Skip to main content Skip to search
28 Jun 2018
2 min 45 sec
Video Overview
Creators: 
Penchela

Lungten Tshering from the Tsangchuthanma village in Martshala gewog under Samdrup Jongkhar describes the loss of traditional culture. He said that Bhutan is losing its intangible culture. Today by looking the scenario in some remote communities, only a few elders are maintaining what their ancestors left for them, but most young people are less interested in the past. He also highlights mechanical tractors and power tillers have relieved the ploughman and oxen of the pain of hard work, ploughing no longer has the natural effect of connecting to the land and the animals. 

Transcript search
No results found for this search
0 of 0
  • ལུང་བསྟན་ཚེ་རིང་
    ཏེ་ད་ལྟོ་ ངེའི་སྤྱི་འོག་ནང་གི་ ད་ལྟོ་ སྔར་སྲོལ་ལམ་ལུགས་ཀྱི་སྐོར་ལས་ཞུ་བ་ཅིན་ ང་བཅས་རའི་རྒྱལ་ཁབ་ཡར་རྒྱས་དང་འཁྲིལ་ཏེ་འབདཝ་ད་ ད་ལྟོ་ ང་བཅས་རའི་གཡུས་ཚན་ནང་ན་ ཧེ་མ་ ང་གིས་མཐོངམ་ལྟར་དུ་སྦེ་ཞུ་བ་ཅིན་ ཏེ་ད་ལྟོ་ ང་བཅས་རའི་ ཏེ་ཧེ་མའི་ལྷ་གསོལ་ནི་ ག་ཅི་ཅིག་གསོལ་ནི་ གནམ་མེད་ས་མེད་རང་ འ་ནཱི་ལུ་ ང་བཅས་རའི་ལོ་ལྟར་བཞིན་དུ་སྦེ་ ག་ར་གི་ཤེས་དེས་ཟེར་ཞུ་ནི།
  • ལུང་བསྟན་ཚེ་རིང་
    ཏེ་ད་ལྟོའི་ལོ་ནང་འབད་བ་ཅིན་ ང་གིས་དབྱེ་ཞིབ་རྐྱབ་སྟེ་བལྟ་བ་ཅིན་ ཏེ་མང་ཤོས་ཅིག་གི་རང་ འ་ནཱི་འདི་ མར་ལྟག་ཉམས་མི་འདི་ མཐོང་མས་ཟེར་ཞུ་ནི་ ཏེ་ ཤུལ་ལས་ འ་ནཱ་ལས་ རང་གི་ཨ་ལོ་ལས་ཨ་ལོ་ཚུ་ལུ་འདི་ ཏེ་འ་ནཱི་འདི་ཚུ་ གནམ་མེད་ས་མེད་འགྱུར་བ་འགྱོ་ནི་མས་ཟེར་ཞུ་ནི་ལགས།
  • ལུང་བསྟན་ཚེ་རིང་
    ཏེ་ད་ལྟོ་ ཏེ་སྤྱི་འོག་ནང་གི་ ལས་འགུལ་ནང་ན་ ད་ལྟོ་སྔར་སྲོལ་གྱི་ལམ་ལུགས་འབད་བ་ཅིན་ ད་ ང་བཅས་རའི་ གོང་འཕེལ་དང་འཁྲིལ་ཏེ་ ཏེ་ང་བཅས་རའི་ ད་ལྟོའི་ལཱ་ ཞིང་ལཱ་འབད་དེ་འབད་རུང་ ཧེ་མ་འདི་ ད་ལྟོ་ ང་བཅས་རའི་ གླང་གིས་འབད་དེ་ ཏེ་མི་གི་སྦེ་ གནམ་མེད་ས་མེད་ དེ་བཟུམ་སྦེ་འབད་མ་འདྲཝ་ཅིག་སྦེ་ལཱ་འབད་ཡོད།
  • ལུང་བསྟན་ཚེ་རིང་
    ད་ ད་ལྟོ་བད་བ་ཅིན་ འཕྲུལ་ཆས་ཀྱི་འབད་དེ་ འཕྲུལ་ཆས་ཀྱིས་སྦེ་འབད་འདི་ ང་བཅས་རའི་ ཞིང་ལཱ་ནང་ལུ་ འདི་བཟུམ་སྦེ་འབདཝ་ད་ འ་ནཱི་གི་གླང་ཚུ་ཡང་ མར་ ཚེ་མཐར་སྦེ་བཏང་ཡར་སོང་ཡི།
  • ལུང་བསྟན་ཚེ་རིང་
    ཨིན་རུང་ ད་ལམ་ལུགས་སྲོལ་འདི་ ཨ་ཙི་ཅིག་ འ་ནཱི་མཐོང་སྣང་འདི་ ཤུལ་ལས་འ་ནཱི་བཟུམ་འདི་ མི་མཐོང་ནི་མས་ཟེར་ ང་བཅས་རའི་འ་ནཱི་ ང་གིས་ འ་ནཱེ་ཅིག་ཚོརཝ་མས།
  • ལུང་བསྟན་ཚེ་རིང་
    མ་པ་འབད་བ་ཅིན་ ལེགས་ཤོམ་འདི་ གནམ་མེད་ས་མེད་ གོང་འཕེལ་གྱི་ལེགས་ཤོམ་ཨིན་མས་ ང་བཅས་རའི་གླང་ཚུ་ཡང་ག་ར་ ཚེ་མཐར་བཟུམ་སྦེ ཡར་སོང་ཡི་ཟེར་ཞུ་ནི་ལགས།
  • ལུང་བསྟན་ཚེ་རིང་
    ཏེ་ང་བཅས་རའི་ ད་ལྟོ་ ཏེ་མི་གིས་བཙུགས་པ་སོང་པ་ཅིན་ ཏེ་ད་ལྟོ་ ལཱ་ཨེ་ཀར་གཅིག་ནང་ རྒྱ་ཚ་གིས་ཉིནམ་གསུམ་ བཞི་དེ་ཅིག་འགོར་མི་འདི་ ཏེ་ད་ལྟོ་འཕྲུལ་ཆས་ཀྱིས་ལག་ལེན་ཐབས་ད་ལུ་ ཏེ་འདི་གིས་ ཆུ་ཚོད་གཉིས་གསུམ་གྱི་བར་ན་རྫོགསཔ་མས་ཟེར་ཞུ་ནི་ལགས།
  • ལུང་བསྟན་ཚེ་རིང་
    ཏེ་ད་ལྟོ་ ང་བཅས་ར་ ད་ལྟོ་ ནཱ་གི་འདྲི་བ་བཀོད་གནང་མི་ཡང་ ང་བཅས་ལུ་ འགོ་དང་པ་ཨིན་ ཏེ་ད་ལྟོ་འ་ནཱ་ ང་ ང་གིས་ཡང་ གནམ་མེད་ས་མེད་ ང་ སེམས་དགའ་ཡི་ ནཱ་ང་བཅས་རའི་ མི་སེར་ཚུ་གི་ཡང་།
  • ལུང་བསྟན་ཚེ་རིང་
    ཏེ་ད་ལྟོ་ འགོ་དང་པ་སྦེ་ཞུཝ་ལས་བརྟེན་ཏེ་ འདྲི་བ་འདི་ གནམ་མེད་ས་མེད་སྦེ་ ལེགས་ཤོམ་ཅིག་སྦེ་འགྱོ་མ་ཚུགས་ ཨིན་རུང་ནཱ་ལུ་ ད་ལྟོ་འབྲུག་མི་ཡོངས་ཀྱིས་ ཡོངས་ཀྱིས་བཟོད་འདི་ བཟོད་པ་བཞེས་གནང་ཟེར་ཞུ་ནི་ལགས། ལགས་སོ་ བཀྲ་དྲིན་ཆེ།