Skip to main content Skip to search
28 Jun 2018
11 min 45 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • བསམ་གཏན་ཡེ་ཤེས་ Samten Yeshi
    ང་བཅས་ར་ མ་འོངས་ཀྱི་ ད་ བུ་གཞི་ག་ར་དང་ ད་ལྟོ་གི་ན་གཞོན་འདི་ཚུ་ལུ་ ཏེ་ ལམ་སྲོལ་གྱི་རིག་པ་འདི་ སྤེལ་དགོ་ཁག་ཆེ་བས་བ་སྨོ་ལགས། ད་ ང་བཅས་ ད་ འ་ནཱི་བཟུམ་འབད་བའི་བསྒང་ལས་ ད་ལྟོའི་ ཤེས་རིག་གི་ལམ་ལུགས་བཟུམ་ཅིག་ནང་ལུ་འབད་བ་ཅིན་ འདི་ལམ་སྲོལ་ ཁྱབ་སྤེལ་གྱི་སྲིད་བྱུས་འདི་ ག་དེ་སྦེ་འདུག་ག་ མིན་འདུག་ག་ ནཱ་གི་ཐུགས་འཆར་ལས་འབད་བ་ཅིན་ འདི་ཅིག་གསུང་སྟེ་བཀའ་དྲིན་བསྐྱང་གནང་།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ད་དེ་བསྒང་ ང་ཡང་ནཱ་རྩོམ་སྒྲིག་སྦེ་སྡོད་པའི་སྐབས་སུ་ ཡར་རྫོང་ཁག་ཤེས་རིག་ལས་ཁུངས་ནང་ལུ་སྡོད་པའི་སྐབས་སུ་ལུ་འདི་ ཏེ་ ཨ་ཙི་རེ་ཡོད་ རོགས་གནས་བསྐོར་དང་ འ་ནཱི་ཚུ་ གཙང་སྦྲ་འཕྲོད་བསྟེན་དང་ གུས་ཞབས་འདི་ཚུ་ མི་ཆོས་གཙང་མ་བཅུ་དྲུག་ཚུ་འདི་ བཙུགས་ཏེ་རང་ཡོད་བ་ལགས་ ད་ནཱ་ལས་ ཤུལ་ལས་ཀྱི་ རྩ་གཞུང་འདི་ཚུ་ལུ་འདི་ ག་དེ་སྦེ་འགྱོཝ་ཨིན་ན་མ་ཤེས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ད་ ཡོད་ག་མེད་ག་ ཞིབ་དཔྱད་ཡང་འབད་མ་ཚུགས་ བལྟ་ཡང་མ་ཚུགས་ གཙོ་བོ་འདི་ ནཱ་གིས་ཞུ་དོ་བཟུམ་སྦེ་ ཏེ་ མ་འོངས་པ་གི་ རྒྱལ་ཁབ་ཀྱི་བདག་འཛིནའཐབ་མི་ཟེར་རུང་དྲག་ སྡོད་མི་ཟེར་རུང་དྲག་ ཏེ་ ཁ་ལས་སླབ་པའི་སྐབས་སུ་ ཕ་ཤུལ་བུ་དང་ གཡག་ཤུལ་ཀོཝ་ཨིན་ཟེར་སླབ་མས་ ཏེ་ ཕའི་ཤུལ་ལུ་སྡོད་མི་ག་ཨིན་མས་ བུ་ཨིན་མས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    བུ་ཚུ་འདི་ཚུ་ལུ་འདི་ ག་གིས་སྤྲོད་དགོ་ཟེར་ ཕམ་དང་གཞུང་གིས་ སྤྲོད་དགོ་པས་བ་འ་ནཱི་སྐབས་སུ་ལུ་ ད་ གཙོ་བོ་འ་ནཱི་ཚུ་སྤྲོད་ནིའི་དོན་ལུ་ ཏེ་ ཨ་ལོ་ཚུ་ལུ་འདི་ ག་ཅི་སྨོ་ཟེར་བ་ཅིན་ མི་ཤེས་ཟེར་སླབ་སྟེ་འདི་ལུ་ཚོགས་བརྡ་གཏང་ནི་མེན་པས་བ་ལགས། ང་བཅས་རའི་ ཁོང་ལུ་མ་བྱིན་མས་བ་ལགས། ཁོང་ལུ་སྟོན་ཏེ་མ་བྱིན་པས་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཁོང་ལུ་ལམ་སྟོན་འདི་ མ་བྱིན་པས་བ་ལགས་ བུ་མཁས་རུང་ ཕ་མའི་བསླབ་བྱ་དགོ་ཟེར་སླབ་མི་འདི་ བསླབ་བྱ་འདི་བྱིན་ནི་ཁག་ཆེ་བས་བ་ལགས། འ་ནཱི་ང་བཅས་ར་གིས་ ད་རེས་གནས་སྟངས་འདི་ གཞུང་གིས་ བསྐྱར་ཞིབ་འབད་ཞིནམ་ལས་ མ་འཐུསཔ་འདྲཝ་འབད་བ་ཅིན་ ཏེ་ ད་རེས་ནངས་པ་ མི་གིས་ གསརཔ་ཅིག་དེ་ཡང་ རྩ་གཞུང་ནང་ལུ་བཀོད་བཞག་པ་ཅིན་ ཁོ་གིས་ ཧེ་མའི་ལམ་ལུགས་མི་ཤེས་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཁོ་ལུ་ ཁོ་ལུ་སློབ་སྟོན་བྱིན་དགོ་ ཁོ་ལུ་སློབ་སྦྱོང་བྱིན་དགོ་ གནས་སྟངས་འདི་ལ་ལ་ཤེས་དགོ་ དེ་ལས་འབདན་ཁོ་གིས་ རྒྱབ་འགྱིར་ཞིནམ་ལས་ ལྷོད་ལྷོད་བཏང་སྟེ་འགྱོ་འོང་ ཏེ་ ཁོ་གིས་ གདོང་འགྱིམ་ཏེ་འགྱོ་མི་མི་ཨིན་མས་བ་ལགས། རྒྱབ་ རྒྱབ་བཤུད་རྐྱབ་མ་ཤེས་མི་ཨིན་མས་བ་ལགས། གསརཔ་ཨིན་མས་ རིག་པ་གསར་པའི་སྐབས་ལུ་ ཡོན་ཏན་ལྷབ་སྟེ་འོང་འོངམ་མི།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    བརྒྱ་ཆ་ལས་ ཡུདཔ་ཅིག་དགུ་བཅུ་འབད་བ་ཅིན་ རོགས་ཀྱི་རིག་པ་ཨིན་མས་ ཕར་ལས་ལེན་མི་ ང་བཅས་རའི་ རིག་པ་མེན་པས་བ་ལགས་འ་ནཱི་ཚུ་ རིག་པ་ཡོན་ཏན་གསརཔ་ལྷབ་པའི་སྐབས་ འ་ནཱི་ང་བཅས་རའི་རིག་པ་འདི་བྱིན་དགོ་པས་བ་ལགས། བྱིན་རུང་ཡང་ ཨ་ལོ་ཚུ་ལུ་འདི་ གཅིག་ལས་དཔྱད་པ་ཅིན་ མི་ཤེས་པས་ཟེར་མི་འདི་ ཕ་མ་གིས་མེདཔ་བཏང་མས་བ་ལགས། འ་ནི་འདི་ བུ་ལང་ཤོར་བཏང་བ་གཅེས་ཕྲུག་མིན་ཟེར་ སྔོན་བྱོན་རྒྱལ་བ་གོངམ་གྱིས་ཡང་གསུངས་བཞག་ནུག
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཏེ་ གཅེས་གཅེས་ཕངས་ཕངས་འབད་ བསླབ་སྟོན་ཡང་མ་བྱིན་ ཏེ་ ག་ཅི་ཡང་མ་བྱིན་པར་བཞག་པའི་བསྒང་ལས་ ཨ་ལོ་མི་ཤེས་ལགས་ འ་ནཱི་འབད་ནི་འདི་གིས་ ནཱ་ལས་ཞུ་དོ་བཟུམ་སྦེ་ གསུང་དོ་བཟུམ་སྦེ་རང་ ཏེ་ ང་བཅས་ར་གིས་ བསྐྱར་ཞིབ་འབད་ཞིནམ་ལས་ མི་འཐུསཔ་ཡོད་པ་ཅིན་ ལམ་སྲོལ་འདི་ཚུ་ ག་དེ་སྦེ་འབད་ན་ ཏེ་ ད་རེས་ གཞུང་ཚ་གྱང་ལང་མི་གཅིག་འ་ནཱི་ཨིན་མས་ ཧེ་མ་དང་ ད་རེས་ནངས་པ་ཕྱད་པ་ཅིན།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ས་དང་གནམ་གྱི་ ཨ་ལོ་ཚུ་འགྱུར་ཡར་སོང་ཡི་བ་ད་ གཅིག་འདི་ག་ཅི་འགྱུར་ཡི་ཟེར་བ་ཅིན་ དམངས་གཙོའི་རིང་ལུགས་འདི་ འགྱུར་བཏང་ཡི་བ་ལགས། དམངས་གཙོའི་རིང་ལུགས་འདི་གི་གོ་བ་འདི་ ཕྱི་འགྱུར་སྦེ་གོཝ་མས་བ་མི་གིས་ ང་གིས་ ག་ཏེ་ཡང་གསལ་བཤད་དེ་སྦེ་རང་རྐྱབ་དོ་ ནཱ་བུ་གིས་ དམངས་གཙོའི་རིང་ལུགས་ཟེར་བའི་སྐབས་སུ་ གོ་བ་ག་དེ་སྦེ་གོ་དོ་ ཕྱི་འགྱུར་གོ་ཡི་ཟེར།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ང་གིས་འབད་བ་ཅིན་ དེ་སྦེ་མེན་ཟེར་ ག་དེ་སྦེ་མནོ་བསམ་བཏང་དགོ་ཟེར་བ་ཅིན་ མངའ་བདག་རྒྱལ་པོ་གིས་ ཐུགས་བཞེད་ག་ཅི་གནང་ཡི་ཟེར་བ་ཅིན་ ད་རེས་ཚུན་ཚོད་མི་ ང་ཕུད་རྡོག་གཅིག་གིས་འགོ་འདྲེན་ཐོག་ལུ་ འབྲུག་རྒྱལ་ཁབ་འདི་ ང་གིས་སྐྱོང་སྦེ་ ཡར་འ་ནེམ་ཅིག་ ས་ཁར་བསྐྱེལ་ཡི་ ད་ཁྱེད་ཆ་ཁྱབ་ཀྱིས་ དམངས་སྤྱི་རུབ་ཀྱི་ཐོག་ལས་ འགན་ཁུར་འདི་འབག་ཞིནམ་ལས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཚར་གཅིག་ ག་དེ་སྦེ་འབད་ན་ འབད་ཚུགས་ག་བལྟ་ཞིནམ་ལས་ ཡར་ཡར་ གོམ་པ་ཚར་གཅིག་ གོམ་པ་སྤོ་ཟེར་ཨིན་མས་བ་ལགས། ཏེ་ ཁོང་ང་བཅས་རའི་ མིའི་མནོ་བསམ་ག་ཅི་བཏང་ཡི་ཟེར་བ་ཅིན་ དམངས་གཙོའི་རིང་ལུགས་ཟེར་བའི་བསྒང་ལས་ ཁའི་རང་དབང་ཡོད་ འབད་ནིའི་རང་དབང་ཡོད་ འབད་ནི་རང་དབང་ཡོད་ གུས་ཞབས་མེད་ ཁའི་རང་བདང་ཡོད་ གུས་ཞབས་མེད་སྨོ་ཤིག་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    གུས་ཞབས་འདི་ཚུ་ འ་ནཱི་ཚུ་འགྱོ་མས་ ཏེ་ད་ལགས་ བློན་པོ་ཚུ་ལུ་ ང་ དེ་སྦེ་རང་སླབ་དོ་ མི་སེར་གཡུས་ཁར་ལས་ཕར་འགྱོ་བ་ཅིན་ ནཱ་བུ་གིས་ ཚོགས་རྒྱན་བཙུགས་ཚར་ཞིནམ་ལས་ དྲིན་མ་བཀལ་ཟེར་ ཨ་ ང་གིས་ཚོགས་རྒྱན་བཙུགས་ཞིནམ་ལས་ ཁོ་དཔོན་ཐོབ་ཐོབ་ཨིན་ཟེར་ མནོ་བསམ་མ་བཏང་ཟེར།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཁྱོད་ཕར་ གདམ་ཁ་རྐྱབ་ས་ལེ་ཤ་ཡོད་ ཚོགས་རྒྱན་འདི་ ཨ་ཕི་ནང་རང་ བཙུགས་མི་འདི་ ཁོའི་ནང་འགྱོ་མི་འདི་ ཁོའི་བསོད་ནམས་ཀྱིས་སྦེ་ འབག་འགྱོ་འགྱོཝ་ཨིན་ཟེར་ ཁོའི་བསོད་ནམས་ཀྱིས་ འཐེན་འཐེན་པའི་ཚོགས་རྒྱན་ཨིན་ཟེར་ ད་རོགས་བཏོན་ཚར་ཞིནམ་ལས་ ང་བཅས་ཀྱིས་ ཁ་བཏང་ནི་མི་འོང་།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཁོ་ལུ་གཞན་འདི་ ང་བཅས་ར་གིས་ གྲོགས་རམ་འབད་དགོ་ཟེར་ འཛོལ་བ་ཅིན་ བསླབ་སྟོན་བྱིན་དགོ་ཟེར་ ཁོ་གི་ཐུགས་རྒྱུད་ཀྱི་བསྐུལ་ཏེ་ ལཱ་འབད་ཐངས་བཅའ་ཐངས་ཚུ་ ང་བཅས་ར་གི་བྱིན་ནི་འདི་ ཁག་ཆེ་ཟེར་ ཏེ་ འ་ནཱི་འབད་ནི་འདི་གིས་ ཁའི་དལ་དབང་དྲག་པ་ཅིན་ ལཱ་ཁག་འདུག་བ་ལགས་ ང་བཅས་རའི་ མི་ད་རེས་མནོ་བསམ་འ་ནཱི་བཏང་མས་ལགས་མི་ག་ར་གིས་རང།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    དལ་དབང་ཟེར་བའི་སྐབས་སུ་ལས་ ཕྲང་ཕྲང་འ་ནཱི་གི་མནོ་བསམ་འདི་ ང་བཅས་ཀྱིས་ ཕར་གྱི་ལྟ་བ་འདི་ འ་ནཱ་བཙུགས་པའི་སྐབས་སུ་ལུ་འདི་ ག་ཅི་ཡང་འབད་ཆོག་པའི་སྣང་བ་ཅིག་བཏངམ་ཨིན་ འ་ནཱི་འབད་ནི་འདི་ ཕོ་མོ་དབང་ཚད་ཀྱི་ འདྲ་མཉམ་ལས་འབད་རུང་ དེ་སྦེ་འགྱོཝ་མས་ ང་མདངས་ཞག་ཚར་གཅིག་ཕུན་ཚོགས་གླིང་ལུ་འགྱོཝ་ད་ ཨམ་སྲུ་ཚུ་ལུ་སླབ་ཅི་ ནཱ་བུ་གིས་ དབང་ཚད་འདྲ་མཉམ་ ཕོ་མོ་འདྲ་མཉམ་ཟེརཝ་ད་ གོ་བ་འདི་ ག་དེ་སྦེ་གོ་དོ་ཟེར་བ་ཅིན།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཕོནི་ཕོ་རང་ཨིན་ མོནི་མོ་རང་ཨིན་ འདྲ་མཉམ་འགྱོ་མི་བཏུབ་ཟེར་སླབ་ཨིན་ ཏེ་ མིང་གི་ཐོག་ལས་ འདྲ་མཉམ་མེན་ཟེར་ ཁོ་ ཁྱོདནི་ཨམ་སྲུ་རང་ཨིན་ཟེར་ ང་བཅསནི་ཕོ་སྐྱེས་ཨིན་ཟེར་སླབ་ཨིན་ ཏེ་ ད་ ནཱ་ལུ་ཡང་ གོ་བ་ག་ཅི་གོ་དགོ་ཟེར་བ་ཅིན་ ཐོབ་དབང་འདྲ་མཉམ་དགོ་ཟེར་ལགས་ ཐོབ་དབང་ ག་ཅི་དགོ་ཟེར་བ་ཅིན་ ཡོན་ཏན་ལྷབ་ནི་གོ་སྐབས་འདྲ་མཉམ་དགོ་ཟེར།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    གཞུང་གི་གཡོག་ནང་ལུ་ གོ་སྐབས་འདྲ་མཉམ་དགོ་ཟེར་ འགན་འཁྲི་འབག་ནི་གོ་སྐབས་འདྲ་མཉམ་དགོ་ཟེར་ འ་ནཱི་ནཱ་བུ་གིས་ དམིགས་གཏད་འདི་ འ་ནཱི་ཁར་བསྐྱེད་དེ་བཏང་དགོ་ཟེར་ འ་ནཱི་སངས་རྒྱས་ཤཀྱཱ་ཐུབ་པ་གི་ཆོས་ནང་ལུ་ ག་དེ་སྦེ་གསུངས་ཏེ་ཡོད་ཟེར་བ་ཅིན་ ལུས་ལ་ཕོ་མོ་ཡོད་དེ་འབད་རུང་ སེམས་ལ་ཕོ་མོ་མེད།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    འ་ནཱི་འབད་ནི་འདི་གིས་ འཁོར་རྣམ་པ་བཞི་ནང་ལུ་ དགེ་སློང་དང་དགེ་སློང་མ་ དགེ་བསྙེན་དང་དགེ་བསྙེན་མ་ཟེར་ཡོད་ཟེར་ ཆོས་ཀྱི་ནང་ལུ་ འདྲན་འདྲ་གོ་སྐབས་གནང་སྟེ་ཡོད་ སངས་རྒྱས་ཀྱིས་ འ་ནཱི་ རིགས་འབྲེལ་ཏེ་ ནཱ་བུ་གིས་ སྲིད་དོན་ནང་ལུ་ཡང་ ཏེ་ འདྲན་འདྲ་འོང་ནི་གི་ མནོ་བསམ་བཏང་དགོ་ཟེར།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    མནོ་བསམ་འདི་ ཕོ་སྐྱེས་ཀྱིས་ མདའ་རྐྱབ་ས་ལུ་ ཁྱོད་ཚུ་གིས་མདའ་རྐྱབ་ད་ ཕོ་སྐྱེས་ཀྱིས་ ཁུ་རུ་རྐྱབ་ས་ལུ་ ཨམ་སྲུ་ཚུ་གིས་ཁུ་རུ་ དེ་ལས་ ཁུ་རུ་རྐྱབ་ ཕོ་སྐྱེས་ཀྱིས་ རྡོ་སྒོར་རྐྱབ་ས་ ཨམ་སྲུ་གིས་རྡོ་སྒོར་རྐྱབ་ནི་འདི་མེན་ཟེར་ འ་ནཱི་ལྟ་བ་འདི་ གནས་སྟངས་དང་མ་མཐུན་པའི་ལཱ་ཨིན་ཟེར་ མནོ་བསམ་བཏང་སྟེ་ འ་ནཱི་འདི་མེན་ཟེར་ འ་ནཱི་སྦེ་ང་གིས་ གོ་བརྡ་སྤྲོད་དོ་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    འ་ནཱི་ང་བཅས་ཀྱིས་ མནོ་བསམ་བཏང་ནི་འདི་ད་རེས་ གཅིག་འ་ནཱི་གི་དཀྲུག་བཏང་མས་ལགས་ང་བཅས་ཀྱི་ གཅིག་འ་ནཱི་ཁ་གི་རང་དབང་འདི་གིས་ ཏེ་ གནམ་མེད་ས་མེད་བཏང་ཡི་བ་ལགས་ འ་ནཱི་གི་ འ་ནཱི་ཚུ་ ང་བཅས་རའི་ཨ་ཙི་ཅིག་ཤེས་བྱ་འདི་ སྤེལ་དགོ་པས་ལགས་འ་ནཱི་ཚུ་ ག་དེ་མང་མང་བརྡ་བརྒྱུད་ཀྱི་ནང་ལས་ཕར་ དམངས་གཙོའི་རིང་ལུགས་ཟེར་མི་འདི་ ཁུངས་དང་དགོས་པ་ འ་ནཱི་མས་བཤད་པ་རྐྱབ།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    དེ་ལས་ ང་ཕོ་མོ་འདྲ་མཉམ་གྱི་བཤད་པ་འབད་བ་ཅིན་ འ་ནཱི་འ་ནཱི་སྦེ་ཨིན་ཟེར་མི་ཅིག་ ལེགས་ཤོམ་སྦེ་གོ་བརྡ་འཕྲོད་ནི་འདི་ གནམ་མེད་ས་མེད་ཁག་ཆེ་བས་བ་ལགས། ཏེ་ སྨྲ་ཤིང་བསྐུལ་བ་བྱས་པ་ན། དུད་འགྲོ་ལ་ཡང་གོ་བ་ལ། དུད་འགྲོ་སེམས་ཅན་གྱིས་འབད་རུང་ ལེགས་ཤོམ་འབད་བ་ཅིན་ ང་བཅས་ར་འདི་མི་ཨིན་མས་ ཏེ་ སྨྲ་ཤེས་དོན་གོ་བ་བྱས་པ་མཚན་ཉིད་དང་ལྡན་པའི་མི་ཨིན་མས་ཏེ་ད།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ད་ མི་གིས་འདི་ ཧེང་སྐལ་ཤེས་དགོ་བ་ཏེ་ དེ་འབདཝ་ད་སླབ་དནི་ འ་་་ ལེ་ཤ་སླབ་དགོ་པས་ལགས་ ལ་ལུ་ཅིག་ནང་ལུ་ ཏེ་ མ་གོ་བ་ཨིན་པས་ ཏེ་ གོ་བ་མེད་པའི་མི་ལ། རྒྱལ་པོའི་བཀའ་ལས་དབྱུག་པ་བཙན་ཟེར་གསུངས་ནུག་སྨོ་ཤིག་ལགས། ཏེ་ འ་ནཱི་འབད་ནི་དེ་གིས་ ཁྲིམས་བཟོ་མི་འདི་ རྒྱུ་མཚན་འདི་ལས་བརྟེན་ཏེ་ཨིན་མས་བ་ལགས་ ང་བཅས་རང་གི་ འ་ནཱི་ཚུ་ ང་བཅས་ར་གིས་ ཨ་ཙི་ཅིག
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    མནོ་བསམ་གཏང་ནི་ཚུ་ ཨ་ཙི་འགྱུར་བ་བཏང་དགོ་པས་ ང་བཅས་འབྲུག་པའི་མི་འདི་ཚུ་ གཅིག་ང་བཅས་འབྲུག་པའི་མི་ལུ་ ད་ ཕྲང་སྟེ་རང་ཞུ་དགོ་པས་ ང་རང་འབྲུགཔ་ཨིན་ སྐྱིད་ཐལ་ཏེ་ལགས་ སྐྱིད་ཐལ་ཏེ་ལགས་ གནམ་མེད་ས་མེད་ ཆོག་ཤེས་མེད་པའི་སྐྱིད་ཅིག་ སྐྱིད་ཉམས་ཅིག་སྐྱོང་སྟེ་ཡོདཔ་ཨིན།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ནངས་པ་གནངས་ཚེ་སྡུག་ཅིག་ཐོབ་རང་ཐོབ་ ང་འདྲོགཔ་ཨིན་ལགས་འ་ནཱ་ལས་ ང་རང་མནོ་བསམ་བཏང་པ་ཅིན་ སྡུག་ཅིག་རེག་འོང་ ལྟ་མ་ད་ རྡོ་ག་ཅི་ལོ་ ངར་གདོང་ རྡོ་དང་ཕྱདཝ་ཅིག་ ཕྱད་ནིའི་དུས་ཚོད་ཅིག་མི་འོང་ག་ཟེར་མནོ་སྟེ་ ད་རེས་འདི་གནམ་མེད་ས་མེད་ ལྷའི་ཞིང་ཁམས་བཟུམ་ཅིག་ཡང་ འདི་བཟུམ་ཅིག་མི་འོང་མནོཝ་ཅིག་འདུག་ང་གིས་ འབྲུག་རྒྱལ་ཁབ་ང་བཅས་ར་བཟུམ་སྦེ།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཏེ་ མར་ལྕང་གླིང་མི་ཐང་རྩེད་ཐང་ནང་འབད་བ་ཅིན་ ཕྱི་རི་ནུབ་ཕྱེད་ ཆུ་ཚོད་གཅིག་དང་གཉིས་དེ་ཅིག་ཁར་ཡང་ ཏེ་ རྐང་རྩེད་ཕུཊ་བཱོལ་རྩེ་ནི་ཡོད་པ་ལུ་ མདའ་རྩེ་ནི་ཡོད་པ་ལུ་ དེ་སྦེ་རང་ཏེ་ང་བཅས་རའི་ འདི་ཚུ་ག་ཏེ་ཡོད་ རྒྱལ་ཁྱབ་གཞན་ཁ་ལུ་ འདུག་ག་ལགས་ ཏེ་ ང་གིས་འདི་ ཕྱི་ཁར་ལས་ཕར་ ལྷོད་ཡང་མ་ལྷོད།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ང་བཅས་འབྲུགཔ་བཟུམ་སྦེ་ མི་སྤྲོ་ཉམས་སྟོན་མི་ཅིག་འདི་ གནམ་མེད་ས་མེད་མ་མཐོང་ཟེར་ཞུ་ནི་ ང་གིས་འབད་བ་ཅིན་ གནམ་མེད་ས་མེད་སྐྱིད་ གནམ་མེད་ས་མེད་ གཞུང་གི་བཀའ་དྲིན་ཆེ་ནི་དེ་གིས་ནཱ་ ག་ཅི་རང་ནཱ་ བཏོན་བཞག་སྟེ་ཡོད་ནི་འདི་གིས་ དེ་ལས་ནཱ་ ཚོ་ཏོ་ཅིག་མེད་རུང་ ཚྭ་ཅིག་མེད་དེ་སྦེ་རུང་ ཏེ་དེ་ ཉོ་སྟེ་བླུག་ཆོག་ཆོག་ཡོད་ནི་འདི་གིས་སྐྱིད་ཐཝ་མས་ཏེ་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    དུས་ནམ་ཅིག་ཚར་གཅིག་ ང་བཅས་ར་གི་སྡུག་ སྐྱིད་ལོ་བདེ་བའི་དུས་སུ་སྡུག་བསྔལ་འོང་། སྡུག་སྔལ་དུས་སུ་བདེ་བ་འོང་། ཟེར་ མི་རྣམ་ཀུན་གྱི་བདེ་སྡུག་དང་། འཁོར་ལོ་བཞིན་དུ་འཁོར་བ་འགྱུར། ཟེར་སླབ་ཨིན་ འ་ནཱི་ཚུ་གི་ འོང་ནི་གི་ཉེན་ཁ་ཡོད་ ཏེ་ ཞབས་དྲུང་རིན་པོ་ཆེ་གིས་ཡང་ ག་དེ་སྦེ་གསུངས་ཡི་ ཁག་ཁག་ལྕོགས་ལྕོགས་པའི་ལས་མ་བྱེད་ན། མངར་མངར་ལྷོད་ལྷོད་མའི་ཟས་མི་བརྙེད།(?) ཟེར།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ངུ་འགྲོ་བའི་ལས་ཀ་མ་བྱས་ན། གར་འགྲོ་བའི་སྡིག་པ་མི་འོང་། གསུངས་ཏེ་ཡོདཔ་ཨིན་ དགའ་ཤོར་སྐྱིད་ཤོར་ལ་ཡོན་ཏན་ཤེས་པ་ཅིན་ མི་ཐམས་ཅད་ཀྱིས་ མཁས་པ་བྱས་དང་ཟེར་ གསུངས་ཏེ་ཡོད་བ་ ཏེ་འ་ནཱི་གི་ ང་བཅས་ཀྱིས་ མནོ་བསམ་བཏང་དགོ་པས་ འ་ནཱི་ཚུ་ག་ར་ འ་ནཱི་ང་བཅས་ར་གིས་ ད་རེས་ཨ་ཙི་ཅིག་ ཏེ་ རྒྱལ་ཁྱབ་ཡར་རྒྱས་འགྱོ་བའི་ནམ་དུས་ལུ་ ད་ ཚར་གཅིག་གདོང་འགྱིམ་ཏེ་ རོགས་དག་པ་ཅིག་རང་ཨིན་མས་ ན་འཐན་མནོ་བསམ་བཏང་སྟེ་འགྱོ་མི་ཚུ།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    གར་མི་འདི་ ཏི་རུ་བཟོ་བའི་ནམ་དུས་ལུ་ཨིན་ ད་བཟོ་ད་བཟོ་དགོ་ ད་སླབ་མི་འདི་ དུས་ནམ་ཕུགས་ཅིག་ ང་བཅས་ཀྱིས་སྤྲོ་ཉམས་སྟོན་ ཏེ་ ང་བཅས་ར་གིས་ བདེན་པ་མཉེས་མ་(?) བར་ན་ཁར་ཚུ་ མང་ཆེ་ཤོས་ཅིག་སྐྱིད་ སྐྱིད་ཐལ་ཏེ་འདུག་ད་ ཁོང་གཉིད་མ་ཚོར་བས་ལགས་འ་ནཱི་ཚུ་ འ་ནཱི་ཚུ་ ང་བཅས་ར་གིས་ ཤེས་དགོ་པས།
  • བསམ་གཏན་ཡེ་ཤེས་ Samten Yeshi
    ལགས་སོ་ ད་ མཇུག་ར་ དེ་དང་རིགས་འབྲེལ་ཏེ་གིས་སྦེ་ ད་ ལམ་སྲོལ་མ་འོངས་པའི་དོན་དག་ལས་ལམ་སྲོལ་ ཁག་ཆེ་བའི་ ཆེ་ཧིང་གི་སྐོར་ལས་ ད་ དེ་ལས་ ནཱ་གི་ལོགས་སུ་ དོ་རུང་གཞན་བསམ་ཆར་གསུང་ནི་གི་ ང་བཅས་རའི་འདི་ཚུ།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ད་ གནམ་མེད་ས་མེད་ ད་ཅི་ཞུ་དོ་བཟུམ་སྦེ་ ཡར་ལས་རྒྱས་ཤིང་རྒྱས་པ་ག་ར་ ང་གིས་ཡར་ལས་ཞུ་ཡི་ ད་ ག་ཅིསྨོ་ཟེར་བ་ཅིན་ ང་ར་གིས་དྲིན་མི་འདི་ མནོ་ཚད་དྲན་ཚད་ ད་འ་ནཱི་སྦེ་ཨིན་ལགས་ ཏེ་ ང་ར་འདི་ ག་ཅི་སྨོ་ཟེར་བ་ཅིན་ སེམས་ཁར་མནོ་མི་ཅིག་ སླབ་མི་ཅིག་ཨིན་ལགས། ཏེ་ ལ་ལུ་ཅིག་ཐུགས་ཁར་ཡང་ཕོག་དོ་འོང་། ཏེ་ ག་ཅི་སྨོ་ཟེར་བ་ཅིན་ ཛ་དཔེ་སྤྲུལ་རིན་པོ་ཆེ་གིས་ གསུངས་ནུག་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    དྲི་ན་བཤད་དགོས། ཟེར་ཏེ་ སླབ་ན་སློབ་དགོས། ཟེར་ཨིན་མས་ཏེ་ ཝ་མི་བརྒལ་ག་མི་འབྲེལ་གྲམ་ལྕགས་ལོ་(?) ཁྱི་མི་གཟུགས་ག་མེད་ཀུན་མེད་ནམ་བཀོད་ལོ་(?) ཁ་མི་མང་ག་མེད་རོགས་ཀྱིས་དྲི་ལན།(?) ཟེར་མི་འདི་ཨིན་མས་ ཏེ་ རོགས་ཀྱིས་དྲིཝ་ད་ལུ་ ཏེ་ ང་གིས་ མནོ་ཚད་དྲན་ཚད་སླབ་བཞག་དཔ་ཨིན་ལགས། ད་གནམ་མེད་ས་མེད་ རྒྱས་ཤིང་རྒྱསཔ་སྦེ་ཞུ་ནི་ཡང་མིན་འདུག་ ཏེ་ ད་ཅི་ལྟག་ལས་ཞུ་ཚར་ཡི།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཏེ་ ད་ནཱ་ལས་ཕར་འབད་ད་རུང་ ད་ མི་ཐོག་འ་ནཱ་ལུ་ ང་བཅས་ཆ་ཁྱབ་ཀྱི་གུ་དེ་འདི་ ཉི་ཤུ་རྩ་གཅིག་པ་ཨིན་མས་ ད་ དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ན་ལུ་ ཏེ་བྱེད་ཀྱི་ ལོ་ཕྱེད་ཀྱི་ནང་ན་ལས་ ང་བཅས་རའི་ལོ་ ནང་ན་ལས་ཚུར་ ཨ་ཙི་ཅིག་ ང་བཅས་རའི་གཞུང་དང་ མི་སེར་དང་ག་ར་ ང་བཅས་རའི་ སྒེར་སྡེ་ཨིན་རུང་དྲག་ སྤྱི་རུབ་ཀྱི་ཐོག་ལས་རྒྱལ་ཁབ་ཀྱི་ ལམ་སྲོལ་དང་གནས་སྟངས་འདི་ཚུ་དང་།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཏེ་ བདག་འཛིན་འབད་བ་ཅིན་ ད་ ང་བཅས་ར་གི་ ལེགས་ཤོམ་ཅིག་འོང་ནི་མས་ ད་ འདི་ཁ་ལས་ཡལ་སོངཔ་སྦེ་ དང་ཕུའི་མི་འདི་ཚུ་ག་ར་ ཏེ་ དེ་སྦེ་ནི་དེ་གིས་ ལ་ལུ་ ཏེ་ ང་བཅས་ར་གི་ སྐྱེ་བ་ཕྱི་མའི་ལམ་བདའ་སྟེ་ སྔ་མའི་ལམ་བདའ་སྟེ་འགྱོ་མི་ཙང་ཙ་ཨིན་མས། ད་ འ་ནཱི་འགྱོ་ཞིནམ་ མ་འགྱོ་བ་ཅིན་ ཏེ་ ང་བཅས་ར་རྣ་རྒྱུན་རེ་མི་ཐོབ་ནི་ཨིན་མས་བ་ལགས། ཏེ་ ད་རེས་འབད་བ་ཅིན་ མི་ཐོག་ནང་ཨ་ཙི་ཅིག་འདུག་བ་ལགས་ནཱ།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ད་ ད་ཅི་ཡང་ཞུ་ཡི་ང་གིས་ མིང་བཏོན་ཏེ་ རྫོང་དཔོན་བགྲེསཔ་དཀར་མདོག་ལོ་ ལྕང་ཕྱི་གྲུབ་འཆི་མེད་ ལྕང་རྡོ་རྗེ་ལོ་ དེ་ལསནི་ ང་བཅས་ར་དྲག་ཤོས་རྫོང་བདག་དང་ གཉིས་སྐལ་མའི་ དྲག་ཤོས་བ་ཀྲོ་དཀརཔོ་ལོ་ འདི་ཚུ་ལེ་ཤ་འདུག་ ཏེ་ དྲག་ཤོས་ག་ཛ་ལོ་ འདི་ག་ར་བཞུགས་འདི་ཚུ་ལུ་ ང་བཅས་ར་ ཨ་ཙི་ཅིག་ གནས་སྟངས་འདི་ཚུ་ ག་དེ་སྦེ་ཨིན་ན།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ད་ འ་ནཱ་ལས་ཉམས་སྲུང་འབད་ཞིན་ན་ ང་བཅས་ར་གིས་ ཏེ་ ཨ་ཙི་ཅིག་ ང་བཅས་ར་གིས་འདི་ ནཱ་འབད་ཚུགསཔ་འདྲཝ་འབད་བ་ཅིན་ ད་ ཁོང་རྒས་ཤོས་མ་འདི་ཚུ་ ང་བཅས་ར་གིས་འཛོམས་ ད་ གཞུང་གི་ཁ་ཐུག་ལས་འབད་རུང་དྲག་ སྒེར་གྱི་ཁ་ཐུག་ལས་འབད་བ་ཅིན་ དེ་ལས་ ཨ་ཙི་རེ་མ་དངུལ་རེ་ཡོད་པ་ཅིན་ ཏེ་ཚར་གཅིག་རེ་ ཟླཝ་རེ་རེ་གཉིས་གཉིས་བར་ན་ལུ་ གྲོས་བསྡུར་རེ་འབད་ནི་གིས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ལམ་སྲོལ་འདི་ཚུ་བཟོ་བཞག་པ་ཅིན་ ང་བཅས་ར་གིས་ འ་ནཱི་ དད་མ་རྙིང་མ་(?)བློ་སླབ་ནི་གི་དོན་ལུ་ དང་ཕུ་གི་ལོ་རྒྱུས་ འ་ནཱི་ལོ་རྒྱུས་མ་དྲི་བ་ཅིན་མི་ཐོན་ལགས་འ་ནཱི་ཚུ། ལོ་རྒྱུས་དྲིཝ་ད་རྐྱངམ་གཅིག་འཐོནམ་ཨིན་ རྔ་ལ་དབྱུག་པས་མ་བྱས་ནས། འདིའི་བར་དུ་ཁྱད་ཅི་ཡོད། ཟེར་མི་འདི་ བདེན་རང་བདེན་འ་ནཱི་འདི་ བདེན་རང་བདེན་དགོཔ་འདུག་ རྡུང་རང་རྡུང་དགོ་པས་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཏེ་ མ་རྡུང་བ་ཅིན་ མི་འཐོན་པས་བ་ལགས་ ཏེ་ འ་ནཱི་ང་བཅས་ར་གིས་ ཟླཝ་མ་ཚུད་དེ་འབད་རུང་ དུས་ཅི་ ལོ་གཅིག་གི་ནང་ལུ་ ཏེ་ ཟླཝ་གསུམ་གསུམ་གྱི་བར་ན་ ཚར་རེ་འབད་རུང་ འ་ནཱི་ཨ་ཙི་ཅིག་ མི་རྒས་ཤོས་མ་འདི་ཚུ་ ང་བཅས་ར་ནཱ་འོང་ ཐིམ་ཕུ་ནང་ གྲོས་འཛོམས་ཁང་ཅིག་ནང་འཛོམས་ ཉིནམ་གཅིག་ ཆུ་ཚོད་གཉིས་ལས་གསུམ་བཞི་རེ་བཤད་ཐོ་རེ་བཏང་ ཏེ་ ག་ཅི་རང་སླབ་དགོ་རུང་སླབ་བཅུག་འབད་བ་ཅིན་ ད་རུང་འདི་ཚུ་གིས་ཁ་ལས་ཐོན་འོང་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ད་ འ་ནཱི་འབད་ནི་འདི་གིས་ དུས་ཚོད་གནམ་མེད་ས་མེད་ ང་གིས་འབད་བ་ཅིན་ ཐབས་ལམ་གཅིག་ ད་ འདི་ཚུ་ཁག་ཆེ་ཤོས་ཅིག་འདུག་ འ་ནཱི་འབད་ནི་འདི་གིས་ ང་བཅས་རའི་ ད་ཅི་ཞུ་དོ་བཟུམ་སྦེ་ ལམ་སྲོལ་ཟེར་མི་འདི་དང་ སྐད་ཡིག་ཟེར་མི་འདི་ སྐད་ཡིག་ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ལུ་ ཉམས་ནིའི་དུམ་ཁ་ལུ་ལྷོད་དོ་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ད་ ང་བཅས་ར་གིས་འདི་ མི་གིས་ཁ་ལས་ ཨ་་་རྫོང་ཁ་ཟེར་མི་དེ་འདི་ཡོད་མནོཝ་ཅིག་བཏང་མས་ ང་གིས་འབད་བ་ཅིན་མེད་ལགས་ད་ རྫོང་ཁ་འདི་ བརྒྱ་ཆ་ལས་འབད་བ་ཅིན་ བརྒྱ་ཆ་ཧ་ལམ་བརྒྱ་ཆ་དྲུག་བཅུ་དེ་ཅིག་ བཞི་བཅུ་དེ་ཅིག་ རོགས་ཀྱི་ཁ་སྐད་འཛུལ་དོ་ག་ར་ མི་གནག་པའི་གཡུས་ཁ་འབད་ད་རུང་ འདི་རང་སླབ་སྡོད་མས་ཏེ་ད་ ཨ་ཞང་ལོ་ ཨཱན་ཊི་ལོ་ མ་མི་ལོ་ ཌེ་ཌི་ལོ་ དེ་ལས་ད།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    འདི་ཚུ་ག་ར་ མིང་ག་ར་ཚོད་བསྲེནི་མི་སླབ་མས་ སབ་ཇི་སླབ་མས་ ཧོན་ཚོདནི་མི་སླབ་མས་ སཱག་ཟེར་སླབ་ད་མས་ ཏེ་ ག་ཅི་སླབ་ནི་ཏེ་ད་ ཏེ་ ད་འདི་ཚུ་འདི་ཉམས་མས་ལགས་ ང་གིས་འབད་བ་ཅིན་ ད་ འདི་ཚུ་ག་ར་ ཉམས་པའི་གི་དུམ་ཁ་འདུག་ ད་ འདི་ཚུ་ལམ་སྲོལ་ཚུ་ཕར་བཞག་ སྐད་ཡིག་ཡང་ཉམས་ནི་འབད་དེས་ ད་ རྒྱལ་ཁབ་ཀྱི་ངོ་རྟགས་འདི་རང་ ད་ཅི་ཞུ་དོ་བཟུམ་སྦེ།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཁ་སྐད་དང་ ད་ ང་བཅས་ར་གི་ གྱོན་ཆས་དང་ལམ་སྲོལ་ཚུ་ཨིན་མས་ འདི་གསུམ་ ང་གིས་འབད་བ་ཅིན་ སྲོག་མགུ་ཏོ་བཟུམ་ཅིག་ རྐངམ་དང་ལགཔ་བཟུམ་ཅིག་ དོན་ཧིང་བཟུམ་ཅིག་ཨིན་མས་མནོཝ་མས་ རྒྱལ་ཁབ་ཀྱི་རང་དབང་རང་བཙན་ངོ་རྟགས་སྟོན་དགོ་པ་ཅིན་ ང་གིས་གྱོན་ཆས་ལུ་ མནོ་བསམ་བཏང་པ་ཅིན་ ཕྱིའི་རྒྱལ་ཁབ་ག་ཏེ་ལུ་ཡང་ དོརམ་ཁེན་ཇ་གྱོན་མས་ ང་བཅས་ འབྲུག་པའི་རྒྱལ་ཁབ་ རྒྱལ་ཁབ་ཀྱི་ ངོ་སྟོན་ཚུགས་པས་བ།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    གོ་ཅིག་གྱོན་ གྲྭ་ལྷམ་ཅིག་བཙུགས་འབད་བ་ཅིན་ འེང་་་ཨ་ནཱི་འབྲུགཔ་ཟེར་བ་ཅིན་ ལགཔ་མཐུད་པར་ཐོན་འོང་ ཏེ་ ག་ར་ཏེ་ འབྲུག་པའི་མི་ཟེར་ དམིགས་བསལ་གྱི་ཁྱད་ཆོས་ཅིག་ ཁོ་གིས་ ངོ་སྤྲོད་རྐྱབ་ཅི་བ་ འ་ནཱི་གོ་གིས་ དེ་ལས་ རྒྱལ་ཁབ་གཞན་གྱི་མི་འདི་ཚུ་གིས་ ངོ་སྤྲོད་རྐྱབ་པར་ཐོན་འོང་བ་ལགས། ང་བཅས་ར་ཕར་འགྱོ་མི་དགོ་ ང་རྒྱལ་ཁབ་འ་ནཱི་གི་མི་ཨིན་ འེང་་་ཁྱོད་འབྲུགཔ་ཨིན་པས་སྨོ་ཟེར་མི་ཅིག་ཤུགས་རང་འོང་།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ནུས་པ་འ་ནེམ་ཅིག་འདུག་ལགས་ ང་གིས་ལྟ་བ་ཅིན་ ཏེ་ འ་ནཱི་ཚུ་ ང་བཅས་ར་གིས་ ཨ་ཙི་རེ་ཐུགས་བཞེད་གནང་དགོཔ་འདི་ གནམ་མེད་ས་མེད་གལ་ཆེ་དྲགས་ཅིག་ འ་་་ མཐོང་མས་ཟེར་ ཞུ་ནི་ཨིན། གནམ་མེད་ས་མེད་ རྒྱས་ཤིང་རྒྱསཔ་སྦེ་ ཞུ་ནི་མིན་འདུག་ ད་ཅི་ང་གིས་ཡར་གོང་ལས་ཡང་ ལེ་ཤ་ཅིག་ཞུ་ཡི་ ད་ ཞུ་མི་འདི་ཚུ་ག་ར་ ལ་ལུ་ཅིག་ཐུགས་ཁར་ཡང་ཕོག་དོ་འོང་།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཨིན་ཏེ་འབད་རུང་ ཏེ་ ང་གིསནི་ ཁ་གིས་ བཤད་བཤདཔ་ཅིག་མཆུའི་གྲོགས་རམ་ཨིན་(?) མི་ཉན་ཚིག་རྣམས་ཐོས་པའི་ཚེ། བྲག་བྱག་བཞིན་དུ་བལྟ་བར་བྱ། ཟེར་གསུངས་ཏེ་ཡོད་ ད་འ་ནཱི་འབད་ནི་འདི་གིས་ ང་བཅས་རང་གི་ ཏེ་ ཕར་གྱི་ཐུགས་ཁར་ཕོག་ནི་ཡོད་པ་ཅིན་ ཏེ་ ཐུགས་ཁར་མ་བསྣམས་ ཏེ་ འ་ནཱི་སྦེ་ཞུ་ནི་ཨིན་ལགས། བཀའ་དྲིན་ཆེ།
  • བསམ་གཏན་ཡེ་ཤེས་ Samten Yeshi
    ལགས་སོ། ལགས་སོ་ བཀའ་དྲིན་ཆེ།