Skip to main content Skip to search
15 Dec 2011
8 min 37 sec
Rating
0
No votes yet
Video Overview
Creators: 
Unknown

Pasang Wangdu gives an oral commentary on a section from the Bashé (Tib. Sba bzhed) concerning the deeds of Tri Songdetsen.

Show More

  • པཝན
    འོང་། ད་འདི་ཡིན་ན། སྦ་བཞེད་ནང་གི་དུམ་བུ་གཅིག་རེད། ད་སྦ་བཞེད་འདི་ག་རེ་རེད་ཟེར་ན།
  • པཝན
    ཨ། གཅིག་གི་ཆིག་སྟོང་དགུ་བརྒྱ་རྒྱ་ཅུ་ཐམ་པ་ཨ། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས་པའི་ཨ། ལྕགས་དཔར་སྦ་བཞེད་ཟེར་ཡས་དེ་རེད།
  • པཝན
    སྤྱིར་ཡིན་ན་སྦ་བཞེད་གི་ནང་ལ་ཡིན་ན། སྦ་བཞེད་དེར་རིགས་མི་འདྲ་མང་པོ་ཡོའོ་རེད། སྦ་བཞེད་ལ་ཡིན་གཅིག་གི་སྦ་བཞེད་གཙང་མ་ཡོའོ་རེད། སྦ་བཞེད་ཁུངས་མ་ཡོའོ་རེད། སྦ་བཞེད་ལྷད་མ་ཡོའོ་རེད། གཅིག་གི་སྦ་བཞེད་རྒྱས་པ་ཡོའོ་རེད། སྦ་བཞེད་བསྡུས་པ་ཡོའོ་རེད་ལ། སྦ་བཞེད་འབྲིང་བ་ཡོའོ་རེད། དཔའ་བཞེད་ཡོའོ་རེད། རྒྱ་བཞེད་ཡོའོ་རེད།
  • པཝན
    ཨ། ད་འདིའི་ནང་ལ་སྦ་བཞེད་ཟེར་ཡས་དེ་ས་བ་བཏགས་སྦ་རེད། ད་འདི་ལས་དཔེ་རྒྱུན་སྔར་གཅིག་ལ་ཡིན་ན། དཔའ་བཞེད་ཟེར་གྱིཨིག་ཡོའོ་རེད།
  • པཝན
    ད་དེ་རིང་ང་ཚོས་འདིའི་སྦ་བཞེད་འདིའི་ནང་གི་དུམ་བུ་གཅིག དུམ་བུ་འདི་ག་རེ་རེད་ཟེར་ན། ཁྲི་སྲོང་ལྡེའུ་བཙན་མཛད་པ་དང་། བསམ་ཡས་བཞེངས་ཚར་པའི་རྗེས་ཀྱི་མཛད་པ་དུམ་བུ་གཅིག་རེད།
  • པཝན
    སྔོན་ལ་དེ་དུམ་བུ་དེ་ཀློག་གི་ཡིན། དེ་ནས་ཨ་དེར་འགྲེལ་བཤད་རོབ་ཙམ་ཞུ་གི་ཡིན།
  • པཝན
    ཇོ་མོ་ལྔ་ཁབ་ཏུ་བཞེས་པ་ལས། མཆིམས་བཟའ་ལྷ་མོ་བཙན་དང་མཁར་ཆེན་བཟའ་མཚོ་རྒྱལ་གཉིས་སྒྲུབ་པ་མཛད་པས་་ཕྱག་བྲིས་མེད་དོ། འབྲོ་ས་ཁྲི་རྒྱལ་མོ་བཙུན་སྲས་མེད་པས་རབ་ཏུ་བྱུང་བའི་མཚན་བྱང་ཆུབ་རྗེར་གསོལ་བའི་ཕྱག་རིས་དགེ་རྒྱས་ཀྱི་གཙུག་ལག་ཁང་ལགས་ཏེ། སྣང་བ་མཐའ་ཡས་གཙོ་འཁོར་དགུར་མཛད་པ་ལུགས་སྟོད་དུ་བཏབ་ནས་གཙང་པོ་ལ་སྤྱན་དྲངས་པས། འཁོར་གཉིས་ཆབ་ལ་ཤོར། འཁོར་དྲུག་པ་ལ་གཡས་ན་རིགས་གསུམ་མགོན་པོ། གཡོན་ན་སངས་རྒྱས་སྨན་གྱི་བླ། སངས་རྒྱས་ཀུན་ཏུ་བཟང་པོ། མི་གཡོ་བ་མགོན་པོ་གསུམ་བཞུགས་སུ་གསོལ། སྲས་མི་མངའ་བ་དང་། ཡབ་མིང་འབྲོ་ཡུལ་ཐག་རིང་བས་ཕྱིས་གསོ་མི་མི་འོང་བ་ཞེས་མཆི་ནས་ལུགས་མ་བྱས། རྩིག་པ་སོ་ཕག་ཞ་ཉེའི་ཆུས་སྦྱར། ཟངས་ཀྱི་ཐོག་བཀབ། རོལ་མོ་མགྲིན་བཟང་ལ་བཤིག་པའི་ཙོང་མཆིམས་ཕུའི་རྫ་ལ་སྦས་པ་དེ་ཡིན་གསུངས།
  • པཝན
    ཅིང་བཏགས། སྣང་བ་རིན་པོ་ཆེ་མར་གད་ཨཱ་མི་ཏ་བྷཱ་ཝའི་དཔྲལ་བར་ཕྲ་བཏབ་པོ། ཇོ་མོ་ཚེ་སྤོང་ན་ལན་ལོན་པར་གསུངས་པས་ཁབ་ཏུ་བཞེས་ཏེ། ལྷ་ལྕམ་ལས་སྲས་མངའ་བས་ལྷ་ཁང་ཉིས་ཐོག་དུ་སྣང་པས། དབུ་ཚལ་གསེར་ཁང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བཞེངས་སུ་གསོལ་ལོ། ལྷ་བཟོ་བ་ལ་ཟས་སྣ་བཅུ་གསུམ་དྲངས་པས་བཟོ་སྣ་བཅུ་གསུམ་བྱས་ཏེ། སྟེང་ཁང་ལོགས་ལ་རྩིག་པ་མེད་པ། ནང་ཀ་བ་མེད་པ། གླ་གོར་གྱི་སྒོ་སྐྱབས་དང་འཕག་ཐུབ་པ། ས་གཞི་རིན་པོ་ཆེ་ལ་ར་གན་ལས་བྱས་པ། གཡུའི་གདུང་མ་ལ་གསེར་གྱི་རྟ་རྒྱུག་པའི་འབུར་གཏོད་པ། མཐིང་གི་རྒྱ་ཕིབས་ཁ་ཕྱི་ལྟ་ནང་ལྟ་གཉིས་ཡོད་པ། ཆུ་ཐམས་ཅད་འདྲིལ་བས་སེང་གེའི་ཁ་བས་འབབ་པ་དེ་རུས་སྦལ་གྱི་རྒྱབ་དུ་འོང་བ། སྒོ་འབྱེད་གཅོད་ལས་གསེར་གྱི་བྱི་ཆུང་སྐད་འདོན་པ། ནང་གི་ཡོ་གའི་ལྷ་ཚོགས་ལ་སྤྱི་གདུགས་རེ་རེ། སྒོས་གདུགས་རེ་རེ་ཕིབས་པ། འཁྱམས་ན་མཛད་པ་བཅུ་གཉིས་འབུར་དུ་གཏོད་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་རྒྱ་ཕིབས་འདེགས་པ། ཕིབས་ཀྱི་ནང་ཟུར་བཞི་ན་གསེར་གྱི་སེང་གེ་ལུག་ཙམ་པ་བརྒྱད་ཡོད་པ། རྒྱུ་གདུགས་ཀྱི་ཤམ་བུ་ལ་མཆོད་པའི་ལྷ་མོ་ཉི་ཤུ་རྩ་བརྒྱད་འབུར་གཏོད་པ། ལྷའི་བུས་ཁུང་གི་སྒོ་ང་ལས་བདུད་རྩིའི་ཆུས་སྐུ་ཁྲུས་གསོལ་བ་ངོ་མཚར་བ་གཅིག་བཞེངས་སུ་གསོལ་ལོ། ཟེར།
  • པཝན
    ད་དུམ་བུ་འདི་ཡིན་ན། ཁྲི་སྲོང་ལྡེའི་བཙན་གྱི་རྦད་དེ་བཙུན་མོའི་མཛད་པ་ཁག་ཅིག་ཞུ་གི་ཡོའོ་རེད། ཁྲི་སྲོང་ལྡེའུ་བཙན་གྱི་སྤྱིར་ཡིན་ན། རྒྱལ་པོ་དེར་ཡིན་ན་བཙུན་མོ་ལྔ་བཞེས་ཡོའོ་རེད། ད་རྦད་དེ་བཙུན་མོ་མཆིམས་བཟའ་ལྷ་མོ་བཙན་ཟེར་ཡས་དང་། མཁར་ཆེན་བཟའ་མཚོ་རྒྱལ་གཉིས་ཟེར་མཁན་གྱི་ད་དེ་གཉིས་གཉིས་ཀ་གས་༼གིས་༽་སྒྲུབ་པ་མཛད་པ། ད་གཅིག་གི་ཕྱག་རིས་མེད་ཟེར་ན། ད་གཅིག་གི་ཨ་དགོན་པ་ཡིན་ནའི་རེད། དེ་འདྲས་ཀྱི་གཅིག་གི་ལྷ་ཁང་ཡིན་ནའི་རེད། དེ་འདྲས་གའི་ཕྱག་བཏབ་མེད་ཟེར་ཡས་ཀྱི་དེ་འདྲས་ཀྱི་དོན་དག་གཅིག་རེད།
  • པཝན
    ད་ཕྱག་རྗེས་མེད་ཟེར་ཡས་གཅིག་རེད་པ། ཨ་འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་ཟེར་མཁན་དེར་སྲས་མེད་པའི། སྲས་མེད་པ་ལ་བརྟེན་ནས་དེ་ནི་ཕྱིས་སུ་ཡིན་ན་རབ་ཏུ་བྱུང་བ། རབ་ཏུ་བྱུང་བའི་མཚན་ལ་ཡིན་ན། བྱང་ཆུབ་རྗེ་དེ་འབྲོ་བཟའ་བྱང་ཆུབ་རྗེ་ཟེར་ཡས་དེ། ལོ་རྒྱུས་ཐོག་ལ་ང་ཚོ་ད་དེ་སྐད་གྲགས་ཡོད་པའི་འབྲོ་བཟའ་དེ་རེད། འདི་གསུམ་པས་ཕྱག་རིས་ལ་ག་རེ་བརྒྱབ་ཡོའོ་རེད་པས་ཟེར་ན།
  • པཝན
    ཨ་བསམ་ཡས་འཁྲིས་ཀྱི་ཡིན་ན་དགེ་རྒྱས་གཙུག་ལག་ཁང་ཟེར་མཁན་དེ་བཏགས་ཡོའོ་རེད་ཟེར། ཨ་དགེ་རྒྱས་གཙུག་ལག་ཁང་གི་གཙོ་བོའི་རྦད་དེ་རྟེན་ལ་ཡིན་ན། སྣང་བ་མཐའ་ཡས་གཙོ་བོ་དགུ་འོང་། མཛད་པའི་རྦད་དེ་འོང་དེ་ཡིན་ན་རྦད་དེ་འདི་དགུ་ཡིན་ན་བཞེངས། བཞེངས་པ་དེ་དང་ཐོག་ཡིན་ན། གཙང་པོ་སྤྱན་དྲངས་དུས་ཡིན་ན། དེའི་ནང་ལ་གཙོ་བོ་དགུའི་ནང་ནས་གཉིས་ཡིན་ན་ཆབ་ལ་ཤོར། ཆུའི་ནང་ལ་ཤོར། འཁོར་དྲུག་པོ་དེ་ཡིན་ན་ནི། གཡས་ལ་རིགས་གསུམ་མགོན་པོ། གཡོན་ལ་སངས་རྒྱས་སྨན་གྱི་བླ། སངས་རྒྱས་ཀུན་ཏུ་བཟང་པོ་མི་གཡོ་བ་མགོན་པོ་གསུམ་ཡིན་ན་བཞུགས་སུ་གསོལ། 
  • པཝན
    དེ་ནི་སྲས་མེད་པ་ལ་བརྟེན་ནས་ཡིན་ན་ད་ཡབ་ཀྱིས་ཨ་ཕ་ཡུལ་ལ་ཆ་བཞག་པ་ཡིན་ན། འབྲོ་བའི་ལུང་པ་དེ་ཡིན་ན་ཐག་རིང་པོ་ཡོད་པའི་ཕྱིས་དེར་ལྷ་ཁང་དེ་ལ་བསུས་མི་ཡོང་གི་མ་རེད་ཟེར་གསུངས་ན་ནས་ཡིན་ན། དང་པོ་ནས་ལྷ་བཞེངས་དུས་ཙམ་པ་ཡིན་ནའི་ད་གཅིག་གི་ལུང་གནང་པ། རྩིག་པ་སོ་ཕག་ལ་ཡིན་ནའི་ཞ་ཉེ་གི་ཆུ་སྦྱར་ཡོད་པ། ཟངས་ཀྱི་ཐོག་ཡིན་ན་ཟངས་ཀྱི་བཀབ་ཡོད་པ། འདི་རོལ་མོ་ལ་ཡིན་ནའི་སྔ་མོ་རྦད་དེ་མགྲིན་བཟང་གཙུག་ལག་ཁང་བཤིག་པའི་ཅོང་དེ་མཆིམས་ཕུའི་རྫ་ལ་སྦས་པ་དེ། ཚུར་ཡང་བསྐྱར་བླངས་ནས། ཡིན་ན་མཆིམས། ཅོང་དེ་ཡིན་ན་ཚུར་ལེན་བྱས་བཏག་ཡོད་པ།
  • པཝན
    ཨ་དེ་བཞིན་གྱི་ད་གཅིག་གི་ཇོ་མོ་ཚེ་སྤོང་ལ་ཆ་བཞག་པ་ཡིན་ནའི་དེ་ཁབ་ཏུ་བཞེས་པའི་རྗེས་ལ་ཡིན་ན། ཨ་ལྷ་ལྕམ་ཚེ་སྤོང་ལ་སྲས་ཡོད་པའི་དེ་ཡིན་ན་ཕྱིས་སུ་ད་ང་ཚོའི་ཨ། མུ་ནེ་བཙན་པོ་ལ་སོགས་པའི་དེའི་ཡུམ་དེ་རེད། དེས་་་་དེ་གིས་ག་རེ་ཟེར་དགོས་རེད་པས།
  • པཝན
    ད་ཕྱག་རིས་ལ་ག་རེ་བཞེངས་ཡོའོ་རེད། ཟེར་ན། ད་རྦད་དེ་གཅིག་གི་ཨ་དབུ་ཚལ་གསེར་གྱི་ལྷ་ཁང་ཟེར་ཡས་དེ་ཡིན་ན། བཞེངས་ཡོའོ་རེད་ཟེར།
  • པཝན
    ལྷ་བཟོ་ལ་ཡིན་ན་ད་ལྷ་ཁང་འདི་བཞེངས་དུས། ལྷ་བཟོ་ལ་ཡིན་ན་ཟས་སྣ་བཅུ་གསུམ་དྲངས་ནས་ཟས་སྣ་བཅུ་གསུམ་གྱི་ཟས་སྣ་བཅུ་གསུམ་དྲངས་བྱས། ད་དེ་ལྷ་ཁང་དེ་བཞེངས་དུས་ཡིན་ནའི་རྦད་དེ་འོང་བཟོ་མི་འདྲ་བའི་བཟོ་སྣ་བཅུ་གསུམ་གྱི་བྱས་བྱས་ཡིན་ན་བཞེངས་ཡོའོ་རེད་ཟེར།
  • པཝན
    དཔེར་ན་སྟེང་ཁང་ལོགས་ལ་བྱས་ན་རྩིག་པ་མེད་པ། འོང་ཁང་པའི་ནང་ལ་ཡིན་ན་ཀ་བ་མེད་པ། འ་ད་སྒོ་སྐྱབས་དང་གང་ག་རྦད་དེ་གིས་འོང་། སྒོའི་སྐྱབས་དང་འཕགས་ཐུབ་པ། འ་གླ་གོར་གྱི་སྒོའི་སྐྱབས་དང་འཕགས་ཐུབ་པ། ཨ་ས་གཞི་རིན་པོ་ཆེ་ལ་ཡིན་ནའི་རྦད་དེ་ད་ས་གཞི་རིན་པོ་ཆེ་ལ་བརྟེན་པའི་རྦད་དེ་གཞི་འདྲ་དེ་ཡིན་ནའི་ར་གན་ལས་བྱས་པ། དེ་ནི་གདུང་མ་ལ་ཡིན་ནའི་གཡུའི་གདུང་མ་ཡིན་པ་གཅིག་ལ་དེ་ལ་གསེར་གྱི་རྟ་རྒྱུགས་པ་དེ་འདྲས་ཀྱི་འབུར་གཏོད་ཡོད་པ། ད་མཐིང་གི་རྒྱ་ཕིབས་ལ་ཡིན་ན། ད་རྦད་དེ་ཁ་ཕྱི་ལྟ་གཅིག་དང་ནང་ལྟ་གཉིས་ཡོད་པ།
  • པཝན
    འོང་དེ་བཞིན་གྱི་ཆུ་ཐམས་ཅད་འདྲིལ་ནས་ད་དེ་གཅིག་གི་སེང་གེའི་ཁ་ནས་རྦད་དེ་ཨ་ཆུ་འབབ་བསྡད་པ་དེ་ཨ། རུས་སྦལ་གྱི་རྒྱབ་ནས་འོང་བ། ཨ། དེ་འདྲས་ད་གཅིག་གི་ག་རེ་ཟེར་དགོས་རེད། བླ་ན་མེད་པའི་གཅིག་གི་བཟོའི་ཁྱད་ཆོས་ལྡན་པའི་དེ་འདྲས་ཀྱི་ལྷ་ཁང་གཅིག་བཞེངས་ཡོད། ཟེར་ཡས་དེ་འདྲས་གཅིག་གི་དོན་དག་གཅིག་བཤད་ཡོའོ་རེད།
  • པཝན
    དེ་ལྟར་ལོ་བཅུ་གཉིས་ན་ལྷ་ཁང་བཞེངས་ཚར་བ་ལས། དེ་ནས་སློབ་དཔོན་ལ་མངའ་གསོལ་གྱི་ཞུ་རྟེན་གསེར་ཕྱེ་བྲེ་དྲུག་ཕུལ་ནས་ཞུས་པས། བོད་འབངས་མངའ་རིས་ཐམས་ཅད་ཀྱི་དཔྱ་དང་ཁྲལ་བསྡུས་ལ་ཡོ་བྱད་སྟ་གོན་གྱིས་ཅིག་ཅེས་ལུང་གནང་། སློབ་དཔོན་ཀེ་རུ་གླིང་ན་མཚམས་བཅད་ནས་སྒྲུབ་པ་ལ་བཞུགས་པ་ལས། ཁྱད་པར་དུ་རབ་གནས་མངའ་གསོལ་གྱི་ཐུགས་དམ་མཛད། བཙན་པོས་མངའ་འབངས་ཀུན་བསྡུས་ཏེ། ཡོ་བྱད་འཚོགས་ནས་མངའ་གསོལ་དུས་བཟང་པོ་ལ་བབ་པའི་ཚེ། བྲག་དམར་སྐྱེ་བོའི་ཚོགས་ཀྱིས་ཁེངས། སློབ་དཔོན་གྱིས་ཀེ་རུ་གླིང་ནས་མཁར་གཞོང་མེ་ཏོག་གིས་བཀང་ནས་བྱོན་ཏེ་མཆོད་རྟེན་དཀར་པོའི་གོང་དུ་བྱོན་པ་དང་། རྒྱལ་པོས་འཇམ་པའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ཕྱག་ན་རིན་པོ་ཆེའི་མེ་ཏོག་ཐོགས་པ་ཅིག་ཏུ་གཟིགས།
  • པཝན
    སློབ་དཔོན་གྱིས་ཏིང་ངེ་འཛིན་གྱིས་དབུ་རྩེའི་འོག་ཁང་གི་ལྷ་ཕྱིར་སྤྱན་དྲངས་ནས་མཆོད་རྟེན་དཀར་པོ་ལ་བསྐོར་བ་བྱས་ཏེ། ཞལ་ཤར་ཕྱོགས་སུ་གཟིགས་ནས་འཁོར་སའི་ལོགས་ལ་སྲོག་ཞུ་ཟིང་ངེ་འདུག་པ་ལ་མེ་ཏོག་གཏོར། ལྷ་རྣམས་དུས་གཅིག་ཏུ་གཤེགས་ཏེ་སྔར་གྱི་གྲལ་བཞིན་འཁོད་པས། ཁྲོ་བོ་ཅིག་གི་རྒྱབ་ནས་ཡེ་ཤེས་ཀྱི་མེ་འབར་བས་ས་གཞི་ཚིག་པ་ལ། སློབ་དཔོན་གྱིས་དྲི་ཆབ་གྱི་བསང་གཏོར་མཛད་པས་མེ་ཤི་བའི་ཤུལ་སོར་ཆུད། བཙན་པོས་་མེ་ཏོག་ཏུ་གསེར་གྱི་ཕྱེ་གཞོང་པ་གང་ཕུལ་ལོ།
  • པཝན
    ཞལ་བསྲོ་ཆེན་པོའི་དུས་སུ་ཕྱི་ལྕགས་རིའི་སྟེང་མཆོད་རྟེན་གྱི་བར་ཐམས་ཅད་བཞེས་པ་དང་ཐུད་སྐྱལ་གྱི་བཀང་། དེ་ལྟད་མོ་བ་རྣམས་ལ་འཚལ་བས་སྐལ་བ་གཉིས་གཉིས་གསུམ་གསུམ་ཐོབ། སྐལ་བ་ཆད་པ་ནི་ཡེ་མ་མཆིས། དེའི་རྗེས་ལ་ཀུན་ལྟད་མོ་ཐང་རེ་བྱེད་པ། སྨན་རི་ལ་ལན་ག་བྲག་ཆུང་ཉི་མ་འདེ་བའི་དྲུང་དུ་ཤ་བ་བྱུང་བ་ཞགས་པས་བཟུང་ནས་ཁྲོམ་བསྐོར། ལྟད་མོ་དང་པོའི་བྱས་ལུགས་འཁོར་སའི་སྒོ་རྒྱབ་ན་བྲིས་ཡོད་དོ།
  • པཝན
    སང་ནང་པར་ཡང་སློབ་དཔོན་ཀེ་རུ་གླིང་ནས་མཁར་གཞོང་མེ་ཏོག་གིས་བཀང་ནས་བྱོན་པས། བཙན་པོས་དགེ་སློང་རིགས་ལྔའི་དབུ་རྒྱན་ཅན་ཅིག་ཏུ་གཟིགས། སློབ་དཔོན་གྱིས་ཏིང་འཛིན་གྱིས་དབུ་རྩེ་བར་ཁང་གི་ལྷ་ཕྱིར་སྤྱན་དྲངས་ཏེ། འཁོར་སའི་ལོགས་ལ་ཞལ་ཤར་དུ་གཟིགས་པ་ལ་མེ་ཏོག་གཏོར། ལྷ་རྣམས་དུས་གཅིག་ལ་ནང་དུ་གཤེགས་ཏེ་སྔར་གྱི་གྲལ་བཞིན་དུ་འཁོད་དོ།
  • པཝན
    ད་འདི་དུམ་བུ་འདི་གཙོ་བོ་འདྲ་དེ་ཡིན་ན་ངས་ཡི་གེ་དེ་ཀློག་བྱས་དེ་ཨ། བསམ་ཡས་ཀྱི་དེ་ནང་དོན་འདྲ་དེ་བསམ་ཡས་དེ་ད་ལོ་འཁོར་བཅུ་གཉིས་ནང་ལ། རྦད་དེ་བཞེངས་ཚར་པ་རེད་ཟེར། ད་དེ་སྦ་བཞེད་ཀྱི་བཞེད་པ་གཅིག་རེད།
  • པཝན
    དེ་བྱེད་དུས་ཙམ་པ་ཡིན་ན་ད། དེ་དུས་སློབ་དཔོན་གྱིས་དེ་བསམ་ཡས་ཀྱི་མངའ་གསོལ་པའི་ཞུ་རྟེན་ལ་ཡིན་ན་རྦད་དེ། གསེར་ཕྱེ་བྲེ་དྲུག་ཕུལ་ཡོད་པ། བོད་འབངས་མངའ་རིས་ཐམས་ཅད་ནས་རྦད་དེ་ད་གཅིག་གི་དཔྱ་དང་ཁྲལ་བསྡུས་ནས་ཡིན་ན། ཡོ་བྱད་ཀྱི་གྲ་སྒྲིག་ཡིན་ན་ཧ་ཅང་གི་ལེགས་པོ་བྱས་ཡོད་པའི་དེ་འདྲས་ཀྱི་གཅིག་གི་ལུང་གནང་ཡོའོ་རེད་ཟེར།
  • པཝན
    ཨ་དེ་འདྲས་གཅིག་གི་ད་མདོར་བསྡུས་རེད། དེའི་ནང་དོན་གཙོ་བོ་དེ་ད་ངས་འགྲེལ་བཤད་ཞུ་གི་མི་དགོས་པ་བྱས་གཙོ་བོ་ཡི་གེ་དེ་ཀློག་བྱས། ཡི་གེ་འདི་ཀློག་པ་དེས་བརྒྱུད་ནས་དེའི་ནང་དོན་མཚོན་ཡས་འདྲ་དེ་དེ་འདྲས་གཅིག་ཡིན།