Video Overview
Dawa describes a photo of a dog.
- ཀཨོའོ་འདིར་ཁྱི་གཅིག་སྐྱིད་མདོག་ཁ་པོ་ཞེ་དྲག་ཉལ་བཞག ཨོང་། ཚོས་གཞི། ཁྱི་འདི་ཚོས་གཞི་འདི་རེད་བཞག དམར་སེར་རེད་བཞག འདུག་བཟོ་བལྟས་ན་འདི་འདྲ་པོ་འདུག ཝ་མོ་འདྲ་པོ་འདུག ཝ་མོའི་ཚོས་གཞི་འདྲ་པོ་འདུག
- ཀགྲ་དེའི་ཡག་པོ་ཞེ་དྲག་འདུག ཁྱིའི་གྲ། ཨའོ་ཁྱི་དེ་ག་རེའི་སྒང་ལ་ཉལ་ཡོའོ་རེད། དེ་གདན་དེ། ཨོའོ་འདི་གདན་མ་རེད་བཞག ད་དེང་སང་བོད་རིགས་དར་སོ་ཆེན་པོ་ཞེ་དྲག་བྱེད་ཀྱི་འདུག
- ཀདེའི་ག་རེ་རེད། དེང་སང་ཡང་མིང་་གསར་པ་ཐེར་མ་ཟེར་ཡའི་ཟེར་གྱི་འདུག ཡིན་ཡས་ཚོས་གཞི་འདི་སྔོན་མ་ང་ཚོའི་འདི་ཡོའོ་རེད་པཱ། ཨོང་པང་གདན། པང་གདན་ཚོས་གཞི་དང་གཅིག་པ་རེད་བཞག
- ཀད་མི་འདིར་ཨ་ནི་རི་མོ་ཞེ་དྲག་བརྒྱབ་འདུག་གང་། བར་ར་དེའི། རི་མོ་འདིའི་དཀར་པོ་དེའི་སྒང་ལ་ཨོང་ཅིག གོས་ཆེན་རི་མོ་འདྲ་པོ་ར་ཅིག ཀྲམ་ཀ་ཡོད་པ། ལན་ཚ་ཡོད་པ། ཨོང་ཨེ་འདྲས་ཅིག་རེད་བཞག
- ཀཚོས་གཞི་ད་སྣ་མིན་སྣ་ཚོགས་ཞེ་དྲག་འདུག ང་ཚོ་ནམ་རྒྱུན་བོད་རིགས་ཀྱི་པང་གདན་དང་གཅིག་པ་རེད་བཞག འདི་དེང་སང་དར་སོ་ཆེན་པོ་ཞེ་དྲག་བྱེད་ཀྱི་འདུག་གང་། འདི་མང་ཆེ་བ་ལྷོ་ཁག་གི་བཏགས་ཀྱི་འདུག སྣམ་བུ་འདི། ཐེར་མ་ཟེར་མཁན་དེ།
- ཀཨ་ནི་བོད་རིགས་ཀྱི་དེང་སང་ཉལ་ཆས་དང་དེ་ཚོའི་རྒྱབ་ཤ་བྱས་ནས་འདི་དར་སོ་ཆེན་པོ་ཞེ་དྲག་བྱེད་ཀྱི་འདུག་དེ། ཚོས་གཞི་དེ་གཅིག་ང་ཚོ་འདི་རེད་བཞག ཨོང་འདི་ཡོའོ་རེད་པཱ། འཇའ། ནམ་མཁའི་འཇའ། ཨོའོ་དེའི་ཚོས་གཞི་བྱས་ནས་ཚོས་གཞི་སྣ་མིན་སྣ་ཚོགས་ཞེ་དྲག་ཡོད་པ་གཅིག་རེད་བཞག་འདི།