Video Overview
A couple discusses the different ways people can replace teeth in Tibet and China.
- Lhasa
- ཀ།སོ་ད་གང་ག་ཕན་ཐོགས་མེད་པ་ཡིན་ན་ཚང་མ་ལོག་བཀོག
- ཀ།ཨ་ལའི།དེ་གསར་པ་འགར།
- ཀ།ཨོང་།ཤག་གཅོད་བྱས་བྱས་བཀོག་སོ་རྙིང་པ་ཚང་མ།ཚུར་བཀོག་ཨ་ནི་གཞི་ནས་ག་རེ་ཟེར་ན།ཨོའོ་སོ་གསར་པ།དེང་སང་ཐབས་ཤེས་གསར་པ།ད་ཚན་རིག་གང་ནས་ཐབས་ཤེས་གསར་པ་བཏོན་བྱས་སོ་བཙུགས་ཡས་འདུག་གང་།
- ཀ།ཨ་མོའོ།བཙུགས་ན་ཞེད་ཡས་ཞེད་པ།
- ཀ།ད་སོ་བཙུགས་བྱས།སོ་བཙུགས་པ་དེ་བརྟན་པོ་ཞེ་དྲག་ཡོའོ་རེད།ག་རེ་ཟེར་ན།སོ་སོའི་སོ་དང་ཁྱད་མེད་པ་ཞིག་ད་ཀྲན་མ་༼སྲན་མ་༽ཅི་དག་བཟས་ན་ལའི་ཚག་ཚག་ཚག་ཟེར་ཟ་ཐུབ་ཡས་ཡོའོ་རེད།ཨོའོ་སོ་དེ།དེང་སང་གསར་པ་བཙུགས་ཡས་དེ།
- ཀ།ཨ་ནི་སོ་ཚབ་འདུག་ཟེར་བྱས།ཨེ་འདྲས་ཟེར་ཨེ་འདྲས་ཟེར་མར་བཀོག་ཡར་ཨེ་འདྲས་ཟེར་ཁྲོ་སློག་༼སྒྲ་༽ཟེར་འགར་གྱི་འདུག་གང་ཨ་ནི་འདི་ཡག་པོ་ཡོའོ་རེད་པས།
- ཀ།འདི་བརྟན་པོ་ཡོའོ་མ་རེད་དང་།ཡོང་ཡས་ཡོའོ་མ་རེད།འདི་ད་སོ་འདི།མདུན་གྱི་སོ་མེད་པ་དང་
- ཀ།ཁག་ཅིག་ཨོའོ་ཨེ་འདྲས་ཟེར་བྱས་མི་སོའི་གང་ནས་ཨེ་འདྲས་ཟེར་མར་བཀོག་ཡང་ཕ་སློག་༼སྒྲ་༽ཟེར་ཨེ་འདྲས་འགར་གྱི་འདུག་གོ
- ཀ།འདི་འདི་འདི།སྔོན་མ་གི་དེ་རེད་པ།ད་དེ།མ་ཙང་དེང་སང་བྱེད་ད་བྱེད་ཀྱི་ཡོའོ་རེད།སོ་ཚབ་འགར་བྱས་མར་བཀོག་དགོང་དག་ཆུའི་ནང་ལ་ཕར་བླུགས།
- ཀ།ཨ་ནི་ཡང་ཡར་མི་འདུག་ཟེར་སོ་དཀྲུས་འདྲ་བརྒྱབ་ཡང་ཁྲོ་ཏོབ་༼སྒྲ་༽ཟེར་འགར་གྱི་འདུག་གོ
- ཀ།ལམ་སང་འགར།ད་དེང་སང་དེ་ལས་ཡག་པ་ཅིག་ག་རེ་ཟེར་ན།བཀོག་ཡའི་མ་དགོས་པ་བྱས།ད་ག་ཁོ་རེ་ཤག་གཅོད་བྱས།སོ་མར་བླུགས།བཙུགས་བྱས་ད།
- ཀ།ད་མི་ཡག་པོ་ཞིག་ཆགས་པ་རེད།རེད་པ།
- ཀ།རེད།
- ཀ།ཨ་ལས།ལས་སེ།ཨ་ནི་འདུག་ཟེར་བྱེད་དགོས་མེད་འགྲོ་སོ་འདི།
- ཀ།ཨོའོ་ད་དང་འདྲས་ཅིག་དགའ་འདུག་ནའི།
- ཀ།ཨ་ནི་བཙུགས་གི་ཡིན་ད།
- ཀ།བཙུགས་ན་ཡག་པོ་ཡོའོ་རེད་དང་།
- ཀ།གོང་ག་རོའོ་མིན་འགྲོ
- ཀ།གོང་ཆེན་པོ་རེད།
- ཀ།ཨ་པོའོ་ཀས།
- ཀ།རེད།སོ་རེ་རེར་སྟོང་ཕྲག་རེ་རེ་རེད།
- ཀ།ཧེང་།ཆག་སྒོ་མ་ཆེ།ཨ་ནི།ཨ་ནི་ག་པར་འགྲོ་དགོས་རེད་ཨ་ནི།