Video Overview
Contemporary Cultural Traditions in Chedri Village, Repgong, Amdo
- Repgong
- ད་ལྟའི་གནས་ཚུལ་འདི།
- རང་གི་ས་ཆ་ལ་མཚོན་ན།
- ལྷག་པར་དུ་བོད་འདི་རང་གི།
- སྔོན་གྱི་ལུགས་སྲོལ་དང་།
- བོད་ཀྱི་འདི་དག་ཉམས་ནས་འགྲོ་བཞིན་པ་འདིའི་སྟེང་ན།
- ད་ལྟ་ཅུང་ཟད་མང་བ་རེད།
- འདིའི་སྟེང་ནས་རང་གི་བསམ་པའི་ཕྱོགས་ཀྱི་ཡིན་རྒྱུ་ན།
- རང་ཉིད་བོད་ཅིག་ཡིན་པའི་ཕྱོགས་ནས།
- རང་གི་བོད་ཀྱི་འགྲོ་ལུགས་འདི་མ་བསྒྱུར་པར།
- འདི་གང་ལྟར་ན་བོད་ཀྱི་འགྲོ་ལུགས་འདིའི་སྟེང་ནས།
- ཚང་མས་བསམ་པ་ཅུང་ཟད་འཁོར་བར་བྱས་ཏེ།
- དེ་རིང་གནངས་ཀ་དང་སྔོན་ཆད་ཡིན་རྒྱུ་ན།
- བོད་མི་རིགས་འདི་ཡིན་རྒྱུ་ན།
- སྤྱིར་བཤད་ན་དགའ་བ་དེ་ཡོད་གི།
- དེའི་ནང་ན་གང་ལ་བལྟས་ན་དགོན་པ་ཞིག་ཡིན་ན།
- ཆོས་དང་སངས་རྒྱས་ཀྱི་བསྟན་པ་སྲུང་མཁན་རེད།
- དེའི་འཕྲོ་ནས་ད་དུང་དགོན་པའི་གྲྭ་བ་ཚང་མས་ཀྱང་།
- རང་གི་བསྟན་པ་འདི་སྲུང་བའི་ཆེད་དུ།
- དེ་ལ་ཆོས་ཁྲིམས་ཡོད་པ་རེད།
- དེའི་འཕྲོ་ནས་ད་དུང་རང་གི་དགོན་པའི་གྲྭ་ཚང་གི།
- འགྲོ་ལུགས་འདུག་སྟངས་དེ་ཡོད་གི།
- དེ་ཚང་མའི་སྟེང་ནས་བཤད་ན།
- ཅུང་ཟད་ཉམས་བཞིན་ཡོད།
- ཉམས་བཞིན་པའི་རྒྱུ་མཚན་ཅི་ཞིག་རེད་ཟེར་རྒྱུ་ན།
- སྤྱིར་བཤད་ན།
- དེ་རིང་གནངས་ཀ་ཆོས་ལུགས་དད་མོས་རང་དབང་ཡིན་ཞེས་བཤད་བཞིན་ཡོད།
- ཆོས་ལུགས་དད་མོས་རང་དབང་འདི་གང་ལྟར་བཤད་ཀྱང་།
- རང་གི་ཆོས་ཀྱི་ཁྲིམས་དེ་བརྗེད་སོང་ནས།
- འདི་བསྐྱུར་ཏེ་ཆོས་ཀྱི་དད་མོས་དེ་གཙོ་བོ་བྱས་པ་ཡིན་ན།
- དེ་རིང་གནངས་ཀ་གྲྭ་བ་ཞིག་ཡིན་རུང་།
- སྒྲིག་ལམ་ཡང་མེད་ན།
- ཅུང་ཟད་གྲྭ་བ་ཚོའི་འདོད་པ་ཡང་འདི་རེད།
- ལྷག་པར་དུ་ཕར་དེད་ན་ཆོས་ཁྲིམས་འདི་གྲྭ་བ་ཚོས་འཛིན་ཐུབ་ཀྱིན་མེད།
- དེ་ཅི་ཞིག་གི་སྟེང་ནས་ཟེར་རྒྱུ་ན་དེང་སང་ཚང་མས།
- རང་ཉིད་ཀྱི་དགོན་སྡེ་གང་ཡིན་རུང་།
- དགེ་སྐུ་ཞིག་ཡོད་པ་རེད།
- དེའི་འཕྲོ་མས་ད་དུང་བླ་མ་ཞིག་ཡོད་པ་རེད།
- དེའི་ཕན་ཆད་ན་ད་དུང་།
- དགོན་པ་འདི་ལས་སྣའི་སྟེང་ནས་ཡིན་རྒྱུ་ན་ཡང་།
- སྣ་སྒོ་སོ་སོའི་སྟེང་ན་དེར་ཚང་བ་ཞིག་དང་འགྲོག་པ་ཞིག་ཡོད་པ་རེད།
- ཡོད་ཀྱང་རང་རང་གིས་དེ་འཛིན་ཐུབ་ཀྱིན་མེད།
- དེ་རིང་གནངས་ཀ་ཡིན་རྒྱུ་ན་གང་ལ་བལྟས་ན་དགེ་བསྐོས་ཞིག་རེད།
- དགེ་བསྐོས་ཀྱིི་མིང་ཁུར་ནས་བསྡད་ཡོད།
- དོན་དམ་པས་གང་ལ་བལྟས་ན།
- དགོན་པའི་ཆོས་ཁྲིམས་ཀྱི་སྟེང་གི
- རང་གི་ཚོགས་ཚེས་བཅུ་ཞིག་གི།
- འདིའི་སྒྲིག་ལམ།
- འདི་ཚང་མ་མི་བརྩི་མཁན་ཅུང་ཟད་མང་བ་རེད།
- དེའི་རྐྱེན་གྱིས་དེ་ཚང་མ་འཛིན་ཐུབ་ཀྱིན་མེད།
- དགེ་བསྐོས་ཡིན་པའི་ཆ་ནས་ཀྱང་རང་གི་འགན་ཁུར་དེ་ལེན་ཐུབ་ཀྱིན་མེད།
- དེ་ཅི་ཞིག་རེད་ཟེར་རྒྱུ་ན།
- ཆོས་ལུགས་དད་མོས་རང་དབང་ཡིན་ཞེས་བཤད་པ་ཡིན་ན།
- དད་ན་རང་དབང་དང་མ་དད་ན་རང་དབང་ཞེས་པ་འདིའི་ཤེད་ཆེ་སོང་བས།
- སྔོན་གྱི་ཆོས་ལུགས་ཀྱི་ཁྲིམས་དེ།
- འཛིན་ཐུབ་ཀྱིན་མེད་པའི་རྩ་བ་དེ་རེད།
- དེའི་རྐྱེན་གྱིས།
- ང་ཚོ་རང་གི་བོད་འདི་དེང་མ་ཡིན་རྒྱུ་ན་ཆོས་དང་དགོན་སྡེ་ཡིན།
- ང་ཚོ་ཡིན་རྒྱུ་ན་ཡང་དྲུག་པའི་སྨོན་ལམ་ཞེས་པ་ཡོད་པ་རེད།
- གསུམ་པའི་བཀའ་བརྒྱད་ཞེས་པ་ཡོད་པ་རེད།
- འདི་ཡིན་རྒྱུ་ན་ཡང་།
- ཉི་མ་སྐར་མའི་སྟེང་ནས་གཏན་ལ་ཕབ་ཏེ།
- རང་གིས་ཅི་ལྟར་བཤད་རུང་།
- ཡང་གྲྭ་བ་ཞིག་ཡིན་རྒྱུ་ན་འཆམ་འཁྲབ་སྲོལ་གྱི་སྟེང་ནས།
- ཆོས་ཚོགས་འདི་འཛིན་སྲོལ་གྱི་སྟེང་ནས།
- གང་གི་ཕྱོགས་ཡིན་ན་ཡང་དེ་ཡོད་པ་རེད།
- དེ་རིང་གནངས་ཀ་དེ་ཡིན་ན་དེ་དག་ཕལ་ཆེར་ཉམས་བཞིན་ཡོད་པ་འདྲ།
- ཉམས་བཞིན་པ་འདི་ཡིན་རྒྱུ་ན།
- གྲྭ་བ་ཚང་མས་འདིའི་ཕྱོགས་ལ་རྩོད་པ་བྱེད་བཞིན་མེད།
- རང་རང་གི་སེམས་ལ་བརྟེན་ནས་འགྲོ་རྒྱུ་ན་གང་ལྟར་ཀྱང་།
- འདིའི་ཕྱོགས་ནས་འགྲོ་རྒྱུ་ན།
- བོད་རང་གི་གང་ལྟར་ཀྱང་རང་གི་ལུགས་སྲོལ་ལམ་སྲོལ།
- གང་ལྟར་ཀྱང་འདི་ཚང་མ།
- འདིའི་ཐོག་ན་ཅུང་ཟད་རག་ལས་ས་ཆེན་པོ་ཞིག་ཡོད་གི།
- དེ་ཅི་ཞིག་གི་སྟེང་ན་ཡོད་པ་རེད་ཟེར་རྒྱུ་ན།
- འཆམ་ལ་སོགས་པའི་ཕྱོགས་ཀྱི་བལྟ་ས་མཇལ་ས།
- འདི་ཚང་མ་ཚོགས་ས་འདུས་ས།
- འདི་ཚང་མ་ཡོད་ན་རང་གི་དམངས་ཚོགས་དེ་དེར་ཚོགས་ནས།
- གང་ལྟར་ཀྱང་དེའི་སྟེང་དུ་སོང་ནས།
- རང་ཆོས་ཀྱི་འཁོར་ཕྱོགས་ཀྱི་སྟེང་ནས་ཡིན་ནའང་འདྲ།
- ལྟད་མོ་བལྟ་ཕྱོགས་ཀྱི་སྟེང་ནས་གང་ལྟར་ཀྱང་།
- བསམ་པའི་འཁོར་ཕྱོགས་ཀྱིས་སྔོན་གྱི་ལུགས་སྲོལ་འདི་ཡིན་རྒྱུ་ན།
- དྲང་མོར་བཤད་ན་སེམས་ལ་དྲན་རྒྱུ་ཞིག་དང་ཤར་རྒྱུ་ཞིག་ཡོད་པ་རེད།
- འདི་དག་ནི་ཕལ་ཆེར་ཉམས་བཞིན་པའི་རྩ་བ་དེ་ཡིན་རྒྱུ་རེད།
- འདི་ཚང་མ་ཅུང་ཟད།
- སྔོན་གྱི་འགྲོ་ལུགས་དང་གོང་གི་ཆོས་ཀྱི་ཕྱོགས་ཀྱི།
- དེ་འདྲ་ཞིག་ཡོད་རྒྱུ་ན་འདི་ཡང་ཕལ་ཆེར་ལམ་སྟོན་དུ་གྱུར་ཏེ།
- ཕྱིན་ཆད་ཡིན་ན་ཡང་།
- སློབ་གྲྭ་བ་ཞིག་ཡིན་ཡང་འདྲ།
- ལས་བྱེད་པ་ཞིག་ཡིན་ཡང་འདྲ།
- འདི་ཚང་མས་རྒྱལ་ཁབ་ཀྱི་བྱ་བ་ལས་བཞིན་ཡོད་མོད།
- གང་ལྟར་ཀྱང་།
- བོད་ཀྱི་ལམ་ལུགས་འདིའི་སྟེང་ནས་ཅུང་ཟད་འཆོལ་བཞིན་པ་དེ་འདྲ་ཞིག་རེད།
- རང་གི་བོད་ཀྱི་ལམ་ལུགས་འདི།
- དེའི་ཕན་ཆད་ནས་དེང་སང་དམངས་ཚོགས་ཀྱི་ནང་ན།
- ང་ཚོར་མཚོན་ན་གང་ལྟར་ཀྱང་།
- རྟགས་དང་ལྟད་མོ་དང་བཅས་པ་གང་ཡིན་ཡང་།
- དེང་མ་ཡིན་རྒྱུ་ན།
- བག་མ་འདི་ཡོང་བའི་སྐབས་སུའང་།
- གང་ལྟར་ཀྱང་རྗེས་སུ་བསྐྱལ་ནས་སྔོན་ནས་བསུས་ཏེ།
- དེའི་ཕན་ཆད་ནས་རང་གི་སྡེ་བ་འདིར་ཡོང་ན་ཡང་།
- གང་ལྟར་ཀྱང་དེར་གོ་རེ་ཞིག་སྲེག་ནས།
- ད་དུང་ཆང་ཕོར་བ་རེ་ཁྱེར་ནས།
- གང་ལྟར་ཀྱང་བུ་མོ་ཚོ་སྟེར་དགོ་སར་བུ་མོ་ཚོ་སྟེར་དགོ་གི།
- ཕོ་སྐྱེས་སྟེར་དགོ་སར་ཕོ་སྐྱེས་སྟེར་དགོ་གི།
- འདི་ཚང་མ་གང་ལྟར་ཀྱང་།
- དེའི་ལམ་ལུགས་དེ་སྔོན་ཆད་ཡིན་ན་ཆ་ཚང་བ་ཞིག་ཡོད་པ་རེད།
- ཡོད་མོད་དེང་སང་དེ་ཅུང་ཟད་གསར་དུ་བསྒྱུར་ཏེ།
- དེ་རིང་གནངས་ཀ་ཡིན་ན་ཁྱོད་རང་རང་ལ་ཆ་རྐྱེན་ཡོད་མེད་ཀྱིས་རེད།
- ཡོད་མཁན་དང་མེད་མཁན་ཚང་མ་ཡོད་མོད།
- དེའི་ནང་ནས་བཤད་ན་ཁ་ཤས་ཀྱིས།
- ལུགས་སྲོལ་འདི་འདྲ་ཁུལ་ཐོག་ལ་སོང་ནས་ཟ་ཁང་ནང་ནས་བདེ་མོ་བཅོས་ཏེ།
- དེ་ཡིན་ན་དེའི་ལམ་ལུགས་དེ་ཡིན་རྒྱུ་ན།
- དེའི་ནང་ན་ང་ཚོ་ཡིན་རྒྱུ་ན།
- དམངས་ཚོགས་ལ་སྡེ་བ་ནང་ཡིན་རྒྱུ་ན་དེར་འགྲོ་ལུགས་ཤིག་ཡོད་གི།
- དེ་གང་ལྟར་ཀྱང་།
- ད་ཅི་ཞིག་ཟེར་དགོས་པ་རེད།
- དེ་ཚོ་ཚང་མའི་འགྲོ་ལུགས་དེ་བསྒྱུར་བཞིན་ཡོད།
- ང་ཚོ་ཡིན་རྒྱུ་ན་རྒྱ་བལྟ་འདྲ་བོ་རེད་བསམ།
- ཕལ་ཆེར་རྒྱ་བལྟ་ཞེས་བཤད་ན་མི་ཆོག་རྒྱུ་མེད་གི།
- དེའི་ལམ་ལུགས་སུ་བུད་སོང་ན་རང་སྡེ་བ་མཚོན་ན་ཡང་།
- བུ་མོ་དེ་ཅི་ལྟར་ཡོང་བ་དང་།
- དེར་རྟགས་དང་སྟོན་མོ་ཅི་ལྟར་བྱས་པ་དང་།
- དེར་གསེར་ལེན་ཐོན་ལེན་དེ་ཅི་ལྟར་བྱིན་པ་དང་།
- བྱིན་པའི་དུས་སུ་སྐད་ཆ་ཅི་ལྟར་བཤད་པ་དང་།
- དེ་དག་ཚང་མ་ཅུང་ཟད་ཉམས་འདུག་ཅེས་པའི་རྒྱུ་མཚན་དེ་འདྲ་ཞིག་རེད།
- དེའི་སྟེང་ནས་ཚང་མས།
- ཕྱིན་ཆན་ཡིན་རྒྱུ་ན་འདི་ཚང་མ་སྔོན་གྱི་དེ་བྱེད་རྒྱུ་ན།
- འགྲོ་ལུགས་འདིའི་སྟེང་ནས་འགྲོ་རྒྱུ་ན།
- རང་གི་བོད་ཀྱི་ལམ་ལུགས་འདི།
- རང་ཤུགས་ཀྱིས་བསམ་པའི་སྟེང་ལ་ཚང་མ་ཡོང་རྒྱུ་རེད་ཅེས་པའི།
- གནས་ཚུལ་དེ་འདྲ་ཞིག་རེད།
- རེད་རེད་རེད།
- ང་ཚོ་སྡེ་བ་ཕྱེས་དྲི་ཟེར་བ་འདི་རེད།
- འདི་ཡིན་རྒྱུ་ན།
- ལབ་ཙེ་ཡིན་རྒྱུ་ན།
- དྲུག་པའི་བཅུ་གསུམ་གྱི་ཉིན་མོར་ལབ་ཙེ་སྟོད་དགོས་བ་རེད།
- སྔོན་ཆད་ཡིན་རྒྱུ་ན་ལྔ་བའི་ཚེས་པ་ལྔ།
- དེ་ནས་བཞི་བའི་བཅོ་ལྔ།
- འདི་འདྲ་སྟོད་དགོས་ས་ཡོད་གི།
- དེང་སང་དྲུག་པའི་བཅུ་གསུམ་ལ་མ་གཏོགས་སྟོད་ཀྱིན་མེད་པ་རེད།
- འདིའི་སྐབས་སུ་ཚང་མས།
- ཚང་མས་མདའི་སྟེང་ནས་ལོ་རེར་རང་རང་གིས།
- གཞི་བདག་ཡིན་རྒྱུ་ན།
- ང་ཚོའི་འདི་ན་ཨ་མྱེས་བྱ་ལྡིང་ཟེར་བ་ཞིག་ཡོད་གི།
- དེར་མ་ཟད་ད་དུང་གསེར་མཆོག་ཟེར་བ་ཞིག་ཡོད་གི།
- དེའི་ཕན་ཆད་ན་ད་དུང་ཨ་མྱེས་གོས་མང་ཟེར་བ་ཞིག་ཡོད་གི།
- ལབ་ཙེ་གཉིས་རེད།
- འདི་དྲུག་པའི་བཅུ་གསུམ་གྱི་ཉིན་མོར་སྟོད་དགོས་བ་རེད།
- དེའི་ཕན་ཆད་ནས་ཞོ་འོང་སྤྱི་ཡིན་རྒྱུ་ན།
- བདུན་པའི་བཅུ་གཅིག་གི་ཉིན་མོར།
- ཨ་མྱེས་གཉན་ཆེན་ཞེས་ང་ཚོ་སྡེ་བ་བདུན་པོར་སྤྱིའི་ལབ་ཙེ་ཞིག་ཡོད་པ་རེད།
- འདི་སྟོད་བཞིན་ཡོད།
- དེ་མ་གཏོགས་ཕྱེས་དྲི་ལ་མཚོན་ན་ཡང་དེ་རེད།
- ཟླ་རེ་རེའི་ནང་དུ།
- ཚེས་བཅུ་ཞེས་དེ་ཟླ་རེ་ལ་དེ་ལྟར་ཡོད་པ་རེད།
- ཚེས་བཅུ་ཞེས།
- དེའི་ཕན་ཆད་ན་བཅུ་གཅིག་གི་སེང་གདོང་ཞེས།
- བཅུ་གཅིག་གི་སེང་གདོང་འདི་ལ་དཀྱིལ་རོང་ཞེས།
- ང་ཚོ་སྡེ་བ་འདིར།
- ཕལ་ཆེར་ཞོ་འོང་ཧྲིལ་པོར་ཡོད་མོད།
- དེའི་ནང་ནས་ང་ཚོར།
- བཅུ་གཅིག་གི་དཀྱིལ་རོང་ཞེས་སེང་གདོང་འདོན་དགོས་གི།
- དེ་ནས་རྒྱ་ལོའི་ནང་དུ།
- གུ་དྲག་ཞེས་ཡང་གཅིག་འཛིན་རྒྱུ་ཞིག་ཡོད་པ་རེད།
- འདི་ཡིན་རྒྱུ་ན་ཁོ་ཚེ་དང་ཕྱེས་དྲི་གཉིས་ཀྱིས་མཉམ་གཅིག་ཏུ།
- ད་ལོ་ཕྱེས་དྲི་ཡིས་བཟུང་ན་ཕྱི་ལོར་ཁོ་ཚེ་ཡིས་བཟུང་བ།
- དེའི་རྒྱུ་མཚན་ཅི་ཞིག་རེད་ཟེར་རྒྱུ་ན།
- སྔོན་མ་ཡིན་ན་ཁོ་ཚེ་འདི་ང་ཚོའི་སྡེ་བའི་ཕ་རོལ་འདི་ན་ཡོད་གི།
- མཁའ་ནག་ལ་ཁ་འདི་ནས་ཡར་ལ་སོང་བ་ཞིག་ཡིན་པ་རེད།
- དེང་མ་ཁོ་ཚེ། ཕྱེས་དྲི། རྒྱ་རྒྱ།
- ང་ཚོའི་འདི་ན་དེང་མ་རྒྱ་རྒྱ་ཟེར་བ་ཞིག་དང་ཕྱེས་དྲི་ཟེར་བ་ཞིག་ཡོད་པ་རེད།
- རྒྱ་རྒྱ་ཁོ་ཚེ་ཕྱེས་དྲི་གསུམ་པོ་ཡིན་རྒྱུ་ན།
- རི་ཚུར་རོལ་གསུམ་ཞེས།
- དེ་ལ་རྒྱུགས་རྒྱུ་གཤིབ་རྒྱུ་ཡོད་པ།
- དེའི་སྟབས་ཀྱིས་དེང་སང་ཡིན་རྒྱུ་ན་འདིའི་ཕྱོགས་ནས་མི་བསྒྱུར་ན།
- རྒྱ་ལོ་ཉི་ཤུ་གཅིག་གཉིས་གསུམ་གྱི་བར་ནས།
- གུ་དྲག་ཡིན་རྒྱུ་ན་ཡང་མཉམ་གཅུག་ཏུ་འཛིན་བཞིན་པ་དེ།
- སྔོན་གྱི་ལོ་རྒྱུས་མི་བརྗེད་བར་བྱེད་པ་དེ་རེད།
- རྒྱ་རྒྱ་ཕྱེས་དྲི་གཉིས་ཀ་ཡིན་རྒྱུ་ན།
- དེང་མ་ཡིན་རྒྱུ་ན་རྒྱ་རྒྱ་ཕར་རོལ་གན་ན་ཡོད་པ་རེད།
- རི་ཡི་ཕར་རོལ་གན་ན་ཡོད་གི།
- ཕྱེས་དྲི་ཡིན་རྒྱུ་ན།
- ཡར་གྱི་སྒར་སོ་མ་ཟེར་བ་དེའི་མར་ཕྱོགས་གན་ན་ཡོད་གི།
- མཇུག་ཏུ་རྒྱ་རྒྱ་ཕྱེས་དྲི་གཉིས་ཀ་མཉམ་གཅིག་ཏུ་འདིར་ཡོང་བ་རེད།
- འདིར་ཡོང་ནས་རིང་མོ་ཞིག་ལ་ལྷ་ཁང་དང་བཅས་པ་མ་བསྲེས་པར་བསྡད་མོད་མཇུག་མཐར།
- མ་ཎི་ཁང་སོགས་གཅིག་གྱུར་བྱས་ཏེ།
- རེད།
- དེ་ལྟར་བྱས་ཏེ་ང་ཚོ་རྒྱ་རྒྱ་ཡིན་རྒྱུ་ན།
- གན་ནས་སྐྱབས་མགོན་ཚོགས་དྲུག་རང་གྲོལ་ཚང་གིས་རྟེན་སྐལ་ཞིག་ལ།
- ཇོ་བོའི་རྟེན་སྐལ་ཆུང་ཆུང་དེ་འདྲ་ཞིག་གནང་།
- ཕྱེས་དྲི་ཡིན་རྒྱུ་ན་མ་གཞི་བྱམས་པ་རེད།
- དེ་ཡིན་ན་དེ་དུས་གཞི་གཅིག་ཏུ་ཡོང་བའི་དུས་སུའང་།
- བྱམས་པ་ཞིག་དང་ཇོ་བོ་ཞིག
- སྔོན་ཆད་ཡིན་རྒྱུ་ན་ཅུང་ཟད་རྒྱ་མི་ཆེ་བ་དེ་འདྲ་ཞིག་ཡོད་པ་རེད།
- དེ་རིང་གནངས་ཀ་ཡིན་རྒྱུ་ན་ཚང་མ་གཞི་གཅིག་ཏུ་བསྲེས་ཟིན་པ་རེད།
- དེ་ཡིན་ན་ཕྱེས་དྲི་གཉའ་ཡིན་ན་ཕལ་ཆེར་སྔགས་པ་རེད།
- ཁོ་ཚོ་ཡིན་རྒྱུ་ན་ཨོ་རྒྱན་བཞེངས་པ་རེད།
- ཕྱེས་དྲི་འོག་གིས་བྱམས་པ་བཞེངས་ཟིན་པ།
- རྒྱ་རྒྱ་ཡིན་རྒྱུ་ན་ཇོ་བོ་བཞེངས་ཟིན་པ།
- དེ་ཡིན་ན་ང་ཚོའི་ལྷ་སྐལ་འདྲ་བ་འདི་འདྲ་ཞིག་རེད།
- ཚོ་བ་གསུམ་པོའི་ཟེར་རྒྱུ་རེད།
- དེ་བས་དེ་རིང་གནངས་ཀ་ཡང་བསྐྱར་གསར་དུ་བཞེངས་ཏེ།
- ལྷ་ཁང་དང་བཅས་པ།
- དེ་ཡིན་སྡེ་བ་འདི་ལྟར།
- ཁ་གཅིག་འགྲིག་ནས་ས་ཆ་གཅིག་ན་བསྡད་ཡོད་པའི་རྒྱུ་མཚན་དེ་འདྲ་ཞིག་རེད།
- རེད་རེད་རེད།
- འདིའི་སྟེང་ནས་ཁྱོད་དང་ང་ཞེས་བཤད་རྒྱུ་ཅུང་ཟད་ཡོད་མོད།
- སྤྱིའི་བཤད་ན་ང་ཚོར་གནད་དོན་ཆེན་པོ་མེད་པ་རེད།
- དེ་བས་གནས་ཚུལ་དེ་འདྲ་ཞིག་རེད།
- ཁྱིམ་ཚང་ལྔ་བཅུ་ལྔ་གཉིས་ཡོད་པ་རེད།
- མི་གྲངས་སུམ་བརྒྱ་དང་ཉི་ཤུ་ཉེར་ལྔ་ཡོད་པ་རེད་ཟེར།
- ས་མིང་ཡར་གྱི་ངོ་གན་ན།
- བཀྲ་ཤིས་རྟགས་བརྒྱད་ཀྱི་རི་གན་ན་བཀྲ་ཤིས་རྟགས་བརྒྱད་ཚང་བ་ཞེས།
- དེ་འདྲའི་རི་ཞིག་ཡོད་གི།
- ཡར་གྱི་ངོ་གན་ནས་ཕར་ལ།
- མིང་ལ་ཅི་ཞིག་ཟེར་བ་རེད།
- བྱ་དགས་མོ་ཟེར་བ་རེད།
- རེད།
- ལབ་ཙེ་ཡི་འོག་དེ་རེད།
- བྱ་དགས་མོ་དེར་བཀྲ་ཤིས་རྟགས་བརྒྱད་ཚང་བ་ཞེས།
- དེང་མ་ས་བཤད་པ་ཞིག་ཡོང་ནས།
- དེ་ལྟར་དེ་ནི་ངག་རྒྱུན་ན་ཡོད་པ་རེད།
- རེད་རེད།