Video Overview
This was an advice song given by Derapkö to Welshül Wanglo of Made Chukhamé area when he was preparing for battle in Ngaba.
- Ngawa
- སེང་དཀར་པོའི་ཤར་རྩེ་མཁན་པོ།།
- ནང་ལྕགས་རི་དབལ་ཤུལ་འཇིག་གོ།།
- སྤྲིན་དཀར་ནག་ནུར་མ་གོང་འགབ།།
- སྤྲིན་ནག་པོའི་རྒྱབ་རི་འཁྲིག་དུས།།
- ཆར་ལས་ཀྱི་རླུང་གིས་སྐྱོད་གི།།
- ཆར་ཤར་རེ་རྔ་བར་རྩུབ་ཀི།།
- དགུང་ཨ་སྔོན་དབལ་ཤུལ་དབང་ལོ།།
- ཁྱོའི་སྐད་སྒྲ་འབྲུག་སྒྲ་གྲགས་གྲགས།
- ཁམས་ཁྲོ་ཁོའི་གླིང་ལ་གྲགས་དུས།།
- རྒྱའི་ཤོག་དཀར་སྣུམ་གྱིས་ཟིན་ཟིན།།
- དཔོན་ཆེན་པོ་དབལ་ཤུལ་འཇིག་གོ།།
- ཁྱོད་ལྷ་སྲུང་ཅན་གྱི་མི་རེད།།
- ས་ཟིན་ན་རང་སའི་དོན་ཡིན།།
- སོ་ཁེན་ན་རང་སྡེའི་ནང་ཡིན།།
- ཕྱི་སྡེ་བའི་ཁ་ལ་མ་རྒྱུགས།།
- ནང་སྡེ་བ་སྐྱོངས་བ་སྡོད་དང་།།
- འབབ་མ་འཆུག་ནི་བོ་དེ་ཡིན།།