Video Overview
Tsoklo from Gartsé village in Tsekhok tells the story of how a man laid a curse upon Mongolians occupying his village.
- འདི་ནི་དཔྱི་ས་ཨ་རྡོར་ཡང་མོས་སོག་པོར་བསྙེན་སྡིགས་བྱས་པ་རེད།
- ཆུ་ཁོག་ཤོག་ཁ་བཞི་ཟེར་བ་ནི།
- འདི་གནམ་སའི་ཀ་བ་བཞི་འདུག་འདུག
- སྟག་མོ་ཚོ་བ་བཞི་བོ་འདུག་འདུག
- འདིའི་ནང་དུ་བླ་མ་གསུམ་འཁྲུངས་ཡོད་པ་ནི།
- སྨད་པས་སྟག་ཡས་དོན་འགྲུབ་རྒྱ་མཚོ།
- བར་ནས་རི་རྒོད་ཆོས་དཔོན་རྒྱ་མཚོ།
- སྟོད་ནས་བླ་མ་དྲི་བ་བཏོན་ཚེ།
- འཇིག་རྟེན་གྱི་བྱ་བ་ནས། ལག་གི་སྤྱོད་པ་ནས།
- མུན་ནག་གི་སྨུག་ཅིག་འཐིབས།
- གསེར་ནག་གི་ཆར་ཞིག་བབས།
- ངའི་དཔྱི་ས་ཚོར་བཙན་རྟ་བཞོན་མེད་ཀྱང་གཉེན་བོང་བཞོན་ཡོད།
- ས་ཡར་སྣ་གསེར་གྱི་མར་ཕྱོགས་ནས།
- ངའི་མ་སྲང་གསེར་གྱི་བཞི་མདོ་ནས།
- གླང་ཆེན་འདྲ་བའི་རྣ་ཞགས་ནས།
- བདུད་ནག་ཁྱེར་བུ་སྣ་ཁ་ནས།
- རྩིས་ར་ནག་པོ་ཐང་ལ་བརྡལ་ནས།
- ལག་པའི་གདུག་སྤྲུལ་ཐང་ལ་བཅས་ན།
- ལྷ་ལྷ་མོའི་ཀག་སྒྲ་གོང་ནས་འཐེན་ན།
- ཀླུ་ཀླུ་མོའི་ལྡིང་རྩལ་ཐང་ནས་འདར།
- ངས་རྣ་རྡོག་འཐེན་ས་དགོང་སྔོན་གནམ་ཡིན།
- ངས་གྱོད་བཤད་ས་བར་སྣང་ཁམས་ཡིན།
- ང་འདུག་ས་དོག་མོ་ས་ཡིན།
- ངའི་ངར་སྐད་མ་ཆད་ན་ཁྱོད་ཀྱི་ངུ་སྐད་རེད།
- ངས་ང་བདག་ཆོར་བར་ཁྱོད་ཀྱི་རོ་བདག་བྱེད།
- རོ་འགུལ་བའི་གྲུ་ལག་ཡར་ལ་བརྫེས།
- ཁལ་འགུལ་བའི་ཁ་ཐག་འཁེལ་ནས་སྡོད་ཞེས།
- སོག་པོ་བལྟེབས་དང་ནི་རེད།
- ད་ཅིའི་ལག་དམར་ཡང་གཙོ་བྱས་ནས།
- རྣམ་པ་སྣ་ཚོགས་བྱས་ནས་རི་སྐོར་དེ་བལྟབས་པ་རེད།
- དེ་འདྲ་ཞིག་རེད།
- དེའི་འཕྲོར་ཨ་ཁུ་ཐུགས་རྗེ་ཆེན་ཁྱེད་ཀྱིས་བསྙེན་སྡིགས་ལ་མཚམས་བྱོས་དང་།
- ཁྱེད་ཚང་ལ་བསྙེན་བཤགས་སྟེར།
- མི་སྟོང་གི་མི་ཚར་བ་སྟེར་ཞེས་བཤད།
- ཅེས་ནས་བསྙེན་བལྟབས་པ་དང་བསྙན་བཤགས་བྱིན་ཡོད་མེད་མ་ཤེས།