Video Overview
Jom Akhay Gyem is the key local deity at Tendruk Geog. Her palace is in ruins today, and is popularly known as Gari in Lotsham dialect. It is located just behind Pema Wangchuk's residence. She was initially a beautiful Subba girl who was deceived by the horseman of Ap Chundu, the local deity of Haa. He claimed that he was the richest man in Haa district and promised to marry her. She suffered much with Ap Chundu's horseman after following him to Haa. Eventually she departed the earth from a place called Tshelu Tsho. Jom Akhay Gyem is still worshiped today in the village.
༉ བསམ་རྩེ་རྫོང་ཁག་ བསྟན་འབྲུག་རྒེད་འོག་གི་རྒཔོ་པདྨ་དབང་ཕྱུག་གིས་ གཱ་རི་ཟེར་སའི་གཡུས་དེ་ཁར་གཞི་བདག་སྦེ་མཆོད་དོ་ཡོད་མི་ ཇོམ་ཨ་ཁེ་རྒྱལམོ་གི་སྐོར་ལས་བཤདཔ་ཨིན་མས། ཁོ་གིས་བཤད་མི་ནང་ ཇོམ་ཨ་ཁེ་རྒྱལམོ་དེ་ གཉེན་གྲོགས་སྤྱང་ཀ་ཅིག་དང་འཕྱད་དེ་གིས་སྦེ་ གནམ་མེད་ས་མེད་དཀའཝ་སྤྱད་པའི་མཐའ་མར་ མཁའ་འགྲོའི་ཡུལ་ལུ་འཕུར་བྱོན་བྱོནམ་གི་ལོ་རྒྱུས་གཅིག་དང་ གཡུས་དེ་ནང་གི་གནས་བདག་སྦེ་ཡང་ཡོད་པའི་ལོ་རྒྱུས་གཉིས་སྦེ་བཤད་ནི་འདུག འ་ནཱི་འབདཝ་ད་ མཁའ་འགྲོའི་ཡུལ་ལུ་བྱོན་བྱོནམ་དང་གནས་བདག་སྦེ་ལུས་ལུསཔ་གཉིས་ལས་བརྟགས་ཤིང་དཔྱད་དགོ་པའི་གཞི་གཅིག་ཡང་འདུག ག་དེ་སྦེ་ཨིན་ས་ཅིག་རུང་ ཇོམ་ཨ་ཁེ་རྒྱལམོ་མོ་ར་ ཧེ་མ་མི་སྦེ་སྡོད་པའི་སྐབས་ལུ་སྡོད་སྡོདཔ་གི་ཁྱིམ་ཤུལ་ཨིན་ཟེར་ རྩིག་ཤུལ་ཅིག་ཡང་སྟོན་ནི་ཡོདཔ་མ་ཚད་ ད་རེས་ནངས་པར་ཡང་ གནས་བདག་སྦེ་མཆོད་སའི་ས་གོ་ཅིག་ཡང་སྟོན་ནི་འདུག གནས་བདག་མཆོད་པའི་སྐབས་ལུ་ ཧེ་མ་འབད་བ་ཅིན་ ར་དང་ཕུ་ཀྲེ་ལ་སོགས་པ་ཚུ་དམར་བསད་འབད་དེ་མཆོད་དོ་ཡོདཔ་ཨིན་རུང་ དེ་བཟུམ་སྦེ་དམར་མཆོད་ཚུ་སྤངས་བཞག་སྟེ་ དཀར་མཆོད་ཕུལ་ཏེ་གིས་སྦེ་ལོ་དག་པ་ཅིག་འགྱོ་དོ་ཡོདཔ་མས།
- Samtse
- པདྨ་དབང་ཕྱུགPema Wangchucuk: ང་ར་གི་མིང་འདི་ པདྨ་དབང་ཕྱུག་ཟེར་ཞུཝ་ཨིན་ལགས། ང་ད་རེས་ནཱ་བསྟན་འབྲུག་རྒེད་འོག་གི་རྒཔོ་འབད་ཕྱག་ཞུ་དོ་ཟེར་ཞུ་ནི་འབད་ཨིན་ལགས། ཏེ་ད་རེས་ང་བཅས་ཀྱི་ནཱ་ལུ་ བསྟན་འབྲུག་ལུ་ང་བཅས་ར་གི་གནས་བདག་ ཇོམོ་ཨ་ཁེ་རྒྱལམོ་གི་སྐོར་ལས་མདོར་བསྡུས་ཅིག་ ཏེ་ང་ར་གིས་ཤེས་ཤེསཔ་གོ་གོཝ་འདི་ཚུ་ ད་བཤད་པ་རྐྱབ་འདྲཝ་ཅི་འབད་བ་ཅིན།
- པདྨ་དབང་ཕྱུགPema Wangchucuk: མ༌གཞི༌ཨ༌ནཱི༌ ད༌ལྟོ་ང༌ཡོད༌ས་གི་ས༌གོ་གི༌མིང༌འདི༌ག༌རི༌ཟེར༌སླབ༌ཨིན༌ལགས། ཏེ་ག༌རི༌ཟེར༌དགོ་མི༌འདི༌ ཧེ༌མ༌ལྷོ༌མཚམས༌གི་ཁ༌ལས༌འབད༌བ༌ཅིན༌ ཏེ་ག༌རི༌ཟེར༌མི༌འདི༌ ཧེ༌མ་གི་ཁྱིམ༌རྙིངམ༌གི་ས༌གོ་ ཏེ་ལམ༌རྒྱ༌གྲམ༌གུ༌ལུ༌ཡོད༌ནི༌འདི༌གིས༌ ག༌རི༌ཟེར༌སླབ༌དགོ༌མི་འདི་ འབྱུང་ཁུངས་དེ་ལས་བརྟེན༌ཏེ་ཨིན༌པས༌ལགས།
- པདྨ་དབང་ཕྱུགPema Wangchucuk: ཏེ༌ད༌ལྟོ༌ང༌ན༌ཡོད༌པའི༌ས༌གོ་གི༌མིང༌འདི༌ ག༌རི༌ཟེར༌སླབ༌ཨིན༌ལགས། ཏེ༌དང༌ཕུ༌ང༌བཅས༌ར༌ནཱ༌གི༌ཇོམོ་ཨ༌ཁེ༌རྒྱལམོ༌འདི༌མི༌འབད༌སྡོདཔ༌ད༌ལུ༌ ཏེ༌མོ༌ར་གི་ངེའི༌རྒྱབ༌ཁ༌ཡོད༌མི༌འདི༌ ཏེ༌མོ༌ར་གི་ཁྱིམ༌ཨིན་མས༌ལགས།
- པདྨ་དབང་ཕྱུགPema Wangchucuk: ད༌རེས༌རྡོ༌སྦེ་ རྩིགཔ༌རྐྱབ༌རྐྱབ༌འདི༌ཚུ༌ཡང་ ད༌ལྟོ༌བར༌ན༌ཡང་དེ༌སྦེ༌ར༌ཡོད༌ ཟེར༌ཞུ༌ནི༌ཨིན༌ལགས།མ༌གཞི༌ཨ༌ནཱི་གི་ར༌དང༌ཁུངས༌འདི༌ ད༌དེ་སྦེ་ཨིན༌མས་ལགས།
- པདྨ་དབང་ཕྱུགPema Wangchucuk: ད༌ཇོམོ་ཨ༌ཁེ་རྒྱལམོ༌འདི༌ ཧེ༌མ༌ནཱ༌ང༌བཅས༌བསྟན༌འབྲུག༌ལུ༌མི༌འབད༌སྡོད༌པའི༌སྐབས་སུ༌ལུ༌ ཏེ༌ང༌བཅས༌ནཱ༌གི༌ ཏེ་སུག༌བྷ༌ཟམོ༌གི༌ ད༌ང༌བཅས༌ར༌ལྷོ༌མཚམས༌པ་གི༌སུག༌བྷ༌ཟེར༌མི༌གི༌བུམོ༌ཅིག༌ཨིན༌མས༌ལགས། ཏེ༌གནམ༌མེད༌ས༌མེད༌གཞན༌དང༌མ༌འདྲཝ༌འཇའ༌རིསམོ༌ གནམ༌མེད༌ས༌མེད༌ཡིད༌ཁར་འོང༌ཏོག༌ཏོ༌ཅིག༌ཡོད༌ ཟེར༌བའི༌ལོ༌རྒྱུས༌ཨིན༌མས༌ལགས།
- པདྨ་དབང་ཕྱུགPema Wangchucuk: འ༌ནཱི༌འབད༌ནི༌འདི༌གིས༌འཇའ༌རིསམོ༌འདི༌ གནམ༌མེད༌ས༌མེད༌ ད༌མཁའ༌འགྲོམ་གི་སྤྲུལ༌པ༌འབད་བ་ལས༌བརྟེན༌ཏེ་འཇའ༌རིསམོ༌འདི༌ གཞན༌དང༌མ༌འདྲ་བའི༌འཇའ༌རིསམོ༌ཅིག་ཡོདཔ༌མས༌ལགས། འ་ནཱི་འབདཝ༌ད༌ལུ༌ ཏེ་ཧཱ༌ལས༌མར༌རྟ༌བགྲེསཔ་གཅིག་ལ་ ཚོང་འབྲེལ་འབད་བའི་སྐབས་ལུ་ལགས།
- པདྨ་དབང་ཕྱུགPema Wangchucuk: ཏེ་དང་ཕུ་ཨ་ནཱི་ལམ་ཁ་ལས་ ད་ལྟོ་ང་བཅས་ཀྱི་ལམ་ ནཱ་ལས་ལམ་ཆུང་ཀུ་ཅིག་ཡོདཔ་ཨིན་ལགས། ཏེ་ཨ་ནཱི་ལམ་འདི་ ཏེ་དང་ཕུ་མི་གི་ཚོང་འབྲེལ་འཐབ་ས་གི་ས་གོ་ཨིན་མས་ལགས།
- པདྨ་དབང་ཕྱུགPema Wangchucuk: ད་ནཱ་ལས་འགྱོ་སྟེ་གིས་སྦེ་ ང་བཅས་ད་ལྟོ་ ནཱ་ལས་བརྒལ་ཏེ་གིས་སྦེ་ཕར་ བང་ར་ཟེར་ས་གི་ས་གོ་ཡོདཔ་ཨིན་ལགས། ཨ་ནཱ་ལུ་རྒེད་འོག་གཅིག་ཡོདཔ་ཨིན་ འ་ནཱི་བརྒལ་ཏེ་གིས་སྦེ་ ཏེ་འ་ནཱ་ལས་ཕར་ལྟ་ རྒྱ་གར་ཀ་ལི་ཕུག་ ད་རེ་ཀ་ལི་སྤུངས་ཟེར་སླབ་མས་ ཧེ་མ་ཀ་ལི་ཕུག་ཟེར་སླབ་མས་ལགས།
- པདྨ་དབང་ཕྱུགPema Wangchucuk: ཏེ་འ་ནཱི་གི་ནང་ལས་ང་བཅས་ནཱ་གི་མི་འདི་ཚུ་གིས་ ཚོང་བཏོད་ཏེ་གིས་སྦེ་ ཏེ་ཡར་ནཱ་ལས་ཆུ་ཚོད་བརྒྱད་དགུ་དེ་ཅིག་འགྱོ་བའི་ས་གོ་ནང་ལུ་ ད་ཕར་ རྒྱ་ནག་གི་ས་མཚམས་ཡོདཔ་ཨིན་ལགས། ཏེ་འ་ནཱ་ལུ་སྐྱེལཝ་ཨིན་ ཟེར་ཨིན་མས་ལགས། ཏེ་ས་གནས་ཀྱི་མིང་ཇོམོ་ཕ་རི་ཟེར་ ཏེ་ཁོང་གིས་དང་ཕུ་ འདི་ཁ་ལུ་ཚོང་འབྲེལ་འཐབ་ས་ཡོདཔ་ཨིན་མས་ལགས།
- པདྨ་དབང་ཕྱུགPema Wangchucuk: ཨ་ནཱི་འབདཝ་ད་ལུ་ ཏེ་དེ་བསྒང་ཧཱ་གི་མི་འདི་ཚུ་ཡང་ ཡར་དང་མར་ཚོང་འབྲེལ་འབད་སྦེ་འབདཝ་ད་ལུ་ ནཱ་ལས་འགྱོཝ་ད་ལུ་ ཏེ་ཧཱཔ་ཚེ་རིང་རྡོ་རྗེ་ཟེར་མི་ཨ་དྲུང་ཅིག་ཡོདཔ་མས་ལགས། ཨ་ནཱི་གིས་འབད་ ཏེ་ང་བཅས་ནཱ་གི་ཇོམོ་ཨ་ཁེ་རྒྱལམོ་འདི་ དེ་བསྒང་མི་སྦེ་སྡོདཔ་ད་ལུ་ ཏེ་འཕྱད་པའི་ལོ་རྒྱུས་ཨིན་མས་ལགས།
- པདྨ་དབང་ཕྱུགPema Wangchucuk: ཏེ་ཁོ་གིས་གཉེན་རྐྱབ་སྟེ་གིས་སྦེ་ གནམ་མེད་ས་མེད་ཕྱུགཔོ་ཨིན། ས་ཞིང་དེ་ཚུ་གླིང་གླིང་སྦེ་ཡོད། གཡག་དང་ནོར་འདི་ཚུ་གཞན་དང་མ་འདྲཝ་སྦེ་ཡོད་ཟེར་སླབ་སྟེ་གིས་སྦེ་ ཁོ་གིས་ནཱ་ལས་གཉེན་རྐྱབ་སྟེ་ཧཱ་ལུ་འཁྱིད་འགྱོ་བའི་ནམ་དུས་ལུ་ ཡར་ཧཱ་ལུ་ལྷོདཔ་ད་ལུ་ ག་ཅི་ཡང་མིན་འདུག་ ཟེར་ཨིན་མས་ལགས།
- པདྨ་དབང་ཕྱུགPema Wangchucuk: གནམ་མེད་ས་མེད་སྤྱང་ཀ་ཨིན་མས་ཟེར་སླབ་མས་ལོ། ཡོད་རུང་མེད་རུང་བྱ་པོད་མིག་ཏོ་ཞརཝ་གཅིག་ལགས་ དེ་ལས་བྱི་ལི་མིག་ཏོ་ཞརཝ་གཅིག་ ཏེ་འདི་ཚུ་ཡོད་པའི་ལོ་རྒྱུས་ཨིན་མས་ལགས། ཏེ་རི་ཐམས་ཅད་ཁོ་ར་གི་ཨིན་ཟེར་སླབ་ ཏེ་ཡར་གཡག་གི་བྱང་ས་མཐོང་རེ་མཐོང་ཚེ་ཁོ་གི་ཨིན་ཟེར་སླབ་སྦེ་ དེ་སྦེ་མགུ་སྐོར་རྐྱབ་སྟེ་འཁྱིད་འགྱོ་འགྱོཝ་མས་ལགས།
- པདྨ་དབང་ཕྱུགPema Wangchucuk: འ་ནཱི་འབདཝ་ད་ལུ་ ཡར་ཧཱ་ལུ་ལྷོད་སྦེ་འབདཝ་ད་ལུ་ ཏེ་ང་བཅས་ནཱ་གི་མཁའ་འགྲོམ་ ཇོམོ་ཨ་ཁེ་རྒྱལམོ་འདི་ ཏེ་གནམ་མེད་ས་མེད་ དཀའ་ངལ་མྱོང་སྟེ་གིས་སྦེ་ སྐྱིད་སྡུག་མྱོང་སྟེ་གིས་སྦེ་ དེ་ལས་ཁོ་ར་ཡར་ལས་ ཏེ་མཁའ་འགྲོ་གླིང་ལུ་འཕུར་བྱོན་པའི་གི་ ཏེ་ལོ་རྒྱུས་འདུག་ལགས།
- པདྨ་དབང་ཕྱུགPema Wangchucuk: ཏེ་མཁའ་འགྲོ་གླིང་ལ་འཕུར་འགྱོ་བའི་ས་གོ་ ད་རེས་ཡར་ཧཱ་ལུ་ཚལ་ལུ་འཚོ་ཟེར་ས་གི་ས་གོ་ནང་ལས་ ཏེ་འགྱོ་བའི་གི་ དང་ཕུ་གི་རྒས་ཤོས་ཚུ་གིས་ དེ་སྦེ་བཤདཔ་ཨིན་མས་ལགས། ཏེ་ད་རེས་ན་ས་གོ་འདི་ནང་ལུ་ དང་ཕུ་མོ་མི་སྦེ་སྡོདཔ་ད་ལུ་ མོ་གི་ཁྱིམ་འདི་ ང་བཅས་ཀྱི་ང་ར་གི་རྒྱབ་ཁ་ལུ་ཡོད་པའི་གི་ ཏེ་ད་རེས་རྩིགཔ་ཚལ་མ་ལུ་གྱུར་སོ་མི་འདི་ འ་ནཱི་ཨིན་ཟེར་སླབ་མས་ལགས།
- པདྨ་དབང་ཕྱུགPema Wangchucuk: ཏེ་ད་རེས་ང་བཅས་ཀྱི་ནཱ་གི་བསྟན་འབྲུག་གི་གནས་བདག་གཙོ་བོ་འདི་ར་ ཏེ་ཇོམོ་ཨ་ཁེ་རྒྱལམོ་འདི་ལུ་ ཏེ་ང་བཅས་ཀྱིས་གསོལཝ་ཨིན་ཟེར་ཞུ་ནི་སྦེ་ཨིན་ལགས།
- པདྨ་དབང་ཕྱུགPema Wangchucuk: ཏེ་ད་རེས་ཀྱི་ང་བཅས་ཀྱི་ཇོམོ་ཨ་ཁེ་རྒྱལམོ་གི་ཕོ་བྲང་འདི་ ཏེ་ནཱ་ལས་སྐར་མ་ལྔ་གི་ས་གོ་ནང་ལུ་ ད་རེས་དེ་ཝི་ཐཱན་ཟེར་སླབ་མས་ལྷོ་མཚམས་ཀྱི་ཁ་ནང་ལས་ ཁ་ལས་འབད་བ་ཅིན་ ཏེ་དེ་ཝི་ཐཱན་ཟེར་ས་ལུ་ ཏེ་ད་རེས་ང་བཅས་ཀྱི་ཡར་ཧཱ་ལུ་སྦེ་ ཏེ་ང་བཅས་ཀྱིས་ལོ་རེ་ཆད་མེད་པར་ ད་ནཱ་ལུ་ ཁོང་གི་ཁ་ནང་ལས་འབད་བ་ཅིན་ དེ་ཝི་པུ་ཛ་ཟེར་སླབ་མས་ ང་བཅས་ཀྱིས།
- པདྨ་དབང་ཕྱུགPema Wangchucuk: ཏེ་འདི་ནང་ལུ་ ད་ཚོགས་རེ་ཕུལ་སྦེ་ གསོལ་ཁ་བཏང་ནི་ཡོད་ཟེར་ཞུ་ནི་སྦེ་ཨིན་ལགས། དེ་མ་ཚད་ ཏེ་ད་རིས་བར་སྐབས་ཅིག་ལས་ ཧཱཔ་འདི་ཚུ་ཡར་ལས་མ་འོང་ལགས།
- པདྨ་དབང་ཕྱུགPema Wangchucuk: དེ་མེན་ ང་བཅས་ཧེ་མ་ང་བཅས་ཆུང་ཀུ་སྦེ་སྡོདཔ་ད་ལུ་ ཧཱ་གི་མི་ཚུ་ རྣལ་འབྱོརམ་འདི་ཚུ་ ཇོམོ་ཨ་ཁེ་རྒྱལམོ་གི་དཔའ་བོ་ཨིན་ཟེར་སླབ་སྟེ་སྦེ་ ཏེ་ལོ་རེ་ཆད་མེད་པར་འོང་སྟེ་གིས་སྦེ་ ཏེ་ནཱ་ལུ་ད་ཁོང་ར་གི་ ད་ཁོང་ར་གི་ལུགས་སྲོལ་འབད་དཔའ་བོ་རྐྱབ་པའི་གི་སྲོལ་ཡང་འདུག་ལགས། ཏེ་ད་ལྟོ་ང་བཅས་ཀྱིས་ཡར་བྱོན་ཏེ་གིས་སྦེ་ ཏེ་ཡར་མཛད་གེ་ཟེར་ཞུ་ནི་སྦེ་ཨིན་ལགས།
- པདྨ་དབང་ཕྱུགPema Wangchucuk: ཨ་ནཱི་ང་བཅས་ཀྱིས་ད་ལྟོ་མཐོང་ནི་ཡོད་པའི་ཤིང་འདི་ ཇོམོ་ཨ་ཁེ་རྒྱལམོ་གྱི་ ཏེ་ཡར་ལས་ཧཱ་གི་མི་འདི་ཚུ་གིས་རྣལ་འབྱོརམ་རྐྱབ་པར་འོངམ་ད་ལུ་ ཏེ་ང་བཅས་ཀྱི་ན་ལུ་འབད་ ཏེ་ཁོང་གིས་དཔའ་བོ་རྐྱབ་པའི་གི་ས་གོ་འདི་ འ་ནཱི་ཨིན་ལགས། ཏེ་འ་ནཱི་འབདཝ་ད་ལུ་ ཨ་ནཱི་ཚུ་ག་ར་ཡར་ཧཱ་ལས་མར་གི་མི་འདི་ཚུ་གིས་ ཏེ་དཔྱངས་དཔྱངསམ་མས་ཟེར་ཞུ་ནི་ཨིན་ལགས།
- པདྨ་དབང་ཕྱུགPema Wangchucuk: ཡར་གྱི་དཔའ་བོ་རྐྱབ་མི་རྣལ་འབྱོརམ་འདི་ཚུ་གིས་ ཏེ་ཧེ་མ་འབད་བ་ཅིན་ ལོ་རེ་ཆད་མེད་པར་འོང་ འོང་ནི་འདུག་ལགས། ཏེ་ད་རིས་ཡར་ང་གིས་གོ་དོ་བཟུམ་འབད་བ་ཅིན་ ཡར་ཚལ་ལུ་འཚོ་ཟེར་ས་ལུ་ ཏེ་ཡར་བསང་དང་གསེར་སྐྱེམས་འདི་ཚུ་ཡར་ཕུལཝ་ཨིན་ ཟེར་ཨིན་མས་ལགས། འ་ནཱི་འབད་ནི་འདི་གིས་ ཏེ་ཨ་ནཱི་འདི་ མ་པ་ག་ར་ཡར་ལས་ ཁོང་ར་གི་ཧཱ་པའི་མི་འདི་ཚུ་གིས་དཔྱངས་དཔྱངསམ་ཨིན་ཟེར་ཞུ་ནི་སྦེ་ཨིན་ལགས།
- པདྨ་དབང་ཕྱུགPema Wangchucuk: ཏེ་ཁོང་གིས་དཔའ་བོ་རྐྱབ་པའི་ས་གོ་འདི་ འ་ནཱི་ཨིན་ཟེར་ཞུ་ནི་སྦེ་ཨིན་ལགས། ཏེ་ཨ་ནཱི་ད་ལྟོ་ང་བཅས་ཀྱིས་ཨ་ནཱི་མཐོང་སྲོལ་ཡོད་མི་འདི་ ད་གྲུབ་ཆུ་བཟུམ་ཅིག་ཨིན་མས་ལགས། ཏེ་ཧེ་མ་འབད་བ་ཅིན་ བསྟན་འབྲུག་གི་མི་འདི་ཚུ་ ཆུ་ཨ་ནཱ་ལས་འཐུངམ་ཨིན་ལགས། ཏེ་ད་རེས་ད་དུས་དང་འཁྲིལཔ་ད་ལུ་ ཏེ་ཨ་ཙི་ཙི་མར་ཉམས་སོ་ནུག་ལགས། ཏེ་ང་བཅས་ཀྱིས་ ཏེ་ཨ་ནཱི་འདི་ཚུ་འདི་ གནམ་མེད་ས་མེད་གཙང་ཏོག་ཏོ་སྦེ་བཞག་དགོཔ་ཅིག་ཨིན་ལགས།
- པདྨ་དབང་ཕྱུགPema Wangchucuk: ད་ཁོང་གིས་ རྒལ་སྲིད་ག་དེམ་ཅིག་འབད་བཙོག་པ་རེ་ཤོར་ ཨ་ནཱི་བཟུམ་འབད་བ་ཅིན་ གནམ་མེད་ས་མེད་གཡུས་ཁ་ལུ་འཚུབ་དྲགས་འབད་ནི་ཡོད་ལགས་འ་ནཱི་གིས་ལགས། ཨ་ནཱི་འབདཝ་ད་ལུ་ ཏེ་ཨ་ནཱི་འདི་ ད་རིས་ང་བཅས་ཀྱི་ ད་ཁོང་ར་ཧིན་དུ་གི་ཆོས་ལུགས་ཀྱི་ཁ་ཐུག་ལས་འབད་ ཏེ་ཧེ་མ་འབད་བ་ཅིན་ ར་བསད་ ཕུ་ཀྲེ་བསད་སྦེ་ ཨ་ནཱི་སྦེ་བཏང་སྲོལ་འདུག་ལགས། ཏེ་ད་རིས་ད་རེས་ལོ་དག་པ་ཅིག་ཡར་སོ་ཡི་ལགས།
- པདྨ་དབང་ཕྱུགPema Wangchucuk: ཏེ་འ་ནཱི་འབདཝ་ད་ལུ་ ཏེ་འ་ནཱ་ལུ་ ད་ཤིང་འབྲས་དང་ དེ་ལས་ཨོམ་འདི་ཚུ་གིས་འབད་ ཏེ་མཆོད་པ་ཕུལཝ་ཨིན་ཟེར་ཞུ་ནི་སྦེ་ཨིན་ལགས། ད་སེམས་ཅན་གསད་ནི་ སྲོག་གཅད་འདི་ཚུ་འདི་མ་པ་ལས་ར་ནཱ་ལུ་མེད་ཟེར་ཞུ་ནི་ལགས། ཏེ་འ་ནཱི་འབདཝ་ད་ལུ་ ཏེ་ཨ་ནཱི་འདི་ ད་དེ་སྦེ་ནཱ་གི་ཇོ་མོ་གི་ ད་གྲུབ་ཆུ་ཨིན་མས་ལགས་ཨ་ནཱི་འདི་ལགས་ ཨ་ནཱི་ནཱ་གི་འདི་ལགས། ཏེ་ཨ་ནཱི་འབདཝ་ད་ ཏེ་ཨ་ནཱི་འདི་ ད་རིས་ཇོམོ་ཨ་ཁེ་རྒྱལམོ་བཞུགས་ས་གི་ ཏེ་ས་གནས་ངོ་མ་ཅིག་ ནཱ་ཨིན་པས་ཟེར་ཞུ་ནི་སྦེ་ཨིན་ལགས།
- པདྨ་དབང་ཕྱུགPema Wangchucuk: ཏེ་ས་གནས་འདི་ནང་ལུ་ ཧེ་མ་མི་གཅིག་གིས་ ད་ནཱ་གི་གནས་ཁང་གི་ཤིང་འདི་ཚུ་བཏོག་སྟེ་གིས་འབདཝ་ད་ལུ་ ཏེ་ཨ་ནཱི་མཚོ་འདི་ནང་ལས་ཏེ་ཉ་གཅིག་འཐོན་ཏེ་གིས་སྦེ་ ཉ་འདི་བཟུང་པར་འགྱོཝ་ད་ལུ་ ཏེ་དྲན་མེད་བརྒྱལ་ཏེ་གིས་སྦེ་ ཏེ་འབག་འགྱོ་བའི་མཐའ་མ་ར་ ཏེ་ཤི་སོང་པའི་ལོ་རྒྱུས་འདི་ཚུ་ཡང་འདུག་ཟེར་ཞུ་ནི་སྦེ་ཨིན་ལགས།