Video Overview
57-year-old Tenzin, from Dogar Gewog, Paro Dzongkhag, demonstrates how to cook Bhutanese curry on a traditional stove. He cooks his meals on this stove, made out of rammed mud. The fire needs to be blown inside this stove to cook. Only a few villagers use this traditional stove now, as it has mainly been replaced by modern cooking materials such as rice cookers, curry cookers, water boilers and gas stoves. He says that modern stoves are more hygienic and easier to use than the traditional one. Since the traditional stove consumes firewood, it requires extra work for them to collect firewood and resin.
སྤ་རོ་རྫོང་ཁག་ རྡོ་སྒར་རྒེད་འོག་ལས་ སྐྱེས་ལོ་ ༥༧ ལངས་མི་ བསྟན་འཛིན་གྱིས་ རང་ལུགས་ཀྱི་ཐབ་གུ་ ཚོདམ་བཟོ་ཐངས་ཀྱི་སྐོར་ལས་ དཔེ་སྟོན་འབདཝ་ཨིནམ་ད་ ཁོ་གིས་ དུས་རྒྱུན་དུ་ བཞེས་སྒོ་འདི་འདམ་གྱིས་སྦེ་འཆམ་ཏེ་བཟོ་བའི་ ཐབ་གུ་ར་འབད་དོ་ཡོདཔ་ཨིན་པས། རང་ལུགས་ཀྱི་ཐབ་གུ་ བཞེས་སྒོ་བཟོ་བའི་སྐབས་ ཐབ་ནང་ མེ་ལེགས་ཤོམ་སྦེ་ བཙུགས་དགོ་དོ་ཡོདཔ་ད་ དེང་སང་གསར་འགྱུར་གྱི་དུས་ཚོད་དང་བསྟུན་ གཡུས་མི་དག་པ་གི་མ་གཏོགས་ རང་ལུགས་ཀྱི་ཐབ་འདི་ ལག་ལན་མི་འཐབ་པས། རང་ལུགས་ཐབ་ཀྱི་ཚབ་ལུ་ ད་རེས་ནངས་པ་ གློག་རིག་གི་རྫམ་དང་ མེ་རླུང་རྒྱ་ཛི་ཚུ་ཐོན་མི་འདི་ བྱ་སྟབས་བདེ་ཏོག་ཏོ་དང་ གཙང་སྦྲ་ལྡནམ་མ་ཚད་ ཤིང་འདི་ཚུ་ཡང་ ལག་ལན་འཐབ་མ་དགོ་པར་ མི་ཚུ་ཤིང་འཐུ་ནི་གི་ ལཱ་འདི་ཡང་ འབད་མ་དགོ་པར་ འཇམ་ཏོང་ཏོ་ཡོད་པའི་ ད་རེས་ནངས་པའི་ གློག་རིག་གི་ཐབ་ཆས་ཚུ་ར་ ལག་ལན་འཐབ་ཨིན་པས།
- Paro
- Dogar
- ལྷམ་བསྟན་འཛིན་ Lham Tenzinད་ཚོདམ་བཀལ་དགོ་ཏེ་སྨོ?
- མཁའ་འགྲོ་ Khanduཨིན་མས།
- ལྷམ་བསྟན་འཛིན་ Lham Tenzinའ་ནཱི་ཐབ་གཅིག་ལས་བཙག་དགོ་ འ་ནཱ་ང་མེ་འཕུ་ནི་མེད། རྫམ་མས་རྫམ།
- མཁའ་འགྲོ་ Khanduམར་ཁུ་ཨིན་ན?
- ལྷམ་བསྟན་འཛིན་ Lham Tenzinཨིན།
- མཁའ་འགྲོ་ Khanduཚཱ་དང་ཚོར་ཏོག་ག་རང་བླུགས་དའི་སྨོ།
- ལྷམ་བསྟན་འཛིན་ Lham Tenzinབླུགས་དའི་ལགས། ད་དར་ཚིལ་ཅིག་བླུག་དགོ་ལྟ་མ།
- མཁའ་འགྲོ་ Khanduཁྱོད་ནཱ་ཆུ་མིན་འདུག ཆུ་ག་དེ་སྦེ་ལེན་དོ་ཏེ་ཆུ།
- ལྷམ་བསྟན་འཛིན་ Lham Tenzinཆུ་ ཡར་ཀྲེན་ཀི་(ཆུ་མཛོད་)ནང་ལས་རང་ཏེ།
- མཁའ་འགྲོ་ Khanduམར་ལས་ཁྱོད་ར་ལེན་སྐྱེལཝ་ཨིན་ན?
- ལྷམ་བསྟན་འཛིན་ Lham Tenzinང་རང་ཏེ། པ་ཡེཔ་ པ་ཡེབ་(Pipe) (ཆུ་དུང་ ཆུ་དུང་)མེད་ ཀོ་ཤེལ་གྱིས་ (jerrycan) འབད།
- ལྷམ་བསྟན་འཛིན་ Lham Tenzinཆུ་བླུག་དགོ་པས།
- མཁའ་འགྲོ་ Khanduཁྱེད་ཨ་རྟག་ར་ དང་ཕུ་ལུགས་སྲོལ་འབད་ ཟཝ་མས་ཏེ་སྨོ?
- ལྷམ་བསྟན་འཛིན་ Lham Tenzinཨིན་ཏེ་ འ་ནཱི་སྦེ་རང་ཏེ་ ང་རེས་ཀུ་ཀར (Rice cooker) [འ་ནཱི་ཚུ་ག་གི་ཡང་བཙུགས་མས་ཏེ་ མེ་འདི་བཙུགས་དའི་ འ་ནཱི་སྦེ་བཞག་འོང་ཏེ།?]
- མཁའ་འགྲོ་ Khanduཁྱེད་ནཱ་ལས་ཕར་འདི་ དང་ཕུ་ལུགས་སྲོལ་ཨིན་མས་བ་ཏེ་ ཏེ་ད་རེས་ནངས་པར་གློག་མེ་གི་ལུགས་སྲོལ་འབདཝ་ད་ ག་འདི་སྟབས་བདེ་ནི་བཟུམ་ཅིག་མཐོངམ་མས།
- ལྷམ་བསྟན་འཛིན་ Lham Tenzinསྤ་འ་་་་་་ལགས། ད་རེས་གི་ཏེ་ན་ ད་རེས་གི་གློག་མེ་གི་འདི་རང་སྟབས་བདེ་བས་མེན་ན་ལགས། ང་བཅས་དང་ཕུ་གི་བལྟ་མས་ཏེ་ མེ་འཕུ་ཁམ་ལོག་པས་ཏེ་ལགས། [གནགཔ་ཆགས་?] དུ་པ་ ཏེ་རོགས་གློག་མེ་འབདན་ཧིང་སངས་ས་སྨོ་ཤིག་ལགས་ བགོ་ལ་འདི་ཚུ།
- ལྷམ་བསྟན་འཛིན་ Lham Tenzinརྫ་གནག་རེག་མི་དགོ་པས་ དང་ཕུ་ལས་ར་ནཱ་་་་ ཨུ་་་་ ད་རེས་ནངས་པ་རང་རོགས་དགའ་བས་བས་ལགས། སྟབས་ཡང་བདེ་བས་ དེ་མའི་ ཤིང་མེ་འཕུ་མི་དགོ་ དུ་པ་ལོ་ཟེར་ ཏེ་བུ་ཁུར་མེ་འདི་བསྲོ་དགོན་ བུ་ཁུར་ནང་དུ་པ་ག་རང་ཡར་ལས་ཡར་འགྱོཝ་མས་སྨོ་ཤིག་ལགས།
- ལྷམ་བསྟན་འཛིན་ Lham Tenzinདང་ཕུ་བཟུམ་སྦེ་འ་ནཱི་འབད་མི་དགོ་པས་བ་ཏེ་ དུ་པ་ལོ་འ་ནཱི་སྦེ་ ད་རེས་ནངས་པར་ རང་སྟབས་བདེ་བས་བ་ལགས། གཞུང་བཀའ་དྲིན་ཆེ་བས་ གློག་མེ་འདི་གིས་རང་ཕན་མས་བ་ལགས། ང་བཅས་ཨ་ནཱི་ཤིང་འཐུ་དགོ་པས་ དེ་ལསན་ཏེ་ འ་ནཱི་ རྫ་གནགཔ་ག་ར་ ནེམ་འབད་དགོ་པས་ཏེ།
- མཁའ་འགྲོ་ Khanduཁྱོད་ཤིང་འདི་ཚུ་ ག་དེ་སྦེ་འཐུ་དོ?
- ལྷམ་བསྟན་འཛིན་ Lham Tenzinཤིང་འཇམ་འ་ནཱ་ལས་ཡར།
- མཁའ་འགྲོ་ Khanduཏེ་ཁྱོད་འ་ནཱི་དར་ཚིལ་ ད་རེས་ནངས་པར་གྱི་དར་ཚིལ་འདི་ བཙུགསཔ་(བླུགསཔ་)མས་སྨོ་འ་ནཱི།
- མཁའ་འགྲོ་ KhanduLham Tenzinལྷ་མ་བསྟན་འཛིན། མེད་ལགས་ ང་བཅས་ ཁ་ཙ་ཡར་ཁྲོམ་ཁར་སྡོད་མི་ བུམོ་ཅིག་གིས་བྱིན་བྱིནམ་ཨིན་ལགས། གཞན་ནཱ་གཡུས་ཁ་གི་དར་ཚིལ་རང་ཟཝ་ཨིན།
- མཁའ་འགྲོ་ Khanduཨེ་་་་་་་།
- མཁའ་འགྲོ་ KhanduLham Tenzinལྷ་མ་བསྟན་འཛིན། ཁོ་ དར་ཚིལ་ཡང་ཟཝ་ཨིན་ལགས།
- མཁའ་འགྲོ་ Khanduཁྱོད་ལུ་ག་ཞིམ་མས་གོ? གཡུས་ཁའི་དར་ཚིམ་ཞིམ་དགོ་ ཡར་གྱི་དར་ཚུལ་འདི།
- མཁའ་འགྲོ་ KhanduLham Tenzinལྷ་མ་བསྟན་འཛིན། ཅོག་རང་གཅིག་པས་མེན་ན་ལགས་ཅིས་ལགས། ད་རུང་ཅིས་འ་ནཱི་ འ་ནེ་སྦེ་སུམ་བརྒྱ་འབད་མི་སྒམ་ཅིག་ཡོད་བ་ འ་ནཱི་སྤུད་རྩ་འདུག་བ་ཏེ་ལགས་རོགས་ ཞིམ་མས་བ་ཏེ་ འ་ནཱི།
- ལྷམ་བསྟན་འཛིན་ Lham Tenzinད་དར་ཚིལ་བླུག་དགོ་ཏེ་ལགས་ ད་ཚོགསཔ་མས་ཏེ་ ལྷོདཔ་ཅི།
- ལྷམ་བསྟན་འཛིན་ Lham Tenzinད་ ཚད་འབད་ འ་ནཱི་སྦེ་བཟོ་བཞགཔ་མས་ཉ་ [ང་རང་ ཟམ་ནི་དང་ཆག་ནི་མི་ཆགས་པས་སྨོ་ཤིག? འ་ནཱི་ཞག་གསུམ་ལོ་བརྒྱ་གཅིག་འབདན་ ང་སྦྱར་ཡང་སྦྱར་འོང་ ཀྲིག་ཀྲི་ཡོད། འཚིགཔ་མས་ཟེར་་་་་་་་་?]
- ལྷམ་བསྟན་འཛིན་ Lham TenzinLham Tenzinལྷ་མ་བསྟན་འཛིན། ཏེ་ད་ཉམས་འཚེར་བས་མནོ་ མ་པ་ གཙང་སྦྲག་འབདན་བཏོན་དགོ་ལགས། ཨ་ནཱི་སྦེ་འབད་ནི་མེད་ ཧིང་སངས་ས་སྦེ་རང་འབད་ ང་རང་ཨ་ཕ་ [དལ་ནང་?]ཆུ་བླུགས་ འ་ནཱི་འབད་ལགཔ་ཆུ་འཁྱུ་ ཏེ་འ་ནཱི་ཚུ་མེ་བཏངམ་ཨིན་ང་།
- མཁའ་འགྲོ་ Khanduད་ལགཔ་འཁྱུ་ཡི་ག་སྨོ་ཤིག?
- ལྷམ་བསྟན་འཛིན་ Lham Tenzinའ་ནཱི་ཆུ་ཚན་བསྐོལཝ་ཨིན་ལགས་འ་ནང་ལུ་ འ་ནཱི་ཆུ་ཚན་བསྐོལ་འོག་བ།
- རིན་ཆེན་རྡོ་རྗེ་ Rinchen Dorjiའ་ནཱི་ཡང་དང་ཕུ་གི་ཨིན་བས་སྨོ་ལགས་ འ་ནཱི་ཆུ་ཚན་བསྐོལ་མི་འདི།
- ལྷམ་བསྟན་འཛིན་ Lham Tenzinའ་ནཱི་འབདན་ ཁ་ཙ་ཁ་ཉིམ་གི་ཀ་ལ་ཨིན་ཉ་ལགས། བལྟ་སྨེ་ཨ་ནཱ་ ཀ་ལ་ཨིན། དང་ཕུ་གི་མེན་ལགས།
- ལྷམ་བསྟན་འཛིན་ Lham Tenzinཏེ་འ་ནཱ་ལགཔ་འཁྱུ་ ཆུ་ཚན་བསྐོལ་ས་འ་ནཱི་ཨིན།
- མཁའ་འགྲོ་ Khanduཚོདམ་འདི་ཚོ་དོ་ག་ད་འབདན།
- ལྷམ་བསྟན་འཛིན་ Lham Tenzinཚོ་དོ་ ད་འབདན་ཚོ་དོ་སྨེ་ལགས། ཕབ་བཞག་དགོ་ད།
- མཁའ་འགྲོ་ Khanduདཀྲུག་མི་དགོ་ག་ཚོདམ་འདི།
- ལྷམ་བསྟན་འཛིན་ Lham Tenzinདཀྲུགས་ཡི་ལགས་ང་། རྫ་ཤབ་ང་འ་ནཱི་ པཱ་ལཱས་ཀྲི་(འགྱིབ་ཤོག་)རྐྱབ་ཨིན།
- ལྷམ་བསྟན་འཛིན་ Lham Tenzinཚོདམ་དཀྲུགས་ཡི་བ་ཡ་ལགས་ ཚྭ་ཁ་བལྟ་དགོ
- མཁའ་འགྲོ་ Khanduབཏུབ་པས་ག?
- ལྷམ་བསྟན་འཛིན་ Lham Tenzinབཏུབ་པས་ལགས། ད་ཚོདམ་ཡང་ཚོཔ་ཨིན།། །།