Video Overview
This is bread, called sok sok in Chentsa County in Amdo, is deep-fried in hot oil.
གཡིས་ཀྱི་ནང་དུ་བཙོས་པའི་གོ་རེའི་རིགས་ཤིག་སྟེ་མིང་ལ་སོག་སོག་ཟེར།
馓子是经过油炸制作的一种饼子。
སོག་སོག་ནི་ཨ་མདོ་ས་ཆའི་སྣུམ་བཙོས་གོ་རེའི་རིགས་ཤིག་སྟེ།གྲོ་ཕྱེ་སྐྱུར་མ་བརྫིས་ནས་སྦོམ་ཕྲ་མཉམ་པར་ཁེལ་རྗེས་གཡིས་ཚ་བོའི་ནང་དུ་བཙོས་ནས་བཟོས་པ་ཡིན་ལ། དེའི་དབྱིབས་ནི་ཐག་པ་དཀྲི་བ་དང་འདྲ།སོག་སོག་ལ་ལའི་ཁ་དོག་ཅུང་ཟད་སེར་སྐྱ་ཡིན་པ་དེའི་རྒྱུ་མཚན་ནི་གཡིས་ཧ་ཅང་ཚ་པོ་མིན་པའི་སྟབས་ཀྱིས་ཡིན་པ་དང་། ཡང་སོག་སོག་ལ་ལའི་ཁ་དོག་དམར་ནག་ཡིན་པ་དེ་ནི་གཡིས་ཚ་པོ་ཡིན་དྲགས་སོང་བས་རེད། དེ་བས་གཡིས་ཀྱི་དྲོད་ཚད་ཚད་དང་རན་པ་ཞིག་ཡིན་ཚེ་སོག་སོག་ཡག་པོ་དང་ཞིམ་པོ་བཙོ་ཐུབ་པ་ཡིན། ཨ་མདོ་ས་ཆ་ཕལ་ཆེ་བ་ན་ལོ་སར་དང་གཉེན་སྟོན་གྱི་སྐབས་སུ་སོག་སོག་འདི་ལས་པའི་གོམས་གཤིས་ཡོད་མོད། ཡིན་ཡང་དུས་གཞན་ལ་སོག་སོག་ལས་མི་ཆོག་པའང་མིན།དཔེར་ན། ཁྱིམ་ཚང་དང་སྡེ་བ་གང་དང་གང་ཞིག་གིས་སྟོན་མོ་ཆེ་མ་ཆུང་གསུམ་བྱེད་དུས་སུའང་སོག་སོག་འདི་བཟོ་བ་དང་སོག་སོག་གི་སྡེར་ཁ་བསྒྲིགས་པ་ཡིན།
馓子是流行于安多地区的一种油炸饼,其制作方法是把发面团揉成条状后放入油锅炸制。它的形状同绳子相似。馓子在炸制过程中其颜色稍微偏黄是因为油的热量过小,而偏红时因为热量过大,所以油温的控制对于做出更好更香的馓子至关重要。在安多的大部分地区通常在过年或婚庆时候人们有做馓子的习惯。不过平时在一些特定的时刻人们也会制做馓子,例如当地在举办各种大小的宴会时,人们会用馓子来招待亲朋好友。