Skip to main content Skip to search
15 Dec 2011
44 sec
Rating
0
No votes yet
Video Overview
Creators: 
Unknown

Dawa describes a photo of an Asian tourist.

Show More

  • རྒན་ཟླ་བ་ཚེ་རིང
    ཨོའོ་དེའི་ཡུལ་བསྐོར་བ་གཅིག་འདུག ཁོ་རང་ག་རེ་བྱེད་ཀྱི་ཡོད་ན། ཅིག་སྤུ་གུར་༼ཕྲུ་གུར་༽རྩེད་མོ་རྩེད་ཀྱི་ཡོད་ན། གཅིག་ང་ཚོ་ལྷས་སའི་ཁྱི་ལ་རྩེད་མོ་རྩེད་ཀྱི་ཡོད་ན། ཅིག་ཡར་འདུག་བཟོ་ལངས་ལངས་ལངས་ལག་བརྡ་བྱས་ཞེ་དྲག་བྱེད་ཀྱི་འདུག
  • རྒན་ཟླ་བ་ཚེ་རིང
    ཁོ་རང་ཕལ་ཆེར་ཉི་ཧུང་ཡིན་ན་ལྷོ་ཁུ་རུས་ཡ་ཡིན་ན། ལྷོ་ཁུ་རུ་ཡ་ནས་ཡིན་ན། སྐྲ་དེ་སེར་པོ་རེད་བཞག སྐྲ་དེ་ཚོས་བརྒྱབ་པ་འདྲ། ཨ་ནི་སྟོད་ཐུང་དེ་ཅིག་གྱོན་བཞག་འང་གུ་༼ཕུག་རོན་༽མདོག་གཅིག།
  • རྒན་ཟླ་བ་ཚེ་རིང
    ལྟོ་ཕད་ཅིག་ཡའི་འཁྱེར་བཞག ལྟོ་ཕད་ཐག་པ་དེ་མདུན་དེའི་ཡ་ནག་པོ་ཞིག་མཐོང་ཡོང་གི་འདུག  ཨ་ནི་ལྟོ་ཕད་ཐག་པ་གཅིག་སྐེ་རགས་ནང་བཞིན་བྱས་ནས་ཚུར་བསྡམས་བཞག
  • རྒན་ཟླ་བ་ཚེ་རིང
    ལག་པ་དེའི་འདི་གཅིག་འཁྱེར་བཞག ཉི་གདུགས་གཅིག་འཁྱེར་བཞག ཕལ་ཆེར་དབྱར་ཁ་ཡིན་པ་འདྲ། ཨ་ནི་ལག་པ་དེའི་ཡང་ལག་འདོགས་ཆུ་ཚོད་གཅིག་ཡའི་བཏགས་བཞག ཁོ་རང་ཅིག་རྩེད་མོ་རྩེད་བསྡད་ནས་ཁོལ་བསྡད་བཞག