Video Overview
Sangay Choden from Radhi Gewog, Tashigang, sings an old Boedra song entitled Gungtey Sili Sili (The Cool High Sky). The song describes the sky as the mattress of the dynamic sun, and the high mountain as the mattress of the powerful lion. The lyrics also describe land as the mattress of great masters who bless and help all sentient beings. The song prays that these auspicious items never diminish. The song can be performed during auspicious celebrations, occasions and ceremonies. It is performed in a circular formation with about five to twenty dancers. The composer of the song and its background is unknown.
བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ ལས་ཨིན་མི་ སངས་རྒྱས་ཆོས་སྒྲོན་གྱི་ འབོད་སྒྲ་རྙིངམ་ སྒང་སྟོད་སི་ལི་སི་ལི་ ཟེར་མི་འདི་འཐེན་ནུག། ཞབས་ཁྲ་འདི་ནང་ གནམ་འདི་ནུས་ཤུགས་ཅན་ཉིམ་ གི་གདན་འབད་ངོ་སྤྲོད་འབད་ནུག། དེ་ལས་ ལ་མཐོ་ས་འདི་ སེང་གེ་སྟོབས་ཤུགས་ཅན་གྱི་གདན་འབད་ངོ་སྤྲོད་འབད་ནུག། དེ་ལས་ས་གཞི་འདི་ འགྲོ་བ་རིགས་དྲུག་ཐམས་ཅད་ལུ་ གྲོགས་རམ་དང་ དངོས་གྲུབ་གནང་མི་ རྩ་བའི་བླམ་གི་གདན་ འབད་ངོ་སྤྲོད་འབད་གནང་ནུག། དེ་མ་ཚད་རྩོམ་པ་པོ་གི་ འདི་བཟུམ་མའི་དགེ་མཚན་ཅན་གྱི་དངོས་པོ་ འདི་ཚུ་མི་ཚེ་གཅིག་ནང་ཉམས་མ་ཅུག་ཟེར་ སྨོན་ལམ་བཏབ་ཨིནམ་མས། ཞབས་ཁྲ་འདི་ བཀྲ་ཤིས་པའི་ཞབས་ཁྲ་ ཨིནམ་ལས་ རྒྱལ་ཁབ་ནང་འཁོད་ དགའ་སྟོན་དང་རྟེན་འབྲེལ་ ག་ཅི་བཟུམ་ཡོད་རུང་ དེའིསྐབས་འཐེན་ནི་ ཡོདཔ་ཨིན། ཞབས་ཁྲ་འདི་ མི་ལྔ་དང་ཉི་ཤུ་བར་ན་ སྒོར་སྒོམས་འབད་ ཁྲབ་སློལ་ཡོདཔ་ཨིན། ཞབས་ཁྲ་འདི་གི་རྩམ་པ་པོ་དང་ དའི་རྒྱབ་ཁུངས་འདི་ ངོས་བཟུང་མེདཔ་ཨིན་མས།
- Radhi
- Trashigang
- སངས་རྒྱས་སྒྲོན་ Sangay Chodenདགུང་སྟོད་སི་ལི་སི་ལི་དགུང་མས་བཞུགས། །དགུང་དང་ཁྲི་གདུགས་ཉི་མ་དབའེ་གདན་ས་བཞུགས། །གདན་ས་བཞུགས།
- སངས་རྒྱས་སྒྲོན་ Sangay Chodenགདན་དང་གདན་འགྱུར་མེད་པ་དབའེ་བཀྲ་ཤིས་ཤོག་དབའི། །གདན་དང་གདན་འགྱུར་མེད་པ་དབའེ་གཡང་ཆགས་བཞུགས། །གཡང་ཆགས་བཞུགས།
- སངས་རྒྱས་སྒྲོན་ Sangay Chodenགངས་སྟོད་སི་ལི་སི་ལི་དབའེ་གངས་མས་བཞུགས། །གངས་དང་སེང་ཆེན་དཀར་མོ་དབའེ་གདན་ས་བཞུགས། །གདན་ས་བཞུགས།
- སངས་རྒྱས་སྒྲོན་ Sangay Chodenགདན་དང་གདན་འགྱུར་མེད་པ་དབའེ་བཀྲ་ཤིས་ཤོག་དབའི། །གདན་དང་གདན་འགྱུར་མེད་པ་དབའེ་དགཡང་ཆགས་བཞུགས། །གཡང་ཆགས་བཞུགས། །
- སངས་རྒྱས་སྒྲོན་ Sangay Chodenདགོན་སྟོད་སི་ལི་སི་ལི་དབའེ་དགོན་མས་བཞུགས་དབའི། །དགོན་དང་མཚན་ལྡན་བླ་མ་དབའེ་གདན་ས་བཞུགས། །གདན་ས་བཞུགས།
- སངས་རྒྱས་སྒྲོན་ Sangay Chodenགདན་དང་གདན་འགྱུར་མེད་པ་དབའེ་བཀྲ་ཤིས་ཤོག་དབའི། །གདན་དང་གདན་འགྱུར་མེད་པ་དབའེ་གཡང་ཆགས་བཞུགས། །གཡང་ཆགས་བཞུགས།
- སངས་རྒྱས་སྒྲོན་ Sangay Chodenལགས་སོ་ལགས།། །།