Video Overview
༉ ལྷུན་རྩེ་རྫོང་ཁག་ སྨད་མཚོ་རྒེད་འོག་ལས་ ཚེ་རིང་དབྱངས་འཛོམས་ཀྱིས་འཐེན་ཏེ་ཡོད་མི་ བོད་སྒྲའི་གླུ་གཞས་འདི་ནང་ རྒྱ་མཚོ་གཏིང་ལས་འཐོན་པའི་ནོར་བུ་འདི་ ནོར་བུ་ཨིན་པར་མ་ཤེས་པའི་སྐོར་ལས་ཨིན་པས། ནོར་བུ་འདི་ ནོར་བུ་ཨིནམ་ཤེས་པའི་བསྒང་ལས་ ནོར་བུ་བརྒྱང་ལ་ཐལ་ཚར་ནུག་ཟེར་ ཨིན་རུང་སྨོན་ལམ་ཡང་ཡང་བཏབ་སྟེ་ ནོར་བུའི་དངོས་གྲུབ་ཞུ་གེ་ཟེར་ འཐེནམ་ཨིན་པས། དེ་བཟུམ་སྦེ་ར་ པད་གླིང་ཡབ་སྲས་ཚུ་ཡང་ ལོ་དང་ཟླཝ་སྦེ་སོང་རུང་ སངས་རྒྱས་ཨིནམ་མ་ཤེས་ སངས་རྒྱས་ཨིནམ་ཤེས་པའི་བསྒང་ལས་ སངས་རྒྱས་ཐག་རིང་སར་ཐལ་ཚར་ནུག་ ཟེར་བའི་བློ་འགྱོད་བསྐྱེད་དོ་ཡོདཔ་མས།
- Kurtoe
- ཚེ་རིང་དབྱངས་འཛོམས་ Tshering Yangzomརྒྱ་མཚོ་གཏིང་ལས་འཐོན་པའི། །སྭོ་ཡ་ལ་སྭོ། ནོར་བུ་དགོས་འདོད་ཀུན་འབྱུང་། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །
- ཚེ་རིང་དབྱངས་འཛོམས་ Tshering Yangzomབཏུབ་པས་ག? ཨ་ནཱི་འདི།
- གཡུས་མི་ Villagerབཏུབ་པས་དབའེ།
- ཚེ་རིང་དབྱངས་འཛོམས་ Tshering Yangzomཨ?
- གཡུས་མི་ Villagerསང་ཕོད་ གསུང་སྐད་འགྲན་བསྡུར་ནང་ལུ་ ཁྱོད་ར་་་་་་་།
- ཚེ་རིང་དབྱངས་འཛོམས་ Tshering Yangzomཡ་ཡ་ མཇུག་ཨིན་ད་ མི་འཐེན་ད་ ང་ལྐོདམ་ན་ཡི།
- གཡུས་མི་ Villagerསྟོང་ཕྲག་ སྟོང་ཕྲག་ ཆག་ཆག་འབད་ རྩིས་ཤོག
- ཚེ་རིང་དབྱངས་འཛོམས་ Tshering Yangzomརྒྱ་མཚོ་གཏིང་ལས་འཐོན་པའི་ ཁྱོད་ཀྱིས་ཚོགས་རྒྱན་བཙུགས་འོང་ག?
- གཡུས་མི་ Villagerསྤ་་་་ ཚོགས་རྒྱན་འདི་ ཤར་ཤར་བཏང་བཙུགས་འོང་
- ཚེ་རིང་དབྱངས་འཛོམས་ Tshering Yangzomམ་ཤེས་སྨེ།
- གཡུས་མི་ Villagerབཙུགས་བྱིན་འོང་སྨེ་ ཚོགས་རྒྱན།
- ཚེ་རིང་དབྱངས་འཛོམས་ Tshering Yangzomརྒྱ་མཚོ་གཏིང་ལས་འཐོན་པའི། །སྭོ་ཡ་ལ་སྭོ། ནོར་བུ་དགོས་འདོད་ཀུན་འབྱུང་། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །ནོར་བུ་དགོས་འདོད་ཀུན་འབྱུང་། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །
- ཚེ་རིང་དབྱངས་འཛོམས་ Tshering Yangzomལོ་དང་ལོ་དང་ཟླ་བ་སོང་རུང་། །སྭོ་ཡ་ལ་སྭོ། ནོར་བུ་ཨིན་པར་མ་ཤེས། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །ནོར་བུ་ཨིན་པར་མ་ཤེས། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །
- ཚེ་རིང་དབྱངས་འཛོམས་ Tshering Yangzomནོར་བུ་ཨིན་པར་ཤེས་ཚེ། །སྭོ་ཡ་ལ་སྭོ། ནོར་བུ་རྒྱང་ལ་ཐལ་སོང་། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །ནོར་བུ་རྒྱང་ལ་ཐལ་སོང་། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །
- ཚེ་རིང་དབྱངས་འཛོམས་ Tshering Yangzomསྨོན་ལམ་ཡང་ཡང་བཏབ་གེ །སྭོ་ཡ་ལ་སྭོ། ནོར་བུའི་དངོས་གྲུབ་ཞུ་གེ །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །ནོར་བུའི་དངོས་གྲུབ་ཞུ་གེ །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །
- ཚེ་རིང་དབྱངས་འཛོམས་ Tshering Yangzomསྟེང་ཕྱོགས་ལྷ་ལས་འབབ་ཚེ། །སྭོ་ཡ་ལ་སྭོ། གངས་ཀྱི་སེང་གེའི་འོ་མ། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །གངས་ཀྱི་སེང་གེའི་འོ་མ། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །
- ཚེ་རིང་དབྱངས་འཛོམས་ Tshering Yangzomལོ་དང་ཟླ་བ་སོང་རུང། །སྭོ་ཡ་ལ་སྭོ། བདུད་རྩི་ཨིན་པར་མ་ཤེས། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །བདུད་རྩི་ཨིན་པར་མ་ཤེས། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །
- ཚེ་རིང་དབྱངས་འཛོམས་ Tshering Yangzomབདུད་རྩི་ཨིན་པར་ཤེས་ཚེ། །སྭོ་ཡ་ལ་སྭོ། བདུད་རྩི་རྒྱང་ལ་ཐལ་སོང་། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །བདུད་རྩི་རྒྱང་ལ་ཐལ་སོང་། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །
- ཚེ་རིང་དབྱངས་འཛོམས་ Tshering Yangzomསྨོན་ལམ་ཡང་ཡང་བཏབ་གེ །སྭོ་ཡ་ལ་སྭོ། ཚེ་གི་(ཚེ་ཡི་)དངོས་གྲུབ་ཞུ་གེ །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །ཚེ་གི་(ཚེ་ཡི་)དངོས་གྲུབ་ཞུ་གེ །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །
- ཚེ་རིང་དབྱངས་འཛོམས་ Tshering Yangzomསྟེང་་་་་ཨེམ{singer clears her throat}དཔལ་གླིང་་་་་་་ པད་གླིང་ཞི་ཁྲོ་ཡབ་སྲས། །སྭོ་ཡ་ལ་སྭོ། བརྒྱ་བྱིན་ལྷ་ཡི་སྲས་པོ། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །བརྒྱ་བྱིན་ལྷ་ཡི་སྲས་པོ། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །
- ཚེ་རིང་དབྱངས་འཛོམས་ Tshering Yangzomལོ་དང་ཟླ་བ་སོང་རུང། །སྭོ་ཡ་ལ་སྭོ། སངས་རྒྱས་ཨིན་པར་མ་ཤེས། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །སངས་རྒྱས་ཨིན་པར་མ་ཤེས། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །
- ཚེ་རིང་དབྱངས་འཛོམས་ Tshering Yangzomསངས་རྒྱས་ཨིན་པར་ཤེས་ཚེ། །སྭོ་ཡ་ལ་སྭོ། འགྲོ་དོན་མཛད་པར་བྱོན་སོང་། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །འགྲོ་དོན་མཛད་པར་བྱོན་སོང་། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །
- ཚེ་རིང་དབྱངས་འཛོམས་ Tshering Yangzomསྨོན་ལམ་ཡང་ཡང་བཏབ་གེ །སྭོ་ཡ་ལ་སྭོ། ཡེ་ཤེས་སྤྱན་གྱི་གཟིགས་གནང་། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །ཡེ་ཤེས་སྤྱན་གྱིས་གཟིགས་གནང་། །བཀྲ་ལ་ཤིས་པར་གཡང་ལ་ཆགས་པར་ཤོག །
- ཚེ་རིང་དབྱངས་འཛོམས་ Tshering Yangzomབཀྲིན་ཆེ་ལགས།། །།