Skip to main content Skip to search
21 Jun 2018
2 min 30 sec
Video Overview
Creators: 
Duptho, Sonam Chophel

Choney Zangmo from Radhi, Tashigang, sings an old boedra song entitled Lamo Chigyal Ngigyal Yongyong (Crossing Many Passes). This song is about missing one’s parents and it is a sentimental song. The composer compares the love of parents with the love between a cow and its calf. The song is not usually performed during special occasions, but people sing and perform this song during casual gatherings or leisure time. It can be performed in circular formation with around five to twenty dancers. The origin and the composer of the song are unknown. 

 

བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ ལས་ཨིན་མི་ ཆོས་ཉིད་བཟང་མོ་གྱི་ བོད་སྒྲ རྙིངམ་ ལཱ་མོ་གཅིག་བརྒྱལ་གཉིས་བརྒྱལ་ ཟེར་མི་འདི་འཐེན་ནུག། ཞབས་ཁྲ་འདི་ འཁྲུལ་བའི་ཞབས་ཁྲ་གཅིག་ཨིནམ་ལས་ དེ་ཡང་ཕམ་དྲན་པའི་ སྐོར་ལས་ ཨིན་མས། རྩམ་པ་པོ་གི་ མོ་རའི་ཕམ་གི་བརྩེ་གདུང་འདི་ བ་དང་བོའུ་ཅུང་ གཉིས་ཀྱི་བར་ན་ཡོད་མི་བརྩེ་གདུང་ལུ་ དཔེ་བཞག་ནུག། ཞབས་ཁྲ་འདི་སྐྱོ་བའི་ ཞབས་ཁྲ་གཅིག་འབདཝ་ལས་ དགའ་སྟོན་ རྟེན་འབྲེལ་དང་ ཁག་ཆེ་བའི་ འཛོམས་འདུའི་སྐབས་ ཁྲབ་ནི་མེདཔ་ཨིན་ ཨིན་རུང་ མི་འདི་ཚུ་གི་ ཞབས་ཁྲ་འདི་ སྒྲིག་ཡངས་འཛོམས་འདུ་ཡང་ན་ དལ་ཁོམ་སྐབས་འཐེནམ་ ཨིན་མས།  ཞབས་ཁྲ་འདི་ མི་ལྔ་དང་ཉི་ཤུ་བར་ན་ སྒོར་སྒོམས་འབད་ ཁྲབ་སློལ་ཡོདཔ་ཨིན།  ཞབས་ཁྲ་ དའི་འབྱུང་ཁུངས་འདི་ ངོས་བཟུང་མེདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • ཆོས་ཉིད་བཟང་མོ་ Choney Zangmo
    ལ་མོ་གཅིག་བརྒལ་གཉིས་བརྒལ་ཡོ་ཡོ། །མཐོ་བའི་ལ་མོ་བརྒལ་སོང་གེ་སེར་བསྟན་པ་གླིང་ལ་ཡང་ཅིག་རུག་རུག །མཐོ་བའི་ལ་མོ་བརྒལ་སོང་བརྒལ་སེར་བསྟན་པ་གླིང་ལ་ཡང་ཅིག་རུག་རུག །
  • ཆོས་ཉིད་བཟང་མོ་ Choney Zangmo
    མཐོ་བའི་ལ་མོ་བརྒལ་རུང་ཡོ་ཡོ། །དྲིན་ཆེན་ཕ་མ་དྲན་སོང་གེ་སེར་བསྟན་པ་གླིང་ལ་ཡང་ཅིག་རུག་རུག །དྲིན་ཆེན་ཕ་མ་དྲན་སོང་གེ་སེར་བསྟན་པ་གླིང་ལ་ཡང་ཅིག་རུག་རུག །
  • ཆོས་ཉིད་བཟང་མོ་ Choney Zangmo
    དྲིན་ཆེན་ཕ་མ་དྲན་རུང་ཡོ་ཡོ། །སེམས་ཀྱི་སྐྱོ་རོགས་ཨིན་པས་གེ་སེར་བསྟན་གླིང་ལ་ཡང་ཅིག་རུག་རུག །སེམས་ཀྱི་སྐྱོ་རོགས་ཨིན་པས་གེ་སེར་བསྟན་གླིང་ལ་ཡང་ཅིག་རུག་རུག །
  • ཆོས་ཉིད་བཟང་མོ་ Choney Zangmo
    རྟ་ཕོ་རྟ་ན་རྟིང་དཀར་ཡོ་ཡོ། །རྟིའུ་ཅུང་ཕར་ལ་ལུས་སོང་གེ་སེར་བསྟན་པ་གླིང་ལ་ཡང་ཅིག་རུག་རུག །རྟིའུ་ཅུང་ཕར་ལ་ལུས་སོང་གེ་སེར་བསྟན་པ་གླིང་ལ་ཡང་ཅིག་རུག་རུག །
  • ཆོས་ཉིད་བཟང་མོ་ Choney Zangmo
    རྟིའུ་ཅུང་ཕར་ལ་ལུས་རུང་ཡོ་ཡོ། །སེམས་ཀྱི་སྐྱོ་རོགས་ཨིན་པས་གེ་སེར་བསྟན་པ་གླིང་ལ་ཡང་ཅིག་རུག་རུག །སེམས་ཀྱི་སྐྱོ་རོགས་ཨིན་པས་གེ་སེར་བསྟན་པ་གླིང་ལ་ཡང་ཅིག་རུག་རུག །
  • ཆོས་ཉིད་བཟང་མོ་ Choney Zangmo
    བཀའ་དྲིན་ཆེ་ལགས།། །།