདྲ།
- རྒན་ཟླ་བ་ཚེ་རིང་ཁོ་རང་ཚོ་ཕལ་ཆེར་ཕ་ཡུལ་ག་པར་ནས་རེད་འདུག་གས།
- རྒན་བདེ་སྐྱིདཨོའོ་ཁོང་ཚོ་ཁམས་ངོས་ནས་གནས་མཇལ་ལ་ཡོང་པ་འདྲ།
- རྒན་ཟླ་བ་ཚེ་རིང་ཨོ་ད་འདི་འདྲ་པོ་འདུག
- རྒན་བདེ་སྐྱིདའདུག་ག
- རྒན་ཟླ་བ་ཚེ་རིང་ཅིག་ཞིང་པ་ཨེ་འདྲས་ཡིན་ས་རེད།
- རྒན་བདེ་སྐྱིདའདྲ་པོ་འདུག
- རྒན་ཟླ་བ་ཚེ་རིང་ཕལ་ཆེར་ལྷ་སར་གནས་མཇལ་ལ་ཡོང་པ་འདྲ།
- རྒན་བདེ་སྐྱིདབྱས་ཙང་ཁོ་ཚོ་ལྷ་སའི་ནང་ལོགས་སླེབས་དུས་ཙམ་པ། ཨོའོ་ཅ་ལག་གསར་བ་མང་པོ་མཐོང་པ་རེད་ད།
- རྒན་ཟླ་བ་ཚེ་རིང་བྱས་ཙང་ཁོ་རང་ཚོ་ཧང་བསངས་ག་ས་ག་ལ་བལྟ་གི་འདུག་ག།
- རྒན་བདེ་སྐྱིདག་ས་ག་ལ་བལྟ་གི་འདུག་ག
- རྒན་བདེ་སྐྱིདཅོག་ལགས་འདིས་ལྷམ་གོག་ག་རེས་གྱོན་འདུག་གས།
- རྒན་ཟླ་བ་ཚེ་རིང་ལྷམ་གོག་འདི་རེད་པ་འགྱིག་འཇུག༼སྤོ་རྩེད་ལྷམ་༽
- རྒན་བདེ་སྐྱིདཨོའོ། འགྱིག་འཇུག་༼སྤོ་རྩེད་ལྷམ་༽རེད་བཞག བྱས་ཙང་རེད་ཞག
- རྒན་ཟླ་བ་ཚེ་རིང་འགྱིག་འཇུག་༼སྤོ་རྩེད་ལྷམ་༽རེད་ཞག འགྱིག་འཇུག་བྱས། ཨ་ནི་སྟོད་ཐུང།
- རྒན་བདེ་སྐྱིདཨོའོ། ཁོང་ཚ་གདུག་༼ཚ་བས་གདུང་བ་༽འཚིག་ཀྱི་ཡོད་པ་འདྲ་སྟོད་ཐུང་སྔོ་ནག་འདི་ཕུད་གྲབས་བྱེད་ཀྱི་འདུག་ག
- རྒན་ཟླ་བ་ཚེ་རིང་ཨོའོ་འདུག ཐོབ་ཆི་ཚང་མ་ཕར་ཤིག་འདུག་ག
- རྒན་ཟླ་བ་ཚེ་རིང་འདུག་ག
- རྒན་བདེ་སྐྱིདབྱས་ཙང།
- རྒན་ཟླ་བ་ཚེ་རིང་སྟོད་ཐུང་དེའི་སྒང་ལ་ཅིག་བཏགས་བཞག་རྟགས་མ།
- རྒན་བདེ་སྐྱིདཨོའོ། རྟགས་མ་ཅིག་འདུག
- རྒན་ཟླ་བ་ཚེ་རིང་རྟགས་མ་འདི།
- རྒན་བདེ་སྐྱིདཕལ་ཆེར་བླ་མ་དང་འདི་འདྲས་ཀྱི་རྟགས་མ་ཡིན་གྱི་རེད། འདི་འདྲས་དགའ་པོ་ཡོའོ་རེད།
- རྒན་ཟླ་བ་ཚེ་རིང་འོ་འདི་ཡིན་ན།
- རྒན་བདེ་སྐྱིདཁོ་ཚོ་འདི་འདྲས་དགའ་པོ་ཡོའོ་རེད།
- རྒན་ཟླ་བ་ཚེ་རིང་ཨོའོ་རེད་བཞག
- རྒན་བདེ་སྐྱིདཨོའོ་བུ་མོ་འདིའི་ལག་པར་ཕྲེང་ང་༼ཕྲེང་བ་༽གཅིག་འཁྱེར་འདུག་ག
- རྒན་ཟླ་བ་ཚེ་རིང་ཨོའོ་འཁྱེར་བཞག འཕྲེང་ང་གཅིག་འཁྱེར་བཞག
- རྒན་བདེ་སྐྱིདཕྲེང་ང་༼ཕྲེང་བ་༽འཁྱེར་པའི་བུ་མོ་འདེའི་འོག་འཇུག་དེ་དམར་ཁྲ་རེད་དང།
- རྒན་ཟླ་བ་ཚེ་རིང་དམར་ཁྲ། ཨོའོ་རེད་བཞག
- རྒན་བདེ་སྐྱིདརེད་པཱ།
- རྒན་ཟླ་བ་ཚེ་རིང་འོག་འཇུག་ཨོའོ་འདིའི་དམར་ཁྲ་རེད་བཞག
- རྒན་བདེ་སྐྱིདཁོང་གི་སྐེ་ཕྲུག་་ཞེ་དྲག་བཏགས་བཞག
- རྒན་ཟླ་བ་ཚེ་རིང་སྐེ་ཕྲུཨུག་་ཨོའོ་བཏགས་བཞག
- རྒན་བདེ་སྐྱིདའདུག་ག
- རྒན་ཟླ་བ་ཚེ་རིང་སྐེ་ཕྲུག་་ཕལ་ཆེར་གསུམ་ཅོག་༼གསུམ་གས་༽གས་བཏགས་ཡོད་པ་འདྲ་བུ་མོ།
- རྒན་བདེ་སྐྱིདཨོའོ་ཡིན་ནའི་བུ་མོ་གཅིག་གི་སྐེ་ཕྲུཨུག་གསལ་པོ་རང་མཐོང་གི་མིན་འདུག
- རྒན་ཟླ་བ་ཚེ་རིང་ཨོའོ་མིན་འདུག འདི་རེད་པཱ་མགོ་རས་ལྗང་ཁུ་གྱོན་པ་འདི།
- རྒན་བདེ་སྐྱིདམགོ་རས་ལྗང་ཁུ་དང་། འོག་འཇུག་ལྗང་ཁུ་བྱས། ཁོང་ཚོ་ལག་པ་འདི།
- རྒན་ཟླ་བ་ཚེ་རིང་གཅིག་ལག་པ་འདི། ཨམ་ཅོག་འདི་པར་ཅིག་ག་རེ་བྱེད་ཀྱི་ཡོ་རེ་ཕུར་ཕུར་བཏང་གི་ཡོད་པའི་བཟོ་འདྲ་ཅི།
- རྒན་བདེ་སྐྱིདཁོང་ཕལ་ཆེར་སྐད་མང་པོ་ལ་དགའ་པོ་རང་ཡོ་མ་རེད་ད།
- རྒན་ཟླ་བ་ཚེ་རིང་ཨོའོ་ཡིན་པ་འདྲ། ཨམ་ཅོག་བཀག་བཞག
- རྒན་བདེ་སྐྱིདཨམ་ཅོག་བཀག་བཞག
- རྒན་ཟླ་བ་ཚེ་རིང་བྱས་ཙང་ཁོ་རང་གསུམ་བུ་མོ་གསུམ་བལྟ་ས་གཅིག་ལ་བལྟ་གི་འདུག་གང། གསུམ་ག་གཅིག་ལ་བལྟ་གི་འདུག་ག
- རྒན་བདེ་སྐྱིདཨོའོ་ཕལ་ཆེར་ཁོང་ཚོ་ཅོག་ལགས་རྫིག་པོ་ཅིག་མཐོང་པ་རེད།
- རྒན་ཟླ་བ་ཚེ་རིང་ཨོའོ་ཡིན་གྱི་མ་རེད།
- རྒན་བདེ་སྐྱིདཁོང་བུ་མོ་འདི་འོག་འཇུག་ཚོས་གཞི་ག་རེ་རེས་འདུག་གས།
- རྒན་ཟླ་བ་ཚེ་རིང་ཚོས་གཞི་འདི་དམར་པོ་རེད་པ་འདི།
- རྒན་བདེ་སྐྱིདདམར་མོ་རེད་འདུག་གང་།
- རྒན་ཟླ་བ་ཚེ་རིང་ཚོས་གཞི་དམར་མོ་རེད་བཞག
- རྒན་བདེ་སྐྱིདརེད་བཞག
- རྒན་ཟླ་བ་ཚེ་རིང་ཨོའོ་རེད་བཞག
- རྒན་བདེ་སྐྱིདཡིན་ནའི་ཁོང་ཚོ་མང་ཆེ་བའི་ལྷམ་གོག་དེ་འགྱིག་འཇུག་༼སྤོ་རྩེད་ལྷམ་༽ཡིན་པ་འདྲ།
- རྒན་ཟླ་བ་ཚེ་རིང་འགྱིག་འཇུག་༼སྤོ་རྩེད་ལྷམ་༽རེད་བཞག འོང། བྱས་ཙང་གཅིག་གི་ཆམ་མདོ་དེ་པ་ཡིན་སོང་ན་ཕལ་ཆེར་ཞིང་པ་དེ་འདྲ་ཡིན་ས་རེད།
- རྒན་བདེ་སྐྱིདབྱས་ཙང་རེད་བཞག
- རྒན་ཟླ་བ་ཚེ་རིང་ལྷ་ས་ལ་གནས་མཇལ་ཡོང་མཁན།
- རྒན་བདེ་སྐྱིདརེད་ བར་བསྐོར་བརྒྱབ་གི་ཡོའོ་རེད།
- རྒན་ཟླ་བ་ཚེ་རིང་ཨོའོ་རེད་བཞག དེང་སང་བོད་ཟླ་དྲུག་པ་རེད་པ་བྱས་ཙང་གཅིག་གནས་བསྐོར་ཡོང་མཁན་མང་པོ་ཡོའོ་རེད་པ།
- རྒན་བདེ་སྐྱིདཁོང་གི་སྐྲ་འདི་ལྷས་མ་ཡག་པོ་གཅིག་བརྒྱབ་འདུག་གང།
- རྒན་ཟླ་བ་ཚེ་རིང་ཨོའོ་འདུག
- རྒན་བདེ་སྐྱིདརེད་འདུག་ག
- རྒན་ཟླ་བ་ཚེ་རིང་ཨོའོ་འདི་ལྷས་མ་་སྙིང་རྗེ་པོ་བརྒྱབ་བཞག
- རྒན་བདེ་སྐྱིདལྷས་མ་སྙིང་རྗེ་པོ་བརྒྱབ་བཞག
- རྒན་ཟླ་བ་ཚེ་རིང་ཨོའོ་འདུག
- རྒན་བདེ་སྐྱིདལྷས་མ་གཅིག་བརྒྱབ་མགོ་ལ་ཕར་དཀྲིས་འདུག་ག
- རྒན་ཟླ་བ་ཚེ་རིང་ཨོའོ་དཀྲིས་བཞག
- རྒན་བདེ་སྐྱིདབྱས་ཙང་།
- རྒན་བདེ་སྐྱིདརེད་ད།
- རྒན་ཟླ་བ་ཚེ་རིང་དཀྲིས་བཞག འདི་ཡི་ལྷས་མ་འདི་ཡི་ལྷས་མ་རེད་པས།
- རྒན་ཟླ་བ་ཚེ་རིང་ཨོའོ་ལྷས་་མ་བརྒྱབ་བཞག
- རྒན་བདེ་སྐྱིདཁོང་ཉིད་ཀྱི་ལྷས་་མ་བརྒྱབ་བྱས་མགོ་ལ་དཀྲིས་བཞག་ཡོའོ་རེད་ད།
- རྒན་ཟླ་བ་ཚེ་རིང་ཨོའོ་འདུག
- རྒན་བདེ་སྐྱིདཅོག་ལགས་འདི་སྐྲ་མང་བ་ལ་ཨ།
- རྒན་ཟླ་བ་ཚེ་རིང་ཨོའོ་འདུག
- རྒན་ཟླ་བ་ཚེ་རིང་གདོང་པ་འདི་མར་རིང་པོ་ཞིག་འདུག་གང་། གཟུགས་པོ་གཏེ་པོ་གཅིག་ལ་གདོང་པ་རིང་པོ་གཅིག་བྱས་ཞེ་དྲགས་སྙིང་རྗེ་པོ་མིན་འདུག་ག
- རྒན་བདེ་སྐྱིདལག་པའི་ཆེན་པོ་འདུག་གང་།
- རྒན་ཟླ་བ་ཚེ་རིང་ཨོའོ་འདུག
- རྒན་བདེ་སྐྱིདབྱས་ཙང་ཁོང་ལོ་ཆུང་ཆུང་མ་རེད།
- རྒན་ཟླ་བ་ཚེ་རིང་ཨོའོ་རེད་བཞག
- རྒན་བདེ་སྐྱིདཡིན་ནའི་བུ་མོ་འདིས་ཚོ་གསུམ་ལོ་ཆུང་ཆུང་ཡིན་པ་འདྲ།
- རྒན་ཟླ་བ་ཚེ་རིང་ལོ་ཆུང་ཆུང་རེད་བཞག
- རྒན་ཟླ་བ་ཚེ་རིང་ཕལ་ཆེར་ལོ།
- རྒན་བདེ་སྐྱིདབཅུ་དྲུག བཅུ་བདུན།
- རྒན་ཟླ་བ་ཚེ་རིང་ཨོའོ་ད་དེ་འདྲས་འདྲ་ཅིག་ཡིན་ཀྱི་རེད་།
- རྒན་བདེ་སྐྱིདབཅུ་དྲུག་བཅུ་བདུན།
- རྒན་ཟླ་བ་ཚེ་རིང་གྲོང་གསེབ་ཟེར་དུས་འདུག་ཟེར་བལྟས་པ་ར་ཕལ་ཆེར་ལོ་དེས་འདྲས་ཅིག་ལས་ཟིན་ཡོའོ་མ་རེད།
- རྒན་བདེ་སྐྱིདཁོ་ཚོའི་ཕྱུ་པ་ཡ་ཕུ་ཐུང་མི་འདུག་ག
- རྒན་ཟླ་བ་ཚེ་རིང་ཨོའོ་མིན་འདུག་ཕུ་ཐུང་། ཕྱུ་པ་ཕུ་མེད་ཟེར་མཁན་དེ་རེད་པ་འདི།
- རྒན་བདེ་སྐྱིདཏག་ཏག་རེད།
- རྒན་ཟླ་བ་ཚེ་རིང་རེད་དབྱར་ཁ་གྱོན་ཡས་ཀྱི་ཕུ་མེད།
- རྒན་བདེ་སྐྱིདཕུ་མེད་རེད་འདུག་གང་།
- རྒན་ཟླ་བ་ཚེ་རིང་ཨོའོ་རེད་བཞག
- རྒན་བདེ་སྐྱིདབུ་མོ་གཉིས་ཀྱི་མགོ་རས་སྐེད་པ་ལ་དཀྲིས་འདུག་ག
- རྒན་ཟླ་བ་ཚེ་རིང་ཨོའོ་དཀྲིས་བཞག ཨོའོ་འདུག
- རྒན་བདེ་སྐྱིདབུ་མོ་འོག་མཇུག་དམར་ཁྲ་འདིའི་མགོ་རས་དམར་པོ་རེད་འདུག་གང།
- རྒན་ཟླ་བ་ཚེ་རིང་ཨོའོ་རེད། རེད་བཞག
- རྒན་བདེ་སྐྱིདབུ་མོ་འོག་མཇུག་དམར་པོ་འདི་མགོ་རས།
- རྒན་ཟླ་བ་ཚེ་རིང་མགོ་རས་འདི།
- རྒན་བདེ་སྐྱིདསིང་སྐྱ་རེད་ཤག
- རྒན་ཟླ་བ་ཚེ་རིང་སིང་སྐྱ་རེད་པ།
- རྒན་བདེ་སྐྱིདཟིང་སྐྱ་རེད་ཤག
- རྒན་བདེ་སྐྱིདཁོང་གི་པང་གདན་ཧར་པོ་ཞེ་དྲག་འདུག་ག
- རྒན་ཟླ་བ་ཚེ་རིང་ཨོའོ་འདུག
- རྒན་བདེ་སྐྱིདའདི་ཁམས་ངོས་ཀྱི་པང་གདན་རེད་ད།
- རྒན་ཟླ་བ་ཚེ་རིང་ཨོའོ་རེད་ཞག་འདི་ཁམས་ངོས་ཀྱི་པང་གདན་རང་རེད་ཞག
- རྒན་བདེ་སྐྱིདཨོའོ་ཏག་ཏག་རེད་ བུ་མོ་ཁོང་རྣམ་གཉིས་ཀས་ལག་པ་ལ་ཚིགས་ཁེབས་མང་པོ་ཞེ་དྲགས་བཏགས་བཞག
- རྒན་ཟླ་བ་ཚེ་རིང་ཨོའོ་འདུག
- རྒན་བདེ་སྐྱིདརེད་པས་ ཨོ་ཏག་ཏག་རེད་བཞག་ཚིགས་ཁེབས་མང་པོ་འདུག་ འདུག་གང་།
- རྒན་ཟླ་བ་ཚེ་རིང་ཨོའོ་འདུག ཕལ་ཆེར་ཨེན་དྲས་ཡིན་ཀྱི་རེད་ཟངས་ཀྱིས་དེ་འདྲས་དངུལ་གྱི་བཟོས་པ་འདི་འདྲས་ཡིན་གྱི་རེད།
- རྒན་བདེ་སྐྱིདཡིན་པ་འདྲ།
- རྒན་ཟླ་བ་ཚེ་རིང་གྲོང་གསེབ་ཨེ་འདྲས་ལ་དགའ་པོ་བྱེད་ཀྱི་རེད་པཱ།
- རྒན་བདེ་སྐྱིདབྱས་ཙང་།
- རྒན་ཟླ་བ་ཚེ་རིང་གོང་ཡང་ཆུང་ཆུང་རེད་པ་ཨ་ནི།
- རྒན་བདེ་སྐྱིདརེད། བྱས་ཙང་ཁོང་ཚོ་བར་སྐོར་ལ་དུས་ཚོད་རིང་པོ་ལུས་ཀྱི་རེད་ད།
- རྒན་ཟླ་བ་ཚེ་རིང་ཨོའོ་རེད།
- རྒན་བདེ་སྐྱིདཁོང་ཚོ་ག་ས་ག་ལ་བལྟས་ཕར་ལྟས། ཚུར་ལྟས། རེད་འདུག་ག
- རྒན་ཟླ་བ་ཚེ་རིང་རེད་བཞག ཨ་ནི་མི་མང་པོ་རེད་པ་མི་བཞི་འདུག་གང་།
- རྒན་བདེ་སྐྱིདབྱས་ཙང་།