Video Overview
Menla Khyap reads his poem "The Day of September Eleventh" at the Tibetan comic performance at the University of Virigina. It is about his reaction to this event. It is also a poem about love and letters.
- United States of America
- New York
- ཌབི༹དདེ་རྗེས་མ་ཡང་སྨན་བླ་སྐྱབས་ཡིན།So, next up is Menla kyab again.
- ཌབི༹དཁ་སྣོན་བྱེད་རྒྱུ་ཞིག་ལ་སྨན་བླ་སྐྱབས་ནི་ཨ་མདོ་ན་ཆེས་གྲགས་ཅན་གྱི་འཁྲབ་སྟོན་པ་ཞིག་ཡིན་པ་མ་ཟད་སྙན་ངག་པ་གྲགས་ཅན་ཞིག་ཀྱང་ཡིན།And Menla kyab, in addition to being the most prominent stand up comedian in Amdo, is also a prominent poet.
- ཌབི༹དཁོས་ཁོ་རང་ཉིད་ཀྱིས་བརྩམ་བའི་སྙན་ངག་མིང་ལ་སྤྱི་ཟླ་དགུ་པའི་ཚེས་བཅུ་གཅིག་ཟེར་བ་དེ་གྱར་འདོན་བྱེད་རྒྱུ་རེད།and he'll be reading a poem of his own composition, entitled "The Day of September 11th."
- ཌབི༹དདེ་བས། མ་དགོད། ཀུ་རེ་ཡིན། འདི་ནི་སྤྱི་ཟླ་དགུ་པའི་ཚེས་བཅུ་གཅིག་གྱར་འདོན་པ་སྨན་བླ་སྐྱབས་ཡིན།So, don't laugh, no jokes. So, here's Menla kyab reading "The Day of September 11th."
- སྨན་བླ་སྐྱབས་དེ་རིང་ངས་སྙན་ངག་ཚན་པ་གཉིས་ཀློག་གི་ཡིན། ཚན་པ་གཅིག་ཡིན་ན་སྤྱི་ཟླ་དགུ་པའི་ཚེས་བཅུ་གཅིག་རེད་འདུག་ག། དེ་ན་འདི་གངས་ཅན་མེ་ཏོག གངས་ཅན་མེ་ཏོག་འདི་ང་ཚོ་བོད་ནང་ལ་སྙན་ངག་གི་དེབ་ཡིན་ན་དེབ་དང་པོ་རེད་ཤགToday, i will read two section of poems. Name of the first section is " The Day of September 11th." This is the magazine named <>. The <> is the first poem magazine in Tibet.
- སྨན་བླ་སྐྱབས་དེ་དག་ང་བྲིས་ང་རང་གི་སྙན་ངག་ཡིན། དེ་ན་ད་ངས་ཨ་མདོ་སྐད་གིས་ཀློག་གི་ཡིན།All of these are my own poem. Then i will read in Amdo dialect.
- སྨན་བླ་སྐྱབས་དུས་ཚོད་ཀྱི་ལག་པས་མཐོ་རུ་བཏགས་པའི། གསེར་མདོག་གི་ཉི་མ་དེ་ནི་སྒྲོན་མེ་ཞིག དུང་མདོག་གི་ཟླ་བའང་སྒྲོན་མེ་ཞིག དྲོད་སྣང་གི་ཁྲོད་ན་མི་ནག་གི་གྲིབ་མ་སྐོང་ཡོད་དམ། ཉིན་མོ་འདིའི་རྨ་ཁའི་གྲུ་ཟུར་ཞིག་ནས། ངས་ཨ་རེ་བྱིས་པ་ཚོ་བསམ་ཞིང་དེ་ལྟར་དྲན། གོ་ལ་འདི་ས་ཁྲ་ཇི་བཞིན་ལྟད་ཆོག་པའམ། ཕྱི་གསལ་ནང་གསལ་ཅིག་ཡིན་པའི་དབང་དུ་བཏང་ན། ད་ལྟ་དཀར་ཚོན་དང་སེམས་ཁྲལ་ལྷན་དུ་ཁུར་བའི། ངས་ཀྱང་ཨ་རེ་ཆར་ཀ་དང་ཆར་ཀའི་མདངས་དང་འགྲོགས་པའི། ཨ་རེ་བྱིས་པ་ཚོའི་གདོང་གི་མི་རིགས་ཀྱི་ཟོལ་མེད་དང་བྱིས་བློ་མཐོང་ཐུབ་ཚོད་ཡིན། ངའི་བུ་མོ་ནང་བཞིན་གཅེས་ཕྲུག་དག མ་ལས་སྡང་མ་ཐག་རྩེ་ཁྱུག་རྩེ་ཁྱུག་ཟེར་ཞིང་། བྱིས་པའི་དགའ་ཚལ་ཞིག་ལ་འགྲོ་རེས་བྱས་གསལ། འོན་ཀྱང་དེ་རིང་ཉི་མའི་དབང་གིས ཨ་མའི་འོད་ལ་ཤུགས་བསྟན་གཞན་ཞིག་འགྱུར་ཡོད། ཨ་ཕས་ཕྱི་མིག་ལྡེབ་ཡང་གསང་བ་ཞིགHolding by the hand of time. The Sun of golden color is a lamp. The moon of conch cell color is also a lamp. Is there hiding a shadow os of darkness among the warmness. Edge of the today's wound. I thought the American children and thought like that. If the world can fold like what the map and can see both side, then I one carring both white color and concern, also can see the pure or frank and childish thought on the children of American. Like as my own daughter, the lovely children after born said (tse fKyug tse fKyug** I don't know the exact mean but i think it might be mean let's play let's play). Went to a children park. But because time of today's, there is another hidden on mother's forehead. Father winked but still a mystery.
- སྨན་བླ་སྐྱབས་ཡང་ན་ལོ་དེའི་དེ་རིང་གི་ཉིན་མོར། ཁྱོད་ཀྱི་ཨ་མ་ལས་ཀ་ནས་ལོག་མ་བྱུང་། ཁོ་མོའི་ཨ་ཕ་ཐག་རིང་ཐག་རིང་ལ་ཞུགས་སོང་། རྗེས་སུ་གློ་བུར་དུ་ནར་སོན་དུས། ཚེ་སྲོག་གི་རི་བོ་གཉིས་ཁ་གྱེས་འགྱེལ་ཟིན། ཁྱོད་ཚོའི་ཡ་ཐོད་ལ་དྲི་རྟགས་མང་པོ་མང་པོ་ཞིག་བབས་སོང་། ཁ་ཐོན་གློག་བརྙན་གྱི་ནང་ལ། རྒྱོབ་རྒྱོབ་སོལ་སོལ་གྱི་ཀུ་ཅོ་འཇུག་མཁན། སྒྲོན་མེ་ཆ་གཅིག་གི་ངོགས་སུ། སྒྲིག་ལམ་མེད་པའི་རྩེད་འཇོ་བརྩོམ་མཁན། མི་ནག་གི་གྲིབ་མ་འོད་ཟེར་དང་རྡུང་ཡོད། ཉིན་མོ་འདིའི་རྨ་ཁའི་གྲི་ཟུར་ཞིག་དང་། ས་སྒང་རི་མོ་འདིའི་ཚུར་ངོའི་གི སྐལ་གཞི་བདག་མོའང་རང་ཉིད་ཡིན་པས། མི་ཁྱིམ་གཅེས་མ་ཞིག་ནས། ངས་ཨ་རེ་དང་ཨ་རེ་བྱིས་པ་ཚོར་རྣ་བ་གཏད་ཀྱང་། ཁོ་ཚོའི་ཕ་མ་བལྟས། ལོ་ལ་ལོན་པའི་བྱིས་པ་རྣམས་ལ། ལྷག་བསམ་རྣམ་དག་གིས་ཡིད་རང་བྱས་ཡོད་ལའང། སྤྱི་ཟླ་དགུ་བའི་ཚེས་བཅུ་གཅིག ་That year's today's date , your mother hasn't return from work. Her father went far faraway. Afterwards, when you suddenly grown up. Two mountains of lives departed and splited. Many questions marks were appeared on your forahead. Inside the movie, who entered the sound of to attack and kill. On the surface of a couple of lamp, created a entertainment which has no rules. The shadow of people linked with light. Edge of today's wound and the master of this land is also oneself so. In a simple family that i looked forward to the American children. Looked their parients, and with my pure heart wishing and having confidence in them. The day of september 11th.
- སྨན་བླ་སྐྱབས་གཉིས་པ་དེ་ཡིན་རྒྱུ་ན་འདི་འདྲའི་རྒྱས་མོ་ཞིག་མ་རེད། འཕྲིན་ཡིག་ཟེར་འ།The second one is not as detail as first one. Entiled "Letter"
- སྨན་བླ་སྐྱབས་སྒྲོལ་མ་མང་པའི་ཁྲོད་ན་སྒྲོལ་མ་ཞིག་ཡོད་ངེས། ངུ་ཞིག་ཕྲུག་གུ་སྐྱོང་བའི་སྒྲོལ་མ་ཞིག་ཡོད་ངེས། མིག་གིས་མཛའ་གཞས་གཏོང་བའི་སྒྲོལ་མ་ཞིག་ཡོད་ངེས། སློབ་འབྲིང་མ་ཐོན་ན་ཡང་། གཞུང་ལས་མ་རག་ན་ཡང་། ཀུན་ལ་འཛུམ་གྱིས་བལྟ་བའི། འཛུམ་ལ་འོད་མདངས་འཕྱར་བའི། སྒྲོལ་མ་ངོ་མ་ཞིག་གིས། ངའི་མེ་ཁ་གསོས་ཏེ་ཁྱོད་ཀྱི་ཐུགས་ཁྲལ་བསལ་ངེས། སྒྲོལ་མ་མང་པོའི་ཁྲོད་ན་སྒྲོལ་མ་ཞིག་ཡོད་ངེས། ལམ་བུ་ཕྲ་མོ་སླེབས་པའི་སྒྲོལ་མ་ཞིག་ཡོད་ངེས། གླང་རྫིའི་དོར་མ་བཅོམ་པའི་སྒྲོལ་མ་ཞིག་ཡོད་ངེས། ཁོ་མོས་ཁྱོད་ལ་གཅེས་ཆང་འདེགས་སྲིད། ཁོ་མོས་ང་ལ་སེམས་གསོ་གནང་སྲིད། དེ་ག་ཙམ་གྱིས་རིམ་པའི་མིག་ཆུས་མཚོ་མོ་སྲེས་ཀྱང་ཅི་སྐྱོར། ཉི་མ་རྡོ་བར་གྱུར་ཡང་འགྱོ་དལ། སྒྲོལ་མ་མང་པའི་ཁྲོད་ན་སྒྲོལ་མ་ཞིག་ཡོད་ངེས། ལས་ཀྱི་སྒྲོལ་མ་མོ་ལོ་བཅུ་དྲུག་ལས་མེད་ཀྱང་། ཕ་བུ་གཉིས་གིས་ད་དུང་བཅུ་དྲུག་ལ་སྒུག་ཆོག འཚོ་བ་མཛེས་རིས་མིན་ཡང་། ང་ཚོས་བཅོས་འགོད་དཀའ་ཡང་། གསལ་དྲགས་པའི་རྨི་ལམ་གྱི་གཞུང་ལ། ཕན་ཚུན་གྱི་དྲོད་འཁོལ་བསྒོམ་དོན། དགུན་ཟླ་རིང་དྲགས་པ་མིན་ན། ཁོ་མོ་འཇོར་ཆེ་པའི་ལད་ཡིན། ཐུགས་རྗེ་ཆེ།There must be one Droma(Deity) among many, must be a Droma who take care the infants. There must be a Droma who can sing the song of kindness by eyes. Eventhough, didn't enter a middle school and didn't experienced a official work, but one true Droma who looking everyone with the smile, the smile with light, will light my fire to remove your anxiety. There must be one Droma among many. Must be a Droma who will take a small path. One who plundering the herder's two pairs of plowing bullocks. She will offer you the liquor of love. She will console me. In this case eventhough the tear mixed with lake feel not sad. The sun setdown still speed is slow. There must be a Droma among many Droma. The Droma is only sixteen years old but the father and son can wait for another sixteen. The life is not a beautiful picture and we cannot transform it but if during the dream keeping each other's warm is not a reason for period of the winter is long then must be for she is beauty. Thanks.