Skip to main content Skip to search
14 Feb 2017
10 min 21 sec
Video Overview
Creators: 
Dawa Tshering, Lhakpa Dema

Women of Chungkha village in Chukha District perform “Crossing Passes” (Lamo Chik Gel Nyi Gel), a new boedra song and dance. Annually the village promotes a three-day archery contest that involves all the villagers: men play archery, women dance, and children play in the competition grounds. As part of their tradition, while women are dancing, archers interrupt their competition to distribute betel nut to every dancer. The song performed in this video is a melancholy song that expresses a desperate longing for one’s parents. 

 

ཆུ་ཁ་རྫོང་ཁག་སྐྱུང་ཁ་གཡུས་ཚན་ལས་ དབང་མོ་གིས་ བོད་སྒྲའི་གླུ་གཞས་ ལ་མོ་གཅིག་བརྒལ་གཉིས་བརྒལ་ཟེར་མི་རྐྱབ་ཨིནམ་ད་ ལོ་བསྟར་བཞིན་དུ་ གཡུས་འདི་ཁའི་མི་སེར་ཚུ་གིས་ ཉིན་གྲངས་གསུམ་གྱི་རིང་ལུ་ ཕྱོགས་མདའི་ལམ་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ ཕོ་རྒྱ་ཚུ་གིས་མདའ་རྐྱབ་ ཨམ་སྲུ་ཚུ་གིས་ ཞབས་བྲོ་རྐྱབ་ འདི་ཨ་ལུ་ཚུ་ ཁོང་རའི་ ཆ་རོགས་ཚུ་དང་མཉམ་གཅིག་རྩེདམོ་རྩེཝ་མས། ཁོང་རའི་ལམ་སྲོལ་དང་འཁྲིལ་ ཨམ་སྲུ་ཚུ་གིས་ ཞབས་བྲོ་རྐྱབ་པའི་སྐབས་ མདའ་རྩེདཔ་ཚུ་གིས་ རྡོག་མ་ཁམ་རྡོག་བཏང་ཨིན་་མས། ད་ལྟོའི་གློག་བརྙན་ནང་གི་ ཞབས་བྲོ་འདི་འབད་བ་ཅིན་ ཕམ་དང་ཁ་བྱལ་སོང་མི་ལུ་ སེམས་སྐྱོ་བའི་ཚིག་ཅིག་ཨིན་མས། 

 

Transcript search
No results found for this search
0 of 0
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    ལ་མོ་གཅིག་བརྒལ་གཉིས་བརྒལ་ཡོ་ཡོ། །མཐོ་བའི་ལ་མོ་བརྒལ་སོང་། །རྒྱལ་སྲིད་བསྟན་གླིང་ལ་དབྱངས་ཅན་རོང་རོང། །མཐོ་བའི་ལ་མོ་བརྒྱལ་སོང་། །རྒྱལ་སྲིད་བསྟན་པ་གླིང་ལ་དབྱངས་ཅན་རོང་རོང། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    མཐོ་བའི་ལ་མོ་བརྒལ་རུང་ཡོ་ཡོ། །དྲིན་ཅན་ཕ་མ་དྲན་སོང་། །རྒྱལ་སྲིད་བསྟན་པ་གླིངལ་དབྱངས་ཅན་རོང་རོང་། དྲིན༌ཅན༌ཕ་མ་དྲན་སོང་། །རྒྱལ་སྲིད་བསྟན་པ་གླིང་ལ་དབྱངས་ཅན་རོང་རོང། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    དྲིན་ཅན་ཕ་མ་དྲན་རུང་ཡོ་ཡོ། །སེམས་ཀྱི་སྐྱོ་རོགས་ཨིན་མས། །རྒྱལ་སྲིད་བསྟན་པ་གླིང་ལ་དབྱངས་ཅན་རོང་རོང། །སེམས་ཀྱི་སྐྱོ་རོགས་ཨིན་མས། །རྒྱལ་སྲིད་བསྟན་པ་གླིང་ལ་དབྱངས་ཅན་རོང་རོང། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    རྟ་བུ་རྟ་གནག་རྟིང་དཀར་ཡོ་ཡོ། །རྟིའུ་ཅུང་པང་ལ་ལུས་སོང་། །རྒྱལ་སྲིད་བསྟན་པ་གླིང་ལ་དབྱངས་ཅན་རོང་རོང། །རྟིའུ་ཅུང་པང་ན་ལུས་སོང་། །རྒྱལ་སྲིད་བསྟན་པ་གླིང་ལ་དབྱངས་ཅན་རོང་རོང། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    རྟིའུ་ཅུང་པང་ལ་ལུས་རུང་ཡོ་ཡོ། །སེམས་ཀྱི་སྐྱོ་རོགས་ཨིན་མས། །རྒྱལ་སྲིད་བསྟན་པ་གླིང་ལ་དབྱངས་ཅན་རོང་རོང།། སེམས་ཀྱི་སྐྱོ་རོགས་ཨིན་མས། །རྒྱལ་སྲིད་བསྟན་པ་གླིང་ལ་དབྱངས་ཅན་རོང་རོང་། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    བུ་མོ་རང་གི་ལུས་ལུ་ཡོ་ཡོ། །ཆོས་ཀྱི་དངོས་གྲུབ་ཞུ་ཡོད། །རྒྱལ་སྲིད་བསྟན་པ་གླིང་ལ་དབྱངས་ཅན་རོང་རོང། །ཆོས་ཀྱི༌དངོསགྲུབ་ཞུ་ཡོད། །རྒྱལ་སྲིད་བསྟན་པ་གླིང་ལ་དབྱངས་ཅན་རོང་རོང། །