Skip to main content Skip to search
25 Jan 2016
3 min 59 sec
Video Overview
Creators: 
Sonam Chophel, Dawa Tshering

སྤུ་ན་ཁ་ཡེ་སྦི་ས་ལས་ ཨོ་རྒྱན་གྱིས་འཐེན་མི་གླུ་གཞས་ དར་དཀར་ལ་མོའི་ལ་ཞོལ། ཟེར་མི་འདི་ གཞུང་སྒྲའི་གླུ་གཞས་ཅིག་ཨིན། གླུ་གཞས་འདི་ནང་ ས་གནས་ཁག་སོ་སོ་ལས་ཕར་ཡོད་པའི་ས་དང་ཆུ་ཚུ་ཡང་ བུམོ་དཔལ་འཛོམས་བུ་མོའི་ཕ་ཡུལ་དང་གསོལ་ཆུ་ ཟེར་འཐེན་ནི་འདུག དཔལ་འཛོམས་བུ་མོའི་སྐོར་ལས་ཤེས་མི་ཅིག་ ག་ཡང་ཕྱད་མ་ཚུགསཔ་ ཨིན་རུང་ དར་དཀར་ན་ཁ་ཐུག་ལས་ དཔལ་འཛོམས་བུ་མོ་ཟེར་མི་ཅིག་སྡོད་སྡོདཔ་འོང་ནི་ཨིན་མས། དེ་ཡང་ གླུ་གཞས་ཀྱི་ཚིག་ནང་ དར་དཀར་ཀ་ལི་རྫིང་ཁ། དཔལ་འཛོམས་བུ་མོའི་ཕ་ཡུལ། དར་དཀར་གསེར་མཚོ་གཡུ་མཚོ། དཔལ་འཛོམས་བུ་མོའི་གསོལ་ཆུ། ཟེར་འཐོན་ནི་འདུག།

 

In this video, Ugyen from Yebisa in Punakha sings a song called "Dagala Mountain Slopes” (Dakar Lamoi Lazhol), which is also a zhungdra. Here, they focus more on the four lines of lyrics. Our researchers tried to collect information about Pelzom Bumoi, but unfortunately they did not meet anyone who was familiar with her background. From this song, we get an idea that there must have been a lady called Pelzom Bumoi in Dagana in the past.

 

Transcript search
No results found for this search
0 of 0