Skip to main content Skip to search
23 Aug 2018
5 min 59 sec
Video Overview
Creators: 
Nelson Walker
Transcript search
No results found for this search
0 of 0
  • ཚེ་དབང་ Tshewang
    སྟོད་ཝང་དང་ སྨད་ཝང་གི་མཚམས་འདི་ད་ལྟོ་མར་སི་གེ་ཟམ་འདུག་བུ་ལགས་དང་ཕུ་འ་ནཱི་ཨིན་མས་ལགས་ མར་ལས་ཏེ་ ཡར་གྱི་འདི་ལྕང་དང་ཨ་་་སྟོད་ཝང་མཚམས་འདི་ཨ་ཡར་ད་ལྟོ་རམ་ཏོག་ཏོ་འདུག་བུ་ལགས་འ་ནཱི་མར་བལྟ་འ་ནཱི་ཡར་བལྟ་གི་འདི་བརཔ་ཨིན་ལགས་བརཔ་འབད་རུང་ཡར་ལས་ཨོ་ལ་རོང་ཆུ་ཡར་བཅད་པའི་བསྒང་ལས་ཏེ་ ད་རུང་བརཔ་མེན་ལྕང་ཨིན་ལགས།
  • ཚེ་དབང་ Tshewang
    ནཱ་ལས་སྦེ་ ད་ལྟོ་ཡར་རྫོང་གི་ཡར་ཀ་ཝང་བཙན་ཇོ་ཟེར་ཡོད་བུ་ལགས་རྫོང་གི་ཨ་ཡར་ཁྲིམས་ཁང་གོང་མ་གི་ཁྱིམ་འདི་འ་ནཱི་ཡར་བལྟཔ་འབད་བའི་བསྒང་ལསནི་ཏེ་ འ་ནཱ་གི་འདི་ཀ་ཝང་འ་ནཱི་ཡར་བལྟ་གི་འདི་ ཏེ་ དཀར་སྦྱིསཔ་མས་ལགས་ཡར་ལས།
  • ཚེ་དབང་ Tshewang
    དནི་ཏེ་ཏེ་ མཚོ་གཉིས་གཉིས་གསུམ་གསུམ་བསྡབ་འགྱོ་བའི་བསྒང་ལས་ཏེ་ད་དེ་སྦེ་མས་བ་ལགས་ནཱ་ལས་མར་གྱི་ཡང་ཏེ་སི་གེ་ཟམ་མར་བཅད་ཀྱི་འདི་ འ་མར་ད་ལྟོ་ཁ་ས་གྲབ་ཆུ་ཡོད་བ་ལགས་འ་ནཱི་ཁ་ས་གྲབ་ཆུ་མར་བརྒལ་བའི་བསྒང་ལས་ སྨད་ཝང་ཨིན་མས་ལགས།
  • ཚེ་དབང་ Tshewang
    དེ་བསྒང་ཏེ་ དགེ་བསྙེནཔ་ལོ་སྲོས་ན་རོ་ལོ་ཟེར་མི་ཚུ་ང་བཅས་ནཱ་ བརྩི་ནི་ག་ཏེ་ཡོད་གོ་ལགས་ང་བཅས་ནཱ་གི་མཚོ་བརྒྱདཔོ་འདི་ར་མ་གཏོགས་གཞན་བརྩི་མེན་པས་བ་ཏེ་སྤུ་ན་ཁ་གི་ཡང་ འ་ནེ་སྦེ་ཨིན་མས་སྤུ་ན་ཁ་གི་ཡང་ དནི་ཏེ་ཚར་གཅིག་གུ་རྫོངཔ་ལོ་ཆུ་བུཔ་ལོ་ཟེར་འབད་བའི་བསྒང་ལས་ གུང་འབབ་ལོ་ཟེར་ཏེ་ད་ འ་ནིའི་གྲངས་སུ་བརྩིཝ་མས།
  • ཚེ་དབང་ Tshewang
    དེ་བསྒང་སྒྲོམ་མཆོད་རྐྱབ་ད་ ག་ཏེ་འོང་ནི་ཡོད་བ་གླིང་བུབ་འདི་ཚུ་ཡང་ འ་ནེ་སྦེ་ཨིན་པས་གླིང་བུབ་འདི་ཚུ་ཡང་ང་གི་ང་གཟིམ་དཔོན་ལོ་མང་ཧི་འ་ནེ་ཅིག་རྐྱབ་མས་འ་ནཱི་ནང་འཁོད་ལུ་གླིང་བུཔ་ང་བཅས་གྲལ་ཁར་འོང་ནི་རང་མེད་འ་ནཱི་དེ་བསྒང་ལཱ་དཔོན་འཕྲིན་ལས་ཟེར་ཡོད་བུ་ལགས།
  • ཚེ་དབང་ Tshewang
    དངུལ་རྩིས་བློན་པོ་ཟླཝ་ཚེ་རིང་འ་ནཱི་གི་ཨ་མ་གི་ཨ་ཁུ་འདི་ཚུ་གིས་ རྒཔོ་སྦེ་འབད་བའི་བསྒང་ལས་ཏེ་ ང་བཅས་མར་གུར་སྤུབ་པའི་བསྒང་ལས་ཁོང་གི་ཡང་མར་གུར་སྤུབས་པར་འཐོན་འོང་མས་བ་དེ་བསྒང་ཕར་ང་བཅས་གྲལ་ཁར་འོང་ནི་རང་མེད་གྱལ་ང་བཅས་དང་འདྲན་འདྲ་སྡོད་མི་བཏུབ་གླིང་བུཔ་ལྷ་དར་འབག་མི་ཟེར།
  • ཚེ་དབང་ Tshewang
    ཏེ་ ང་བཅས་ར་སླབ་པ་ཅིན་ང་བཅས་གླིང་བུཔ་པའི་དཔའ་མཛངསཔ་མེན་བུ་ཟེར་ཏེ་ ཁོང་ང་བཅས་དང་འདྲན་འདྲ་སྐད་རྐྱབ་རྦད་རྐྱབ་མི་ཆོག་པས་བ་ཏེ་འ་ནཱི་འབད་ནི་དེ་གིས་ གླིང་བུབ་པའི་དཔའ་མཛངསཔ་མེན་བུ་ཟེར་བློ་འ་ནཱི་སླབ་མས་བ་ཏེ་ད་དེ་སྦེ་མེན་པས་དནི་ཏེ་ཁོང་དང་ང་བཅས་ ཏེ་འདྲན་འདྲ་མས་ཏེ་ད་ད་གུར་ཡང་འདྲན་འདྲ་སྤུབ་མར་ལུ་དནི་ཏེ་ འ་ནཱི་བཅའ་ཡིག་ནང་ལས་ཏེ་ གླིང་བུཔ་ལྷ་དར་འབག་མི་མཚོ་དགུ་ཟེར་འཐོན་སོང་འདུག
  • ཚེ་དབང་ Tshewang
    ཏེ་ ང་བཅས་ཕར་གཟིམ་དཔོན་འབདཝ་ད་སླབ་ཨིན་ད་ ང་བཅས་འ་ནཱ་གི་གཟིམ་དཔོན་རྐྱབ་སྡོད་སྡོད་པ་ར་ད་གྲྭ་ཚང་གི་ཡང་འབད་དོ་སྨ་རེ་ཟེར་སླབ་ཨིན་མཚོ་བརྒྱད་ཟེརཝ་མ་གཏོགས་མཚོ་དགུ་ཟེརཝ་མིན་འདུག་ཟེར་ཏེ་ ག་ར་འགྱུར་བ་འ་ནེ་སྦེ་ཡར་མྱོངམ་ད་ད་དང་ཕུ་གི་སྲོལ་འདི་ཏེ་ ཉམས་སུ་ཉམས་སུ་སྦེ་འ་ནེ་འབདཝ་ད་གོང་མ་གིས་ང་བཅས་སྔོན་སྲོལ་གྱི་ལམ་ལུགས་འདི་སྔོན་སྲོལ་གྱི་སྲོལ་འདི་ཟེར་ཏེ་ ང་བཅས་ར་གཡུས་ཀྱི་ལྷ་གསོལ་གཡུལ་གྱི་བོནཔོ་མཁས་ཟེར་རང་རང་སའི་ས་གོ་ནང་ལུ་དང་ཕུ་གི་སྔོན་སྲོལ་གྱི་ལམ་ལུགས།
  • ཚེ་དབང་ Tshewang
    ནཱ་འབད་བ་ཅིན་ཟླཝ་ང་བཅས་ཀྱི་ ནཱ་གི་འདི་ཡང་ད་ལྟོ་ཚུན་ཚོད་དེ་སྦེ་ར་ཏེ་ ང་བཅས་རིམ་གྲོ་འབད་དེ་ར་ཡོད་ཏེ་ ཟླཝ་གཉིས་པའི་ནང་ལུ་ཏེ་ནཱ་ལས་ཏེ་ གསར་བཏབ་(?)ཟེར་ནཱ་ལས་ཡར་ལུ་སྦོམ་སྦེ་རང་བཏང་འ་ཡི་ནང་གི་དེམ་བཏང་མཆོད་དགོ་པས་སེར་ཁ་ཟླཝ་དགུ་པའི་ནང་ལུ་གཡག་གཅིག་བསད་དེ་གིས་སྦེ་ནཱ་གི་ཁྱལ་རྐྱབ་ཟེར་འ་ནཱི་བཟུམ་སྦེ་ རང་རང་སོའི་ས་གོ་ནང་ལུ།
  • ཚེ་དབང་ Tshewang
    མར་ འ་མར་གླང་གྲུབ་པའི་གི་དེ་ཡང་ད་ལྟོ་གླང་བཏང་སྟེ་ར་གླང་བཏང་ས་ཟེར་གླང་བཏང་སྟེ་ར་ཡོད་ཏེ་ ད་ལྟོ་འ་ནཱི་ཚུ་སྔོན་སྲོལ་གྱི་ལམ་ལུགས་འདི་ཚུ་འ་ནེ་སྦེ་འབད་དགོ་པས་བ་ལགས།དནི་ཆུ་གི་བཅད་མི་འདི་ཡང་སྔོན་མ་སྤ་རོ་བཏང་མི་འདི་ཡང་དནི་འགྲོས་ཀྱིས་བཏང་སྟེ་སྟབས་མི་བདེ་བས་ཟེར་འབད་བའི་བསྒང་ལསནི་དནི་ནཱ་འཐོན་འོང་ཡི་ཏེ་ལགས།
  • ཚེ་དབང་ Tshewang
    ད་ཆ་མཉམ་ནཱ་སྨད་ཝང་ནང་འཛུལ་ད་སྨད་ཝང་ནང་ལུ་དང་ཕུ་གི་ཁྱལཔ་གསུམ་ཡོད་འོང་རྒེད་འོག་གསུམ་གྱི་སྟོད་ཝང་གི་ཡོད་སྨད་ཝང་གི་ཡོད་དགེ་བསྙེན་ཚུ་ཡང་ཡོད་ཏེ་ འ་ནཱི་བཟུམ་སྦེ་མཚོ་གསུམ་གྱི་མི་སེར་ནཱ་ཡོད་ཡར་ལས་དཀར་སྦྱིསཔ་གཅིག་རང་ཨིན་སྔོན་མའི་འདི་ར་ཨིན་ཀ་ཝང་ན་གི་ཡང་ ཁོང་གི་འདི་རང་ཨིན་ལྕང་ཚུ་ཡང་ཁོང་ར་ལྕང་འདི་ཁྲོམ་ནང་ཚུད་པའི་ཟེར་འབད་ཞིནམ་ལསནི་ན་ཧིང་ ཞེ་ཧིང་འདི་ གུང་པ་དགུ་ཨིན་ན་ཅིག་ར་ཨིན།
  • ཚེ་དབང་ Tshewang
    ཏེ་ ད་ཡར་ལས་མར་ལུ་སྲོས་ན་རོ་གླིང་གཞི་རྒཔོ་གསུམ་ཡར་ལས་བཏོན་ཡི་དགེ་བསྙེན་པ་གི་བཞི་ལྕང་གི་ལྔ་ཀ་ཝང་གི་དྲུག་སྨད་ཝང་བདུན་འབད་བའི་བསྒང་ལས་ཡུདཔ་ཅིག་བརྒྱད་ཀྱི་ཡོད་ས་ན་རོ་འདུག་བ་ཏེ་རྒཔོ་བརྒྱདཔ་འདི་ འ་ནེ་སྦེ་བཟོཝ་མས་ད་མཚོ་བརྒྱདཔོ་གི་ཚབ་འདི་ འ་ནེ་སྦེ་ཨིན་མས་ལགས་ཏེ་དེ་བསྒང་ནེ་སྦེ་མེད་བ་ཏེ་ལགས་དེ་བསྒང་རོགས་མཚོ་བརྒྱདཔོ་འདི་ མཚོ་ཆེན་གཉིསཔོ་འདི་རྐྱངམ་ཅིག་མ་གཏོགས་ གཞན་ག་ནི་ཡང་མེད་བ་ལགས།
  • ཚེ་དབང་ Tshewang
    ཏེ་ ད་མ་པ་འདི་སྲོལ་འ་ནཱི་བཟུམ་སྦེ་ཉམས་གོང་མ་གིནི་ཏེ་སྔོན་སྲོལ་གྱི་ལམ་ལུགས་འདི་ཟེར་སྔོན་སྲོལ་གྱི་ལམ་ལུགས་འདི་གུ་རང་བཤེད་ཏེ་ད་ཞུ་ནི་མིན་ནུག་ གོང་མ་ལུ་འདི་ཏེ་ད་གོང་མ་ལུ་འདི་འ་ནེ་སྦེ་ད་མཛད་ད་ང་བཅས་ཆུ་མེད་ས་ཆུ་མེ་མེད་ས་མེ་ཏེ་ ལམ་མེད་ས་ལམ་ག་ར་འ་ནེ་བཟུམ་སྦེ་བརྩམས་འབདཝ་ད་ད་མི་སེར་འདི་ཚུ་ལཱ་འབད་ཟ་མ་ནུམ་ཏེ་ད་ད་ཁྱལ་འཐུས་ཏེ་ཟེར་སླབ་ཨིན་ཁྱལ་འཐུས་རྒྱུག་དགོཔ་མིན་ནུག
  • ཚེ་དབང་ Tshewang
    ཁྱལ་འཐུས་ག་ཅི་རྒྱུག་བ་ཏེ་ད་དང་ཕུ་ང་བཅས་གཉེར་ཚང་བླུགས་དགོ་པས་གཉེར་ཚང་བླུགསཔ་ད་ད་ཅིག་འ་ནཱི་མགུ་ལས་ཨ་་་དེམ་འབད་ཚར་ནུག་ང་བཅས་དེ་བསྒང་ནཱ་གི་ཡུདཔ་ཅིག་ཀར་ཉི་ཤུ་སྦེ་བླུགས་དགོ་པས་ཕར་ལས་ཚུར་ཡང་ བྱཱོ་འ་ནེ་སྦེ་བླུགས་དགོ་པས་རང་གི་ས་དང་འཁྲིལ་ཏེ་དནི་ཏེ་ག་ཏེ་བླུགས་ནི་འདུགཔ་ལགས་ད་ནཱ་ང་གིས་ ཧེ་མ་འ་ནཱ་ལུ་བསྡོམས་ཏེ་སྦེ་ ཀར་ཉི་ཤུ་སྦེ་བླུགས་དགོ་མི་འདི།
  • ཚེ་དབང་ Tshewang
    དནི་ང་བཅས་ཀྱི་ཏེ་ང་བཅས་རྩ་བོ་གསུམ་དེ་ཅིག་སྦེ་བགོ་ཡི་དེ་བསྒང་འ་ནེ་སྦེ་བླུགས་དགོ་པས་དནི་ཏེ་ ཏི་རུ་ཉིས་བརྒྱ་གསུམ་བརྒྱ་ཡང་མི་ཕོག་པས་ཏེ་འ་ནི་འབད་བའི་བསྒང་ལས་ ཏེ་ཉམས་དགའ་ཧིང་འ་ནེམ་ཅིག་མས་ཏེ་ད།