Skip to main content Skip to search
28 Jun 2018
7 min 16 sec
Video Overview
Creators: 
Yeshi Wangchuk, Penchela
Transcript search
No results found for this search
0 of 0
  • འཆི་མེད་མགོན་པོ་
    ཨཱ་ ད་ཅི་གི་འདི་ ང་བཅས་ཀྱིས་ཨ་ནཱི་དར་ཐོབ་ཐངས་དང་ དེ་ལས་ མང་ཉུང་ག་དེམ་ཅིག་དགོཔ་ཨིན་ན་གི་སྐོར་ལས་ཏེ་ ཞུ་ཚར་ཡི།
  • འཆི་མེད་མགོན་པོ་
    ད་ད་ལྟོ་གི་ཐད་ཁར་ལུ་ད་ལྟོ་གི་ཐད་ཁར་ལུ་ལྷོདཔ་ད་ལུ་འདི་ད་ང་བཅས་གཙོ་བོ་ར་ཉིནམ་གཉིས་གཉིས་པ་ནང་ཨིན་པས་འ་ནཱི་ནང་ལུ་དུས་ཆེན་བརྩི་སྲུང་སྦོམ་སྦེ་ཞུཝ་ད་ལུ་ཏེ་ རྒྱ་གྲམ་ག་དེ་སྦེ་ལྷག་དོ་ཨིན་ན་ཏེ་ མདོར་བསྡུས་ཅིག་ཞུ་གེ་ཟེར་ ཞུ་ནི་ཨིན།
  • འཆི་མེད་མགོན་པོ་
    ད་ང་བཅས་རའི་རྒྱ་གྲམ་ལྷག་ནི་འདི་ཏེ་ཆ་རོགས་ཚུ་གིས་རུབ་འབད་ཏེ་ག་ར་གིས་རབ་རུབ་བཏང་སྦེ་ཏེ་ལེགས་ཤོམ་སྦེ་བཟོ་དེ་ལསནི།
  • འཆི་མེད་མགོན་པོ་
    ཉིནམ་ཨ་ནཱི་གཉིས་པ་ནང་ལྷོདཔ་ད་ལུ་འདི་ཨཱ་་་ང་བཅས་དཔའ་མཛངསཔ་གི་ཏེ་གྱོན་ཆས་ཡོངས་སུ་རྫོགས་པ་འདི་འ་ནཱི་བཟུམ་ཅིག་ཨིན་ཟེར་ཞུ་ནི་ཨིན་ལགས།
  • འཆི་མེད་མགོན་པོ་
    ད་གདོང་ཁ་དང་རྒྱབ་ཁ་ག་ར་ཅོག་ར་ཅོག་ར་འཐདཔ་འབད་ར་མཐོན་འོང་ཟེར་ཞུ་ནི་ཨིན།ད་ཅི་ཞུ་དོ་བཟུམ་སྦེ་ཨིན་ཐོག་ཁར་འདི་ཧོནམོ་དེ་ལས་ འོག་ལུ་འདི་སེརཔོ་སྦེ་ཏེ་ བར་ན་འདི་ ཏེ་ཨ་ནཱི་ལྕང་ཁ་ཚུད་དགོཔ་སྦེ་ཨིན་པས་ཟེར་ ཞུ་ནི་ཨིན།
  • འཆི་མེད་མགོན་པོ་
    ད་མཇུག་ར་ཏེ་ང་བཅས་ཨཱ་་་གནམ་མཁའ་རབ་གནས་ཀྱི་ཨཱ་་་དཔའ་མཛངསཔ་གི་ཏེ་གྱོན་ཆས་ཡོངས་སུ་རྫོགས་པ་འདི་ འ་ནེམ་ཅིག་ཨིན་ཟེར་ ཞུ་ནི་ཨིན་ལགས་བཀའ་དྲིན་ཆེ།།