Skip to main content Skip to search
27 Sep 2016
2 min 16 sec
Bradley Aaron
Video Overview
Creators: 
Kalwangjyid, Tibetan and Himalayan Library

This fried bread is called gomar and is made in Chentsa County, Amdo.

གཡིས་ཀྱི་ནང་དུ་བཙོས་པའི་གོ་རེའི་རིགས་ཤིག་སྟེ་མིང་ལ་གོ་དམར་ཟེར།

油条是经过油炸制作的一种饼子。

གོ་དམར་ནི་ཨ་མདོ་ས་ཆའི་སྣུམ་བཙོས་གོ་རེའི་རིགས་ཤིག་སྟེ། གྲོ་ཕྱེ་སྐྱུར་མ་བརྫིས་ནས་ལེབ་མོར་བརྡལ་རྗེས་གཡིས་ཚ་བོའི་ནང་དུ་བཙོས་ནས་བཟོས་པ་ཡིན་ལ། གཡིས་ནང་དུ་བཙོས་ནས་ཁ་དོག་དམར་པོར་གྱུར་ཡོད་པས་མིང་དེ་ལྟར་བཏགས་པ་ཡིན། དེའི་དབྱིབས་ལ་གྲུ་བཞི་དང་ནར་མོ་སོགས་ཡོད། གོ་དམར་ལ་ལའི་ཁ་དོག་ཅུང་ཟད་སེར་སྐྱ་ཡིན་པ་དེའི་རྒྱུ་མཚན་ནི་གཡིས་ཧ་ཅང་ཚ་བོ་མིན་པའི་སྟབས་ཀྱིས་ཡིན་པ་དང་། ཡང་གོ་དམར་ལ་ལའི་ཁ་དོག་དམར་ནག་ཡིན་པ་དེ་ནི་གཡིས་ཚ་དྲགས་སོང་བས་རེད། དེ་བས་གཡིས་ཀྱི་དྲོད་ཚད་ཚད་དང་རན་པ་ཞིག་ཡིན་ན་གོ་དམར་ཡག་པོ་དང་ཞིམ་པོ་བཙོ་ཐུབ་པ་ཡིན།  ཨ་མདོ་ས་ཆ་ཕལ་ཆེ་བར་ལོ་སར་དང་གཉེན་སྟོན་གྱི་སྐབས་སུ་གོ་དམར་འདི་ལས་པའི་གོམས་གཤིས་ཡོད་མོད། ཡིན་ཡང་དུས་གཞན་ལ་གོ་དམར་ལས་མི་ཆོག་པའང་མ་མིན། དཔེར་ན། ཁྱིམ་ཚང་དང་སྡེ་བ་གང་དང་གང་ཞིག་གིས་སྟོན་མོ་དང་། དགོན་པས་ཆོས་ཐོག་འཚོགས་དུས་སུའང་གོ་དམར་འདི་བཟོ་བ་ཡིན།

油条是流行于安多地区的一种油炸饼,其制做方法是把发面团擀成大小相同的片形后放入油锅中炸制。由于这种饼子在油炸后其颜色会变红,所以在藏语也称“红饼”。 油条的颜色稍微偏黄是因为油的热量过小,而偏红是因为热量过大,所以油温的控制对于做出更好更香的油条至关重要。在安多的大部分地区通常在过年或婚庆时候人们有做油条的习惯。不过平时在一些特定的时刻人们也会制做馓子,例如当地在举办各种大小的宴会时,人们会用油条来招待亲朋好友。