Video Overview
Chezom from Richanglu village in Martshala gewog, Samdrup Jongkhar sings a rigsar song entitled “Gungtey Sili Sili”, which means “Cool High Sky.” The song praises the cool, high sky, which is for the sun; the cool, high mountain is for the lion; a cool meadow plain is for the stag; a cool lake is for fish; the fortress is for the lord; a monastery is for the lama; a beautiful village is for a father and mother. This song is performed during the annual household festival in the village. He learned it from village elders.
བསམ་གྲུབ་ལྗོངས་མཁར་རྫོང་ཁག་ མར་ཚ་ལ་རྒེག་འོག་ རི་ཆངས་ལུ་གཡུས་ཚན་ནང་ལས་ ཆོས་འཛོམས་ཀྱིས་ རིག་གསར་གླུ་གཞས་ དགུང་སྟོད་སི་ལི་སི་ལི་ཟེར་མི་འཐེན་ནི་འདུག གླུ་གཞས་འདི་ནང་ གནམ་མཁའ་སྟོང་པ་འདི་ ཁྲི་གདུགས་ཉིམ་གྱི་དོན་ལུ་དང་ གང་ཆེན་འདི་ སེང་གེ་ཚུའི་དོན་ལུ་ དེ་ལས་ བསིལ་ཏོང་ཏོ་ཡོད་པའི་ སྤང་ཐང་འདི་ ཤཝ་ཕོ་གི་དོན་ལུ་ཨིན་ཟེར་ བསྟོད་པ་ཚིག་ཚུ་བཙུགས་ཏེ་ཡོདཔ་ཨིན་མས། དེ་བཟུམ་སྦེ་རང་ རྒྱ་མཚོ་འདི་ ཉའི་དོན་ལུ་དང་ རྫོང་འདི་ རྒྱྱལ་པོའི་དོན་ལུ་ དེ་ལས་ ལྷ་ཁང་འདི་ བླ་བའི་དོན་ལུ་དང་ གཡུས་ཚན་འདི་ ཕ་མའི་དོན་ལུ་ཨིན་པའི་ཚིག་ཚུ་ཡོདཔ་ཨིན་མས། ཨིན་རུང་ གླུ་གཞས་འདི་ རང་སོའི་ཁྱིམ་གྱི་ ལོ་ལྟར་ ལོ་མཆོད་ཀྱི་སྐབས་ལུ་འཐེནམ་ཨིན་ཟེར་ཨིན་མས། མོ་གི་ གླུ་གཞས་འདི་ གཡུས་ཁའི་རྒན་ཤོས་ཚུ་ལས་ལྷབ་སྟེ་ཡོདཔ་ཨིན་མས།
- ཆོས་འཛོམས་དགུང་སྟོད་སི་ལི་སི་ལི་དགུང་མོ་བཞུགས་ལ། །དགུང་དང་ཁྲི་གདུགས་ཉི་མ་གདན་ས་གདན། །དགུང་དང་ཁྲི་གདུགས་ཉི་མ་གདན་ས་གདན། །
- ཆོས་འཛོམས་གདན་ས་གདན་ལུགས་མེད་པའི་བཀྲ་ཤིས་ཤོག་ལ། །བཀྲ་ཤིས་བདེ་ལེགས་གཡང་ཆགས་བཀྲ་ཤིས་ཤོག །བཀྲ་ཤིས་བདེ་ལེགས་གཡང་ཆགས་བཀྲ་ཤིས་ཤོག །
- ཆོས་འཛོམས་གངས་སྟོད་སི་ལི་སི་ལི་གངས་མོ་བཞུགས་ལ། །གངས་དང་སེང་ཆེན་དཀར་མ་གདན་ས་གདན། །གངས་དང་སེང་ཆེན་དཀར་མ་གདན་ས་གདན། །
- ཆོས་འཛོམས་གདན་ས་གདན་ལུགས་མེད་པའི་བཀྲ་ཤིས་ཤོག་ལ། །བཀྲ་ཤིས་བདེ་ལེགས་གཡང་ཆགས་བཀྲ་ཤིས་ཤོག །བཀྲ་ཤིས་བདེ་ལེགས་གཡང་ཆགས་བཀྲ་ཤིས་ཤོག །
- ཆོས་འཛོམས་སྤང་སྟོད་སི་ལི་སི་ལི་སྤང་མོ་བཞུགས་ལ། །སྤང་དང་ཤཝ་རྒས་རྭ་བཅུ་གདན་ས་གདན། །སྤང་དང་ཤཝ་རྒས་རྭ་བཅུ་གདན་ས་གདན། །
- ཆོས་འཛོམས་ནགས་སྟོད་སི་ལི་སི་ལི་ནགས་མོ་བཞུགས་ལ། །ནགས་དང་སྟག་མོའི་རི་གསུམ་གདན་ས་གདན། །ནགས་དང་སྟག་མོའི་རི་གསུམ་གདན་ས་གདན། །
- ཆོས་འཛོམས་གདན་ས་གདན་ལུགས་མེད་པའི་བཀྲ་ཤིས་ཤོག་ལ། །བཀྲ་ཤིས་བདེ་ལེགས་གཡང་ཆགས་བཀྲ་ཤིས་ཤོག །བཀྲ་ཤིས་བདེ་ལེགས་གཡང་ཆགས་བཀྲ་ཤིས་ཤོག །
- ཆོས་འཛོམས་མཚོ་སྟོད་སི་ལི་སི་ལི་མཚོ་མའི་བཞུགས་ལ། །མཚོ་དང་ཉ་ཆུང་སེར་མོ་གདན་ས་གདན །མཚོ་དང་ཉ་ཆུང་སེར་མོ་གདན་ས་གདན། །
- ཆོས་འཛོམས་གདན་སགདན་ལུགས་མེད་པའི་བཀྲ་ཤིས་ཤོག་ལ། །བཀྲ་ཤིས་བདེ་ལེགས་གཡང་ཆགས་བཀྲ་ཤིས་ཤོག །བཀྲ་ཤིས་བདེ་ལེགས་གཡང་ཆགས་བཀྲ་ཤིས་ཤོག །
- ཆོས་འཛོམས་དགུང་སྟོད་སི་ལི་སི་ལི་རྫོང་མའི་བཞུགས་ལ། །རྫོང་དང་དབང་ཆེན་དཔོན་པོ་གདན་གདན། །རྫོང་དང་དབང་ཆེན་དཔོན་པོ་གདན་ས་གདན། །
- ཆོས་འཛོམས་གདན་ས་གདན་ལུགས་མེད་པའི་བཀྲ་ཤིས་ཤོག་ལ། །བཀྲ་ཤིས་བདེ་ལེགས་གཡང་ཆགས་བཀྲ་ཤིས་ཤོག །བཀྲ་ཤིས་བདེ་ལེགས་གཡང་ཆགས་བཀྲ་ཤིས་ཤོག །
- ཆོས་འཛོམས་དགུན་སྟོད་སི་ལི་སི་ལི་དགུན་མོ་བཞུགས་ལ། །དགུན་དང་མཚན་ལྡན་བླ་མ་གདན་ས་གདན། །དགུན་དང་མཚན་ལྡན་བླ་མ་གདན་ས་གདན། །
- ཆོས་འཛོམས་གཡུས་སྟོད་སི་ལི་སི་ལི་གཡུས་མོའི་བཞུགས་ལ། །གཡུས་དང་དྲིན་ཆེན་ཕ་མ་གདན་སགདན། །གཡུས་དང་དྲིན་ཆེན་ཕ་མ་གདན་ས་གདན། །
- ཆོས་འཛོམས་ལགས་སོ་ལགས་ བཀའ་དྲིན་ཆེ།