Skip to main content Skip to search
24 Aug 2018
9 min 48 sec
Video Overview
Creators: 
Nelson Walker
Transcript search
No results found for this search
0 of 0
  • ཚེ་དབང་ Tshewang
    ད་རེས་ནངས་པ་མི་གིས་ མདའ་བཤད་བརྡུང་ནི་གསང་བཞག་ད་ལགས་ ད་ མདའ་རྐྱབ་ས་ལུ་ ང་བཅས་ཕྱོགས་མདའ་ཕྱེད་ནི་ཡོད་བུ་ལགས་ འ་ནཱི་ཕྱོགས་མདའ་ཕྱེད་ས་ལུ་ཡང་ ཏེ་ མདའ་འདི་རྐྱབ་ད་ དཔེར་ན་ཌག་ཊར་གྱིས་ རྒྱ་གཅིག་(?)ཧོངས་ལས་ ང་བཅས་ཀྱིས་ རྒྱ་གཅིག་ཧོངས་ལས་སྦེ་ ནཱ་འབའ་ཁར་ལུ་ (time)དུས་ཚོད་བཀག་འཛུལ་ཏེ་གིས་སྦེ་མདའ་རྐྱབ་ མདའ་འགོ་འདི་བཙུགས་ ཡུདཔ་ཅིག་སྐུགས་གཅིག་ སྐུགས་གསུམ་བཞི་ཚུན་ཚོད་མིན་ནུག
  • ཚེ་དབང་ Tshewang
    སྐུགས་ལྔ་ལངས་པའི་བསྒང་ལས་ ཏེ་ སྐད་གདངས་འཐེན་འབའ་སྐད་ཟེར་རྐྱབ་ནི་འདུག་ ད་ ད་རེས་ནངས་པ་ འ་ནཱི་ཡང་ ལུགས་སྲོལ་རང་མིན་འདུག་ ཏེ་ འཆམ་འདི་ཡང་ ཞབས་ཁྲ་རྐྱངམ་གཅིག་ཨིན་མས་ མདའ་བཀག་རི་ཕོག་རུང་ དང་ཕུ་ ཏེ་ འབའ་ཆུང་ཀུ་ལྷགཔ་མིན་འདུག་ འབའ་སོར་གསུམ་རེ་ཨིན་མས་ འདི་ཡང་ཧེམ་མིའི་ནང་བཙུགས་འབག་འབད་སྦེ་ ང་བཅས་ཀྱི་ ཕྱོགས་མདའ་ཕྱེད་དེ་རང་ ཏེ་ ང་བཅས་ཀྱི་ དམག་མི་ནང་ལས་ འགྱོ་འགྱོཝ་སྦེ་ ཏེ་ མདའ་འདི།
  • ཚེ་དབང་ Tshewang
    གནམ་མེད་ས་མེད་སྤྲོ་བ་ཡོད་ མདའ་འདི་ འ་ནཱི་སྦེ་རྐྱབ་སྦེ་འབདཝ་ད་ ཏེ་ ང་བཅས་ཀྱིས་ ཕྱོགས་མདའ་ཕྱེད་པར་འགྱོ་ འ་ནཱི་སྦེ་འབདཝ་ད་ ཏེ་ རྒས་ཤོས་ཚུ་གིས་ ད་དཔེར་ན་ ནཱ་ལས་ད་ ང་བཅས་ཁ་ཐུག་ལས་འབད་རུང་ ནཱ་གི་ཁ་ཐུག་འབད་རུང་ ནཱ་སློབ་དཔོན་དབུ་འཛིན་དང་ནཱ་ཨིན་མས་ ང་བཅས་ཕར་འབའ་ཁ་ད་ ནཱ་ལས་སྐུགས་བརྩི་འབད་རུང་ ནཱ་གི་ཧོངས་ལས་འབད་རུང་ ནཱ་གི་ཧོང་ལས་འབད་རུང་།
  • ཚེ་དབང་ Tshewang
    ཉན་སྡོད་འོང་ལགས་ སྐུགས་ཀྱི་འབའ་བཀལ་ ག་དེམ་ཅིག་ སྐུགས་ག་དེམ་ཅིག་བརྩིཝ་ཨིན་ན་ སྐུགས་ལྔ་ལངས་པའི་བསྒང་ལས་ སྐུགས་ཀྱི་ ང་བཅས་ཀྱི་ ཕར་འབའ་ཁའི་ཚུར་གྱིས་ སྐད་འཐེན་འོང་བ་ལགས་ སྐུགས་ལྔ་སྦེ་ མི་བརྩི་བ་ཏེ་ལགས།
  • ཚེ་དབང་ Tshewang
    ཨོ་་་ ལྔ་རེ་དགའ་ལྔ་དགའ་དྲུག་བདུན་ལམ་ཟེར་ ཏེ་ འ་ནཱི་བསྒང་ལས་ ཏེ་ སྐུགས་ལྔ་ཚུན་ཚོད་ འ་ནཱི་བསྒང་ལས་ ཏེ་ ག་གིས་རང་བརྩི་རུང་ ཏེ་ སྐུགས་ཀྱི་སྐད་འདི་ འ་ནཱི་སྦེ་གདངས་འཐེན་ཏེ་རང་བརྩི་དགོ་ལགས། ད་ཏེ་ སྐུགས་ག་དེམ་ཅིག་ཐོབ་ཨིན་ན་རང་མི་ཤེས་པས་ཏེ་ལགས་ སྐུགས་ད་ཕར་ཨང་ཡིག་ནེམ་རྐྱབ་འབད་སྦེ་ ཏེ་ སྐུགས་འ་ནཱ་བལྟཝ་མས་ ཏེ་ འཆམ་འབད་རུང་ཡང་ ཏེ་ ཞབས་ཁྲ་ དང་ཕུ་ཞབས་ཁྲ་ དེ་སྦེ་མེན་པས་ལགས།
  • ཚེ་དབང་ Tshewang
    ཡངན་ རྒྱ་གར་ཤར་གྱི་རྨ་བྱ་འཐེན་དགོ་པས་ ཡངན་ དགུང་སངས་ཀྱི་མཐོན་པོ་འཐེན་དགོ་པས་ ཡང་ཅིན་མ་ཅིན་ སྦ་ལ་ཆ་གཅིག་ཆ་གཉིས་འཐེན་དགོ་པས་ འ་ནཱི་ཚུ་ཡང་ ཏེ་ དེ་སྦེ་མིན་ནུག་ མདའ་བཤད་འབད་རུང་ ཏེ་ མདའ་བཤད་དེ་ ཏེ་ད་ མདའ་མཆོད་ནཱ་ལས་ཕར་བཏང་པ་ཅིན་ ཏེ་ད་ ཕར་ དེ་སྦེ་འབད་ ད་ མདའ་འདི་རང་ རྒྱལ་ཁ་ཐོབ་ནི་ ཨ་རྟག་ར་ ལགཔ་འདི་རང་གི་ཧོངས་ལས་སེང་སུ་ཅིག་ཡོད་པ་ཅིན།
  • ཚེ་དབང་ Tshewang
    ནཱ་ལས་ཕར་མདའ་འདི་བཏང་འབད་སྦེ་ འབད་བའི་བསྒང་ལསནི་ གོམ་ཐེངས་རེ་རེའི་ནང་ ཚིག་ཐེངས་རེ་རེ་སླབ་འོང་ལགས་ ཡར་རི་མགོ་མཐོན་མཐོ་བ་དགའ་ མཐོ་སར་སྡོད་སར་བཅག་ནི་ མར་རི་མཇུག་དམའན་དམའ་བར་དགའ་ དམའ་ས་གསེར་བཞུགས་དགོཔ་ཨིན་ ཕར་རི་བར་རྡོནི་རྡོ་རང་དགའ་ རྡོ་སར་བྱཱར་ཤིང་རྐྱབ་ནི་ཨིན་ཟེར་ ཏེ་ དེ་ལསནི་ཏེ་ ལགཔ་གང་གི་འགྱངས་ཏེ་ མར་ལས་ཡར་ལོག་ ཏེ་ འ་ནཱི་སྦེ་ལོག་ ཡར་མདའ་བཏང་པར་ འ་ནཱི་སྦེ་ལོག་དགོ་པས།
  • ཚེ་དབང་ Tshewang
    ཏེ་ད་ ད་རེས་ མདའ་ཕྱེད་ཀྱི་བརྩི་ག་ཡོདཔ་ སྣང་ཆུང་ཤོས་ཕར་ སྐུགས་ཀྱི་དེམ་རང་ ཏེ་ ཞབས་ཁྲ་ད་ ད་ དང་ཕུ་ང་བཅས་ ཁྱིམ་ནང་ཆོ་གུ་བཏང་ས་རྐྱབ་མི་གི་ ཞབས་ཁྲ་ཚུ་རྐྱངམ་ཅིག་ ཏེ་ད་ བསྐོར་ཏེ་ཉིནམ་གཅིག་ ཏེ་ དེ་བསྒང་འ་ནཱི་སྦེ་ དང་ཕུ་འ་ནཱི་སྦེ་མེད་ལགས། རྒྱ་གར་ཤར་གྱི་རྨ་བྱ་འདི་ཚུ་ཏེ་ འཆམ་ཚེ་འཆམ་ལུགས་མི་ཤེས་ ཨོ་ལོ་ལུས་པོའི་འཆམ་པའི་ཚེ་ དང་ཕུ་ཏེ་ལེའུ་བསྒྱུར་ ད་ཏེ་ འ་ནཱི་ལུགས་སྲོལ་རང་མིན་འདུག་ཏེ་ལགས།
  • ཚེ་དབང་ Tshewang
    དན་ཏེ་ ཞབས་ཁྲ་རྐྱངམ་གཅིག་རང་ཨིན་མས་ཏེ་ ཏེ་ མདའ་འདི་ ད་ ནཱ་ཌག་ཊར་གྱི་ཁ་ཐུག་ལས་ བཀག་རི་ཡོད་ འདི་གི་རྟིང་ཤུལ་བདའ་ ང་བཅས་དབུ་འཛིན་གྱི་ཁ་ཐུག་ལས་ བྱང་ཕྱེད་སྦེ་ བཀག་རི་འདི་གུ་ག་འགྱོ་པ་ཅིན་ ཏེ་ ནཱ་གི་ཁ་ཐུག་ལས་ ཏེ་ རྒྱ་གར་ཤར་ཡི་རྨ་བྱ་ཏེ་འཐེན་འོང་བ་ལགས་ཏེ།
  • ཚེ་དབང་ Tshewang
    རྒྱ་གར་ལ་ཤར་གྱི་རྨ་བྱ་འཁྱམ་ཚེ་ལ་འཁྱམ་ལུགས་མ་ཤེས་ ཨོ་ལོ་སུ་མཉེས་པའི་འཁྱམ་མི་ ཨོ་ལོ་སུ་མཉེས་པའི་འཁྱམ་མི་ཟེར་བའི་བསྒང་ལས་ ཏེ་ ནཱ་ལས་ཕར་ཆ་མཉམ་རང་ ཏེ་ འབའ་འདི་འགྱིམ་ཏེ་ གཞུ་ཆ་མཉམ་གཞུ་མགུ་མར་འབབ་ འདྲན་འདྲ་འགྱིར་སྡོད་འོང་ལགས་ ད་ དེ་རེས་དེ་སྦེ་མེན་པས་བ་ཏེ་ལགས་ ད་ཞབས་ཁྲ་འདི་འཐེན་ ཡར་ལས་ནེམ་འབད་ འབད་མ་ཚུགས་པའི་ ལ་ལུ་པད་སྐོར་འགྱིར་འགྱོ་ ཡ་ལུ་གཅིག་གིས་མ་འགྱིར་བར།
  • ཚེ་དབང་ Tshewang
    ནཱ་ལས་ཕར་སྐད་དེ་ཡང་ད་ ཞབས་ཁྲ་མཇུག་བསྡུཝ་ད་ འུ་ཡི་ འུ་ཡི་ཟེར་ ཏེ་ད་ དོམ་མའི་ནང་ལུ་ འོ་ ག་ཅི་ལོ་ གེ་ཟ་ནང་ལུ་ དོམ་འཛུལ་སོངཔ་བཟུམ་སྦེ་ སྐད་རང་འ་ནཱི་སྦེ་རྐྱབ་འབད་སྦེ་ དང་ཕུའི་ལུགས་སྲོལ་ག་ནི་ དང་ཕུ་འབད་བ་ཅིན་ཏེ་ འ་ནཱི་ཏེ་ ཏ་ཁའི་ཏ་ཁའི་ཟེར་ཏེ་ ལགཔ་འདི་རང་ ལྷོང་གཞུ་མགུ་འདི་མར་ཕབ་ ཏེ་ འ་ནཱི་སྦེ་ལེའུ་བསྒྱུར་ འ་ནཱི་སྦེ་འཐེན་མས། ད་ དང་ཕུའི་ལུགས་སྲོལ་འདི་རང་མིན་འདུག་བ།
  • ཚེ་དབང་ Tshewang
    ལེའུ་རང་ ཏེ་ རྐངམ་ཡང་ནཱ་ལས་ཡར་འབའ་འགྱིམ་ འ་ནཱི་སྦེ་བཏང་ ཡར་ལས་མར་ མར་བལྟ་རྒྱབ་བཏང་ དང་ཕུ་ཏེ་ མ་པ་ལས་རང་ལེའུ་ ཏེ་ རོགས་ཕྱག་རྒྱ་དང་བཅསཔ་སྦེ་བསྒྱུར་འོང་ལགས་ ད་ འ་ནཱི་ལུགས་སྲོལ་རང་མིན་འདུག་ལགས་ད་ ད་ཕར་ལོགམ་འདི་གིས་ དེ་སྦེ་འབད་ ད་ དོ་རུང་རང་ རང་གི་ཡང་ཕོགཔ་པའི་གནོད་པ་ ནེ་བཞག་ཤིག་ ཕར་ལུ་བཀག་རི་གཅིག་ཡང་ཡོད་ དེ་སྦེ་ཨིན་པ་ཅིན་ ནཱ་ལས་ཕར་ང་གིས་ ཏེ།
  • ཚེ་དབང་ Tshewang
    ཏེ་ ད་ ཕི་སྤུས་ཚད་སྦེ་ མནོ་བསམ་བཏང་པ་ཅིན་ ཏེ་ ང་ ནཱ་ལས་ཕར་ལུ་ ཏེ་ ཕུ་ཀྲེ་དཀར་ཅུང་འདོད་པའི་བྱ་ ཐངམ་ཉིན་མཚན་ཟ་བ་སླབ་མི་ཆོད་ཟེར་ ཏེ་ འ་ནཱི་སྦེ་བཏང་ནི་འདུག་བ་ལགས་ ཏེ་ དཔེར་ན་ མ་བྱིན་པ་ཅིན་ ང་རང་འབད་འབད་བ་ཅིན་ ཏེ་ང་ ང་རྒྱ་གར་ཕྱུག་པོ་དཔོན་གྱི་བུ་ཟེར་ དེ་བསྒང་འ་ནཱི་སྦེ་ སླབ་ཨིན་ལོ་ཨཔ་འདི་ རྒྱ་གར་ ཕར་རྒྱ་གར་ཕྱུག་པོ་ཟེར་མི་འདི་ འབའ་བཀག་རི་རྐྱབ་པ་སླབ་མི་ཆོད་ཟེར།
  • ཚེ་དབང་ Tshewang
    བཀག་རི་འ་ནཱི་སྦེ་ སྤུདཔ་ཨིན་ཟེར་མས་ མདའ་བཤད་འགྱོཝ་སྟེ་ མར་ཆུ་གསུམ་འཛོམས་སར་རྩལ་རྐྱབ་ཅི་ ང་རྩལ་མཁས་རོགས་ལུ་ཤོར་མ་མྱོང་ རང་རི་གསུམ་འཛོམས་ས་བལ་འཁལ་ཡི་ ང་བལ་ད་རླུང་ལུ་མ་བསྐྱེལ་ཟེར་ འ་ནཱི་ག་ཅི་སྨོ་ཟེར་བ་ཅིན་ ག་ཅི་རང་འབད་རུང་ ང་གིས་རྒྱལ་ཁ་ཐོབ་ཟེར་བའི་ལོ་རྒྱུས་སྦེ་ ཏེ་ འ་ནཱི་སྦེ་ རྐྱབ་དོ་འོང་སྦ་དེ་བསྒང་གི་མི་ཚུ་གིས་ ཕོག་ཡང་ཕོགཔ་ཏེ་ འབད་ཡང་འབད་ཚུགས་པས་དེ་བསྒང་གི
  • ཚེ་དབང་ Tshewang
    ད་ དེ་བསྒང་ཨིན་རང་ ཏེ་ འབའ་སོར་ འབའ་སོར་གསུམ་ལས་ འབག་ནི་མིན་འདུག་ སྦྱིས་ཤིང་འབའ་ཧེམ་ནང་བཙུགས་ ང་བཅས་ ཏེ་ ཕྱོགས་མདའ་ཕྱེད་པར་འ་ནཱི་སྦེ་འགྱོཝ་མས་ཏེ་ སྤ་ད་ ད་རེས་གཞུ་ ཕྱི་རྒྱལ་གྱི་གཞུ་ཨིན་ ཉིནམ་རེ་བཀག་རི་ འ་ནེམ་རེ་ཕོག་ཅི་ཟེརཝ་ད་འདི་ ང་བཅས་ཡིད་མི་ཆེས་པས་ ང་བཅས་ཉིནམ་རེ་ལུ་ ཀེ་རེ་གཉིས་གཉིས་གསུམ་གསུམ་ ང་བཅས་འབའ་ཅོ་ཆུང་ཀུ་གུ་ཡང་ འ་ནཱི་སྦེ།
  • ཚེ་དབང་ Tshewang
    དེ་བསྒང་འདི་ ཕོག་རང་ཕོག་མས་ཏེ་ལགས་ ད་འདི་ཏེ་ གཞུ་འདི་ཚུ་ ཏེ་ ཀྲོབ་མདའ་རང་མས་ ཏེ་ད་ འཐེན་བཀང་(?) ཞིནམ་ལསནི་ བྱེམ་ག་ནི་ཡང་མིན་འདུག་ཏེ་ད་ སྦྱང་བ་རང་ཚུད་པའི་བསྒང་ལས་ ད་འདི་ ད་འདི་ཏེ་ སྤ་བཀག་རི་བཅུ་ཐམ་བཅུ་གཅིག་ཕོག་ཅི་ཟེརཝ་ད་ ཁོང་ཡིད་ཆེས་ དེ་བསྒང་གི་ སྤག་ཤིང་གུ་ལུ་མནོ་བསམ་བཏང་པ་ཅིན་ དེ་བསྒང་ཏེ་མདའ་རྐྱབ་རུང་ཡང་ དེ་སྦེ་མིན་ནུག་ལགས་ མདའ་རྐྱབ་རུང་ཡང་།
  • ཚེ་དབང་ Tshewang
    ཕྱི་རུ་ནེ་སྦེ་ག་ཏེ་སྡོད་ནི་ཡོདཔ་ ད་ འགོ་དཔོན་ནཱ་འབད་བ་ཅིན་ ཕྱི་རུ་ཆ་མཉམ་ནཱ་འབོ་ ཁྱིམ་གཅིག་གི་ནང་འབོ་ ནཱ་ལས་བཞེས་སྒོ་ཚུ་བྱིན་བཏང་འབད་སྦེ་ ལྟ་མ་ཁ་ས་གྲབ་ཅུ་དང་རྐྱབ་ནི་འབད་བ་ཅིན་ ཕྱི་རུ་ནཱ་ལས་མར་འགྱོ་མི་བཏུབ་བ་ རི་ཁར་ལས་ཕར་འགྱོ་འབད་ ཏེ་ གཡུས་ཀྱི་ལྟག་ལས་སྡོད་པར་འགྱོཝ་མས་ ཕྱི་རུ་ཞག་རི་ཁར་སྡོད་དགོ་པས་ལགས་ མདའ་ཕྱོགས་མདའ་ཕྱེད་ མདའ་རྒྱལ་བ་ཅིན་ གཡུས་དར་ཡི་ཟེར།
  • ཚེ་དབང་ Tshewang
    མདའ་ཕམ་པ་ཅིན་གཡུས་ཕམ་ཨིན་ཟེར་ དང་ཕུ་དམག་རྐྱབ་པའི་ཚུལ་སྦེ་ འ་ནཱི་སྦེ་འགྱོཝ་མས་བ་ལགས་ ང་བཅས་ཀྱིས་ ཤེས་འདི་རང་ང་བཅས་ མདའ་འ་ནཱི་སྦེ་ ཕྱོག་མདའ་ཕྱེད་ཅི་ལགས་ སྤུ་ན་ཁ་ལས་ཕར་ལུ་ ད་ཏེ་ དེ་སྦེ་ག་ཏེ་འདུག་ ཕར་ལས་འོང་ཚུར་ལས་འོང་ ད་ བལྟ་ནི་གཅིག་འདི་འ་ནཱི་སྦེ་ ཕར་འབའ་ཁ་ལྟཝ་ད་ ད་བལྟ་ནི་གཅིག་འདི་ བལྟཝ་མས་བ་ཏེ་ཁོང་ འ་ནཱེ་སྦེ་ འབའ་ཁ་བལྟ་ རྟག་བུ་ན་བུ་ང་བཅས་ཀྱིས།
  • ཚེ་དབང་ Tshewang
    མདའ་རྐྱབ་མི་ཚུ་གིས་ ཤེས་མས་བ་ཏེ་ ད་ ནཱ་གི་ཁ་ཐུག་ལས་ ནཱ་གི་ཁ་ཐུག་ལས་འོང་རུང་ཡང་ དྲོ་པའི་དུས་ཚོདའདི་བལྟ་འོང་རུང་ ཁ་འདི་ག་ཏེ་ལས་ཨིན་ན་ཀྲིག་ཀྲི་ཤེས་པས་བ་ཏེ་ལགས་ ཁ་མར་འབད་བ་ཅིན་ ཁོང་ཡར་འགྱོ་ ཡར་ལས་མར་ འ་ནཱི་སྦེ་འབདཝ་མས་ ཏེ་ འབའ་འདི་ཡར་རྒྱན་བཅུག་བའི་བསྒང་ལསནི་ འབའ་འདི་རྒྱན་བཅུག་ནི་འབད་བའི་བསྒང་ལསནི་ ཏེ་ད་ ཡར་ལས་མར་འགོ་བཙུགས་ད་ཞིནམ་ལསནི།
  • ཚེ་དབང་ Tshewang
    ཡར་རང་ཕོག་རུང་ཁྱད་མིན་འདུག་བ་ལགས་ ཏེ་ ཁ་ཁ་ཟེར་མི་འདི་ འ་ནཱི་དགྲ་ཆས་ཁ་འདི་ འ་ནཱི་གུ་ཚུད་མས་བ་ཏེ་ ཁ་འདི་མར་ལས་ཡར་སྦེ་ཚུད་པ་ཅིན་ཏེ་ དགྲ་ཆས་འདི་ མདའ་ཡར་རྐྱབ་དགོཔ་མས་ རོགས་འབའ་ཡར་འབག་འོང་སྦེ་རྒྱན་བཅུག་ མར་ཧེ་མ་རྐྱབ་པ་ཅིན་ ཁ་ལན་འདི་འ་ནཱི་ཚུད་མས་བ་ཏེ་ དགྲ་ཆས་དགྲ་ཆས་ཟེར་མི་འདི་ འ་ནཱི་ཨིན་མས་ལགས་ ཏེ་ད་རེས་ནངས་པ་ད།
  • ཚེ་དབང་ Tshewang
    ཆ་མཉམ་གྱིས་ལྟཝ་མས་བ་ལགས་ད་ ང་བཅས་ཕར་འབའ་ཁར་འགྱོཝ་བལྟཝ་ད་ ཀྲིག་ཀྲི་བདའ་འཛིན་མས་ལགས་ ཏེ་ལོ་ཡང་ འ་ནཱི་ཨིན་མས་བ་ཏེ་ ལོ་ཡང་ཧེ་རྐྱབ་ཤུལ་རྐྱབ་སྟེ་ ད་ ད་ལྟོ་བལྟ་བའི་ཚེ་བར་ལུ་ཡང་ ནེ་སྦེ་འབད་ཡི་ ད་ ད་རེས་ནངས་པ་ མི་བལྟ་ཟེརཝ་མེན་པར་ མ་བལྟཝ་མེན་པས་ལགས་ ད་ བལྟ་རང་བལྟཝ་མས་ ད་འ་ནཱི་བལྟཝ་ད་ཤེས་པས་བ་ ཕར་མདའ་རྐྱབ་སར་ཀྲིག་ཀྲི་ཤེས་པས་ལགས།
  • ཚེ་དབང་ Tshewang
    དྲོ་པ་གི་དུས་ཚོད་དེ་ཡང་ ཆུ་ཚོད་དེ་སྦེ་བཀག་མམ་ དང་ཕུ་ཏེ་ ད་རེས་ ད་ དཔེར་ན་ལུ་ ཟླཝ་དང་པའི་ཚེ་གཅིག་ལུ་ ཕར་འགྱོ་སོང་པ་ཅིན་ གཉིས་ལུ་ཚུར་ཕོག་མས་བ་སྨོ་ཤིག་ལགས་ འ་ནཱི་འབད་བའི་བསྒང་ལས་ཏེ་ རྟ་ཤི་སྒ་ཆག་འདི་མི་བཏུབ་པས་ འདི་འབདཝ་ད་ ཡར་དབུ་འཛིན་དང་ནཱ་གནང་ནི་འབད་བ་ཅིན་ མདའ་ཆས་དབུ་འཛིན་གྱིས་ ནངས་པ་ཡར་ ཡར་ལས་མར་ཚུར་ཕོག་པ་ཅིན་ ཕྱི་རུ་ལས་མདའ་ཆས་དབུ་འཛིན་གྱིས་འབག་སྦེ།
  • ཚེ་དབང་ Tshewang
    མར་ལས་མར་ཡར་ལོག་སྟེ་ལགས་ གཅིག་ཁར་གཏེར་འབའ་ཆར་ཚུད་(?) མདའ་རྩེདཔ་ཚུ་རྟིང་ཤུལ་འོང་ གཙོ་རང་མདའ་ཆས་འདི་ མེདཔ་འབག་འགྱོ་འབད་སྦེ་ ཏེ་ འ་ནཱི་མི་རྩེད་ ཏེ་ འ་ནཱི་མདའ་ཆས་འདི་ཡར་བཞག་ཏེ་ མི་འོང་པ་ཅིན་འདི་ ངན་རང་ངན་པས་བ་ཏེ་ལགས་ ད་འ་ནཱི་བལྟཝ་མས་ལགས་ ང་བཅས་ཕར་བལྟཝ་ད་ཤེས་པས་ ཀྲིག་ཀྲི་འ་ནཱི་འབའ་ ནེམ་འབད་ནི་འདི་ལགས་ གཡས་བསྐོར་གཡོན་བསྐོར་་འ་ནཱི་གི་ཡང་ ཤེས་པས་བ་ལགས།