Skip to main content Skip to search
26 Apr 2019
6 min 11 sec
Video Overview
Creators: 
Dradul Dorjay, Tsegona

This is a Khampa, or an eastern Tibetan, dance performed by young children.

ཞབས་བྲོ་འདི་ནི་བྱིས་པ་དག་གིས་འཁྲབ་སྟོན་གནང་བའི་ཁམས་པའི་ཡུལ་གྱི་ཞབས་བྲོ་ཞིག་ཡིན།

由小孩子表演的一种康巴藏区的舞蹈。

བོད་ཁམས་ཀྱི་ས་ཆ་སོ་སོར་རང་རང་ཡུལ་གྱི་ཐུན་མོང་མ་ཡིན་པའི་གར་གྱི་རྣམ་པ་དང་ཉམས་འགྱུར་ཡོད་ལ། སྐོར་བྲོ་དང་ནང་མའི་བྲོ་སོགས་ལས་ཁམས་པའི་ཞབས་བྲོ་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན། སྤྱིར་མདོ་སྟོད་ཡུལ་གྱི་ཞབས་བྲོ་ནི་བོད་ཀྱི་ཡུལ་ཕྱོགས་གཞན་གྱི་ཞབས་བྲོའི་རྣམ་པ་དང་མི་འདྲ་བའི་བྲོ་ཞིག་ཡིན། ལྷོད་ཤ་དོད་པའི་གདངས་འགྲོས་དང་བརྗིད་ཉམས་ལྡན་པའི་གར་སྟབས་དག་ལ་ཁམས་པའི་མི་རྣམས་ཀྱི་བློ་སྤོབས་དང་བློ་རྒྱ་མཚོན་ཐུབ་ལ། དཔའ་ངར་དང་སྙིང་སྟོབས་ཀྱི་རྣམ་པ་ཞིག་ཀྱང་ཞབས་བྲོའི་རམ་འདེགས་གདངས་དབྱངས་དང་གར་གྱི་ཉམས་འགྱུར་སོགས་ལས་མཐོང་ཐུབ། ཞབས་བྲོ་འདི་ནི་མི་དར་མ་དག་གིས་འཁྲབ་ཚེ་ད་གཟོད་ཞབས་བྲོའི་ཐུན་མོང་མ་ཡིན་པའི་གདོད་མའི་རྣམ་པ་དང་སྒྱུ་རྩལ་གྱི་ཉམས་འགྱུར་སོགས་ཇི་བཞིན་ཕྱིར་མངོན་ཐུབ།  

不同的藏区,都会有各自不同的舞蹈风格,譬如锅庄与囊玛舞蹈,分割不尽相同。一般而言,康区的舞蹈往往展现出一种英勇风姿,是对康巴人的心胸与智慧的直接表现。尤其是由成年人表演时,更能展现出一种原生态的魅力。