Video Overview
Dékyi and Dawa describe a photo of an elderly woman.
- ཀམཆུ་ཏོ་ཏས་ཙ་ནག་པོ་ཆགས།
- ཁརྨོ་བོ་ལགས་རླུང་ཞེ་དྲགས་ལངས་བཞག་
- ཀཨོའོ་ལངས་བཞག ཕལ་ཆེར་པུ་གུས་༼ཕྲུག་གུས༽ཁོང་ཁྲོ་ཟ་ལངས་པ་འདྲ་རྨོ་བོ་ལགས་ལ།
- ཁབྱས་ཙང་རྨོ་བོ་ལགས་ཁོང་གི་ཞལ་རས་ནག་པོ་རེད་འདུག་ག
- ཀཨོའོ་འདུག ཅིག་གི་ག་རེ་ཟེར་དགོ་རེད། དམར་ནག་ཅིག་ཁྲག་ཤེས་མཐོ་པོ་ཞེ་དྲག་ཡིན་ས་རེད།
- ཁཁོང་གི་མཆུ་ཏོ་ཡའི་ཏིག་ཙ་ནག་པོ་རེད་ད།
- ཀཏིག་ཙ་ནག་པོ་ཆགས་བཞག
- ཁརེད་འདུག་ག
- ཀརེད་བཞག་
- ཁཁོང་གི་དབུ་སྐྲ་ཏིག་ཙ་དཀར་པོ་རེད་བཞག་
- ཀཨོའོ་རེད་བཞག
- ཁཁོང་གི་ཞལ་རས་སྒང་ལ་ཡ་གཉེར་མ་མང་པོ་ཡོའོ་རེད།
- ཀཨོའོ་འདུག་ལྷག་པར་དུ་འདིའི་ཁའི་འཁྲིས་དའི་ཡ་གཉེར་མ་དེ་གསལ་པོ་ཞེ་དྲགས་འདུག་ག
- ཁཁོང་ཕལ་ཆེར་དགུང་ལོ་དྲུག་ཅུ་ལྷག་ཙམ་ཡིན་པ་འདྲ།
- ཀཨོའོ་ཡིན་ས་རེད་དྲུག་ཅུ་ལྷག་ཙ་ཡིན་ས་རེད།
- ཁཁོང་གི་ཞྭ་མོ་དེ་ཚོས་གཞི་ག་རེ་རེད་འདུག་གས།
- ཀཞྭ་མོ་དེ་ཚོས་གཞི་རྫ་མདོག་རེད་པཱ་རྫ་མདོག
- ཁཨོའོ་རྫ་མདོག་སྒང་ལ་ཡ་དཀར་པོ་ཏིག་ཙ་ཏིག་ཙ་འདུག་ག ཨོའོ་དེ་ལན་པོ་འདུག
- ཀཨོའོ་འདུག
- ཁཁོང་གི་སྐྲ་གཞུག་ཞྭ་མོའི་འོག་ནས་ཏིག་ཙ་མཐོང་གི་ཡོའོ་རེད་ད།
- ཀཨོའོ་འདུག སྐྲ་གཞུག་དེ་དམར་པོ་དེ་རེད་པ།
- ཁཚོས་གཞི་དམར་པོ་རེད་བཞག
- ཀཚོས་གཞི་དམར་པོ་འདུག་ཨོའོ་འདུག་འདུག
- ཁརྨོ་བོ་ལགས་གས་༼གིས་༽ཨམ་ཅོག་ལ་ཡ་རྒྱན་ཆ་ཅིག་ཡའི་བཏགས་ཡོའོ་མ་རེད་ད།
- ཀརྒྱན་ཆ་བཏགས་མི་འདུག
- ཁབཏགས་མི་འདུག་ག
- ཀབཏགས་མི་འདུག
- ཁཡིན་ནའི་ཁོང་གི་འོག་འཇུག་དེ་ཚོས་གཞི་སྙིང་རྗེ་པོ་ཞེ་དྲགས་འདུག
- ཀཨོའོ་འདུག
- ཁཚོས་གཞི་འདི་ག་རེ་རེད།
- ཀགཡུ་མདོག་རེད་པ་གཡུ་མདོག
- ཁགཡུ་མདོག་རེད་བཞག
- ཀཨོའོ་རེད་བཞག་ཚོས་གཞི་གཡུ་མདོག
- ཁཁོང་གི་ཕྱུ་པ་ཕུ་ཐུང་མེད་པ་ཅིག་གྱོན་ཡོའོ་རེད་ད།
- ཀཨོའོ་རེད་བཞག་ཕྱུ་མེད་ཀྱི་དེ་རེད་བཞག་ཕུ་མེད་ཀྱི་ཕྱུ་པ།
- ཁབྱས་ཙང་ཁོང་གི་དེ་ཕལ་ཆེར་དབྱར་ཁ་རེད།
- ཀཨོའོ་དབྱར་ཁ།
- ཁཁོང་ཏིག་ཙ་ཚ་གདུག་ཚིགས་ཀྱིས་རེད་པཱ།
- ཀཕྱུ་པ་དེ་ཚོས་གཞི་ག་རེ་རེད། ཅིག་རྫ་མདོག་རེད་ནག་པོ་རེད།
- ཁཚོས་གཞི་ནག་པོ་རེད་ད།
- ཀཨོའོ་ནག་པོ་རེད་བཞག
- ཁཁོང་གི་སྒལ་པ་ཡ་ལྟོ་ཕད་ཅིག་འཁྱེར་ཡོད་པ་འདྲ།
- ཀཨོའོ་རེད་བཞག ལྟོ་ཕད་ཀྱི་ཐག་པ་འདི་ནས་ཚུར་ཅིག་མཐོང་ཡོང་གི་འདུག་ག་འདའི་ཕ་པོའི་༼ཕྲ་པོ་དེ་༽ཅིག་ཨོའོ་དེ་ལྟོ་ཕད་ཀྱི་ཐག་པ་རེད་པ།
- ཁཐག་པ་ཁྲ་ཁྲ་རེད་འདུག་ག
- ཀཨོའོ་རེད།
- ཁརྨོ་བོ་ལགས་ཀྱི་སྤྱན་དེ་ཡའི་ཏིག་ཙ་སེར་པོ་དང་དམར་པོ་འདྲ་པོ་འདུག་ག
- ཀཨོའོ་འདུག ཕལ་ཆེར་ཅིག་བྱས་ན་ནམ་རྒྱུན་ཆང་ལ་དགའ་པོ་ཡོད་ཀྱི་རེད། རྨོ་བོ་ལགས་དེ།
- ཁཅིག་བྱས་ན་ཁོང་སྐུ་གཟུགས་ཡག་པོ་རང་མི་འདུག་
- ཀཨོའོ་ཡོད་ས་མ་རེད་ཁྲག་ཤེས་མཐོ་པོ་ཡིན་ས་རེད།
- ཁརེད་ཤག
- ཀཕལ་ཆེར་བར་བསྐོར་ཕྱིན་བྱས་ཨ་ནི་ངལ་གསོ་རྒྱག་གི་ཡོད་པ་འདྲ།
- ཁཡིན་ནའི་ཁོང་སྐུ་ཤ་འཇོལ་པོ་ཞེ་དྲགས་འདུག་ག
- ཀཨོའོ་འདུག་སྐུ་ཤ་འབྱོར་པོ་ཞེ་དྲག་འདུག
- ཁའདུག་ག འདའི་ཡ་ཨོག་མ་གཉིས་ཡོའོ་རེད་ད།
- ཀཨོའོ་འདུག ཨོག་མ་གཉིས་བརྩེགས་རེད་བཞག་ཨོའོ་རེད་བཞག འདི་ནས་འདུག་བཟོ་བལྟ་དུས་ཞེ་སྣང་ཚ་པོ་ཅིག་མི་འདུག་གས།
- ཁཨོའོ། འདུག
- ཀཞེ་སྣང་ཁ་པོ་འདྲ་ཅིག་འདུག
- ཁཞེ་སྣང་ཚ་མདོག་ཁ་པོ་ཅིག་འདུག་ག
- ཀའདུག་འདུག
- ཁབྱས་ཙང་།