Skip to main content Skip to search
25 Jan 2016
15 min 50 sec
Video Overview
Creators: 
Sonam Chophel, Dawa Tshering

སྤུ་ན་ཁ་ཙན་ལྡན་སྒང་ལས་རྡོ་རྗེ་གིས་ སྟག་ཕྲུག་གི་སྲུང་གཏང་མི་འདི་ ང་བཅས་ར་ཆ་ཁྱབ་ ལཱ་བཟང་ངན་ག་ཅི་ར་འབད་ནི་ཡོད་རུང་ བརྟགས་ཤིང་དཔྱད་ཞིན་ན་འབད་དགོ་པའི་སྐོར་ལས་ཨིན་པས། སྟག་དང་གླང་གཉིས་འཆམ་ཏོག་ཏོ་སྦེ་སྡོད་སྡོདཔ་བར་ན་ར་ འམ་བཀྲ་མ་ཤིསཔ་དེ་གིས་ བར་ན་དཀྲོགས་ཏེ་ཕུང་བཟོ་སྦེ་ སྟག་དང་གླང་གཉིས་ཆ་ར་ ཨའི་སྟག་གི་ཁ་ཆེམས་ལུ་གནས་མ་ཚུགས་པར་ གཅིག་གིས་གཅིག་བསད་དོ་བཟུམ་སྦེ་ར་ ད་རེས་ནངས་པར་ ང་བཅས་ར་མི་ཆ་ཁྱབ་ཡང་ ག་ནི་བ་འཆམ་ཏོག་ཏོ་སྦེ་སྡོད་པའི་བར་ན་ མི་བཀྲ་མ་ཤིསཔ་ཅིག་གིས་ བར་ན་དཀྲོགས་ཏེ་ཕུང་བཟོ་བའི་སྐབས་ བར་ན་ལས་སླབ་མི་འདི་ ཕར་ལོགས་མ་གིས་སླབ་སླབ་བདེན་ག་མི་བདེན་བརྟགས་ཤིང་མ་དཔྱད་པར་ བར་ན་ལས་སླབ་མི་གུ་ལུ་ཆ་བཞག་སྟེ་ དོན་དག་ག་ནི་ཡང་མེད་པར་ འཁོན་བཟུང་སྟེ་ སྟབས་མ་བདེཝ་འགྱོ་ནི་ཡོདཔ་ཨིན། འ་ནི་འབདཝ་ད་ ང་བཅས་ར་ག་ར་ཨིན་རུང་ བར་ན་ལས་ཨིན་ཨིན་རང་འདྲཝ་སྦེ་སླབ་རུང་ སྟག་དང་གླང་བཟུམ་སྦེ་ ཚར་ཅིག་གུ་ཙིགཔ་མ་ཟ་བར་ ཨིན་ན་མེན་ན་ བརྟགས་ཤིང་དཔྱད་ཞིན་ན་ལས་འབད་དགོཔ་འདི་ ག་ནི་བ་གལ་ཆེཝ་འདུག།

 

A single moment of misunderstanding is sometimes so harmful that people forget the good moments they have shared with friends. Let’s say a third person came in between two friends and created a misunderstanding. What we tend to do in such a situation is to easily trust the third person, forgetting about the importance of the other person. Rather than going beyond and finding out the truth, we lose our control over anger and draw a quick decision from it. The moral of his story is that we should always think twice before doing anything, be it a good deed or a bad deed.

Transcript search
No results found for this search
0 of 0
  • རྡོ་རྗེ་ Dorji;
    ད་ད་རིས་ ང་གིས་ད་ ད་ལྟོ་ ང་སྲུང་ཐུང་ཀུ་ཅིག་ གཏང་ནི་ཡོད་པའི་ ང་སྲུང་ཅིག་བཏང་མི་འདི་ ད་རིས་ ང་བཅས་ན་གི་ དཔེ་ལུ་ཆ་བཞགཔ་འདྲཝ་ཅིག་འབད་བ་ཅིན་ རོགས་དང་ཕུགས་སེམས་ཅན་འབད་རུང་ སེམས་ཅན་མནོ་མེད་འབད་རུང་ ཨའི་ཨཔ་མ་གཅིག་པའི་ སེམས་ཅན་ཅིག་ཅིག་འབད་རུང་ རོགས་གཅིག་གཅིག་ལུ་ ཐ་དམ་ཚིག་གནམ་མེད་ས་མེད་ ག་ཅིག་དེ་བསྐྱེད་ཤེས་པས།
    today I am going to tell the story, if i site an example before at olden days animal who don't understand anything still got the feeling of trustworthy and show trust to each other.
  • རྡོ་རྗེ་ Dorji;
    ད་རིས་ ང་བཅས་ཀྱི་ མི་ལུས་རིན་ཆེན་ ང་བཅས་ཀྱི་ མི་དབང་མངའ་བདག་རིན་པོ་ཆེ་གིས་ འབྲུག་རྒྱལ་ཁབ་འདི་ ནང་པའི་ཆོས་ལུ་ བཀོད་དེ་སྦེ་འབད་རུང་ ང་བཅས་མི་ལ་ལུ་གིས་ ནང་པའི་ཆོས་ཀྱི་ བརྩེ་གདུང་ལས་བརྟེན་ཏེ་གིས་སྦེ་ གཅིག་གཅིག་ལུ་ ཐ་དམ་ཚིག་བསྐྱེད་མི་ཤེས་པས།
    we are born under the his majesty in the country where dharma is flourish every where but some people are there who can't even show trust to eachother and who don't know how to maintain trust.
  • རྡོ་རྗེ་ Dorji;
    ང་འ་ནཱི་གྱི་ དཔེ་དུམ་གྲ་ཅིག་ ང་སྲུང་སྦེ་ སླབ་འདྲཝ་ཅིག་འབད་བ་ཅིན། དང་ཕུགས་ ང་བཅས་ར་ མར་གཡུས་རི་ཅིག་གི་རྩ་བ་ལུ་ ང་བཅས་ར་ བ་ཅིག་གིས་ གླང༌ཅུང༌ཅིག༌ཚར༌ འ་ནཱི་གི་ རི་འདི་ཕྲང་དེ་ར་ ཡར་རི་དེ་གི་མགུ་ལུ་ སྟག་མོ་ཅིག་གིས་ སྟག་ཕྱུ་གུ་ཕོ་ཅིག་ཚར་ འ་ནཱེ་སྦེ་སྡོད་ནུག།
    If i give this an example let me recite a story where long time back at the base of the mountain there was a cow who gave birth to a calf and in the same time on the top of the mountain a tigress gave birth to a cub.
  • རྡོ་རྗེ་ Dorji;
    ཏེ་འ་ནཱེ་སྦེ་ སྡོད་སྡོད་པའི་ནང་ར་ ཏེ་རོགས་ སྟག་གི་ཨའི་འདི་ ཁོ་ར་ རི་ཁར་ལས་འགྱོའི་ར་ ཕྱུ་གུ་འདི་ལུ་ ཤ་འཚོལ་བྱིན། ཨོམ་ཡང་ནཱེ་བ་ར་བྱིན། རོགས་རྩྭ་ཨ་རྟག་བཟའ་སར་བཟའ་སྦེ་ འ་ནཱེ་སྦེ་འབད་དོཝ་མས།
    As the time passes the tigress fed her cub with milk and from the forest she search meat and fed the cubs. they stayed that way.
  • རྡོ་རྗེ་ Dorji;
    ཏེ་རོགས་ བ་དེ་གིས་ཡང་ རོགས་མོ་ར་གྱི་ རྩྭ་དེ་ར་ ཨ་རྟག་བཟའ་ས་ལས་བཟའ་ ཆུ་ག་འཐུང་ས་ནང་ལས་འཐུང་སྦེ་ སྡོད་སྡོད་པར་ཏེ་ ཚར་ཅིག་འབདཝ་ད་ ཏེ་གླང་ཆུང་འདི་མར་བཞག་སྦེ་སྦེ་ ཏེ་བ་དེ་ ཁ་ཡར་བལྟ་ ང་བཅས་ཀྱི་ རྩྭ་བདའ་རྩྭ་བདའ་ཟེར་ཡོད་པ་ ང་བཅས་ཀྱི་ ནོར་གྱིས་ འ་ནཱེ་སྦེ་ རྩྭ་ག་ལྷོད་ལྷོད་ར་ བདའ་འགྱོ་ནི་ཅིག་ཡོད་ཨིན།
    then the cattle ate the grass and drank the the water from she use to eat and drink the water, once the cattle left the calf and went in the search of grass.
  • རྡོ་རྗེ་ Dorji;
    འ་ནཱེ་སྦེ་བདའ་་འགྱོཝ༌ད༌ ཏེ༌བ་དེ་ཀྱིས་ ནཱ་ལས་ རི་བདའ་སྟེ་ རྩྭ་བདའ་སྟེ་འགྱོཝ་ད་ཏེ་ བར་ན་ཡར་སྟག་གི་ ཨའི་དེ་ ཤ་མ་ཐོབ་པ་ར་ སྡོད་སྡོད་པ་ར་བ་དེ་ དེ་ནང་ཐོན་རྐྱབ་སྟེ་ཀྱི་ བ་དེ་ ཡར་སྟག་མོ་དེ་ རྩ་བར་ལྷོདཔ་ཅིན་ཏེ་ དེ་ལས་ཏེ་ སྟག་འདི་ཡང་ ཤ་མ་ཐོབ་པ་ར་སྡོད་སྡོདཔ་འབད་ནི་དེ་ཀྱིས་ཏེ་ ཕྲངམ་ཕྲངམ་ས་ར་ སྟག་མོ་དེ་གིས་ བ་དེ་བསད་ད་ནུག་
    so in the search of grass she met with the tigress were she too was in search of the meat. so the tigress killed the cattle as she was too hungry,
  • རྡོ་རྗེ་ Dorji;
    ཏེ་བ་དེ་ བསདཔའི་ཚེ་ བ་གི་ཤ་དེ་ འཐེན་བདའ་ ཏེ་ཁོང་མ་སྨད་གཉིས་ཏེ་ སྟག་གི་ཕྱུ་གུ་དེ་དང་ སྟག་གི་ཨའི་དེ་ ཁོང་མ་སྨད་གཉིས་ཏེ་ བ་དེ་གི་ ཤ་དེ་བཟའ་འབད་སྦེ་ཏེ་ ཁོང་ར་གཉིས་འབད་གསེས་ བ་དེ་གི་ ཤ་དེ་བཟའ་ནི་ཡོད་ ཤ་བཟའ་སྡོད་པའི།
    after killing the cattle the tigress took the meat to the cub to eat. They were having the meat to eat.
  • རྡོ་རྗེ་ Dorji;
    ཏེ་སྟག་་་་ནཱ་་་བ་དེ་གི་ཕྱུ་གུ་ གླང་ཅུང་དེ་ཏེ་ མར་ཨའི་འོང་ནི་མེད་པ་ ཁ་སྐོམ་ལྟོཝ་བཀྱེས་ རྩྭ་བཟའ་གེ་ཟེརན་ ད་ལྟོ་ཕྱུ་གུ་སྦེ་ གླང་ཅུང་སྦེ་ རྩྭ་བཟའ་མ་ཤེས་ ཨོམ་འཐུང་གེ་ཟེརན་ཨའི་འོང་ནི་མེད་པ་ ཨོམ་འཐུང་ནི་མེད་སྦེ།
    but the calf was left alone, the cattle wasn't returning back, he was too samll so he couldn't eat nor drink the milk.
  • རྡོ་རྗེ་ Dorji;
    ཏེ་ད་ཚར་ཅིག་འབདཝ་ད་ མར་ལས་ཡར་ གླང་ཅུང་དེ་གིས་ ཏེ་མར་ལས་ ཨའི་འཚོལ་ཏེ་ བང་བང་ར་ཟེར་ མར་ལས་ བད་ར་ཟེར་ སྐད་རྐྱབ་བང་བད་ར་ཟེར་ ཏེ་མར་ལས་ཡར་རྐང་མ་ག་ར་ ཨའི་གི་དྲིམ་དཔྱད་ཅིག་དཔྱད་ཅིག་སྦེ་ ནཱ་ལས་ཁ་ཡར་ ཨའི་འགྱོ་སའི་ རི་དེ་བདའ་སྟེ་ ཨའི་འགྱོ་སའི་ ས་སྒོ་ནང་ཐོན་སོང་ནུག
    then once the calf went in search of the mother smelling the ascent of the mother, and following the foot print of the mother he reach to the place where his mother was last seen.
  • རྡོ་རྗེ་ Dorji;
    ཏེ་བོའུ་ཅུང་ འདི་ནང་ལས་འགྱོཝ་ད་འབད་གསེསནི་ ཏེ་ཡར་ སྟག་མ་སྨད་གཉིས་ ཨའི་་་བ་དེ་ བཟའ་ད་མི་གི་ སྟག་མ་སྨད་གཉིསཔོ་དེ་ ཏེ་ཡར་སྟག་གི་ཕྱུ་གུ་དེ་ལུ་ ཨོམ་བྱིན་པའི་བསྒང་ར་ ཏེ་གླང་ཅུང་དེ་ ཡར་ལྷོད་ནུག།
    he reach to the place where the tigress was feeding the cub.
  • རྡོ་རྗེ་ Dorji;
    ཏེ་ཡར་ལྷོདཔ་ཅིན་ཏེ་ ཏེ་སྟག་གི་ཕྱུ་གུ་དེ་ ཨོམ་འཐུང་པའི་བསྒང་ར་འབད་ནི་དེ་གིས་ ཏེ་ཨའི་ལུ་ སླབ་སླབ་མས། ཨའི་ཏེ་ ད་རིས་ ག་ཅི་ན་ཏེ་ ང་བཅས་གཉིས་ འ་ནཱེ་སྦེ་སྡོད་སའི་ས་སྒོ་ནང་ལུ་ གླང་ཅུང་ཅིག་ཡང་ སྐད་རྐྱབ་འོང་དེས་པ་ཡ་ཨའི་ཟེར་ ཏེ་སྟག་གི་ཕྱུ་གུ་དེ་གིས་ དེ་སྦེ་ འདྲིའི་ཟེར་མས།
    while the cub drinking the milk said to his mother" today it's so sudden that a calf is shouting at our place" why is it so?
  • རྡོ་རྗེ་ Dorji;
    ཏེ་དེ་སྦེ་འདྲིཝ་སོངམ་ད་ལུ་ ཏེ་ཨའི་དེ་གིས་ སྨ་ཏེ་ གླང་ཅུང་འདི་ནཱ་ལས་ སྐད་རྐྱབ་མ་འོང་པ་མ་འོང་ནི་མིན་འདུག་ཏེ་ འ་ནཱ་ཏེ་ ངབཅས་གཉིས་ཆ་བཟའ་མི་གི་ ཤ་འདི་ འ་ནཱ་ གླང་ཅུང་འདི་གི་ ཨའི་མས་ཏེ། ཏེ་ངབཅས་གཉིས་ཀྱིས་ མོ་གི་ཤ་འདི་བཟའ། མོ་གི་ཁྲ་འདི་མཐུང་སྦེ་ མཐུང་ཚར་ཡི། ཏེ་ད་ གླང་ཆུང་འདི་ཏེ་ ཨའི་འོང་ནི་མེད་པ་ ད་ཨའི་འཚོལ་འོང་འོངམ་མས་ཏེ། དབའེ་ཨའི་ དེ་སྦེ་ འཚོལ་འོངམ་འདྲཝ་ཅིག་འབད་བ་ཅིན་ ཁོ་ང་བཟུམ་སྦེ་ ལྟོཝ་བཀྱེས་ ང་བཟུམ་སྦེ་ ཁ་སྐོམ་ནི་ཡོད་ག་སྨོ ཨའི་ཟེར་འདྲིཝ་ད་
    the tigress replied that calf is here because his mother is lost, we ate his mother and drank the blood of her, calf is here in search of his mother. then the cub said " do he feel the hunger like me? thirsty like? to his mother.
  • རྡོ་རྗེ་ Dorji;
    སྟག་གི་ཨའི་དེ་གིས་ ཨིན་ད་ ད་འ་ནཱི་བཟུམ་སྦེ་ ལྟོཝ་བཀྱེས་ ཁ་སྐོམ་ ལྟོཝ་བཀྱེས་ འོང་འོངམ་ཨིན་པས་ཏེ་ ཏེ་ག་དེ་སྦེ་འབདན་ན་སྨོ་ཟེར་འདྲི་(ད) སྟག་གི་ཕྱུ་གུ་དེ་གིས་ དེ་སྦེ་འདྲིཝ་ད་ལུ་ ཏེ་སྟག་གི་ ཨའི་དེ་གི་ཏེ་ ཏེ་ག་དེ་འབད་བ་ ཏེ་ང་བལྟ་གསེས་ ངེའི་སེམས་ལས་དཔྱད་བལྟ་བ་ཅིན་
    what should we do now? because he is in hunger and thirst asked the cub to the tigress. then the tigress replied what can we do now? i think
  • རྡོ་རྗེ་ Dorji;
    ད་ཁྱོད་ཡང་ ངེའི་ཕྱུ་གུ་མས། གླང་ཆུང་འདི་ཡང་ ནཱ་འབོ་སྦེ་ཞིནམ་ན་ ངེའི་ཨོམ་འདི་ཏེ་ ད་ཨོམ་ཆ་གཅིགཔ་འདི་ ཡ་གཅིག་ཁོ་ལུ་བྱིན། ཡ་གཅིག་ཁྱོད་ལུ་བྱིན་སྦེ་འབད་ ཏེ་ཁྱོད་གཉིས་ འ་ནཱེ་སྦེ་ གསོ་དགོན་ིའདྲས་ མེན་ན་འདྲིཝ་ད་ ཏེ་དེ་སྦེ་ འཐུང་བཏུབ་ག་ཏེ་ སྟག་གི་ཕྱུ་གུ་དེ་གིས་ དེ་སྦེ་འདྲིཝ་ད་ཏེ།
    you are also my cub and he is also a calf so i will share my milk with him, you both can share the milk. Then the cub said will it be fine if we share the milk?
  • རྡོ་རྗེ་ Dorji;
    འཐུང་བཏུབ་ ང་གིས་ ནཱེ་སྦེ་བྱིན་པ་ཅིན་ འཐུང་བཏུབ་ཟེར་ ཏེ་དེ་ལས་ གླང་ཅུང་འདི་ ཕར་ལས་ཚུར་ ཁ་སྐོམ་འོང་འོངམ་འབད་ནི་དེ་གི་ཏེ་ སྟག་གི་ ཨའི་དེ་གིས་ཨོམ་གཅིག་བཏོན་བལྟཝ་ད་ ཏེ་གླང་ཅུང༌དེ་ཡང་ འཐུང༌ཆོག༌ཆོག༌ར༌མས་ཟེརཝ་མས་ལོ།
    yes it is fine to drink said the tigress. When the togress show the milk to the calf, the calf out of thirst he was will to drink the milk
  • རྡོ་རྗེ་ Dorji;
    ཏེ་ན་འཐན་ར་ ཁ་སྐོམ་སྐོམ་འབད་ནི་དེ་གིས་ ཏེ་དེ་ལས་ རྟག་བུ་ར་ཏེ་ དེ་ལས་ སྟག་གི་ཨའི་དེ་གི་ཏེ མོ་ར་ག་ཏེ་ར་འགྱོ་འབད་རུང་ ཏེ་ཁོང་སྤུན་ཆ་གཉིས་ཏེ་ གཅིག་ཁར་བཞག་ཁོང་གཉིས་སྤུན་ཆ་བཟུམ་སྦེ་ར་ཏེ། གཅིག་ཁར་བཞག་སྦེ་ མོ་ར་གིས་ གཅིག་ཁར་འཚའ་འཚའཝ་བཟུམ་སྦེ་ ཏེ་ཁོང་གཉིས་ཡང་འཆམ་ཏོག་ཏོ་སྦེ་ ཨོམ་ཡ་གཅིག་སྟག་གི་ཕྱུ་གུ་དེ་གིས་མཐུང་ ཡ་གཅིག་གླང་ཆུང་ཀུ་དེ་གིས་མཐུང་སྦེ་ཏེ་ ཁོང་ར་གཉིས་ འ་ནཱེ་སྦེ་ར་ གསོ་ད་ནུག
    the calf drank the milk because he was hungry, so the tigress gave the milk and raise both the cub and calf as her own child, they both share the milk and went where ever the tigress go. so they both stayed like the siblings.
  • རྡོ་རྗེ་ Dorji;
    ཏེ་འ་ནཱེ་སྦེ་ར་གསོ། ཏེ་ཁོ་ཡང་ གཉའ་རྒོད་ཐལ་གླང་ཅུང་དེ་ཡང་། ཏེ་སྟག་དེ་ཡང་ གནམ་མེད་ས་མེད་ སྦོམ་ཐལ་འབད་སྦེ་ ཏེ་དེ་བསྒང་ལས་ ཁོ་ཡང་ རི་ཁར་ལས་ ཤ་འཚོལ་ཚུགསཔ་ཡར་སོང་། གླང་ཅུང་དེ་གིས་ཡང་ རི་ཁར་ལས་ རྩྭབཟའ་ཆུ་མཐུང་འབད་ཚུགསཔ་ཡར་སོང་སྦེ་ ཏེ་དེ་ཅིག་གི་བར་ན་ ཨའི་དེ་ ལོ་རྒས་སོངཔ་ད་ ཏེ་སྟག་གི་ཨའི་དེ་གིས་ ཚར་གཅིག་འབད་བ་སླབ་སླབ་ཨིན་ཟེར་མས་ ཏེ་མོ་ རི་ཁར་ཤ་འཚོལ་བར་འགྱོཝ་ད་ ཡ་ཁྱེད་ཨ་ལོ་གཉིས་ག་ ད་ཨའི་ད་ རི་ཁར་ལས་ ཤ་འཚོལ་བར་འགྱོ་ཡི། ད་ག་དེམ་ཅིག་སྦེ་ ཨའི་རི་ཁར་ལས་ ཤ་འཐོབ་སྟེ་འོང་པ་ཅིན་ཁྱེད་གཉིས་ཀྱི་ ཧང་ཀ་ར་འཐོན་འོང་ང།
    then they both grow up to do anything by themselves. the cub can do his work going into the forset and can feed himselg on meat, and the calf can feed himself on grass, By then the tigress grow up so old, once the tigress said to both the cub and the calf " i am going up into the forset so find the meat, if i come back i will be back to both of you,
  • རྡོ་རྗེ་ Dorji;
    ཏེ་ཨའི་ རི་ཁར་ལས་ ཤ་འཐོབ་སྟེ་ འོང་ནི་མེད་པ་ཅིན་ ད་ཨའི་ ཤི་སོང་པའི་རྟགས་ཨིན། ད་ཁྱོད་གཉིས་ ཨའི་མ༌དྲན༌སྨ༌རེ༌ ཁྱོད་ར་ སྤུན་ཆ་གཉིས་འབདན་ཏེ་ ང་གིས་ ད་ལྟོ་ཁྱོད་གཉིས་སྤུན་ཆ་འབད་ར་གསོའི་སྨ་རེ། ཁྱོད་གཉིས་ སྤུན་ཆ་བཟུམ་འབད་ར་ ཨོམ་ཡ་གཅིག་ཁོ་ལུ་བྱིན། ཨོམ་ཡ་གཅིག་ ཁྱོད་ལུ་བྱིན་འབད་ར་ ང་འ་ནཱེ་འབད་གསོའི་ད་ ཁྱོད་གཉིས་ དགྲ་བྱངམ་ཕྱད་ཀྱི་ འདུ་ཤེས་མེན་སྨ་རེ་ ཁྱོད་གཉིས་སྤུན་སྤུན་ཆའི་ འདུ་ཤེས་ཨིན།
    if i don't come back then think i am dead". But you two don't miss me, be the same like i have been raising you both till now, sharing my milk to both of you so don't be enemies be the same a like now, be the siblings.
  • རྡོ་རྗེ་ Dorji;
    ད་ཁྱོད་གཉིས་ སྦོམ་ཆུང་འ་ནཱི་ཅིག་ལང་ལང་ ངེའི་ཨོམ་མའི་ གསོ་གསོཝ་འབད་བཏུབ་པ་ ད་ཁྱེད་གཉིས་གཅིག་གཅིག་ལུ་ སྟག་ཁྱོད་ར་འབད་རུང་ ལྟོཝ་བཀྱེས་ཁ་སྐོམ་འོང་སྟེ་སྦེ་གླང་ལུ་གནོད་བཀལ་ གླང་བཟའ་མ་ད་
    till now i have raise you both well so tiger if your hungry also dont kill the ox and eat,
  • རྡོ་རྗེ་ Dorji;
    གླང་ར་འབད་རུ་ རང་བཟའ་བའི་ རྩྭ་འཐོབ་ཆུ་འཐོབ་སྟེ་སྦེ་་མེད་པ་ཅིན་ ཁྱོད་སྟག་ལུ་ གནོད་མ་བཀལ། ཁྱེད་ར་གཉིས་སྤུན་ཆ་ཨིན། ང་མེད་པའི་ཤུལ་ལུ་ ཁྱོད་གཉིས་ སྤུན་ཆའི་འདུ་ཤེས་བསྐྱེད་དགོ་སྨ་རེ་ཟེར་
    ox you too if you dont get grass and water don't harm the tiger, you two are siblings you two have to show sympathy to both.
  • རྡོ་རྗེ་ Dorji;
    ཨའི་འདི་ དེ་སྦེ་སླབ་ ཁོང་གཉིས་ལུ་ ཁ་ཆེམས་བཞག་སྦེ་ཡར་སོང་ནུག། ཡར་སོངཔ་ཅིག་བར་ན་སྐོར་ ཏེ་ཨའི་ཡང་ ལོ་རྒས་སོངཔ་འབད་ནི་དེ་གིས་ དེ་ལས་ ཨའི་རི་ཁར་ལས་ལོག་ནི་མེདཔ་མས་། ཏེ་སྟག་གི་ ཨའི་དེ་ཤི་སོང་ནུག།
    tigress gave the last wish to both of them and went on her way in the search of meat, but the tigress didn't return back and thought she died.
  • རྡོ་རྗེ་ Dorji;
    ཏེ་དེ་ལས་ ཨའི་དེ་ཤི་སོང་སྟེ་འབད་རུང་ཏེ་ ཁོང་ར་སྤུན་ཆ་གཉིས་ སྤུན་ཆའི་འདུ་ཤེས་བཞག་ཏེ་ ཏེ་སྨ་ ཨའི་ལས་ ང་བཅས་སྤུན་ཆ་གཉིས་ གཅིག་སྦེ་གསོ་གསོཝ་ཨིན། ཨོམ་ཡ་གཅིག་ང་འཐུང་ ཨོམ་ཡ་གཅིག་ཁོ་འཐུང་སྦེ་ གསོ་གསོཝ་ཨིན།
    even if she died they both show sympathy, we both are raised well by our mother, shared the milk.
  • རྡོ་རྗེ་ Dorji;
    ང་བཅས་གཉིས་ཀྱི་ ཨའི་དེ་ལོ་ནི་མིན་འདུག། ཨའི་ རི་ཁར་ཤི་སོངཔ་མས། ད་ང་བཅས་སྤུན་ཆ་གཉིས་ཀུ་འབདན་ ཏེ་ད་སྤུན་ཆའི་འདུ་ཤེས་སྦེ་ར་སྡོད་དགོ་སྨ་རེ། ད་ང་བཅས་གཉིས་འ་ནཱེ་སྦེ་ར་ ད་ཚེ་འདི་ འ་ནཱེ་སྦེ་ར་རྫོགས་ནི་ཨིན།
    our mother is not returning back, Guess she is dead, we will be like before only, we are siblings our time will be utilized this way,
  • རྡོ་རྗེ་ Dorji;
    ང་ཡང་ རི་ཁར་ལས་ ཤ་འཐོབ་རུ་འཐོབ་ མ་འཐོབ་རུ་མ་འཐོབ་ ང་འོང་ནི་འདི་ ཁྱོད་ཧང་ཁ་འཐོན་འོང་ ང་གིས། ཏེ་ད་ཁྱོད་ར་ཡང་ རྩ་འཐོབ་བཟའ་རུང་ ཆུ་མཐུང་དེ་ དེམ་འབད་རུང་ འགྲང་རུ་ ལྟོ་རུ་ ཁྱོད་ར་མར་ ཁྱོད་ར་ ཨ་རྟག་ཉལ་ས་ལུ་ཉལ། ང་ཡང་ ཡར་ང་ར་ ཨ་རྟག་ཉལ་ས་ནང་ལུ་ འཐོན་འོང་ང་གིས། ཏེ་ང་བཅས་གཉིས་ སྤུན་ཆའི་འདུ་ཤེས་སྦེ་རང་སྡོད་དགོ་སྨ་རེ་ཟེར།
    weather i get the meat or not i will be back to you, and you too get the grass, drink the water and come back to your place. and i will also come to where i belong, we will be siblings and will stay that way always.
  • རྡོ་རྗེ་ Dorji;
    ཏེ་སྟག་ཁོང་ར་གཉིས་ཡང་ བློ་འ་ནཱེ་སྦེ་ སླབ་འབད་སྦེ་ ཏེ་འ་ནཱེ་སྦེ་ར་ དེ་བསྒང་ལས་ སྟག་ཡང་སྟག་གནམ་མེད་ས་མེད་ཁེ་ཀོ་བཏགས། གཟུགས་ཕོཝ་རྒྱག་ ཁེ་ཀོ་བཏགས། གླང་ཅུང་དེ་ཡང་ གནམ་མེད་ས་མེད་ གཉའ་རྒོད་སྡིང་། ལྟག་ཀོ་ནང་ལུ་ བྱང་ལ་ཡང་ འ་ནཱེ་སྦེ་ བཀལ་ཆེ་སྦེ་ འ་ནཱེ་སྦེ་ སྡོདཔ་ཅིག་གི་བར་ན་ར་ཏེ་ ད་འ་ནཱི་ འམ་ཅིག་ལྷོད་པའི་གསེས་ཨིན་མས། ཁོང་གཉིས་ཀྱི་ སྦུག་ལུ་དཀྲོག་རྐྱབ་མི། ཏེ་ཚར་ཅིག་ནང་ལས་ སྟག་དེ་ རི་ཁར་བལྟ་འགྱོཝ་ད་
    Then they both stayed that way and they both got the strength. then there comes a jackle in between. once tiger went inside the forest.
  • རྡོ་རྗེ་ Dorji;
    སྟག་གིས ཧབ་ཅི་རྐྱབ་སོང་པའི་ཤོསནི་ འམ་འདི་ ཨ་ནཱི་ འམ་དེ་ ཧེ་མ་ལས་ར་ ང་བཅས་ཀྱི་ དཀྲོགས༌རྐྱབ༌མི༌ཨིན༌ལོ༌ ཨ་ནཱི། ག༌ཅིག༌ར༌འབད༌རུང༌ བར་ན་བྱིད་ཁ་བསྐྱེལ་མི། ང་བཅས་ར་ མཐུན་ཏོག་ཏོ་སྡོད་མ་སྟེར་ འཆམ་ཏོག་ཏོ་སྦེ་སྡོད་མ་སྟེར་ ག་ཅིག་འབད་རུང་ འཆམ་ཏོག་ཏོ་ མཐུན་ཏོག་ཏོ་ མི་གཞི་མཐུན་་ཏོག་ཏོ་སྦེ་ བཟའ་མ་སྟེར་འབད་མི་དེ་ འ་ནཱི་འམ་འདི་ར་ཨིན་ལོ།
    jackle always come in between the tigre and the ox,
  • རྡོ་རྗེ་ Dorji;
    ཏེ་འམ་དེ་གིས་ བར་ན་སྐོར་ལས་ ཡར་སྟག་དེ་ འགྱོ་སའི་ ལམ་ཁར་སོང་སྦེ་ ཧབ་ཅི་རྐྱབ་པའི་ཤོསནི་ ཁོ་དང་པ་ སྟག་དེ་དཀྲོག་པར་འཛུལ་སོ་ནུག། དབའེ་ ཨཔ་སྟག་ག་ཏེ་འགྱོ་ནི་འབད་ཨིནམ་ཟེར་འདྲིཝ་ད་ སྟག་དེ་གིས་ ང་ཡར་རི་ཁ་ལས་ཡར་ ཤ་འཚོལ་བཟའ་བ་འགྱོཝ་ཨིན། ཏེ་ཁྱོད་ རྟག་བུ་ར་ འ་ནཱ་ལས་ཡར་འོངམ་ཨིན་མས། ཁྱོད་ཆ་རོགས་ཅིག་ཡོདཔ་ཨིན་མས། ཆ་རོགས་ག་ཡོདཔ་ཟེར་འབདཝ་ད
    then jackle went at the way of the tiger and said, Hey! tiger where are you going? Tiger replied i am going towards forest in search of the meat, but you always go from this way do you have friends? who is your friend? said the jackle
  • རྡོ་རྗེ་ Dorji;
    འེང་ཆ་རོགས་འདི་ ག་ཡོད་པ་ཆ་རོགས་ག་ཡང་མེད། ངེའི་སྤུན་ཆ་གླང་ཅིག་ཡོད་ཟེར་བའི་ལོ། ཡ་ཏེ་གླང་འདི་ ཁྱོད་སྤུན་ཆ་ག་དེ་སྦེ་ ད་སྤུན་ཆ་སྦེ་ རྩིས་དགོ་མི་དེ་ཏེ་ ང་བཅས་མ་སྨད་གཉིས་ཆ་ ཁོ་གི་ ཨའི་དེ་ བཟའ་ནུག་པ། ཏེ་ང་བཅས་གཉིས་ བལྟོཝ་བཀྱེས་ཏེ་ ཁོ་གི་ ཨའི་ནང་ལས་འོངམ་ད་ ང་བཅས་གཉིས་ཆ་ ཁོ་གི་ ཨའི་བཟའ་ནུག། ཨའི་འདི་བཟའ་ད་ནི་དེ་གིས་ཏེ་ དེ་ལས་ ངེ་ཨའི་དེ་གིས་ ཁོ་ཡང་གསོ། ང་ཡང་གསོ། ཨོམ་ཡ་གཅིག་ཁོ་གིས་འཐུང་། ཡ་གཅིག་ང་གིས་མཐུང་སྦེ་ ང་བཅས་གཉིས་ སྤུན་ཆ་སྦེ ་བཞག་བཞགཔ་ཨིན།
    tiger replied i don't have any friends, got only one ox brother sibling. then the jackle said how come an ox is your brother sibling. we are brothers because my mother and i have ate his mother so, my mother shared my milk with him and we two grow up as a siblings and my mother said we are family.
  • རྡོ་རྗེ་ Dorji;
    ཨའི་གིས་ ང་བཅས་གཉིས་ཁ་ཆེམས་ར་ཡོད། ད་ཁྱོད་ར་ སྤུན་ཆ་གཉིས་ ག་དེ་འབད་རུང་གུ་དེ་འབད་རུང་ ཁྱོད་གཉིས་གཅིག་ཅིག་ལུ་ གནོད་མ་བཀལ་ཟེར་ ཁྱོད་ར་ཡང་རི་ཁར་ལས་ ཤ་འཐོབ་རུང་འདྲ་ མ་འཐོབ་རུང་ གླང་ལུ་གནོད་མ་བཀལ། གླང་ཡང་ རང་རྩྭ་འཐོབ་ཆུ་འཐོབ། མ་འཐོབ་སྟེ་འབད་རུང་ རོགས་སྟག་ལུ་ གནོད་མ་བཀལ་ཟེར་ འ་ནཱེ་སྦེ་ ང་བཅས་ སྤུན་ཆ་གཉིས་ འདུ་ཤེས་སྦེ་ར་བཞག་བཞགཔ་ཨིན།
    my mother last wish was also that we are siblings and don't harm eachother, weather tiger get meat or not don't harm ox, and ox also eat your grass drink water if you don't get don't harm the tiger, that's why we are siblings and family.
  • རྡོ་རྗེ་ Dorji;
    འ་ནཱེ་སྦེ་ཨིན་ཟེརཝ་ད་ དབའེ་ གླང་དང་ ཁྱོད་སྤུན་ཆ་ཨིན་ལོ། གླང་དང་ ཁྱོད་སྤུན་ཆ་ག་ཅིག་ཨིན་པ། ཁ་ཙ་ ང་གླང་དེ་གི་ ཧང་ཀ་ལྷོད་ཅིག་བ་ཏེ་ གླང་དེ་གིས་ སླབ་དེ་ ང་ནམ་ཅིག་ཚེ་ རྩྭ་འཐོབ་སྟེ་སྦེ་ རྩྭ་འགྲངས་ཏེ་སྦེ་ཡོད་ཨིན། ཁ་སྐོམ་པའི་ ཆུ་འདི་ཡོད་རུང་ཨིན་ མེདཔ་འདྲཝ་ཅིག་འབད་བ་ཅིན་ ང་ཨ་ནཱི་ སྟག་འདི་ ཁོ་དང་ ང་སྤུན་ཆ་ ག་ཅིག་སྦེ་ཕོག་པ་ ཁོནི་རི་དྭགས་ཀྱི་ སེམས་ཅན་མས། ངནི་ནང་གཡུས་ཁའི་གླང་ཨིན། ང་ཁོ་ རྭ་ཕོག་ཐེངས་པ་གཅིག་གུ་འཐུ་སྦེ་ ང་ཁོ་གསད་བཏང་མ་ད་བ་ཟེར་ ཁ་ཙ་གླང་དེ་གིས་ འ་ནཱིམ་ཅིག་སླབ་དེ་ཟེར་
    this is the reason we are sibling, jackle said you two are sibling? yesterday when i went near the ox he said this days i have got grass to eat, water to drink. if one day i didn't get this i will at once push him and will kill him. we are not siblings.
  • རྡོ་རྗེ་ Dorji;
    ཁོ་སྟག་འདི་ དཀྲོགས་ད་ནུག། ཏེ་དེ་ལས་ཏེ་ སྟག་དཀྲོགས། སྟག་དེ་གིས་ དབའེ་ ངེ་སྤུན་ཆ་དེ་གིས་ དེ་སྦེ་མི་སླབ་སྟེ་ ང་བཅས་སྤུན་ཆ་གཉིས་ འདུ་ཤེས་སྦོམ་འབད་ར་ཡོད། ངེ་ཨའི་གིས་ ང་བཅས་གཉིས་ འདྲན་འདྲ་གསོ་གསོཝ་ཨིན་ས། ཨ་ཁྱོད་ར་ འ་ནཱེ་སྦེ་སྡོད། ཁྱོད་ར་ ཁྱོད་ཁོ་གི་ རྒྱུད་མ་རེགཔ་མས། ཁོ་ནམ་ཅིག་ཚེ་ རྩྭ་མ་འཐོབ་པར་སྡོད་པ་ཅིན་ ཁྱོད་གསད་ནི་ཨིན་ཟེར་ སླབ་དེས་ཟེར།
    the jackle brain wash the mind of the tiger by saying all lies. but my my brtother won't say those words, our mother have always told us to be good sibilg to eachother. ahhh! you saty like this, you brother ox will kill you once if he didn't get the grass said the jackle.
  • རྡོ་རྗེ་ Dorji;
    ཁོ་སྟག་དེ་དཀྲོགས་བཏང་འབད་སྦེ་ ཏེ་དེ་ལས་ སྟག་ནཱ་ལས་ ཡར་རི་ཁར་ རྒྱབ་ཐལཝ་ཅིན་ ཁོ་ད་རུང་ མར་ལས་མར་ འབྱིད་སྐོར་རྐྱབ་སོང་པའི་གསེས་ རོགས་ད་རུང་ མར་གླང་འདི་ ཁོ་ར་ ཨ་རྟག་ རྩྭ་བཟའ་སའི་ སྤང་དེ་ནང་ རྩྭ་བཟའ་སྡོད་སྡོད་པར་ གླང་དེ་དཀྲོགས་བཏང་ནུག།
    so the jackle said all bad about the ox to tiger and the tiger went into the forset, when the tiger left, jackle went down to the ox where he always have his grass again there jackle talked bad about the tiger.
  • རྡོ་རྗེ་ Dorji;
    དབའེ་ ཨཔ་གླང་ ཁྱོད་ན་ག་ཅིག་འབདཝ་ས་གིས་ འ་ཏ་ ང་ནཱ་ རྩ་རེ་བཟའ་སྦེ་ནཱེམ་སྦེ་སྡོད་ཡི་ཏེ་ དབའེ་ཁྱོད་རྩྭ་བཟའ་ལྟ་བུ་ན་བུ་འདི་ནང་ར་སྡོད་འོང་མས་ཏེ་ ཁྱོད་ཆ་རོགས་གཅི་ག་ཡོདཔ་སྟེ་ཆ་རོགས་གཅིག་ཡོདཔ་ཨིན་ན་ཟེར་འདྲིཝ་ད་
    hey! ox what your doing? i have always seen you alone having the grass, you got any friends? said the jackle, the ox replied i am having my grass.
  • རྡོ་རྗེ་ Dorji;
    ཏེ་ཆ་རོགས་གཞན་ག་ཡང་མེད་ཏེ་ སྟག་ཅིག་ཡོད་ཟེར་བའི་ལོ། ཏེ་སྟག་དང་ ཁྱོད་ག་ཅིག་སྦེ་ གཅིག་ཁར་སྡོད་དགོཔ་ཟེརཝ་ད་ ཏེ་སྟག་དང་ ང་གཅིག་ཁར་སྡོད་དགོ་མི་འདི་ཏེ་ དེ་བསྒང་ ང་ཆུང་ཀུ་སྦེ་སྡོདཔ་ད་ ངེའི་ཨའི་ནང་ལས་ ཡར་རི་ཁར་བལྟ་འགྱོ་བའི་གསེས་ ཁོང་མ་སྨད་གཉིས་ཆ་ ངེའི་ཨའི་བཟའ་ནུག།
    i don't have any friends got one tiger brother. as they both killed my mother when i was small so they are my family.
  • རྡོ་རྗེ་ Dorji;
    འ་ནཱི་འབདཝ་ད་ ང་ཡང་ཁ་སྐོམ་ནང་ལས་ཡར་འགྱོཝ་ད་ ཏེ་ཁོ་ཨའི་གིས་ གསོ་གསོཝ་ཨིན། ང་བཅས་གཉིས་ ཏེ་ཨོམ་ཡ་གཅིག་ ང་མཐུང་ཡ་གཅིག་ ཁོ་འཐུང་འབད་སྦེ་ ང་བཅས་གཉིས་འདྲན་འདྲ་ར་ གསོ་གསོཝ་ཨིན།
    when i was thirsty so tiger mother gave me the milk, we shared the milk and mother have raised us well.
  • རྡོ་རྗེ་ Dorji;
    ཏེ་དེ་ལས་ཨའི་ཤི་ ཨའི་གིས་ ང་བཅས་གཉིས་ལུ་ ཁ་ཆེམས་བཞག་ཅི། ཏེ་ང་བཅས་གཉིས་ག་དེ་འབད་རུང་ རྩྭ་ཡང་ ང་ར་ཨ་རྟག་བཟའ་ས་ལས་ བཟའ་ཆུ་ཡང་ ང་རང་ཨ་རྟག་མཐུང་ས་ལས་མཐུང་ཟེར་ ཁོ་ལུ་ཡང་ཤ་རི་ཁར་ལས་འཐོབ་རུང་ཨིན་ རི་ཁར་ལས་འཐོབ་བཟའ་ རི་ཁར་ལས་མ་འཐོབ་འདི་འབད་རུང་ ཁོ་རང་མ་གླང་གི་རྩ་བར་ཤོག་ ཁྱོད་ར་གཉིས་སྤུན་ཆ་ཨིན་སྨ་རེ་གཅིག་ཁར་འབད་སྡོད་ཟེར་ འ་ནཱེ་སྦེ་ ཨའི་གི་ཁ་ཆེམ་བཞག་ཡི།
    then our mother died, our mother's last wish was that we shouldn't harm each other, should do our work as it is, we have to support each other, not harm, she kept the last wish.
  • རྡོ་རྗེ་ Dorji;
    གཅིག་གཅིག་ལུ་ ག་དེ་ཅིག་ར་ བལྟོཝ་བཀྱེས་རུང་ གཅིག་གཅིག་ལུ་ གནོད་མ་བཀལ་ཟེར་ སླབ་སླབ་ཨིན་ཟེར་ འམ་གདོང་ཁར་དེ་སྦེ་ སླབ་ད་ འེང་་་ཁྱོད་དེ་སྦེ་ མནོ་བསམ་བཏང་སྡོད། སྟག་དེ་གིས་ ཁྱོད་ལུ་ དེ་སྦེ་ མནོ་མ་བཏུབ་ཁྱོད་ར། ཁོ་ཁ་ཙ་ ང་དང་ཕྱད་ཅིག་ ངེའི་གདོང་ཁར་སླབ་དེ། ཁོ་ ཡར་རི་ཁར་ལས་སོང་སྦེ་འབད་ ཤ་གཅིག་འཐོབ་སྟེ་བཟའ་ཚུགས་པ་ཅིན་ཨིན།
    how much we are hungry we shouln't harm each other, jackle said you stay like that, there tiger is not in a good mind, yesterday he wmet with me and telling me that if he gets the meat at the forset its okay.
  • རྡོ་རྗེ་ Dorji;
    བཟའ་མ་ཚུགས་པ་འཐོན་སོངཔ་འདྲཝ་ཅིག་འབད་བ་ཅིན་ ང་ཤ་མེད་པ་ བལྟོཝ་བཀྱེས་འོང་པ་ཅིན་ ང་ངེའི་ སྤུན་ཆ་གླང་འདི་ ང་ཡར་ལས་མར་ མཆོང་ཕོག་ཅིག་རྐྱབ་པའི་ཤོ་ལས་ ང་ཁོ་མི་ནང་ལུ་ འབབ་རིལ་ཐ་མཁནམ་ གསད་པའི་ཤོ་ལས་ ང་ཕོཝ་འགྲངམ་སྦེ་ བཟའ་ནི་ཨིན་ཟེར་ སླབ་དེས་ཟེར་བའི་ལོ།
    if i didn't get the meat to eat and if i am hungry then my sibling ox will be my meat i will kill him and will have as my meal,
  • རྡོ་རྗེ་ Dorji;
    ཏེ་ ད་གླང་དེ་གིས་ སླབ་སླབ་མས། དབའེ་ ངེའི་སྤུན་ཆ་འདི་ཏེ་ ཏེ་ང་བཅས་གཉིས་ ཏེ་ཨའི་གིས་ར་ གཅིག་ཅིག་ལུ་ གནོད་བཀལ་ནི་མེདཔ་སྦེ་ སླབ་སླབ་ཨིན། ག་དེ་སྦེ་ཨིན་ན་སྨོ? ཁོ་ག་ཅི་མནོ་བསམ་ཅིག་ བཏང་ཆེ་ཡི་ན་ཟེར་ ཏེ་གླང་དེའི་ དེ་སྦེ་སླབ་སླབ་མས།
    then the ox said our mother said that don't harm each other. How is it possible? what he is thinking?
  • རྡོ་རྗེ་ Dorji;ཏེ་སླབ་པན་ གཅིག་གཅིག་ལུ་ དྭངས་འདི་བསང་མ་བཏུབ་པ་ ང་བཅས་ར་ ག་ཅིག་ར་འབད་རུང་ དྭངས་ཅིག་བསང་དགོ་པས་པ། ཁོང་ཁྲོ་ནང་ན་ བསགས་སྡོད་ནི་མེན་པ་ ཕྱི་དྭངས་བསང་འོང་ཟེར་བའི་ དཔེ་འདི་འ་ནམས།for example
    we shouldn't keep guts inside. we have to tell it directly. then only the problem will solve.
  • རྡོ་རྗེ་ Dorji;
    ཏེ་གླང་དེ་གིས་ སེམས་ཁར་དེ་སྦེ་མནོ་ཆེ་ནུག། ཁ་ཙ་ འམ་མ་སླབ་མི་དེ་ ཏེ་འ་མ་གིས་ འ་ནཱེ་སྦེ་ དཀྲོགས་ཅིག་ར་ ཁོ་ར་ཡར་ རྟག་པའི་གུའཛེག། རྟག་པའི་ཤིང་འདི་ ང་བཅས་ འ་ནཱེ་སྦེ་ཡོད་པ། ཡར་ལས་ཕར་ རི་ཁ་འབདཝ་ད་ རི་ཁར་སྐྱེཝ་ད་ ཤིང་འདི་ འ་ནཱེ་སྦེ་ ཞལ་ལག་ཕར་བལྟ།
    ox thought that way. jackle was the culprit between the ox and the tiger. jackle was at the tree and watching them.
  • རྡོ་རྗེ་ Dorji;
    ར་ཏོ་ཡར་སྦེ། མཇུག་འདི་ འ་ནཱེ་སྦེ་སྐྱེ་བའི། རི་ཁར་ལུ་ རྟག་པའི་ཤིང་འདི་སྐྱེཝ་ད་ རྟག་པའི་ཤིང་འདི་ སྐྱེ་ལུ་ག་ནཱི་བ་རྔམ། ང་བཅས་ར་ མི་གཅིག་འ་ནཱེ་སྦེ་ ཕོཝ་རྐངམ་ཡར་བཏེགས་ཞིནམ་ན་ འ་ནཱེ་སྦེ་ སྡོད་སྡོདཔ་བཟུམ་སྦེ་སྐྱེཝ་ཨིན།
    that root of the tree is upward and the branches are all bit tilt and bent down.
  • རྡོ་རྗེ་ Dorji;
    འམ་དེ་གིས་ འ་ནཱེ་སྦེ་ སྟག་ཡང་དཀྲོགས། གླང་ཡང་དཀྲོགས་ཅིག་ར་ ཁོ་ར་ཡར་ རྟག་པའི་ཤིང་གུ་འཛེག་སྦེ་འབད་ འ་ནཱེ་སྦེ་སྡོད་ཅིག་ར་ ཡར་ལས་མར་ གྱིམ་སྡོད་དོཝ་མས། ཏེ་དེ་ལས་ ཚར་གཅིག་ དེའི་ནངས་པ་དྲོ་པ་འབད་བའི་བསྒང་ལས་ ཏེ་སྟག་དེ་ རོགས་ཁོ་ཁོ་རའི་ ཉལ་སའི་ནང་ར་སྡོད།
    jackle incite between the ox and the tiger. and jackle climb the tree and watch them. one morningtiger was at his sleeping place and ox was too at his place.
  • རྡོ་རྗེ་ Dorji;
    གླང་དེ་ ཁོ་ཁོ་ར་ཉལ་སའི་ མར་འོག་ལུའི་ཐང་ཅུང་ནང་ར་སྡོད་སྦེ་འབད་ཞིནམ་ན་ ཏེ་དེའི་ནངས་པ་དྲོ་པ་ ཁོ་ཡང་ ཨ་རྟག་གི་ ནཱེམ་སྦེ་ ལུགས་སྲོལ་འབད་ར་སྡོད། ཁོ་ཡར་ལས་མར་ མིག་ཏོ་གླང་དེ་ གྱིམ་བལྟ་ཚེ་ཅིན་ གླང་དེ་ ང་བཅས་རའི་ ནོར་འབད་རུང་ ནོར་དྲོ་པ་ཧ་སག་ བེ་རྩྭ་བཟའ་བ་འགྱོཝ་ད་ ང་བཅས་ར་ ན་འཐན་སྦེ་བལྟ་ཤིག།
    ox was at his place too. at the morning also they did the usual thing as it is, when ox was going to have the grass they always have the habit to strech the muscles
  • རྡོ་རྗེ་ Dorji;
    ན་འཐན་སྦེ་ བལྟཝ་འདྲཝ་ཅིག་འབད་བ་ཅིན་ གླང་དེ་དྲོ་པ་ བེ་རྩྭ་བཟའ་བ་འགྱོ་རནམ་ད་ མ་འདྲཝ་ཅིག་འབད་ནི་ཡོད། མར་ལས་གཟུགས་གཉའ་བཏེག་དོ་བཟུམ་སྦེ་ གཟུགས་ཀྱིམ་སློག་ལེ་ཤ་འབད་ནི་ཡོད།
    ox do many unusual thing at the morning, they strech the body,
  • རྡོ་རྗེ་ Dorji;
    ཏེ་འ་ནཱི་བཟུམ་སྦེ་ གླང་དེ་གིས་ མར་ལས་ཡར་ སྟག་གྱིམ་ཚར་ཅིག་བལྟ་སྦེ་འབད་ཞིནམ་ན་ ཏེ་ཁོ་དྲོ་པ་ བེ་རྩྭ་བཟའ་བ་འགྱོ་ནི་སྦེ་ གཟུགས་འ་ནཱེ་འབད་གཉད་སློག་ ཕར་རོགས་གྱིམ་ གཉའ་བཏད་དོ་བཟུམ་སྦེ་འབདཝ་ད་ ཏེ་དེ་ལས་ སྟག་དེ་གི་སེམས་ཁར་མནོ་ཆེ་ནུག།
    ox looked at the tiger once and strech his body when he went to eat the grass, then the tiger thought
  • རྡོ་རྗེ་ Dorji;
    དབའེ་ཁ་ཙ་ གླང་གིས་ འམ་དེ་ ངེ་གདོང་ཁར་ འ་ནཱི་ཅིག་ སླབ་ཅིག་པ། དེ་སླབ་མི་འདི་ བདེན་དོཝ་མས། ཁོ་ཁ་ཙ་ རྩ་ཅིག་མ་འཐོབ་མས། ཆུ་ཡང་ མ་འཐོབ་མས་ཁོ། ཁོ་ཁ་ཙ་ང་བལྟ་ཚེ་ ཁོ་རྩྭ་དང་ ཆུ་ཅིག་མ་འཐོབ་པར་ ད་རིས་ ཁོ་ང་ལུ་ གནོད་ཅིག་བཀལ་ནི་འོང་ནི་མས།
    today ox is doing unusual thing like strecting body yarning alot its may be he did't get the grass to eat yesterday as mentioned by the jackle, i think he is going to harm me today,
  • རྡོ་རྗེ་ Dorji;
    ད་ཁོ་མར་ལས་ ཨ་རྟག་དང་མ་འདྲཝ་སྦེ་ མར་ལས་ཡར་ ཧའེ་འཕྱར་ནི་ཡོད་པ་ལུ་ གཟུགས་གཉའ་བཏེག་ནི་ཡོད་པ་ལུ་ རོཝ་གཉའ་བཏེག་ནི་ཡོད་པ་ལུ་སྦེ་འབད་དེ་ ཁོ་ང་ལུ་ འཚུབས་ཅིག་ བཀལ་ནི་འོང་ནི་དེ་ཟེར་མནོ་ ཏེ་དེ་ལས་ཡར་ སྟག་གི་སེམས་ཀྱི་ དོགས་པ་འདི་ འ་ནཱི་ཆགས་ཆེ་ནུག།
    today ox is doing unusual thing like strecting body yarning alot its may be he did't get the grass to eat yesterday as mentioned by the jackle, i think he is going to harm me today, the tiger thought that way,
  • རྡོ་རྗེ་ Dorji;
    ཏེ་དེ་སྦེ་ དེ་ལནི་ སྟག་གི་ཡར་ལས་མར་ལུ་ ད་མནོ་བསམ་ ཁ་ཙ་འ་མ་གིས་ དཀྲོགས་དཀྲོགཔ་འབད་ནི་དེགིས་ འུང་་་་་་་་་་་ད་ད་རིས་ གླང་འདི་གི་ ཁ་ཙ་ འ་མ་གིས་ ངེ་གདོང་ཁར་ འ་ནཱེམ་ཅིག་སླབ་དེས། ཁོ་འ་ནཱི་ཅིག་ འབད་ནི་དེ་གིས་ ད་ཁོ་མར་ལས་ ང་ལུ་ གཉའ་བཏེག་མི་འདི ་འ་ནཱི་འོང་ནི་མས།
    yesterday jacke incite the tiger about ox so that way ox is showing so many unusual thing.
  • རྡོ་རྗེ་ Dorji;
    ད་ང་་་ད་ཁོ་ང་ལུ་ རྐྱབ་ར་རྐྱབ་ནི་མས། ད་ཁོ་ཁ་ཙ་ རྩྭ་མ་འཐོབ་མས། ཆུ་མ་འཐོབ་མས། དེ་འབད་མེན་མས།
    today ox will hit me as yesterday he didnt get water and grass,
  • རྡོ་རྗེ་ Dorji;
    ད་ང་ཡང་ ཁོ་ལུ་ མ་འདྲཝ་ཅིག་བཏོན་དགོ་པས་མནོ། སྟག་སྟག་དེ་གིས་ཡང་ ང་བཅས་ར་ འ་ནཱི་ ཤ་འཚོལ་བར་འགྱོ། ཤ་རེ་མཐོང་སྦེ་འབདཝ་ད་ གཟུགས་ཀྱིམ་སློག་ མར་ལས་ཡར་ལོག་ཞིནམ་ན་ མཇུག་མ་འཕར་འ་ནཱེ་སྦེ་མནར་ ཏེ་དེ་སྦེ་འབད་
    i will also show unusual thing, so tiger strech the body and tail as if he is going for the hunting
  • རྡོ་རྗེ་ Dorji;
    ཧ་ཡེ་འཕྱར་ གཟུགས་ཀྱིམ་སློག། ལྟག་ཀོ་ནང་ལས་མར་ར་ ག་ཅིག་དེསྦེ་ འགྱོ་ནི་ཡོད་དོ་མས། ཏེ་འ་ནཱེ་འགྱོ་ནི་ཡོད་མི་འདི་ སྟག་གིས་ཡང་ འ་ནཱེ་སྦེ་འབད་བའི་བསྒང་ལས་
    yawn, strech the body in unsual manner,
  • རྡོ་རྗེ་ Dorji;
    དེ་ལས་ གླང་གི་སེམས་ཁར་ལས་ འེམ་ད་་་་ཁ་ཙ་འ་མ་གིས་ འ་ནཱིམ་ཅིག་ སླབ་དེས་པ། ད་ཁོ་ཁ་ཙ་ རི་ཁར་ལས་ ཤ་མ་འཐོབ་མས། ཆུ་ཡང་མ་འཐོབ་མས། ད་ཁོ་ཁ་ཙ་ ཆུ་དང་ཤ་མ་འཐོབ་པར་ ད་རིས་ ཁོ་ང་བཟའ་ནི་སྦེ་འོང་ནི་འདྲས།
    then the ox thought now its the time as tiger didn't get the meat so he is harm me today as mentioned by jackle.
  • རྡོ་རྗེ་ Dorji;
    ད་རིས་ ཁོ་ཨ་རྟག་དང་མ་འདྲཝ་ཅིག་འབད་དོ་ཟེར་ ཨ་རྟག་གཅིག་གཅིག་ལུ་ ག་ནཱེ་ཡང་ བལྟ་ནི་མེད་མི་དེ་ ཟོགཔ་མནོ་ས་ཟོགཔ་མ་མཐོང་མི་དེ་ ཁ་ཙ་ལས་ འ་མ་གིས་ དཀྲོགས་བཞག་མི་འདི་གུ་ལུ་ཏེ་ ཁོ་འ་ནཱེ་སྦེ་ ཁོ་མིག་ཏོ་ཁར་ འ་ནཱེ་སྦེ་མཐོང་ད་ནུག།
    today he is doing unusual thing, as we never look eachother in that manner so they both thought that way as jackle incite between them.
  • རྡོ་རྗེ་ Dorji;
    ཏེ་དེ་ལས་ འ་མ་གིས་ཡང་་་ན་་་སྟག་གི་ཡང་ལས་མར་ ཁོ་གྱིམ་ མིག་ཏོ་མ་འདྲཝ་ གཟུགས་ཀྱིམ་སློག་སྟོན། དེ་ལས་ གླང་གིས་བལྟ་བ་ ཁོ་ངེ་གུ་རྐྱབ་ནི་དེ་མནོ། ཁོ་གི་ཡང་ མར་ལས་ཡར་གཟུགས་གཉའ་བཏེག་ ལེ་ཤ་འབད་སྟོན་པའི་བསྒང་ལས་ གཅིག་གཅིག་ལུ་ མནོ་བསམ་འདྲཝ་མ་འདྲཝ་ ལེ་ཤ་ཆགས་སྦེ་འབད་བའི་ཤོས་ལས་
    then tiger looked at him in bad manner, body strech, ox too was looking at him streching the body, showing many unsual manner to themselves
  • རྡོ་རྗེ་ Dorji;
    ཏེ་དེ་ལས་ སྟག་གིས་བལྟ་པ་ འུས་་་ད་ཁོ་ང་ལུ་ རྐྱབ་ར་རྐྱབ་ནི་མས། ད་ཁོ་ ངེ་གུ་རྐྱབ་བ་འདི་ དེ་བ་འདི་ ང་ཁོ་ཐེངས་པ་ཅིག་གུ་ འཐུ་ད་ཡར་སོང་པ་མནོ། དེ་ལས་ སྟག་གིས་ཡར་ལས་མར་ གླང་གྱིམ་མཆོང་ནི་སྦེ།
    then both thought that they are going to harm each other, so tiger thought that he will jump on ox
  • རྡོ་རྗེ་ Dorji;
    ཏེ་གླང་གི་ཡང་ཏེ་ གཅིག་གཅིག་ལུ་ དྭངས་གསལ་ག་ནཱི་ཡང་ འབད་འབདཝ་མེད་པ་ འབད་ནཱི་དེ་ཀྱིས་ གླང་གི་ཡང་ ད་ད་རིས་ ཁོ་ངེ་གུ་ རྐྱབ་ར་རྐྱབ་ནི་མས་ད་ ད་ང་ཁོ་ཡར་ལས་མར་ ང་གྱིམ་རྐྱབ་འདྲཝ་ཅིག་འབདན་ ང་ཁོ་ ཁོ་ངེ་གུ་ཐེངས་པ་ཅིག་མཆོང་བའི་ཚེ་ ངེ་གི་ རྭཝ་ཁོ་ཨེ་ཙི་འོག་ཕོགཔ་ཅིག་འདི་ ང་བཏང་བྱིན་འོང།
    ox too thought that he will harm me so i will be ready to hit him, as they both didn't clearify beacuse of the ego. if he jump on me i will him with the horn at the ribs.
  • རྡོ་རྗེ་ Dorji;
    དེ་ལས་ ང་ཁོ་ཡང་ ཕྱ་སི་སི་ཅིག་ ང་བཟོ་གེ་མནོ་ཏེ་ དེ་ལས་ གླང་གིས་ཡང་ མར་ལས་ཡར་ གཉའ་བཏེག་ སྟག་གིས་ཡང་ཡར་ལས་མར་ མཆོང་ནི་སྦེ་འབད་ཏེ་ དེ་ཅིག་བར་ན་མནོ་བསམ་ཟོགཔ་ འ་ནཱེ་སྦེ་བཏང་ ཁོ་དཀྲོགས་མི་དེ་གུ་ར་ ཆ་བཞག་པའི་ཤོ་ལས་ གཅིག་གཅིག་ལུ་ དྭངས་གསལ་ག་ནཱི་ཡང་ འབད་མ་ཚུགས་སྦེ་ཏེ་ དེ་ཅིག་གི་བར་ན་ སྟག་གི་ཡར་ལས་མར་ གླང་གྱིམ་མཆོངས་ད་ནུག
    i will make him too suffer, then ox from down, tiger from up was ready to fight as they didn't make clear beacuse of the ego and thought as incite by the jackle, tiger jumped on the ox
  • རྡོ་རྗེ་ Dorji;
    མཆོངམ་ཅིན་ ཁོ་བྱང་ལ་གྱིམ་ ཁོ་བྱང་ལ་དེ་ ཁོ་ཁ་གང་བཏེགཔ་ཅིན་ ཁོ་འ་ནཱེ་སྦེ་ མར་མཆོངམ་ད་ ཏེ་ང་བཅས་ཀྱི་ འ་ནཱི་ སེམས་ཅན་མཆོངམ་ས་བལྟཝ་ད་ཤེས་པ་ ང་བཅས་ ཨ་ནཱི་ གླང་གི་ རྭོཝ་འདི་ ཁོ་ལགཔ་འདི་ འ་ནཱ་སྦེ་བཀལཝ་ད་ ཁོ་རྭོཝ་དེ་ ཁོ་ཨེ་ཙི་འོག་ཕོག་ར་ཕོག།
    when the tiger jumped on the ox, the ox hit the tiger at his ribs by the horn. (ox's horn will hit the tigers ribs if they fight each other)
  • རྡོ་རྗེ་ Dorji;
    འ་ནཱེ་ འབད་ནི་དེ་ཀྱིས་ ཁོ་ཡར་ལས་མར་ ཁོ་གི་བྱང་ལ་གྱིམ་ ཐེངས་ཕོག་ཅིག་རྐྱབ་ཅིན་ གླང་དེ་ཀྱིས་ཡང་ མར་ལས་ཡར་ མགུ་གསིག་ཐེངས་ཕོག་ཅིག་གཡུགཔ་ཅིན་ ཁོ་རྭཝ་དེ་ ཁོ་ཨེ་ཙི་འོག་ལས་ཚུ་ཕོགཔ་ཅིན་ ཏེ་ཁོང་ར་སྤུན་ཆ་གཉིས་ ག་ཅིག་ཟེརཝ་ཅིག་མེད་པ་ཏེ་ སྟག་གི་དཀྲོགས་་་་འ་མ་གིས་ དཀྲོགས་ཏེ་བཞག་བཞགཔ་འབད་ནི་དེ་གིས་ སྤུན་ཆ་གཉིས་ག་ར་ དེ་ནང་རྦབ་རིལ་ཏ་ཁེམ་བཏང་འབད་སྦེ་ཏེ་ དེ་ལས་ འམ་དགའ་ར་ནུག་ཏེ།
    that's why when tiger jumped on the ox did the same thing. the ox horn hit the tiger and they both were hurt. Jackle was laughing to their fighting as he was the incite between the ox and the tiger.
  • རྡོ་རྗེ་ Dorji;
    ཏེ་སྟག་གི་ ཤ་བཟའ་ནི་ཡོད་པ་ལུ་ གླང་གི་ཤ་བཟའ་ནི་ཡོད་པ་ལུ་སྦེ་ཏེ་ ཁོ་བར་ན་སྐོར་ལས་ཏེ་ སྟག་དཀྲོགས་གླང་དཀྲོགས་བའི་ཟེར་ ཁོང་སྤུན་ཆ་ཏེ་ གཅིག་ཅིགག་བསད་བཅུག་འབད་སྦེ་ ནམ་ཡང་བཟའ་མ་ཚར་བ་ཏེ་ སྟག་གི་ཤ་དང་ གླང་གི་ཤ་ རུལ་སོང་རུ་ ཁོ་ཤ་བཟའ་མ་ཚར་བས་ཏེ།
    then jackle was going around the meat of both and eating it. jackle couldn't eat the meat it was rotten too.
  • རྡོ་རྗེ་ Dorji;
    ཨ་ནཱི་ འམ་འདི་ ད་ལྟོ་བར་ནང་ཡང་ ང་བཅས་རའི་ ཁོ་ལྟས་ངན་གྱི་ སེམས་ཅན་ཨིན་ཟེར་ ང་བཅས་ར་ མི་ན་སྡོད་སྡོད་པར་ར་ སེམས་ཅན་འམ་འདིའི་ སྐད་ཅིག་གོ་བ་ཅིན་འདི་ཡང་ ཁ་ངན་ཨིན་ཟེར་ སླབ་མི་འདི་ འ་ནཱི་མས། ཧེ་མ་ལས་ར་ འ་མ་གིས་ ཁོ་གཡོག་ ལེགས་ཤོམ་ཅིག་སྦེ་ར་ མ་འབད་བས་པ་ཏེ་ འ་ནཱི་ འམ་འདི་ ལྟས་ངན་ཟེར་ སྡུག་ས་འ་མའི་རྒྱལ་པོ་ལོ། །སྡུག་ཤེས་ལྕང་ཁུ་རྔུ་བ་ལོ་། ། འ་ནཱི་ འམ་འདི་ ལྟས་ངན་ཨིན་ཟེར་མི་འདི་ འ་ནཱི་མས།
    so this days also we tell that jackle is a bad animal. if a human is sick and if we hear a sound of jackle it is known as bad sign. that's why jackle is know as a bad sign animal as from the past only he did bad works.
  • རྡོ་རྗེ་ Dorji;
    རོགས་སྟག་དང་ གླང་གི་བར་ན་ལུ་ དཀྲོགས་མི་དེ་ འ་ནཱི་མས། ཏེ་ཁོང་སྤུན་ཆ་གཉིས་ བསད་བཅུག་མི་དེ་ འམ་འདི་ཨིན་པས། ད་རེས་ནངས་པ་ དཔེ་འདྲཝ་ཅིག་འབད་བ་ཅིན་ ང་བཅས་ མི་གི་བརྟག་ཤིང་ ག་ནཱི་ཡང་ མི་དཔྱད་པར་ ཕྲངམ་ཕྲངམ་ས་ར་ མི་མ་དགའཝ་ཅིག་གིས་ འ་ནཱིམ་ཅིག་ སླབ་དེས་ཟེར་ མི་མ་དགའཝ་ཅིག་གིས་ ལྟས་ངན་ཅིག་ འ་ནཱེ་འབད་ནུག།
    jackle was the incite between the tiger and the ox. he was the one who made the siblings killed themselves. for example this days also we human tend to listen to the rumors.
  • རྡོ་རྗེ་ Dorji;
    ཟེརཝ་ཅིན་ ཕར་རང་དང་ རང་དྭངས་བསང་ ག་ནཱེ་མ་འབདཝ་ཅིག་ལས་ ཕྲངམ་ཕྲངམ་ས་ར་ ཕར་གྱི་དཀྲོགས་མི་དེ་གུ་ མནོ་བ་ཆ་བཞག་པའི་ཤོ་ལས་ ཏེ་དེ་ལས་ རང་གཅིག་གཅིག་འཆམ་མི་དེ་ མ་འཆམ་བཟོ། འེང་ ཁོ་སླབ་མི་འདི་ བདེན་ར་བདེན་པས། འ་ནཱ་ བལྟ་ཤིག་ ད་རིས་ལས་ ཁོ་ང་ལུ་ མནོ་བསམ་ཟོགཔ་བཏང་ཆེ་ནུག་ཟེར་ ད་ལྟོ་ ང་བཅས་རང་ནང་ ད་ལྟོ་བར་གྱི་ མི་ལུ་ འ་ནཱེ་སྦེ་ འཁོརཝ་མས་པ་ཏེ་ འ་ནཱེ་ འམ་མའི་འབད་གཞག་འདི་ཨིན་ཟེར་
    they don't clearify between them and they tend to harm eachother. they listen to the rumors and once they were best friends becomes enemy as people tend to believe the rumors and the incite as like jackle.
  • རྡོ་རྗེ་ Dorji;
    དཔེ་འབད་ཆ་བཞག་པ་ཅིན་ ང་བཅས་ཅིག་ལུ་ དྭངས་བསང་དགོ་ཟེར་བའི་ ཁུངས་འདི་ འ་ནཱི་ཨིན། ད་དཔེ་འབད་ཆ་བཞག་པ་ཅིན་ གླང་དང་ སྟག་གི་བར་ན་སྐོར་ འམ་གྱིས་དཀྲོགས་དོ་བཟུམ་སྦེ་ ང་བཅས་ར་ མི་གཅིག་གཅིག་ལུ་ དྭངས་བསལ་འབད་ར་ འབད་དགོ་ཟེར་ སླབ་ནི་ཨིན།
    that's why we need to trust each other and have to clear anything that matters and can make it worst. for example tiger and ox did the worst thing listening to the incite.