Video Overview
Dékyi and Dawa describe a photo of a Khampa woman.
- Kham
- ཁབརྙེད་ཀྱི་རེད་བརྙེད་ཀྱི་རེད་བར་བསྐོར་ནང་ནས་བརྙེད་ཀྱི་རེད། ཞེ་དྲག་རྒྱ་ཆེན་པོ་མ་རེད་པ་མི།
- ཀབྱས་ཙང་།
- ཁབརྙེད་ཀྱི་རེད།
- ཀཁོང་བརྙེད་པ་ཤོག
- ཁའོང་། ང་ཡའི་ད་ག་བསམ་གྱི་འདུག
- ཀཨོའོ་འདིའི་ཁམས་མོ་ཅིག་འདུག་ག་
- ཁཨོའོ་འདུག་དེ་ག་རེ་བྱེད་ཀྱི་འདུག་གམ།
- ཀཁོང་ཕལ་ཆེར་རོགས་པ་བརླགས་བྱས་སྐད་བཏང་གི་ཡོད་པ་འདྲ།
- ཁཨོའོ་ཡིན་པ་འདྲ། འོག་འཇུག་འདི་ཧར་པོ་ཞེ་པོ་ཅིག་གྱོན་འདུག་ག
- ཀཨོའོ། ཚོས་གཞི་ཧར་པོ་ཅིག་འདུག་འདུག་ག
- ཁབྱས་ཙང་། ཁམས་པའི་བུ་མོ་ཟེར་འོག་འཇུག་ཅིག་ཧར་པོ་ཞེ་པོ་གྱོན་ཡས་ལ་དགའ་པོ་ཞེ་དྲག་འདུག་ག
- ཀརེད་ཏག་ཏག་རེད།
- ཁཨོའོ་རེད་བཞག ཁོང་ད་དུང་དེ་ག་རེ་རེད་ཅིག་ལྗང་ཁུ་དེ་ག་རེད་རེད།
- ཀཁོང་གི་ལྗང་ཁུ་དེ་སྐེ་དཀྲུག་རེད།
- ཁཨོ་འོང་། སྐེ་དཀྲུག་བྱས་ཨ་ནི།
- ཀའདའི་སྒོར་སྒོར་ཅིག་འདུག་ག
- ཁཨོའོ་འདུག
- ཀདེ་གའུ་རེད་ད།
- ཁགའུ་བྱས།
- ཀསྙིང་རྗེ་པོ་འདུག་གམ།
- ཁསྙིང་རྗེ་པོ་འདུག་གའུ་དེ་སྙིང་རྗེ་པོ་ཞེ་དྲག་འདུག གའུ་འདིའི་དཀྱིལ་དེ་ག་རེ་རེད་དེ་བྱུ་རུ་རེད།
- ཀདཀྱིལ་དེ་བྱུ་རུ་རེད།
- ཁབྱུ་རུ་རེ་པ།
- ཀཚོས་གཞི་དམར་པོ་ཅིག་འདུག་ག
- ཁཨོའོ་འདུག
- ཀདེ་བྱུ་རུ་རེད།
- ཁཨོའོ་རེད་བཞག
- ཀཡིན་ནའི་ཁོང་གི་སྐེ་ལ་བཏགས་པ་ཅིག་འདུག་ག་སྐེ་དཀྲུག་དེ་ཕལ་ཆེར་གཡུ་ཡིན་པ་འདྲ།
- ཁཨོའོ་རེད་བཞག
- ཀཁམས་མོ་གའུ་བཏགས་ཡས་ལ་དགའ་པོ་ཞེ་དྲག་ཡོའོ་རེད།
- ཁབྱས་ཙང་ཨ་ནི་སྒྲོག་གདུབ་ཞེ་དྲག་བཏགས་འདུག་ག་སྒྲོག་གདུབ།
- ཀཁོང་གི་སྒྲོག་གདུབ་དེ་ཕལ་ཆེར་དངུལ་མིན་འགྲོ།
- ཁཨོའོ་དངུལ་འདྲ་པོ་འདུག་དངུལ་འདྲ་པོ་འདུག་
- ཀཁོང་གི་ལག་པ་ཡ་ཚིགས་ཁེབ་ཡའི་མང་པོ་ཡོའོ་རེད་ད།
- ཁཨོའོ་འདུག་ཚིགས་ཁེབ་གཉིས་བཏགས་བཞག
- ཀབྱས་ཙང་། ཁོང་དེར་ཡ་དགའ་པོ་ཞེ་དྲག་ཡོའོ་རེད།
- ཁཨོའོ་རེད་རེད།
- ཀཁོང་གི་གཟུགས་པོ་ལ་ཡ་རྒྱན་ཆ་མང་པོ་འདུག་ག
- ཁཨོའོ་འདུག་
- ཀཁོང་གི་སྐྲའི་སྒང་ལ་ཡ་སྐྲ་པིན་ཡོའོ་རེད་ད།
- ཁསྐྲ་པིན་ཨོའོ་འདུག་དེར་དཀར་པོ་དེ་སྐྲ་པིན་རེད་པ།
- ཀརེད་ད་སྐྲ་པིན་གཉིས་ཡོའོ་རེད་འདིར་སྐྲ་པིན་གཉིས་ཡོའོ་རེད་ད།
- ཁཨོའོ་རེད་བཞག
- ཀཁོང་ཕལ་ཆེར་ལོ་གསུམ་བཅུ་ལྷག་ཙམ།
- ཁགསུམ་བཅུ་ཟིན་མ་ཟིན་ཙམ་རེད་བཞག
- ཀརེད་འདུག་གས།
- ཁགསུམ་བཅུ་ཟིན་མ་ཟིན་རེད་བཞག
- ཀཁོང་གི་ཕྱུ་པ་དེ་གང་འདྲས་ཟེར་གྱོན་འདུག་གས།
- ཁཕྱུ་པ་འདུག་ཟེར་ག་རེ་རེད། ཕུ་ཐུང་དེ་འདུག་ཟེར་ག་རེ་རེད་ཕུ་ཐུང་དེ་སྐེད་པ་ལ་དཀྲིས་པའི་བཟོ་འདྲ་ཅིག་བྱས་མི་འདུག་གས།
- ཀབྱས་ཙང་ཁོང་གི་ཕུ་ཐུང་སྐེད་པ་ལ་དཀྲིས་འདུག་ག
- ཁའོང་ཨ་ནི་མདུན་ལ་ཕུ་ཐུང་དེ་གཉིས་འདུག་ཟེར་མདུད་པ་རྒྱབ་འདུག་ག
- ཀཕྱུ་པ་ཚོས་གཞི་ནག་པོ་རེད་བཞག་
- ཁཨོའོ་ནག་པོ་རེད་བཞག
- ཀཨོའོ་ཁོང་གི་པང་གདན་ཚོས་གཞི་ཧར་པོ་འདུག་ག
- ཁཨོའོ་འདུག
- ཀའདུག་ག
- ཁཔང་གདན་དེ་ཆབ་མདོའི་པང་གདན་རེད་པས།
- ཀམ་རེད་དེང་སང་ལྷ་ས་བའི་པང་གདན་རེད།
- ཁབྱས་ཙང་ཨོའོ་རེད་བཞག
- ཀདེང་སང་ཁམས་མོ་དེ་འདྲས་ཟེར་རེད།
- ཁཨོའོ་འོང་།
- ཀཨོའོ་ལྷ་ས་ནས་པང་གདན་ཉོས་ཨ་ནི་ཁོང་ཚོ་བཏགས་ཀྱི་ཡོའོ་རེད་ད།
- ཁཞུས་ཙང་།
- ཀཡིན་ནའི་ཕྱུ་པ་གྱོན་སྟངས་དེ་ཁམས་མོའི་ཕྱུ་པ་གྱོན་སྟངས་རེད།
- ཁརེད་བཞག་འདུག་བཟོ་བལྟས་པ་ད་ག་ཧ་གོ་གི་འདུག་ག
- ཀཡིན་ནའི་ད་ལྟ་ཁོང་ཏིག་ཙམ་ངང་དྲགས་ལངས་བཞག
- ཁཨོའོ་རེད་བཞག་རོགས་པ་བརླགས་པ་འདྲ།
- ཀབྱས་ཙང་། ཁྱེད་རང་གི་བྱས་ན་ཁོང་གི་རོགས་པ་བརྙེད་ཀྱི་རེད་པས།