Skip to main content Skip to search
28 Jun 2018
12 min 40 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    འ་་་ ལགས་སོ་ ད་ ལམ་སྲོལ་འདི་ ག་ཅིསྨོ་ཟེར་བ་ཅིན་ དང་པ་རང་ང་གིས་ ནཱ་ལས་ཕར་མནོ་བསམ་ཅིག་བཏང་སྟེ་ཞུ་བ་ཅིན་ གཙོ་བོ་ང་བཅས་རའི་ རྒྱལ་ཁབ་འདི་གི་ནང་ན་ལུ་ སྲོག་བཟུམ་ཅིག་ ག་ཅི་སྨོ་ཟེར་ མནོ་བསམ་བཏང་སྟེ་འགྱོ་བ་ཅིན་ ང་རང་གི་མནོ་བསམ་འབད་བ་ཅིན་ སྐད་ཡིག་དང་ གྱོན་ཆས་ ལམ་སྲོལ་གསུམ་འདི་ མེད་ཐབས་མེདཔ་ཅིག་ཨིན་མས་ཟེར་ཞུ་ནི།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    དེའི་ནང་དོན་ཉིད་ལས་ ད་རུང་ལམ་སྲོལ་འདི་ གཅིག་ལས་དཔྱད་པ་ཅིན་ ཏེ་ལེགས་བཅོས་ཀྱི་ འགྱུར་བ་ཟེར་མི་ཡང་ ཡར་རྒྱས་ཡང་འགྱོ་དོ་བཟུམ་ཅིག་ ཏེ་ གཅིག་ལས་དཔྱད་པ་ཅིན་ ཧེ་མ་གི་ ལམ་སྲོལ་འདི་ཚུ་ལུ་ ཏེ་ འ་་་ ལེགས་བཅོས་འབད་བའི་ཟེར་ ཕྱི་སེལ་རྐྱབ་ཅི་རང་ ཕར་ཉམས་པའི་སྣང་བ་ཡང་ ཚོར་མས་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཨིན་རུང་ ཏེ་ ང་བཅས་ར་གིས་ ཏེ་ ལམ་སྲོལ་ཟེར་མི་འདི་ འགྱུར་བ་འདི་ ཨ་ཙི་རེ་བཏང་མི་འདི་ ང་གིས་འབད་བ་ཅིན་ འདི་ལུ་མགོན་པོ་ཀླུ་སྒྲུབ་ཀྱིས་ ག་དེ་སྦེ་གསུངས་ནུག་ཟེར་བ་ཅིན་ ལུགས་སྲོལ་རྙིང་པོ་སྲོག་ཤིང་དུ། དཔྱད་ཞིང་གོང་འཕེལ་མ་བཏང་ན། རྩ་བ་རུལ་པའི་ལྗོན་ཤིང་བཞིན། མི་འདོད་བཞིན་དུ་འགྱེལ་བར་འགྱུར་། ཟེར་ ང་བཅས་རའི་ལམ་སྲོལ་ ཧེ་མ་ག་ཨིན་མི་འདི་ གནམ་མེད་ས་མེད་ཅིག
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ལེགས་ཤོམ་ རྒྱུན་སྐྱོང་འབད་དེ་གིས་ ཏེ་ སློབ་སྦྱོང་བྱིན་ འ་ནཱི་ཡར་རྒྱས་བཏང་ནི་འདི་ གནམ་མེད་ས་མེད་ཁག་ཆེ་ཤོས་ཅིག་སྦེ་མཐོང་མས། ཨིན་འདི་རང་འབད་རུང་ ད་རེས་ནངས་པ་ ཏེ་ མི་རེ་རེ་གིས་ ལམ་སྲོལ་གྱི་ལོ་རྒྱུས་རེ་སླབ་ དེ་བཟུམ་སྦེ་ སྒྲིག་ལམ་རྣམ་གཞག་ལས་འབད་རུང་ ད་ འདི་ཚུ་ཡང་ ག་ར་ཨ་ཙི་རེ་ ཏེ་ འགྱུར་བ་འདི་བཏང་རང་གཏང་དགོ་པས་ བཏང་སྟེ་འབད་རུང་ ཁོང་གིས་གནས་སྟངས་དང་ མཐུན་པའི་འགྱུར་བ་ཅིག
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཨ་ཙི་ང་བཅས་ ཧེ་མ་གི་ལམ་སྲོལ་ཚུ་ག་དེ་སྦེ་ ཡལ་ནི་ ཉམས་འགྱོ་ནི་ འ་ནཱི་བཟུམ་གྱི་སྣང་བ་ཨ་ཙི་རེ་ འ་ནཱི་སྦེ་མཐོང་དོ་ ཨིན་རུང་ང་བཅས་ར་ནཱ་ད་ འབྲུག་རྒྱལ་ཁབ་ནང་ལུ་འདི་ ཁྱད་ཆོས་མ་མཐུན་པ་ཅིག་ འཛམ་གླིང་སྤྱི་ཚོགས་ནང་མེད་པའི་གི་ ཏེ་ ལམ་སྲོལ་ལེ་ཤཱ་འདུག་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    འ་ནཱི་སྦེ་ནི་འདི་གིས་ ཏེ་ སྒྲིག་ལམ་ག་ཅི་ལོ་ ང་བཅས་ར་གི་ སློལ་རྒྱུན་གྱི་བསུ་བ་ཟེར་མི་འདི་ཚུ་འདི་ ཆོས་དང་མཐུན་པའི་ ལམ་སྲོལ་འདི་ ཆོས་དང་མཐུན་པའི་ ལམ་སྲོལ་ཡང་ཡོད་ འཇིག་རྟེན་པའི་ལུགས་ལས་རྟེན་པའི་ལམ་སྲོལ་ཚུ་ འདི་ཚུ་ག་ར་ ང་གིས་བལྟ་བ་ཅིན་ འབྲུག་རྒྱལ་ཁབ་ནང་ ད་རེས་ ལམ་སྲོལ་འདི་དེ་ ཐུན་མོང་མ་ཡིན་པ་ལེ་ཤ་ཅིག་ཡོད་ཚུལ་ ཡོད་པའི་ནང་ལས་ འདི་ཚུ་ཉམས་སྲུང་འབད་ནི་འདི།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཡར་རྒྱས་གཏང་ནི་ ཡར་དྲག་གཏང་ནི་འདི་ གནམ་མེད་ས་མེད་ཁག་ཆེ་ཤོས་ཅིག་མཐོང་མས་ཟེར་ཞུ་ནི་ལགས།
  • བསམ་གཏན་ཡེ་ཤེས་ Samten Yeshi
    འ་ གོང་འཕེལ་གཏང་དོ་ཟེར་ ད་ད་ཅི་ གོང་ལས་ ནཱ་གིས་གསུངས་དོ་བཟུམ་སྦེ་ གོང་འཕེལ་གཏང་པའི་བསྒང་ལས་ ཏེ་འདི་ ལ་ལུ་ཕྱི་སེལ་རྐྱབ་སྦེ་ ཏེ་ ཉམས་རྒུད་ཤོར་ནི་ འདི་ཚུ་ཡང་འདུག་བ་སྨོ་ལགས། འ་ནཱི་བཟུམ་འབད་བའི་བསྒང་ལས་ དེང་སང་གི་ནང་ལུ་ ང་བཅས་ཀྱི་ ལམ་སྲོལ་གོང་འཕེལ་གཏང་དོ་ཟེར་བའི་སྐབས་ལུ།
  • བསམ་གཏན་ཡེ་ཤེས་ Samten Yeshi
    ད་ ལམ་སྲོལ་འདི་ དར་ཞིང་རྒྱས་ཏེ་གིས་སྦེ་འགྱོ་འགྱོཝ་གི་ ད་ ལེགས་ཤོམ་འགྱོ་འགྱོཝ་གི་རིགས་ ག་བཟུམ་ཅིག་རང་མཇལཝ་མས་ལགས་ འདི་བཟུམ་སྦེ་ད་ ཉེན་ཁ་ཅན་གྱི་ས་ཁར་ལྷོད་ལྷོདཔ་ ཡོད་པའི་གི་ལམ་སྲོལ་གྱི་རིགས་འདི་ཚུ་ ག་བཟུམ་རང་འདུག་ག་ཐུགས་འཆར་ཅིག
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ད་ཅི་ ཞུ་་་ ང་ར་གིས་ ད་ཅི་ལྟག་ལུ་ཞུ་དོ་བཟུམ་རང་ཨིན་ དཔེར་ན་ ང་རང་གི་ གཡུས་ཁར་ལས་ཕར་མནོ་བསམ་ཅིག་བཏང་སྟེ་ ལམ་སྲོལ་ད་ཅི་ ག་ཅི་མཇལ་ཡི་དགོ་ཟེར་བ་ཅིན་ ཨ་ལོ་ཆུང་ཀུ་ན་སྦེ་སྡོད་པའི་སྐབས་སུ་ལུ་ རིམ་གྲོ་ ང་བཅས་རའི་ འཇིག་རྟེན་པའི་ལུགས་ལས་ རིམ་གྲོ་འབད་ནི་ཅིག་ཡོད་ ག་ཅི་སྨོ་ཟེར་བ་ཅིན་ ཏེ་ ཨ་ལོ་ཆབ་གསང་ཅིག་བཤལ་ དྲག་མ་བཏུབ་པ་ཅིན།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཏེ་ གཡུས་ཁའི་ཁྱིམ་ཚང་ཀྱི་ཨ་ལོ་ དྲུག་ལྔ་ཡོད་རུང་ དྲུག་ཡོད་རུང་ བདུན་ཡོད་རུང་ འབོ་ཞིན་ན་ དེ་ནང་ལུ་ གེ་ཟ་དང་ བོད་སྲནམ་འདི་ བརྔོ་ཞིན་ན་ ཡོས་འདི་ སྤར་གང་ ཕུད་ཏ་གང་གང་རེ་འཇལ་ཞིནམ་ལས་ཧེམ་ཅུང་ནང་བཙུགས་བཞག་ དེ་ལས་ ཨ་ལོ་འདི་མར་ སྦི་འཁྱབ་ནང་བཞག་ཞིན་ན་ ཨའི་གིས་བཤེད་ཞིན་ན་ དེ་ལས་ ཁ་ལས་འདི་ ཕཱན་ཕཱན་ཕཱན་ཟེར་ སླབ་ནི་ཡོདཔ་ཨིན།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    གཡས་བསྐོར་གསུམ་རྐྱབ་དགོ་ གཡོན་བསྐོར་གསུམ་རྐྱབ་དགོ་ གླིང་བསྐོར་དགུ་གསུམ་རྐྱབ་དགོ་ བསྐོར་དགུ་རྐྱབ་དགོ་ལགས། ཏེ་ འ་ནཱི་བསྒང་ ཨ་ལོ་འདི་ཚུ་ལུ་ཡང་ ཡོན་འདི་ག་ཅི་བྱིན་ནུག་ཟེར་བ་ཅིན་ འ་ནཱི་ཡོས་ཕུད་ཏ་གང་གང་འཇལ་སྦེ་བྱིན་ནི་ལགས། འ་ནཱི་འབད་ནི་དེ་གིས་རོགས་ མོའི་ནང་རང་འབད་རུང་ ཏེ་ ཕྱི་པ་རྣམས་ཡོས་དོན་བྱ་ཟེར་འདུག་བ་ ད་ འ་ནཱི་འདི་ཚུ་འབད་ནི་བཅའ་ནི་མིན་འདུག་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ད་འ་ནཱི་ཡལཝ་མས་བ་ལགས་ ད་འ་ནཱི་བཟུམ་ ད་ གཡུས་ཁར་ལུ་ འབད་སྲོལ་ཡང་མིན་འདུག་ ཧེ་མ་ང་བཅས་ཆུང་ཀུ་བསྒང་ལུ་འབད་བའི་སྲོལ་ཡོད་ འ་ནཱི་འབདཝ་ད་ དེ་ཡང་ལམ་སྲོལ་ཨིན་མས་བ་ལགས། རིམ་གྲོ་འབད་ཐངས་བཅའ་ཐངས་སྦེ་ འ་ནཱི་འབད་བ་ཅིན་ མ་པ་ ཆོས་ལུགས་འདི་མེན་པས་འདི་ འཇིག་རྟེན་གྱི་ བོན་ཆོས་ལས་དར་བའི་ལམ་ལུགས་ཨིན་པས་ ཨིན་རུང་འདི་ཚུ།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཕན་པའི་ ཕར་ ལཱ་གཅིག་ཨིན་མས་བ་ལགས་ འ་ནཱི་ཚུ་གླ་བྱིན་ནི་དང་ འ་ནཱི་ཚུ་འབད་ནི་གི་ འ་ནཱི་ཚུ་ཡང་ཡལ་མས་ལགས་ འ་ནཱི་འབད་ནི་དེ་གིས་ ད་ འདི་ཚུ་མ་པ་ལས་རང་ ད་ འདི་བཟུམ་མའི་རིགས་བསྒྲེས་ཏེ་ ད་ གཡུས་ཚན་གཞན་ཁར་ཡང་ ལེ་ཤ་ཡོད་བ་ མ་པ་འདི་ཚུ་མ་པ་ལས་ཡལཝ་མས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ད་ འ་ནཱི་ཚུ་ཡང་ ང་བཅས་ཆ་ཁྱབ་ཀྱིས་ ཨ་ཙི་ཅིག་བསྡུ་གསོག་འབད་ ཏེ་ ང་བཅས་ར་གིས་ གློག་བརྙན་ཚུ་བཟོ་དགོ་རུང་བཟོ་ ལོག་སྟེ་ཕར་ གཡུས་ཁར་སོང་སྟེ་ ཏེ་ ང་བཅས་རའི་གཞུང་གི་ ཁ་ཐུག་ལས་འབད་རུང་ ལམ་སྲོལ་ག་ཅི་ཡོདཔ་ཨིན་ན་ བདག་འཛིན་འབད་དགོཔ་འདི་ ཉམས་སྲུང་འབད་ནི་ ད་རེས་བཀའ་ཤོག་འདི་གནང་དོ་ ཏེ་ ཉམས་སྲུང་འབད་ ལམ་སྲོལ་ལས་ཁུངས་གཅིག་བཙུགས་བཞག་ནུག་གཞུང་གིས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཨིན་འདི་འབད་རུང་ཡང་ ཏེ་ ང་བཅས་ར་གི་འདི་ མི་མང་ཤོས་ཅིག་འདི་ད་ སློབ་གྲྭ་ནང་ཡོན་ཏན་ལྷབ་མི་སྦེ་ མང་ཤོས་ཅིག་འདི་ ཁྲོམ་ཁར་ལུ་སྡོད་མི་སྦེ་ གཡུས་ཁ་ལུ་སྡོད་མི་ཉུང་སུ་ཅིག་འབདཝ་ད་ དེ་བསྒང་ ལམ་སྲོལ་འདི་ མ་པ་ལས་རང་དེ་ཡལ་འགྱོ་མས་ལགས་ འ་ནཱི་ཚུ་མཐོངམ་ད་ ང་བཅས་འདི་ འ་ནཱི་བཟུམ་གྱི་རིགས་བསྒྲེས་ཏེ་གིས་ ལེ་ཤ་ཅིག་ཡོདཔ་འོང་ལགས་ ད་ ལོ་ཐོག་བརྔ་བ་ཅིན་ བརྔ་ཐངས་ཀྱི་ ལམ་སྲོལ་ཅིག་ཡོད་བ་ དེ་ལས་ ང་བཅས་ར་གིས་ སོན་བཏབ་པ་ཅིན་ བཏབ་ཐངས་ཀྱི་ལམ་སྲོལ་ཅིག་ཡོད་བ།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ད་ འདི་ཚུ་ཡང་ ག་མནོ་རྐྱབ་ནི་མིན་འདུག་བ་ལགས་ ཧེ་མ་གླང་གི་རྨོན་ ད་རེས་འཕྲུལ་གླང་གི་རྨོ་མས་སྨོ་ཤིག་ལགས། ཧེ་མ་མི་གིས་བསྡུ་མི་ ད་རེས་འཕྲུལ་གྱིས་བསྡུཝ་མས་ འདི་ཚུ་ག་ར་ རང་བཞིན་གྱིས་རང་ ཉམས་འགྱོ་བའི་རྟགས་མཚན་ཨིན་མས་ལགས་ འ་ནཱི་ ང་བཅས་ར་གིས་ ཨ་ཙི་ཅིག་ དྲན་པ་འཐེབ་བསྐྱེདཔ་ད་ ཡུན་འཐུང་འ་ནེམ་ཅིག་གི་ནང་ལུ་ ང་བཅས་ར་གི་ ཏེ་ ཨ་ཙི་ཅིག་རྒྱུན་སྐྱོང་།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཨ་ཙི་ཅིག་ ད་བཟུང་ ང་བཅས་འབད་ཞིན་ན་ ཏེ་ ཤུལ་ལས་མ་འོངས་པ་ལུ་ ཨ་ཙི་ཅིག་ འཕྲོ་མཐུད་འབད་བཏུབ་པའི་ ལམ་ཟམ་པ་གཅིག་སོ་སོ་སྦེ་བཏོན་ཏེ་ ངེའི་བསམ་འཆར་ལས་འབད་བ་ཅིན་ ད་ལྟོ་འབྲུག་རྒྱལ་ཁབ་ཀྱི་ གནས་སྟངས་འདི་ག་ཅི་བཟུམ་ ཧོག་ཀ་ཅིག་ཐོན་པའི་ ས་ཁར་ལུ་ལྷོད་དེ་ཡོདཔ་ཨིན་ལགས། ལམ་སྲོལ་གསརཔ་འདི་གི་ འགྱུར་བ་གི་གཅིག་ཡར་འོང་པའི་སྐབས་སུ་ལུ་ ཧེ་མ་གི་རྙིངམ་འདི་ ཕར་ཉམས་ནི་གུ་རང་ལྷོད་དེ་ཡོད།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    འ་ནཱི་མཐུད་ནི་གི་དོན་ལུ་ ང་བཅས་ཀྱི་ཟམ་པ་གཅིག་བཟོ་དགོ་པས་བ་ལགས་ ཟམ་པ་འདི་ ག་ཅི་གི་བཟོ་ནི་ད་ མི་སྡེ་བརྡ་བརྒྱུད་ཀྱི་ཐོག་ལས་ད་ གློག་བརྙན་བཟོ་དགོ་རུང་བཟོ་ དེ་ལས་ གསལ་བཤད་འབད་དགོ་རུང་བཤད་ ད་ འདི་ཚུ་ག་ར་ ཡིག་ཐོག་ལུ་བཀོད་དགོ་རུང་བཀོད་ ཀི་ཏབ་གུ་བཀོད་ ད་ འ་ནི་ཚུ་འབད་ནི་འདི་ གནམ་མེད་ས་མེད་ ཁག་ཆེ་ཤོས་ཅིག་མཐོང་མས་ཟེར་ཞུ་ནི་ལགས།
  • བསམ་གཏན་ཡེ་ཤེས་ Samten Yeshi
    འོ་ ལགས་སོ་ ད་ འདི་བཟུམ་སྦེ་རང་ ད་ ང་བཅས་ར་ ད་ཅི་ ད་ལྟོ་འཕྲོ་མཐུད་དེ་གསུངས་དོ་བཟུམ་སྦེ་རང་ ལམ་སྲོལ་འདི་གོང་འཕེལ་བཏང་དོ་ཟེར་བའི་བསྒང་ལས་ དཔེར་ན་ གོང་འཕེལ་གྱི་འགྱུར་བ་དང་བསྟུན་ཏེ་གིས་སྦེ་ ཏེ་ ང་བཅས་ལགཔ་གི་བརྔ་ གླིང་གི་རྨོ་འབད་མི་ཚུ་ ད་ འཕྲུལ་ཆ་གིས་སྦེ་ འ་ ག་ཅི་ལོ་ལགས།
  • བསམ་རྟེན་ཡེ་ཤེས་ Samten Yeshi
    འཕྲུལ་ཆའི་འགྱུར་བ་གིས་སྦེ་ ད་ འཕྲུལ་ཆའི་ལཱ་འབད་ནི་གུ་ལྷོད་ འདི་ཚུ་གི་ཐད་ཁ་ལུ་ ཏེ་ འཕྲུལ་ཆ་གི་འབད་བའི་བསྒང་ལས་ ལགཔ་གི་བརྔ་ནི་དང་ འདི་བཟུམ་འབད་མི་ཚུ་ ཉམས་ཏེ་འགྱོ་བའི་བསྒང་ལས་ ད་ འདི་ཚུ་གི་ ད་ ཕན་གནོད་ག་དེ་སྦེ་འོང་ག་ལགས།
  • བསམ་གཏན་ཡེ་ཤེས་ Samten Yeshi
    འདི་ཚུ་ ད་ ལ་ལུ་ད་ དཔེར་ན་ འཕྲུལ་གླང་གིས་སྦེ་ ཏེ་ གླང་རྨོ་ནི་གི་ ལམ་སྲོལ་འདི་དེ་ ད་ ག་ཅི་ལོ་ལགས་ འ་ མེདཔ་བཏང་པའི་བསྒང་ལས་ལགས་ ད་གླང་རྨོ་ནི་གི་ ལུགས་སྲོལ་འདི་ཉམས་འགྱོཝ་ད་ལུ་ འདི་དང་བསྟུན་པའི་གི་ ཕན་པ་དང་གནོད་པ་གི་ འདི་ཚུ་ག་དེ་སྦེ་འོང་སྲིད་ག་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཏེ་ ད་རེས་ཚུན་ཚོད་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ན་ལུ་ ཏེ་ ལམ་སྲོལ་གྱི་ཕྱུག་པའི་རྒྱལ་ཁབ་གཅིག་ཨིན་ཟེར་ ཏེ་ ག་ཅི་ ཞལ་ལས་འབད་རུང་ ཁ་ལས་ཡང་དེ་སྦེ་རང་སླབ་མས་ ཡལ་པའི་བསྒང་ལས་ འདི་ཚུ་གཅིག་ གཉིས་ཡི་གུ་ལས་ ཏེ་ ཡལ་འགྱོ་བ་ཅིན་ ཡོད་པའི་ལམ་སྲོལ་འདི་ ངོ་སྤྲོད་མི་ཚུགས་པས་བ་ལགས་རོགས་ཀྱི་སླབ་ད་ ཨིན་ ཨིན་ཅི་མིན་ཅི་ མ་པ་འདི་ གླང་གིས་རྨོ་དགོཔ་འདི་རང་མེད་སྨོ་ཤིག་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཨིན་རུང་ འདི་ཚུ་གི་ འབད་ཐངས་བཅའ་ཐངས་འདི་ཚུ་ག་ར་འབད་ཞིན་ན་ གླང་རྨོ་བའི་སྐབས་སུ་ལུ་ ད་ གླང་ འཕྲུལ་གྱི་རྨོ་བདའ་སྟེ་འབད་རུང་ ཏེ་ གླང་སྐད་ཟེར་འཐེན་ནི་མེད་དེ་སྦེ་རུང་ ཏེ་ ཁྱོད་ལུ་འབད་ཐངས་བཅའ་ཐངས་འདི་ཚུ་ ཨ་ཙི་ཅིག་ ང་བཅས་རང་གིས་ བདག་འཛིན་འབད་དགོཔ་འདུག་བ་ལགས་ འ་ནཱི་བཟུམ་གྱི་ དཔེར་ན་ འབད་ཐངས་བཅའ་ཐངས་འདི་ཚུ་ དཔེར་ན་ ང་བཅས་གཡུས་ཁར་ལུ་འབད་རུང་ཧེ་མ།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཏེ་ མི་འདི་ཚུ་ག་ར་ལཱ་འབད་བར་འགྱོ་བ་ཅིན་ ཏེ་ ཕྱི་རུ་ཡར་ཁྱིམ་ནང་ལྷོད་ཞིནམ་ལས་ དེ་ལས་ ལཱ་གི་འུ་སྡུག་པའི་ སྣང་བ་མི་ཤར་ལགས་ ཡིདཔ་ཅིག་ཕྱི་རུ་ཆུ་ཚོད་བཅུ་གཅིག་དང་ བཅུ་ཐམ་ཚུན་ཚོད་ ཞབས་ཁྲ་རྐྱབ་སྡོད་འོང་ དགའ་སྤྲོ་སྟོན་ བཞེས་སྒོ་ཟ་ཞིནམ་ན་ ཞབས་ཁྲ་རྐྱབ་སྡོད་དེ་ སྤྲོ་སྟོན་སྦེ་སྡོད་འོང་ལགས་ འུ་སྡུག་ཉམ་ཐག་ གཙང་བ་གི་སྣང་བ་གཅིག་གི་གཅིག་ད་ དགའ་སྤྲོའི་སྣང་བ་ འ་ནཱི་ཚུ་ཡང་ ཡལ་འགྱོ་མས་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཏེ་ འ་ནཱི་ཚུ་ ང་བཅས་ར་ གཅིག་གི་གཅིག་ལམ་སྲོལ་འདི་ཚུ་ བདག་འཛིན་འབད་ནི་འདི་ ང་གིས་འབད་བ་ཅིན་ ང་བཅས་ར་ཚུ་ ལམ་སྲོལ་ཟེར་མི་གཅིག་ལས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ངོ་སྤྲོད་ཨིན་མས་ གཅིག་ལས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ ངོ་རྟགས་ཨིན་མས་ གཅིག་ལས་བཅད་པ་ཅིན་ རྒྱུ་ནོར་ཨིན་ང་གིས་འབད་བ་ཅིན་ལགས་ རྒྱུ་ནོར་ཨིནམ་དགོ་པའི་ཁུངས་ ག་ཅི་སྨོ་ཟེར་བ་ཅིན་ ལམ་སྲོལ་འདི་ཡོདཔ་འདྲཝ་འབད་བ་ཅིན།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    རྒྱལ་ཁབ་གཞན་ཁ་ལུ་ཡར་རྒྱས་འགྱོ་ཚར་ཡི་ལོ་ ཁོང་ཆ་ཁྱབ་ ལམ་སྲོལ་ཡང་བསྡུ་ཚར་ཡི་ ལམ་སྲོལ་ལུ་ ཁོང་གིས་འགྱུར་བ་ཡང་བཏང་ཚར་ཡི་ ཁོང་ཆ་ཁྱབ་ཀྱིས་འདི་ ག་ཅི་ཡང་བསྒྲིགས་ཚར་ཡི་ གློག་བརྙན་འབད་རུང་བཟོ་ཚར་ཡི་ ཁོང་རང་ ཕར་ལུ་འདི་ འ་ནཱི་བཟོ་ནི་དང་ ཞིབ་འཚོལ་འབད་ཐངས་ ས་སྒོ་གནམ་མེད་ས་མེད་མིན་འདུག་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཏེ་ ཕར་ལས་མི་ནཱ་འོང་མི་འདི་ ང་བཅས་གཙོ་བོ་ག་ཅི་སྨོ་ཟེར་བ་ཅིན་ ཡོན་ཏན་གྱི་འབྱུང་ཁུངས་ གཞི་ ཏི་རུ་བཟོ་སའི་གི་ས་སྒོ་ བལྟ་བྱ་མཐོང་བྱ་མཐོང་ས་ མེད་མི་ལུ་ ཁོ་ལུ་ རིག་པ་གི་རྩལ་ཡར་བཏང་ས་ འ་ནཱི་ཚུ་གི་དོན་ལུ་ ནཱ་འོང་མས་བ་ལགས་ འ་ནཱི་འབད་བ་ཅིན་ ང་གིས་འབད་བ་ཅིན་ ལམ་སྲོལ་འདི་ རྒྱུ་ནོར་བཟུམ་ཅིག་ཡང་ མཐོང་མས་ཟེར་ ཁག་ཆེ་ཤོས་ མཐོང་མས་ཟེར་མི་འདི་ འ་ནཱི་ཨིན་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ལམ་སྲོལ་འདི་དགོ་རང་དགོ་པས་ཟེར་ ཨིན་ཅི་མིན་ཅི་འགྱུར་བ་འདི་ ཧེ་མ་རྐང་པར་ལུ་ ལྷམ་མ་བཙུགས་པར་འགྱོ་བ་ལུ་ ད་རེས་ནངས་པ་ཡང་ ལྷམ་མ་བཙུགས་པར་རང་འགྱོ་དགོ་ཟེར་མེད་བ་ལགས་ ཏེ་ ཇུ་ཏ་འདི་བཙུགས་དགོ་ ཡར་རྒྱས་ཀྱི་འགྱུར་བ་ཨིན་མས་བ་ལགས་ འ་ནི་ཚུ་ག་ར་གོ་འབད་རུང་ ཧེ་མ་བཟུམ་སྦེ་ ནང་ཤབ་བཙུགས་སྦེ་ གྱོན་ནི་མེད་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཧེ་མ་གོ་ནང་ཤབ་མེད་པ་ཅིན་ ཁ་བཏངམ་ཨིན་ ཏེ་ ད་རེས་ནངས་པ་ ཚདཔ་ཚ་འབད་བའི་སྐབས་སུ་ལུ་ མི་བཏུབ་པས་ གོ་ནང་ཤབ་ཡོད་པ་ ཨིན་རུང་ ཁོ་ར་མཚན་ཉིད་ལུ་མཐུན་པའི་ཅིག་ གྱོན་དགོ་པས་བ་ལགས་ ང་འ་ནཱི་འདི་ ང་གིས་འབད་བ་ཅིན་ གནམ་མེད་ས་མེད་ཁག་ཆེ་ ལམ་སྲོལ་དང་ ག་ཅི་སྦེ་སྟེ་འབད་རུང་ གཙོ་བོ་གཙོ་བོ་ ང་གིས་འབད་བ་ཅིན་ ལམ་སྲོལ་འདི་ ཁག་ཆེ་ཤོས་ཅིག་མཐོང་མས་བ་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    རྒྱལ་ཁབ་ཀྱི་རྒྱུ་ནོར་བཟུམ་ཅིག་ འ་ནཱི་གི་དོན་དག་ལུ་ བཅས་ར་གི་ ད་རེས་སྐབས་ཅིག་ ལྟ་བཤལ་པ་འདི་ཚུ་ཡང་འོང་ཚུགས་པས་ ཏེ་རོགས་ མི་ལུ་ཡང་ ངོ་སྤྲོད་རྐྱབ་ཚུགས་པས་སྨོ་ལགས་ འ་ནཱི་འདི་ ང་གིས་འབད་བ་ཅིན་ཏེ་ ལམ་སྲོལ་འདི་ བདག་འཛིན་འབད་ནི་འདི་ ཏེ་ གནམ་མེད་ས་མེད་ ཁག་ཆེ་ཤོས་ཅིག་སྦེ་རང་ མཐོང་མས་ཟེར་ཞུ་ཨིན།
  • བསམ་གཏན་ཡེ་ཤེས་ Samten Yeshi
    འམ་ ད་འདི་དང་འབྲེལ་ཏེ་ དོ་རུང་ ད་ཅི་གོང་ལུ་ནཱ་གིས་གསུངས་དོ་བཟུམ་སྦེ་ དེང་སང་གི་ ད་རེས་ཀྱི་སྐབས་འདི་ ཏེ་ད་ ལམ་སྲོལ་ ད་ ཧོག་ཀ་ཐོན་པའི་དུས་ཚོད་ནང་ལུ་ ཏེ་ ད་ ཟམ་བཙུགས་དགོ་པའི་དུས་ཚོད་ཁག་ཆེ་ཏོག་ཏོ་ཅིག་གུ་ལྷོད་ཡི་ཟེར་གསུངས་དེས་བ་སྨོ་ལགས། ད་ ཡིག་ཐོག་གུ་བཀོད་དགོ་རུང་བཀོད་ ད་ གློག་བརྙན་བཟུང་དགོ་རུང་བཟུང་འབད་དེ་གིས་སྦེ་ ཉམས་སྲུང་འབད་དེ་གིས་སྦེ་ ད།
  • བསམ་གཏན་ཡེ་ཤེས་ Samten Yeshi
    འ་ འ་ དེང་དུས་ད་ཏེ་ ཧེ་མ་གི་གཉིས་གཅིག་ཁར་མཐུད་དགོ་པའི་གི་དུས་ཚོད་ ཁག་ཆེ་ཤོས་གཅིག་ཨིན་ཟེར་ ཏེ་ འདི་ནང་ལུ་ ད་ གཞུང་དང་སྒེར་ མི་སེར་འདི་ཚུ་གི་ཁ་ཐུག་ལས་ ཏེ་ འདི་ནང་ལུ་ ལྷན་ཐབས་འབད་དེ་གིས་སྦེ་ ལམ་སྲོལ་ཉམས་སྲུང་འབད་དེ་སྦེ་ གོང་འཕེལ་གྱི་འགྱུར་བ་དང་འཁྲིལ་ཏེ་གིས་སྦེ་ འབག་ཚུགས་ནི་གི་དོན་དག་ལས་ ཐབས་ཤེས་ག་བཟུམ་རང་སྟོན་དགོཔ་འདུག་ག་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ད་ ཐབས་ཤེས་འདི་ ག་ཅིསྨོ་ཟེར་བ་ཅིན་ ད་ སྔོན་བྱོན་རྒྱུལ་བ་གོང་མའི་གསུངས་ནུག་ གཞུང་དང་མཐུན་དང་དགྲ་དེ་ཡི། ཐུགས་ཁར་སོང་ཚད་བརྒལ་ན་མེད་(?)། རྟའི་བརྒལ་དཀའི་ཆུ་ཡང་། སོ་སོར་རྒྱས་ན་ལུག་རྐྱང་བགྲོད། ཟེར་མས་ གཙོ་བོ་འདི་ ང་གིས་འབད་བ་ཅིན་ གཞུང་དང་ མི་སེར་ སྒེར་སྡེ་ག་ར་ འབྲེལ་བ་ལགས་ མཐུན་འབྲེལ་དགོ་བ་ ཏེ་ གཞུང་གིས་ མི་སེར་དང་ སྒེར་སྡེ་འདི་ལུ་ གྲོགས་རམ་འབད་དགོ་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཏེ་ བསླབ་སྟོན་འབད་དགོ་ མར་ལས་ སྒེར་སྡེའི་ཁ་ཐུག་ལས་ཡར་ ལས་འཆར་འདི་ཚུ་བཙུགས་འབད་ ཁོང་གིས་ཡར་ལས་ རྒྱབ་སྐྱོར་འབད་དགོ་ དེ་ལས་ཏེ་ གྲོགས་རམ་ ཏི་རུ་གི་ ཏེ་ མང་དངུལ་གྱི་རྒྱབ་སྐྱོར་མེད་དེ་འབད་རུང་ ཡར་ལས་མར་ལས་ ལེགས་པའི་ལམ་སྟོན་དང་ བཀའ་སློབ་འདི་འབད་ འདབ་བ་ཅིན་ ང་བཅས་ར་གིས་ འབད་མ་ཚུགས་ ཉམས་སྲུང་འབད་མ་ཚུགས་འདི་མིན་འོང་།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཏེ་ མར་མི་གནགཔ་པའི་གཡུས་ཁར་ལས་འབད་རུང་ ཏེ་ རྒེད་འོག་ནང་ལས་ཕར་ དེ་ལས་ནཱ་བུ་ དབང་ཚད་ཕྱིར་སྤེལ་ ཕྱིར་སྤེལ་གྱི་དབང་ཚད་འབད་ཚུགས་པའི་ཏེ་ད་ རྒེད་འོག་བདག་སྐྱོང་གི་ ལྟེ་བ་ཚུན་ཚོད་དེ་ ཁོ་ར་ རང་དབང་ཡོད་བ་སྟེ་ལགས། འ་ནཱི་ཚུ་ཡར་ལས་མར་ གཞུང་གི་ཁ་ཐུག་ལས་ ཏེ་ ནཱ་ མ་དངུལ་ཡོད་རུང་རང་ ཨ་ཙི་རེ་ནཱ་ དེ་མ་ཡིན་པ་གི་ ཡར་ལས་མར་ བསླབ་སྟོན་འདི་ཚུ་དེ་ ཞལ་སྐད་ཐོག་ གསུང་དགོ་རུང་གསུངས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཏེ་ འ་ནཱི་འབད་བ་ཅིན་ ང་བཅས་ར་གཅིག་མཐུན་གྱི་ཐོག་ལུ་ ཏེ་དེ་ལས་ སྒྲུབ་པ་ཅིན་ གཅིག་ལས་བཅད་པ་ཅིན་ འབད་མ་ཚུགས་ ག་ནི་ཡང་མེད་ མ་པ་འབད་ཚུགས་རང་ཚུགས་ཟེར་ཞུ་ནི་ སྤྱིར་བཏང་ ང་བཅས་ར་ ལ་ལུ་ ལམ་སྲོལ་ ལ་ལུ་ཅིག་འདི་ ང་བཅས་ར་གི་ ཆོས་དང་འགལ་བ་དང་ འཇིག་རྟེན་པའི་བལྟ་ནང་ ལྟ་སྣང་ལུ་མ་མཐུན་པའི་ལམ་སྲོལ་འདུག་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    འ་ནཱི་བཟུམ་འབད་བ་ཅིན་ ཏེ་ སྲོལ་ངན་པ་ཕ་སྲོལ་ཡིན་ཀྱང་སྤང་ཟེར་ཨིན་མས་ལགས་ ཀུན་དགའ་རྒྱ་མཚོ་གིས་ རྗེ་ཕྲེང་ཁྲི་རབས་བཅུ་གཉིས་པ་གིས་ དེ་སྦེ་གསུངས་བཞག་ནུག་ ད་ སྲོལ་ངན་པ་འབད་བ་ཅིན་ ཨ་པའི་སྲོལ་འབད་རུང་སྤང་དགོ་པས་ ང་བཅས་ར་སྨོ་ཤིག་ལགས། སྲོལ་བཟང་པོ་འཟབད་བ་ཅིན་ ད་ དགྲའི་ གཙོ་རང་ ང་བཅས་རའི་ལེན་དགོ་པས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    དུག་ཨའི་བྱིན་རུང་ ཟ་ནི་མིན་འོང་ཟེར་ཨིན་མས་ ཏེ་ སྲོལ་དགྲ་བྱང་ཕྱད་ལུ་ཡོད་རུང་ལེན་དགོ་ཟེར་ཨིན་མས་ ཏེ་ འ་ནཱི་སྦེ་ནི་དེ་གིས་ ད་ཅི་བཟུམ་སྦེ་ ལེགས་པའི་འགྱུར་བ་འདི་ ང་བཅས་ར་གི་ ལམ་སྲོལ་ལུ་ ཕན་ཐོགས་པའི་ ཏེ་ ལེ་ཤ་ཡོད་པ་ཅིན་ ཁོང་གི་ལམ་སྲོལ་འདི་ ང་བཅས་ནཱ་ལུ་བཙུགས་ད་པ་ཁྱད་མིན་འདུག་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    དཔེ་གཅིག་འབད་བ་ཅིན་ ག་ཅིསྨོ་ཟེར་བ་ཅིན་ ཧེ་མ་ང་བཅས་རའི་ སྐུ་གཟུགས་བཟང་པོ་ཟེར་སླབ་ནི་མེད་ ང་བཅས་ར་ཆ་ཁྱབ་ཀྱིས་ མ་པ་ལས་མི་སླབ་ང་གིས་འདི་ ང་གི་མཐོང་སྣང་ལུ་འབད་བ་ཅིན་ ངེའི་མི་ཚད་ནང་ལུ་མ་མཐོང་ ཏེ་ ད་རེས་ནངས་པ་ སྐུ་གཟུགས་བཟང་པོ་ཟེར་མི་ཅིག་ དར་ཁྱབ་འགྱོ་སྟེ་ཡོད་བ་ལགས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཏེ་ འ་ནཱི་ཚུ་ ང་བཅས་རའི་ ཆོས་ཀྱི་ནང་ལུ་ཡང་འདུག་བ་ལགས་ སྔོན་འབྲེལ་བ་ཟེར་ ཧེ་མའི་བཀའ་འགྱུར་གྱི་ འདི་ཚུ་ནང་ལྷག་པ་ཅིན་ སངས་རྒྱས་འདི་ཚུ་ གཅིག་གི་ལུ་སློབ་མ་གཞན་གཅིག་ལུ་འགྱོ་བ་ཅིན་ ཏེ་ དང་པ་རང་ སྔོན་འབྲེལ་གྱི་ཚིག་འདི་ རྫོགས་དོགས་དེ་འམ་ཅིག་(?) དྲི་བའི་སྲོལ་འདུག་བ་ལགས། ཏེ་ འ་ནཱི་ ཆོས་ལས་བརྟེན་ཏེ་ འོངམ་ཨིན་ལམ་སྲོལ་གཅིག་ཨིན་མས་ དེ་འདི་ ང་བཅས་ར་བསོད་ནམས་བསགས་པའི་ ཐབས་ལམ་གཅིག་ཡང་ཨིན་མས་བ་འ་ནི་ཚུ།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཏེ་ འ་ནཱི་ཚུ་འབད་བ་ཅིན་ ལེགས་པའི་ཆ་འབད་བ་ཅིན་ཏེ་ ཁོང་གི་ཕར་ལས་ཡོད་པ་ཅིན་ ང་བཅས་ར་གིས་ ཏེ་ སྐུ་གཟུགས་བཟང་པོ་ཟེར་མི་འདི་ཚུ་ ཏེ་ ལེགས་པའི་ཆ་ཨིན་མས་ བསོད་ནམས་བསགས་པའི་ ཐབས་ཨིན་མས་ ཏེ་ ང་བཅས་རའི་འབྲུག་པའི་བསུ་བ་གི་དོན་ལས་ བསུ་བ་འབད་བའི་ རྟགས་མཚན་ཅིག་ཨིན་མས།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ད་ འ་ནཱི་ཚུ་འབད་བ་ཅིན་ བཙུགས་ད་རུང་ འ་ ཁྱད་མིན་འདུག་ཟེར་འ་ནཱི་ འགྱུར་བ་འདི་ ག་དེ་སྦེ་བཏང་ན་བཏང་ལྟ་རུང་ ང་བཅས་རའི་ ཆོས་དང་མཐུན་པ་ ང་བཅས་རའི་ལམ་སྲོལ་ལུ་ཕན་པ་ཅིན་ གནམ་མེད་ས་མེད་ ཁག་ཆེ་ཤོས་མཐོང་མས་ གཙོ་བོ་ང་བཅས་ར་གི་ མཐུན་སྒྲིག་གྱི་ཐོག་ལུ་འབད་བ་ཅིན་ ཏེ་ ཉམས་སྲུང་འབད་མ་ཚུགསཔ་མིན་འདུག་ ག་ཅིསྨོ་ཟེར་བ་ཅིན་ གཙོ་བོ་རང་ ཏེ་ ང་བཅས་རའི་གཞུང་གི།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཁ་ཐུག་ལས་ དེ་ལས་ནཱ་ སྒེར་སྡེ་ཁ་ཐུག་ལས་ ཏེ་ རོགས་ཕར་ལས་འཆར་འདི་ཚུ་བཟོ་སྟེ་འོང་པ་ཅིན་ ཏེ་ མ་དངུལ་གྱི་རྒྱབ་སྐྱོར་ཡོད་པ་ཅིན་ ཏེ་ དྲགཔ་ཨིན་མས་ མེད་དེ་འབད་རུང་ ཁོང་གི་ལེགས་པའི་ལམ་སྟོན་དང་ ཕར་རྒྱབ་སྐྱོར་ མི་སྡེའི་ནང་ལུ་ ཕར་གཡུས་ཁར་ལས་ཕར་འགྱོ་བའི་སྐབས་སུ་ལུ་ ཏེ་ འབྲེལ་བ་འཐབ་ཐངས་ཀྱི་ ཆ་རོགས་དང་མཉམ་འབྲེལ་གྱི་ གྲོགས་རམ་འབད་དགོཔ་འདི་ཚུ་ བཀའ་གནང་འབད་བ་ཅིན་ ཏེ་ ང་བཅས་ར་གིས་ སྟབས་བདེ་ཏོག་ཏོ་འགྱོ་འོང་ཟེར་ཨིན།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    ཨིན་རུང་ ད་རེས་ནངས་པ་གཅིག་ལས་བཅད་པ་ཅིན་ རྒྱལ་ཁབ་ཡར་རྒྱས་འགྱོ་མི་ཚུ་ མི་སེམས་མནོ་རིགས་མི་གཅིག་ བྱ་སེམས་སྤུ་རིགས་མི་གཅིག་ཟེར་མི་འདི་ བྱིའི་རིགས་ལུ་སྤུ་རིགས་དང་ འ་ནཱི་འབད་ནི་འདི་གིས་ ད་རེས་ནངས་པ་ མི་ལ་ལུ་ཅིག་གིས་ དེ་ལས་ མེན་པ་ལུ་ཡང་ ཨིན་ཟེར་མི་ཡང་འདུག་ འདུག་ནི་འདི་ ཉེན་ཁ་ ཉེན་ཁ་འདུག་བ་ལགས་ ད་རེས་ནངས་པ་མི།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    མི་ག་ར་ ཏི་རུ་བཟོ་མི་ཨིན་མས་ ཟ་ནི་འཐུང་ནིའི་དོན་ལས་ཨིན་མས་ ད་ འ་ནཱི་ཚུ་ལུ་ ཉེན་ཁ་ཡང་ཆེཝ་མས་ ང་བཅས་ཕར་གཡུས་ཁ་འགྱོ་སྡོད་རུང་ ཕྱི་ཁར་འགྱོ་བའི་སྐབས་སུ་ལུ་ ང་རང་གི་ཉམས་མྱོང་དང་འཁྲིལ་བ་ཅིན་ ཏེ་ དང་ཕུ་ཚོགས་པ་དང་མ་འཁྲིལ་བར་ རྩ་ལས་འགྱོ་ནི་མེད་ ཚོགས་པ་འཁྱིད་དེ་རང་འགྱོ་དགོ་ ཏེ་ ཕར་སོང་ཞིནམ་ལས་ དེ་ལས་ ང་བཅས་ག་ཅི་འབད་དོ་ཟེར་བ་ཅིན།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    བཀའ་ཤོག་འདི་འབག་སྟེ་སོང་ ལ་ལུ་ཅིག་ནང་ རྫོང་ཁག་ཨ་ཙི་ཅིག་ ཉེན་ཁ་ཆེ་ཤོས་ཅིག་ སྒྲིག་ཡང་དམ་སུ་ཅིག་ཡོད་པ་ཅིན་ ཕར་ལས་ཞིབ་འཚོལ་འབད་ཚུན་ཚོད་ ཕར་ཞུ་ཡིག་ རྫོང་ཁག་ནང་ཞུ་ཡིག་བཙུགསཔ་ཨིན་ ཚེས་གྲངས་འ་ནེམ་ཅིག་ལས་ ང་ནཱ་ལས་འཐོན་འགྱོཝ་ཨིན་ ང་ནཱ་མེད་ཟེར་མི་དེ་ལུ་ ང་བཅས་ཞིབ་འཚོལ་འ་ནཱི་སྦེ་མཇུག་བསྡུ་འགྱོ་དོ་ཟེར་ ད་ འ་ནཱི་ཚུ་ཡང་འབད་དགོཔ་ཨིན་ལགས་ ད་རེས་ནངས་པ།
  • ཀུན་བཟང་འཕྲིན་ལས་ Kinzang Thinley
    འདི་མ་འབད་བ་ཅིན་ ཏེ་ མཆོད་རྟེན་ཨརཝ་བརྐུ་ཡི་ལོ་ ག་ཅི་གུ་ཅི་རང་འབད་བའི་སྐབས་སུ་ལུ་ མི་གསརཔ་ག་ལྷོད་ཅི་ དེ་ལས་ ཁོ་ལྷོད་ཅི་ཟེར་བ་ཅིན་ ང་བཅས་ཚར་གཅིག་འདི་ མ་འབད་རུང་ཚར་གཅིག་ ཞིབ་དཔྱད་འབད་ནི་གི་ཉེན་ཁ་འདུག་བ་ལགས། འ་ནཱི་ཚུ་ང་བཅས་ར་ གནམ་མེད་ས་མེད་ གཙོ་བོ་གཙོ་བོ་འདི་ ང་བཅས་ར་ གཞུང་གི་ཁ་ཐུག་ལས་ འ་ནཱི་ཚུ་ གི་རྒྱབ་སྐྱོར་འབད་ནི་འདི་ གནམ་མེད་ས་མེད་ ཁག་ཆེ་དྲག་ཨིན་མས་ཟེར་ཞུ་ནི་ལགས།
  • བསམ་གཏན་ཡེ་ཤེས་ Samten Yeshi
    ལགས་སོ།