Skip to main content Skip to search
15 Dec 2011
2 hr 20 min 58 sec
Rating
0
No votes yet
Video Overview
Creators: 
David Germano

Tibet University professor Khetsün provides an oral commentary on the Kadam Chöjung by Panchen Sönam Drakpa.

Show More

  • ད་འོ་ན་ང་རང་ཚོ་ད་རིང་ཡང་སློབ་ཚན། དེ་རིང་བཀའ་གདམས་ཆོས་འབྱུང་།
  • ཨོའོ་འདི་བཀའ་གདམས་ཆོས་འབྱུང་འདི་ཁྲིད་ཡས་ཀྱི་འཆར་གཞི་བཟོས་གནང་བཞག བྱས་ཙང་བཀའ་གདམས་ཆོས་འབྱུང་དེ་ཡིན་ད།
  • ད་ང་རང་ཚོས་དེའི་ནང་ལོགས་ལ་བཀའ་གདམས་ཆོས་འབྱུང་ཟེར་དུས་ཙམ་ནས། བཀའ་གདམས་ཟེར་དུས་ཙམ་ནས།
  • ང་རང་ཚོའི་བོད་དེ་ནི་་གྲུབ་མཐའ་ཟེར་དགོས་རེད་པས། 
  • ཆོས་ལུགས་ཨོའོ་དེ་འདྲས་གཅིག་གི་མིང་རེད།
  • ད་བོད་ལ་ཡ་གྲུབ་མཐའ་དེ་འདྲས་་ཆེ་ཁག་ཅིག་གི་ག་ཚོད་ཡོའོ་རེད་ཟེར་ན།
  • ཨ་ནི་རྙིང་མ་ཟེར་ཡས་གཅིག བཀའ་གདམས་པ་ཟེར་ཡས་གཅིག
  • ས་སྐྱ་བ་ཟེར་ཡས་གཅིག དེ་ནས་དེ་ནི་བཀའ་བརྒྱུད་པ་ཟེར་ཡས་གཅིག དགེ་ལུགས་པ་ཟེར་ཡས་གཅིག་གི ཨེ་ཆོས་ལུགས་གྲུབ་མཐའ་ཆེ་ཁག་གཅིག་གི་ལྔ་རེད།
  • ལྔ་བྱས།
  • ད་ཨ་ནི་ཨོའོ།
  • ཨ་ནི་རེ་རེ་ལ་ཡང་ཆུང་ཙག་གཅིག་གི་མང་པོ་ཡོང་གི་རེད་པ། བྱས་བྱས་ད་ཆེན་པོ་ལྔ་ཡོད་པའི་ནང་ལོགས་ནས།
  • ད་རྙིང་མ་ཕར་ཕུད་པའི་ཨ་ནི་གཞན་དག་དེ་གྱད་གང་ག་ལོགས་ཨོའོ་རྗེས་མར་ཨ་དུས་རབས་བཅུ་གཅིག་ཨོའོ་དེ་བར་ནས་མགོ་བཙུགས་བྱས་ཨ་ནི་བྱུང་པ་རེད།
  • རྙིང་མ་དེ། སྔོན་མ་ཨ་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་དང་ག་རེ་ཟར་༼ཟེར༽།
  • རྒྱལ་པོ་་ཁྲི་སྲོང་སྡེ་བཙན་དང་ཁོང་ཚོའི་སྐབས་ལ་བྱུང་པ་རེད་པ།
  • ཨོའོ་ཡ།
  • ད་དེ་ང་རང་ཚོ་ད་རིང་བཤད་ཡས་ཀྱི་བཀའ་གདམས་ཆོས་འབྱུང་དེ།
  • ག་དུས། དུས་ཚོད་བྱས་ན་ག་དུས་ནས་མགོ་འཚུགས་བྱས་བྱུང་པ་རེད་ཟེར་ན།
  • དུས་ཚོད་བྱས་པ་ཡིན་ན།
  • ཨ་ནི་དུས་རབས་ཨོའོ་བཅུ་པའི་སྨད་་ཙམ་གཅིག་ནས་མགོ་ཚུགས་བྱས་ཨ་ནི་ཨོའོ་དེ་འདྲས་འཕེལ་རྒྱས་བྱུང་པའི་ཆོས་ལུགས་གཅིག་རེད།
  • ད་ཆོས་ལུགས་དེ་འཕེལ་རྒྱས་བྱུང་སྟངས་འདྲ་པོ་ག་འདྲས་ཟེར་རེད།
  • དེ་ཨ་ནི་ང་རང་ཚོ་བོད་འདི་ལ་ཡ་གཅིག་གི་ཁྱབ་ཁོངས་ཆེ་ཆུང་འདྲ་པོ་ག་འདྲས་ཟེར་ཆགས་ཡོའོ་རེད།
  • ཨོའོ། ད་དེ་བཤད་དགོས་བྱུང་ན།
  • ཨ་ནི་ཆོས་ལུགས་དེ་དང་པོའི་ད་གཅིག་གི་གང་ཟེར་དགོས་རེད།
  • ཨོའོ་གཅིག་གི་གསར་གཏོད་གནང་མཁན་ཟེར་དགོས་རེད་པ།
  • ཨོའོ་ད། དེ་ངོ་སྤྲོད་བྱེད་དགོས་བྱེད་ཀྱི་རེད་པ།
  • ད་བཀའ་གདམས་ཆོས་འབྱུང་བཀའ་གདམས་ཟེར་ཡས་དེ་ཆོས་ལུགས་དེ་ག་ནས་བྱུང་།
  • ཆོས་འབྱུང་ཟེར་དུས་ཙམ་ནས།
  • ད་བཀའ་གདམས་པའི་ཆོས་དེའི་འབྱུང་བ་བརྗོད་པ་ལོ་རྒྱུས་བརྗོད་པ་ལོ་རྒྱུས་བཤད་པ་ཟེར་གྱི་ཡོའོ་རེད་པ།
  • ་ད་དེ་འདྲས་ཀྱི་བཀའ་གདམས་པའི་ལོ་རྒྱུས་གཅིག་བཤད་དགོས་བྱུང་ན།
  • བཀའ་གདམས་པའི་ཆོས་ལུགས་དེ་གང་འདྲས་ཟེར་ཆགས་པ་རེད།
  • དང་པོ་གསར་གཏོད་གནང་མཁན་སུ་རེད།
  • ད་དེ་ངོ་སྤྲོད་བྱེད་དགོས་བྱེད་ཀྱི་རེད་པ།
  • ཨ་ནི་བཀའ་གདམས་ཀྱི་ཆོས་ལུགས་དེ་དང་པོ་གསར་གཏོད་གནང་མཁན་ངོ་སྤྲོད་གནང་མཁན་དེ་སུ་རེད་ཟེར་ན།
  • ཨེ་དང་པོ་དང་པོ་དེ་གནང་མཁན་དེ་ཨ་ནི་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཟེར་ཡས་དེ་རེད།
  • ཨོའོ་ཁོང་གི་ཨ་ནི་ཆོས་གསུངས་ནས་ཨ་ནི་བོད་ལ་ཐོག་མར་བཀའ་གདམས་ཟེར་ཡས་ཀྱི་ཆོས་ལུགས་ཀྱི་ཚོགས་པ་དེ་དང་པོ་བསྒྲུབ་ཡོང་གི་ཡོའོ་རེད།
  • ད་དེ་ནས་དེ་གཅིག་གི་རྦད་ཏེ་བོད་ལ་ཡ་ཁོ་རང་ཁོ་རང་གཅིག་གི་ཆོས་ལུགས་ཀྱི་ཚོགས་པ་གཅིག་བྱས་བྱས།
  • ཨ་ནི་ང་རང་ཚོ་བོད་ལ་ཁྱབ་བརྡལ་ཆེན་པོ་བཏང་ཡས་དང་དེ་ག་ནས་བྱུང་པ་རེད་ཟེར་ན།
  • ཨ་ནི་ཇོ་རྗེ་ཁོང་རང་གི་སློམ་མ་ཡག་ཤོས་ཁོ་ད་སུ་རེད་ཟེར་ན།
  • མ་གཞི་ཇོ་བོ་ལ་སློབ་མ་མང་པོ་ཡོའོ་རེད།
  • དེའི་ནང་ལོགས་ནས་ད་ཨེ་ཇོ་བོ་རྗེ་ཁོང་རང་གི་ཨ་ནི་ཐུགས་ཀྱི་ནང་ལོགས་ལ་ཡོད་པ་ནང་བཞིན་གྱི་ད་གཅིག་གི་ཆོས་ཀྱི་ནང་དོན་དེ་གས་ཆ་ཚང་ད་ལེན་ཐུབ་མཁན་འདྲ་དེ་སུ་བྱུང་པ་རེད་ཟེར་ན།
  • འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཟེར་ཡས་གཅིག་བྱུང་པ་རེད།
  • ཨོའོ་ད་ཁོང་གིས་ཨ་ནི་བཀའ་གདམས་པ་ཟེར་ཡས་ཀྱི་ཆོས་ལུགས་དེ་རྦད་ཏེ་རྒྱ་ཆེན་པོ་བཟོས།
  • ཨོའོ་གཅིག་གིས་ད་དངོས་སུ་ཨ་ནི་བོད་འདིའི་སྒང་ལ་བཀའ་གདམས་པ་ཟེར་ཡས་གཅིག་གི་ཆོས་ལུགས་གཅིག་ཨོའོ་རྦད་ཏེ་ཁོང་གི་དུས་ལ་ཨ་ནི་འདུག་བཟོ་ཆགས་པ་རེད་ཟེར།
  • ཨོའོ་ད་ཁོང་རྣམས་གཉིས་ཇོ་བོ་ཡབ་སྲས་གཉིས་ཟེར་གྱི་རེད།
  • ཇོ་བོ་དང་འབྲོམ་སྟོན་པ་གཉིས་ལ་ཇོ་བོ་ཡབ་སྲས་གཉིས།
  • ཇོ་བོ་ཡབ་སྲས་གཉིས་པོ་དེ་གང་རེད་ཟེར་ན།
  • ད་བཀའ་གདམས་པ་ཟེར་ཡས་ཀྱི་ཆོས་ལུགས་དེ་གསར་གཏོད་གནང་མཁན་དེ་རེད།
  • ཨོའོ་ཡ།
  • ད་ཨ་ནི་དེ་ཇོ་བོས་ཨ་ནི་བོད་ལ་གང་འདྲས་ཟེར་ཕེབས་པ་རེད།
  • ཇོ་བོས་ཨ་ནི་བཀའ་གདམས་པ་དེ་གང་འདྲས་ཟེར་གསར་གཏོད་གནང་སྟངས་དེ་གང་འདྲས་ཟེར་བྱས་པ་རེད།
  • ད་ང་རང་ཚོས་བཤད་དགོས་བྱུང་ན་ལོ་རྒྱུས་དང་འབྲེལ་བ་ཡོད་ཙང་ད་ཁོའི་རྒྱབ་ལྗོངས་བཟོ་འདྲ་བྱས་པ་ཡིན་ན་ཏིག་ཙི་ཞུས་པ་ཡིན་ན་དེ་འདྲས་བཟོ་འདྲ་རེད།
  • ཇོ་བོ་སྔོན་ལ་ཡིན་ན་ཨ་ནི་རྒྱ་གར་ལ་ཕར་བཞུགས་བྱས་རྒྱ་གར་ལ་ཡ་ཨ་ནི་རྦད་དེ་་ཕ་གའི་མགོ་གཙོ་ལྟ་བུ་ཆགས་ནས་་རྒྱ་གར་ལ་སངས་རྒྱས་བསྟན་པའི་བདག་པོ་ལྟ་བུ་ཆགས་ནས་བཞུགས་ཡོའོ་རེད།
  • ཨ་ནི་ད་ལྟ་ང་ཚོའི་རྒྱ་གར་གྱི་ཨ་ནི་ལུང་པ་སྔོན་མ་ཡིན་པ་ཡིན་ན་རྒྱ་གར་གྱི་ནང་པ་སངས་རྒྱས་པའི་ཆོས་དར་སའི་་ལུང་པ་སྒང་ག་ལོགས་ལ་ཇོ་བོས་ཨ་ནི་ཕལ་ཆེལ་ད་མ་སོང་ན།
  • ཕེབས་ཡོང་ཡོད་པ་དང་ཇོ་བོས་བཀའ་ད་མ་བཟོ་བཏང་ནས།
  • ཨ་ནི་བདག་པོ་དེ་བསྐྱོན་པའི་སྐབས་ལ་བསྟན་པ་དེའི་བདག་པོ་འདྲ་པོ་དེ་ཇོ་བོ་རྗེ་ཆགས་པའི་སྐབས་རེད།
  • ད་དེ་འདྲས་གཅིག་བྱེད་པའི་སྐབས་དེ་ལ་ང་རང་ཚོ་བོད་དེ་གང་འདྲས་གཅིག་ཆགས་བསྡད་ཡོའོ་རེད། ཟེར་ན།
  • ད་ཇོ་རྗེ་བོད་ལ་ཕེབས་ནས་བཀའ་གདམས་ཟེར་ཡས་གཅིག་བཟོས་གནང་པ་རེད་པ།
  • དེ་བཟོ་ཡས་ལ་ཇོ་བོ་རྗེ་ཚུར་ཕེབས་དགོས་ཡས་ཀྱི་རྒྱུ་མཚན་གཅིག་ཡོང་གི་་རེད་པ།
  • དེ་ག་རེ་རེད་ཟེར་ན།
  • ཨ་ནི་ཇོ་བོ་སྔོན་ལ་རྒྱ་གར་ལ་བསྟན་པ་འདྲ་དེ་བསྐྱངས་ནས་བཞུགས་པའི་སྐབས་དེ་ལ།
  • ང་རང་ཚོ་བོད་འདི་གང་འདྲས་འདྲ་གཅིག་ཆགས་བསྡད་ཡོའོ་རེད་ཟེར་ན།
  • ཨ་ནི་བསྟན་པ་སྔ་དར་ཟེར་ཡས་ཀྱི་རྒྱལ་པོ་ཁྲི་སྲོང་དང་ཨོའོ་ཁོང་རྣམ་རྣམས་པའི་སྐབས་ལ་ཨ་ནི་གཅིག་གི་ག་རེད་ཟེར་དགོས་རེད།
  • ཨ་ནི་གཅིག་གི་འཕེལ་རྒྱས་ཤུགས་ཆེན་པོ་བཏང་པའི་གསང་སྔགས་རྙིང་མའི་བསྟན་པ་དེ།
  • ད་སྐབས་དེ་དུས་ག་འདྲས་ལྟ་བུ་ཆགས་བསྡད་ཡོའོ་རེད་ཟེར་ན།
  • རྒྱལ་པོ་གླང་དར་མ་ནས་བྱས་ཨ་ནི་ཁོང་ཚོའི་མི་རབས་ཁ་ཤས་གཅིག་གི་ཨོའོ་།
  • གཅིག་གི་བོད་ལ་ཡོད་པའི་ནང་པ་སངས་རྒྱས་པ་དེ་གས་དེ་ལ་ཡ་ག་རེ་ཟེར་དགོས་རེད།
  • བཀག་འགོག་ད་མ་སོང་ན་ཨོའོ་ཤུགས་ཆེན་པོ་བྱས་ནས་ཨོའོ་ཆོས་དེ་བྱེད་རུ་མ་བཅུག་པ།
  • ཨོའོ་ཨ་ནི་ཆོས་བྱེད་མཁན་གྱི་གྲ་པ་རབ་བྱུང་ཚོ་ཡིན་ན་ཨ་ནི་གླང་དར་མ་དང་གླང་དར་མའི་གཅིག་གི་ག་རེ་ཟེར་དགོས་རེད།
  • ད་གཅིག་གི་གླང་དར་མའི་ཕྱོགས་གཏོགས་ཀྱི་བློན་པོ་དེ་ཚོས་ད་ང་རང་ཚོའི་ནང་པ་སངས་རྒྱས་པས་གླང་དར་མའི་ཕྱོགས་གཏོགས་དེ་ལ་ག་རེ་ཟེར་གྱི་ཡོའོ་རེད།
  • ཟེར་ན། ཨ་ནི།
  • བདུད་བློན་ཟེར་གྱི་ཡོའོ་རེད་ད།
  • བདུད་ཀྱི་བློན་པོ་རེད་ཟེར་གྱི་ཡོའོ་རེད།
  • ཧ་ཧ་ད་བདུད་བློན་ཁོང་ཚོས་ད།
  • སྐབས་དེ་དུས་ད་གཅིག་གི་་བདུད་རང་ད་ག་རེད་ཡིན་ན་༼ནམ༽མིན་ན༼ནམ༽།
  • ད་དེ་འདྲས་ཡིན་ཀྱི་རེད་པཱ།
  • ཨ་ད་ང་རང་ཚོའི་ད་ཕྱི་ནང་གཉིས་མ་མཐུན་པའི་བཟོ་འདྲ་གཅིག་བྱུང་པ་ཡིན་གྱི་རེད་པ།
  • ད་ང་རང་ཚོའི་བོད་ལ་ཡིན་ད་གཅིག་གི་གདོད་མའི་བོན་ཆོས་གཅིག་ཡོའོ་རེད་ཟེར་གྱི་ཡོའོ་རེད།
  • ཨོའོ་ད་བོན་ཆོས་ལ་ཡང་དགའ་པོ་བྱེད་མཁན་གྱི་བོད་རིགས་མང་པོ་ཡོའོ་རེད་པ།
  • སྐབས་དེ་དུས་ཨོའོ་དེ་འདྲས་ཀྱི་ཕྱོགས་ཁག་དེ་འདྲས་ཀྱི་ཨ་ནི་ངོ་རྒོལ་བྱས་པ་ཡིན་གྱི་རེད་པ།
  • ངོ་རྒོལ་བྱས་བྱས་ཨ་ནི་གླང་དར་མ་ལ་ཡ་རྒྱབ་བསྐྱོར་འདྲ་པོ་བྱས་བྱས།
  • ཨ་ནི་ནང་པ་སངས་རྒྱས་པ་དེ་མར་ལྷུགས་ཨ་ནི་མེད་པ་བཟོས་པ་རེད་ཟེར་གྱི་ཡོའོ་རེད།
  • ད་དེ་འདྲས་མེད་པ་བཟོ་དུས་ཙམ་ནས།
  • ཨ་ནི་ཕལ་ཆེར་གཅིག་གི་ད་བོད་དེ་ཆོས་བྱེད་མཁན་མེད་པ་ལྟ་བུ་དང་ཆོས་བྱེད་ནུས་ཡས་མེད་པ་ལྟ་བུ་རྒྱལ་པོའི་ཁྲིམས་ལྟ་བུ།
  • རྒྱལ་པོའི་དབང་ཆ་བེད་སྤྱོད་བཏང་ནས་ཨ་ནི་ཆོས་དེ་མེད་པ་བཟོས་པ་རེད་ཟེར་གྱི་ཡོའོ་རེད།
  • ཡིན་ན་ཡང་ད་དེ་ཕྱི་ལོགས་ལ་ཆོས་དེ་བྱེད་མཁན་མེད་པ་ལྟ་བུ་ཞིག་ཆགས་ཡོའོ་རེད་མ་གཏོགས་ནང་ལོགས་ལ་ཆོས་བྱེད་མཁན་ཞེ་དྲགས་ཡོའོ་རེད་པ།
  • ནང་ལོགས་ལ་ཆོས་བྱེད་མཁན་ཡོད་ཙང་།
  • ཨ་ནི་བོད་ལ་ཡང་བསྟན་པ་ཁོ་གསང་སྔགས་རྒྱལ་པོ་གླང་དར་མའི་སྐབས་ལ་ཆོས་དེ་ཕར་འཕྲོ་བརླགས་ཁོ་བཏང་ནས།
  • བཏང་ནས་ཟེར་ན་ཡང་བཀག་འགོག་བྱསབྱས་ལོ་མང་པོ་ཞིག་ཕྱིན་པ་རེད་དའི་ཡིན་ནའི་ལས་ཇོ་བོ་རྗེ་དང་ཁོང་ཚོའི་སྐབས་ལ་ཡང་ཆོས་དེ་བྱེད་མཁན་འདུག་གང་།
  • ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་འདུག་ཆོས་བྱེད་མཁན་ཡོད་ན་ཡང་།
  • ཆོས་ཁོ་རྣམ་དག་གཅིག་དང་གཙང་མ་གཅིག ཡག་པོ་གཅིག ཕུན་སུམ་ཚོགས་པ་གཅིག་ཉམས་ལེན་བྱེད་ཐུབ་མཁན་མི་འདུག
  • ག་རེ་རེད་ཟེར་ན། ཨ་ནི་སྐབས་དེ་དུས་ཨ་ནི་སློབ་དཔོན་ཡག་པོ་གཅིག་ཡའི་བསྟེན་ས་མེད་པ་བྱས།
  • གླང་དར་མའི་སྐབས་ལ་ཡ་སློབ་དཔོན་ཡག་ག་དང་ཨ་ནི་ཆོས་དངོས་གནས་ཤེས་མཁན་དང་དེ་ཚོ་མང་པོ་གཅིག་བསད་དགོས་བསད།འབུད་དགོས་འབུད།
  • ཨོའོ་དེ་འདྲས་བྱས་ཙང་།
  • ཨོའོ་ད་ཆོས་དངོས་གནས་ཤེས་མཁན་གཅིག་ཉུང་ཉུང་ཆགས།
  • ཨ་ནི་ཆོས་དེ་ལ་ཡ།
  • མི་སོ་སོས་བཟོ་བཅོས་བརྒྱབ་བྱས།
  • འོང་། ་ཨ་ནི་ཁོང་རང་གི་ད་ང་ཚོ་མི་ཟེར་ཡས་ཀྱི་ཤེས་རིག་དེ་འཕེལ་རྒྱས་མ་ཕྱིན་ན།
  • ཤེས་རབ་ཆེན་པོ་གཅིག་མ་སྐྱེས་ན།  བླང་དོར་བྱེད་ཡས་ཀྱི་ཁོའི་བློའི་ནུས་པ་འདྲ་པོ་དེ་ཆེ་རུ་མ་ཕྱིན་ན།
  • ཨ་ནི་སྐྱོ་པོ་འདྲ་པོ་དེ་ག་འདྲས་འདྲ་གཅིག་ཆགས་ཀྱི་ཡོའོ་རེད་ཟེར་ན།
  • ཨ་ནི་མིས་ག་རེད་ཟེར་ན་ལའི་དེ་ལ་ཉན་དགོ་ཡས་བཟོ་འདྲ་པོ་གཅིག་ཆགས་བྱས།
  • ཁོས་ཨ་ནི་འདི་ཡག་པོ་འདུག་ཟེར་ན་ཨོའོ་འདི་ཡག་པོ་ཡོད་པ་འདྲ།
  • ཁོས་ཕ་གི་ཡག་པོ་འདུག་ཟེར་ན་ཨོའོ་ཕ་གི་ཡག་པོ་ཡོད་པ་འདྲ།
  • ཁོ་མིའི་གཞུག་གུ་ལ་རྒྱུག་དགོས་ཡས་གཅིག་ཆགས་ཀྱི་འདུག་ག
  • དེ་ག་རེད་བྱས་པའི་སྐྱོན་རེད་ཟེར་ན།
  • ཤེས་རབ་མེད་པའི་རྟགས་རེད་ཟེར།
  • བྱས་ཙང་སྐབས་དེ་དུས་ནང་པའི་ཆོས་ལ་ཡ་དངོས་གནས་དྲང་གནས་ཀྱི་སྦྱངས་པ་བྱེད་ཡས་ཀྱི་དངོས་སུ་སྦྱངས་སའི་གནས་མེད་།
  • འོ་དངོས་སུ་བསྟེན་སའི་སློབ་དཔོན་མེད།དེ་འདྲས་བྱས་པ་སོང་ཙང་སྐབས་དེ་དུས་ཀྱི་བོད་རིགས་དེ་ཚོས་བྱེད་ཡས་གསང་སྔགས་ཀྱི་ཆོས་བྱེད་ཀྱི་ཡོའོ་རེད།
  • བྱེད་ཡས་ནང་པ་སངས་རྒྱས་ཀྱི་ཆོས་བྱེད་ཀྱི་ཡོའོ་རེད།
  • ཡིན་ན་ཡང་ཆོས་ཀྱི་ངོ་བོ་ཁོང་རང་ཚོས་བློས་བཟོས་ཚར་ར་ད་ག་ཨོའོ་ཆོས་ཀྱི་ནང་དོན་མིན་པ་གཅིག་ལ་ཨོའོ་དེ་ཆོས་རེད་ད།
  • དེ་ང་ཚོས་བྱེད་ཡས་དེ་ནང་པ་སངས་རྒྱས་པའི་ཆོས་ཟེར་ཡས་དེ་ཡིན་ད།
  • དེ་སློབ་དཔོན་པད་མས་བསྟན་པའི་གསང་སྔགས་ཟེར་ཡས་དེ་ཡིན་ད་ཟེར་བྱས་བྱས་ཨ་ནི་ཁོང་ཚོས་སྐབས་དེ་དུས་ག་རེད་བྱེད་ཀྱི་ཡོའོ་རེད་ཟེར་ན།
  • རྡོག་རྡོག་བྱས་ན་ཨ་ནི་ད་གཅིག་གི་ཨ།གཙོ་བོ་བོན་པོ་དང་འདྲེས་བསྡད་པའི་བཟོ་འདྲ་གཅིག་གང་བྱུང་མ་བྱུང་བྱེད་ཀྱི་ཡོད་པ་འདྲ་འདུག་ག
  • གཙོ་བོ་ག་རེ་བྱེད་ཀྱི་ཡོའོ་རེད་ཟེར་ན།
  • སེམས་ཅན་ལ་མང་པོ་གནོད་པ་བསྐྱལ་གྱི་ཡོད་པ་འདྲ་།
  • གནོད་པ་གང་འདྲས་ཟེར་བསྐྱལ་གྱི་ཡོའོ་རེད་ཟེར་ན།
  • སྐབས་དེ་དུས་ཨ་ནི་སྔགས་པ་ཡིན་ཟེར་མཁན་དང་ཆོས་པ་ཡིན་ཟེར་མཁན་དེ་ཚོས་གསང་སྔགས་ཟེར་ཡས་དེ་ལ་ནུས་པ་གང་འདྲས་བསྒྲུབས་ཡས་ཡོའོ་རེད་ཟེར་ན།
  • དེའིཁོའི་དེ་བྱེད་ཡས་ཡོའོ་རེད་པ།
  • མཐུ་ཟེར་ཡས་དང་ཨ་ནི་སྔགས་རྒྱག་ཡས་དང་།ལྟས་བཅུགས་ཡས་དང་ཨོའོ་སྔོན་འཇུག་ཟེར་ཡས་དེ་འདྲས་བྱེད་ཡས་ཡོའོ་རེད་པ།
  • དེ་འདྲས་བྱས་པའི་སྒོ་ནས་ཨོའོ་སེམས་ཅན་མང་པོ་ལ་གནོད་པ་བསྐྱལ་གྱི་ཡོད་པ་འདྲ།
  • ཨོའོ་བྱས་ཙང་ད་དེ་འདྲས་ཀྱི་སྒོ་ནས་གནོད་པ་བསྐྱལ་གྱི་ཡོད་པ་སོང་ཙང་།
  • ཨ་ནི་བོད་དེ་གང་འདྲས་འདྲ་པོ་གཅིག་ཆགས་བསྡད་ཡོའོ་རེད་ཟེར་ན།
  • ད་མིང་ཁོ་ལ་ཡ་ནང་པ་སངས་རྒྱས་པའི་ཆོས་ཟེར་གྱི་ཡོའོ་རེད་དའི་དོན་ལ་ཆོས་ཁོ་་ལོག་པ་ལ་ཕྱིན་བྱསད་ལོག་པའི་ཆོས་གཅིག་ལ་འགྱུར་འདུག་ག། ངོ་བོ། བྱས་ཙང་། སེམས་ཅན་མང་པོ་གནོད་པ་བྱེད་ཀྱི་ཡོད་པ་འདྲ།
  • ད་དེ་བྱེད་དུས་ཙམ་ནས། ཨོའོ་ཨ་ནི་ང་རང་ཚོ་བོད་འདི་ལ་ཆོས་རྣམ་དག་མེད་དུས་ཙམ་ནས་ད་ང་རང་ཚོ་དབུས་གཙང་ཁུལ་ཆོས་རྣམ་དག་ད་ཡོའོ་མ་རེད།
  • ད་རྦད་ཏེ་སྟོངས་པའི་བཟོ་འདྲ་གཅིག་བྱས་པ་རེད།ད་མི་ལུང་ཁུག་འདྲ་པོ།
  • དབེན་པའི་གནས་འདྲ་པོ་དེ་འདྲས་ལ་མི་གཅིག་ཙ༼ཙམ༽་གཉིས་ཙ༼ཙམ༽་སྒྲུབ་པ་བརྒྱབ་མཁན་དེ་འདྲས་ནི་ཡོད་ན་ཡོད་འགྲོ་མ་གཏོགས་གཞི་ནི་མང་ཚོགས་རང་གི་ནང་ལོགས་ལ་ཨ་ནི་རྦད་ཏེ་དེ་འདྲས་ཀྱི་ཐུན་མོང་ལ་ཆོས་བྱས་ནས་ཨ་ནི་ཆོས་ཀྱི་ལམ་བུ་ཡག་པོ་གཅིག་ཤེས་མཁན་ཡོད་བཟོ་མི་འདུག
  • ད་དེ་མེད་དུས་ཙམ་ནས།
  • ཨ་ནི་སྐབས་དེ་དུས་ཙམ་ནས་ང་རང་ཚོའི་བོད་ཀྱི་བཙན་པོ་ཚོས་ཨ་ནི་རྒྱུད་པ་ལྷག་མ་འདྲ་པོ་དེ་ག་པར་ལས་བསྡད་ཡོའོ་རེད་ཟེར་ན།
  • སྟོད་ཀྱི་ཡ་གའི་ད་ལྟ་མངའ་རིས་ཀྱི་གུ་གེ་ལ་ཡ་ལྷག་བསྡད་ཡོའོ་རེད།
  • ད་ཨ་ནི་ཁོང་ཚོ་བརྒྱུད་པ་དེ་གས་ཚོ་རྒྱེན་ལོགས་བྱས་བྱས་ཡར་ཡར་ཕུད་ནས་ཨ་ནི་བཙན་པོའི་བརྒྱུད་པ་ལྷག་མ་ཏིག་ཙི་གིས་བོད་རང་ལ་ཨ་ནི་དབང་བསྒྱུར་བྱེད་མ་ཐུབ་པ་བྱས།
  • ད་ལྟའི་མངའ་རིས་ཁུལ་དབང་བསྒྱུར་བྱས་བྱས་ཏིག་ཙི་བསྡད་ཡོའོ་རེད།
  • བྱས་ཙང་ཨོ་ད་་ཁོང་ཚོའི་ནང་ནས་བརྒྱུད་པ་ཨ་ནི་སྐབས་དེ་དུས་སུ་ལྷག་བསྡད་ཡོའོ་རེད་ཟེར་ན།
  • ལྷ་བླ་མ་ཡེ་ཤེས་འོད་ཟེར་ཡས་གཅིག་བྱས། ཨོའོ་ཁོང་གི་ཨ་ནི་བསམ་བློ་ཞེ་པོ་འཁོར་པ་རེད།
  • ད་བསམ་བློ་ག་རེ་འཁོར་པ་རེད་ཟེར་ན།  ད་ངའི་མེས་པོ་ཨ་ནི་བཙན་པོ་ཁོ་རང་གི་མེས་པོ་ཁོང་ཚོས་ག་རེ་བྱས་པ་རེད་ཟེར་ན།
  • ཨ་ནི་རྒྱལ་པོ་ཁྲི་སྲོང་དང་རྒྱལ་པོ་སྲོང་བཙན་དང་ཨ་ནི་ཁོང་རྣམས་རྣམ་པའི་སྐུ་དུས་ལ་ནང་པ་སངས་རྒྱས་པའི་ཆོས་རྣམ་དག་པ་སྐྱོན་མེད་པ།
  • ཡག་པོ་གཅིག་བོད་ལ་ཚུར་གདན་འདྲེན་ཞུས།
  • བོད་ལ་འཕེལ་རྒྱས་བཏང་དེ་འདྲས་བྱས་ཡོའོ་རེད་དའི་ཡིན་ནའི་ལས་བར་རུ་ལ་ཨ་ནི་གླང་དར་མ་དང་ཁོང་ཚོས་ཨོའོ་མི་གཞན་དག་གི་ཁ་ལ་ཉན་བྱས་ཨ་ནི་ང་ཚོའི་ཆོས་རྣམ་པར་དག་ཡག་པོ་ཁོ་འཕྲོ་བརླགས་ལ་བཏང་།
  • ད་ད་ཞག་ཆོས་དེ་རྦད་ཏེ་གཅིག་གི་ག་རེ་ཟེར་དགོས་རེད་པས་ལོག་གཅོད་ལྟ་བུ་ཞིག་ཆགས་བསྡད་བཞག ད་དཔེ་བསགས་བཞག རེད་པ།
  • ད་དེ་འདྲས་ཟེར་བྱས་ན་འགྲིག་གི་མི་འདུག
  • ཡག་པོ་མི་འདུག་བསམས་བྱས་ཨ་ནི་ལྷ་བླ་མ་ཡེ་ཤེས་ཀྱི་ཐུགས་དགོངས་ལ་བསམ་བློ་ག་རེ་འཁོར་པ་རེད་ཟེར་ན།
  • ད་ངས་ནང་པ་སངས་རྒྱས་པའི་ཆོས་འདི་རྣམ་པར་དག་པ་གཅིག་བོད་ལ་ཡ་སྔོན་མ་རྒྱལ་པོ་ཁོང་རྣམས་རྣམ་པས་རྣམ་པར་དག་པ་གཅིག་སྤེལ་ཡོའོ་རེད།
  • ཨོའོ་དེ་ནང་བཞིན་གཅིག་ངས་སྤེལ་ཐུབ་པའི་སེམས་ཤུགས་ལྟ་བུ་བློ་སྟོབས་འདྲ་པོ་གཅིག་བསྐྱེད་པ་རེད།
  • ད་དེ་འདྲས་གཅིག་བསྐྱེད་བྱས། ཨ་ནི་ག་རེ་གནང་པ་རེད་ཟེར་ན། ད་ང་དེ་བྱེད་དགོས་ཀྱི་འདུག་ཟེར།
  • ཨ་ནི་ཕལ་ཆེར་རྒྱ་གར་ནས་པཎྜི་ཏ་ཡག་པོ་གཅིག་གདན་འདྲེན་ཞུས་ནས་ཆོས་ངོ་མ་ཤེས་མཁན་གཅིག་ཨོའོ་ད་ང་རང་ཚོ་པཎྜི་ཏ་ཟེར་དུས་ཙམ་ནས།
  • ཁོ་མིང་ལ་པཎྜི་ཏ་ཟེར་བྱས་དོན་དག་ཡ་ཆོས་མ་ཤེས་མཁན་དེ་འདྲས་ཡོང་སྲིད་ཀྱི་རེད་པ་ད།
  • ཨོའོ་ད་ག་རེ་ཟེར་དགོས་རེད།་ཆོས་མ་ཤེས་མཁན་ཟེར་ན་ལས་ཆོས་ཀྱི་ནང་དོན་ངོ་མ་གཅིག་ཡོའོ་རེད་པཱ།
  • ཁོ་རྦད་ཏེ་རྒྱུད་ལ་མ་བསྐྱེད་པ་དེ་འདྲས་ནི་ཡོང་སྲིད་ཀྱི་རེད་པ།
  • འོང་ཨ་ནི་པཎྜི་ཏ་ངོ་མ་ཇོ་རྗེ་ལྟ་བུ་ག་རེ་རེད་ཟེར་ན།
  • ཚིག་ཆོས་ཀྱི་ཚིག་དེ་གས་དེ་ཐ་སྙད་དེ་གས་དེ་ཤེས་པ་ཙམ་དུས་མ་ཟད་ཨོའོ་ཆོས་ཀྱི་ཚིག་ཀྱི་ནང་ལོགས་ནས་བསྟན་པའི་དོན་དེ་གང་ཡིན་པ་དེ་ཁོ་ཆ་ཚང་རང་གི་ཐུགས་རྒྱུད་ལ་བསྐྱེད་བསྡད་ཡོའོ་རེད་པ།
  • ཇོ་བོ་ལྟ་བུ་ཡིན་ན་བྱས་ཙང་ཁོས་གཅིག་གིས་ལྷ་བླ་ཡེ་ཤེས་ཀྱི་ག་རེ་གནང་པ་རེད་ཟེར་ན།
  • སྐབས་དེ་དུས་ཨ་ནི་གཅིག་གི་མངའ་རིས་དབང་ཕྱོགས་ལ་ཡོད་པའི་ཨ་ནི་གཅིག་གི་ཁོ་རང་གི་དབང་བསྒྱུར་བྱེད་སའི་དེའི་ནང་ལོགས་ནས་བོད་པའི་ཕྲུ་གུ་ཉི་ཤུ་ཙམ་གཅིག་བདམས་བྱས་མི་།
  • མི་ཉི་ཤུ་རྩ་གཅིག་བདམས་བྱས་རིག་པ་སྤྱང་ང་མི་་ཉི་ཤུ་ཙམ་གཅིག་བདམས་བྱས་རྒྱ་གར་ལ་ཡ་ཆོས་སློབ་གར་བཏང་པ་རེད།
  • ཆོས་སློབ་གར་བཏང་ཨ་ནི་མཉམ་པོ་ཁོང་ཚོ་ལ་ག་རེ་ལབ་པ་རེད་ཟེར་ན།
  • ད་ཁྱེད་རང་ཚོས་ཕ་གའི་ལོ་རྩ་བ་ཡག་པོ་ཅིག་སློབ།
  • ཆོས་ཡག་པོ་གཅིག་སློབ། ཨ་ནི་མཉམ་པོར་ག་རེ་བྱེད་དགོས་རེད་ཟེར་ན།
  • ཨ་ནི་རྒྱ་གར་ལ་དེང་སང་པཎྜི་ཏ་ཡག་ཤོས་དེ་སུ་རེད་འདུག་རྩད་གཅོད་བྱེད་ཞིག་ཟེར་ནས།
  • ཨོའོ་དེ་ལ་འགྲོ་དུས་ཙམ་ནས་མི་ཉི་ཤུ་རྩ་གཅིག་དེ་ནས་མི་གཞན་དག་མང་པོ་གཅིག་ཚད་པས་འཇུས་བྱས་ཤི་པ་རེད་ད།
  • ཨ་ནི་ད་ཕ་གིར་ལོ་རྩ་བ་སློབ་རིག་གནས་ཤེས་རིག་འདྲ་པོ་དེ་མཐར་ཕྱིན་པ་ཤེས་ཐུབ་མཁན་དེ་མི་གཉིས་ལས་མ་བྱུང་པ་རེད།
  • མི་གཉིས་དེ་སུ་རེད་ཟེར་ན་ལོ་ཙ་བ་རིན་ཆེན་བཟང་ཟེར་དེ་དང་ལོ་ཆུང་བ་ལེགས་པའི་ཤེས་རབ་ཟེར་མཁན་ཅིག་མི་གཉིས་བྱུང་པ་རེད།
  • ད་མི་གཉིས་པོ་དེ་གས་ཨ་ནི་ཕ་གིར་སློབ་སྦྱོང་དེ་གས་ཆ་ཚང་གནང་།
  • ཨ་ནི་ཚུར་ལོག་ཡོང་པ་རེད།
  • མངའ་རིས་ལ་ཚུར་ལོག་ཡོང་དུས་སྐབས་ལ་ནི་ལྷ་བླ་མ་ཡེ་ཤེས་ལ་ད་དེ་ཞག་རྒྱ་གར་ལ་རྦད་ཏེ་མ་གཞི་པཎྜི་ཏ་མང་པོ་འདུག་དའི་ད་བསྟན་པ་ལ་ཕན་ཐོགས་མཁན་ལྟ་བུ་བསྟན་པའི་བདག་པོ་ལྟ་བུ་དེ་ལ་སུ་འདུག་ཟེར་ན།
  • ཨ་ནི་ཇོ་བོ་རྗེ་ཟེར་མཁན་གཅིག་འདུག་ཟེར་ད།
  • ཨོའོ་ཨ་ཏི་ཤ་ཟེར་ཡས་གཅིག་འདུག་ཟེར།  ཨོའོ་དེ་རེད་བཞག་ཟེར།
  • ཨོའོ་ད་ང་རང་ཚོ་བོད་ལ་དགོས་ཡས་ད་གའི་ཕལ་ཆེར་དེ་མིན་འགྲོ་ཟེར།
  • ཁོང་གི་བོད་ལ་ཕན་ཐོགས་ན་ཐོགས་པ་རེད་མ་གཏོགས་ད་གཞན་དག་གི་ཕལ་ཆེར་ད་ང་རང་ཚོ་དེང་སང་གི་བོད་ཀྱི་མི་དེ་གས་དེ་ལ་ཕལ་ཆེར་ཁ་ལོ་བསྒྱུར་ཐུབ་པ་མིན་འདུག ཟེར་ནས།
  • ཨ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སེམས་ཀྱི་ནང་ལོགས་ལ།
  • འོ་ད་ཡིན་ངས་ཏན་ཏན་ཨོ་འོ་ཇོ་རྗེ་ཟེར་མཁན་དེ་གདན་འདྲེན་ཞུ་དགོས་ཀྱི་ཡོའོ་རེད།
  • ཟེར་བྱས་བྱས་ཨ་ནི་སེམས་ཐག་བཅད་བྱས།ཨ་ནི་ཇོ་རྗེ་གདན་འདྲེན་ཞུ་ཡས་ཀྱི་ཆེད་དུ་ཨ་ནི་ག་ས་ག་ལ་ཇོ་རྗེ་གདན་འདྲེན་ཞུས་པ་ལ་མི་ཕ་ནས་ཚུར་མི་དེ་ཉོ་དགོས་རེད་པ།
  • ད་གང་ལྟར་མི་དེ་ཚུར་རྒྱ་གར་ནས་ཉོ་དགོས་རེད་པ།ཨ་ནི་རིན་པ་སྤྲད་ཡས་གཅིག་དགོས་རེད་པ།
  • སྐབས་དེ་དུས་རྒྱ་གར་བ་གསེར་ལ་དགའ་པོ་བྱེད་ཀྱི་ཡོད་པ་འདྲ་འདུག་གང་།
  • ཨ་ནི་གསེར་སྒྲུབ་ག་ཕྱིན་པ་རེད་ཟེར།
  • གསེར་སྒྲུབ་ག་འགྲོ་དུས་ཙམ་ནས་ཨ་ནི་ད་ལྟ་བལ་པོའི་ངོགས་ཕྱོགས་ཀྱི་ཨ་ནི་དེ་འདྲས་ཀྱི་ཨ་ནི་གར་ལོག་དེ་འདྲས་ཀྱི་ཟིན།
  • ཨོའོ་ཁོང་ཟིན་བྱས་དེ་བྱས་པ་རེད་ཟེར་བཙོན་ཁང་ལ་བཅུག་པ་རེད་ཟེར།
  • བཙོན་ཁང་ལ་བཅུག་བྱས།
  • ཨ་ནི་ཁོང་ཚོས་ཆ་རྐྱེན་སྟོན་པ་རེད་གར་ལོག་དེ་ཚོས། ལྷ་བླ་མ་ཡེ་ཤེས་འོད་ལ་ཆ་རྐྱེན་ག་རེ་སྟོན་པ་རེད་ཟེར་ན།
  • ཡང་མིན་ན།
  • ཁྱེད་རང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་ཡས་དེ་སྤོངས། ཤོག
  • དཀོན་མཆོག་གསུམ་ལ་སྐྱབས་འགྲོ་མ་བྱེད་ཟེར།
  • དཀོན་མཆོག་གསུམ་ལ་ཡིད་ཆེས་ཁོ་ར་མ་བྱེད་ཟེར།
  • དཀོན་མཆོག་གསུམ་ལ་ཡིད་ཆེས་མ་བྱས་ན་དེ་རིང་རང་བཙོན་ཁང་ནས་གློད་དགོ་བྱས་པ་རེད།
  • དེ་ཟེར་དུས་ཙམ་ནས།ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཨོའོ་ཁྱེད་རང་ཚོ་ང་བསད་ནའི་བསད་ཟེར།
  • ངའི་སེམས་ཀྱི་ནང་གི་དཀོན་མཆོག་གསུམ་ལ་ཡིད་ཆེས་བྱེད་ཡས་ཀྱི་ཡིད་ཆེས་དེ་ངས་ནམ་ཡང་འགྱུར་གྱི་མ་རེད་ཟེར་བྱས་པ་རེད།
  • ཨོའོ་དཀོན་མཆོག་གསུམ་ལ་ཡིད་ཆེས་བྱེད་ཡས་དེ་འགྱུར་གྱི་མ་རེད་ཟེར།
  • ཨོའོ་འདུག་བཟོ་ལབ་ནས་བཙོན་ཁང་ནས་མ་འདོན་པ་རེད།
  • འོ་ན་ད་ཡང་ཁོང་ཚོས་ཆ་རྐྱེན་གཅིག་སྟོན་པ་རེད།
  • གར་ལོག་གིས།ད་འ་ཨོན་ཁྱེད་རང་སོ་སོའི་ཡིད་ཆེས་དེ་བཏང་གི་མེད་ན།  འོ་ན་ད་འོ་ན་དེ་འཁྱེར་ཤོག་ཟེར་གཟུགས་པོ་ཁྱེད་རང་གི་ཆེ་ཆུང་དང་འདྲ་པོ་ཡོད་པའི་གསེར་འཁྱེར་ཤོག
  • ཨ་ནི་བཏང་དགོས་བྱས་པ་རེད།
  • དེ་ཟེར་དུས་ཙམ་ནས། ཨ་ནི་ལྷ་བླ་མ་ཡིད་ཤེས་འོད་ཀྱི་ཚ་བོ་ཨོའོ་ལྷ་བཙུན་བྱང་ཆུབ་འོད་ཟེར་ཡས་གཅིག་ཡོའོ་རེད།
  • ཨོའོ་ཁོང་གི་ག་རེ་བྱས་པ་རེད་ཟེར་ན།
  • ད་ལྷ་བླ་མ་བྱང་ཆུབ་འོད་སྐབས་དེ་དུས་དབང་བསྒྱུར་བྱེད་མཁན་དེ་རེད་པ།
  • ད་ལྷ་བླ་མ་ཡེ་ཤེས་འོད་ཕ་གའི་བཙོན་ཁང་ལ་བཅུག་ཙང་།
  • ཨ་ནི་ཁོང་གི་ད་ཕྱག་ལས་འདྲ་པོ་རྒྱལ་ཚབ་དེ་སུས་བྱེད་ཀྱི་ཡོའོ་རེད་ཟེར་ན།
  • ལྷ་བཙུན་བྱང་ཆུབ་འོད་ཀྱི་གནང་གིཡོའོ་རེད།
  • བྱས་ཙང་ལྷ་བཙུན་བྱང་ཆུབ་འོད་ཀྱི་དབང་ཆ་བེད་སྤྱོད་བཏང་བྱས་མར་གིའི་དེ་པ་ནས།
  • ཨ་ནི་ཁོང་རང་གི་མངའ་རིས་ས་ཁུལ་ནས་གསེར་སྒྲུབ་ཚར་ད་ག འོང་།
  • གསེར་ག་ཚོད་འདྲ་གཅིག་བྱུང་པ་རེད་ཟེར་ན།
  • ལྷ་བླ་མ་ཡེ་ཤེས་འོད་ཀྱི་མགོ་ཕར་ཕུད་པའི་ཨ་ནི་གཟུགས་པོ་དེ་ཆ་ཚང་ལོན་ཡས་ཀྱི་གསེར་ཆེ་ཆུང་དེ་ག་རག་རེད།
  • ད་དེ་གྱད་དེ་བྱས་གར་ལོག་རྩ་ལ་གསེར་ད་ག་ཙམ་ཞིག་ཡོད་མགོ་མ་གཏོགས་གཞན་ཆ་ཚང་ལོན་པའི་གསེར་ཆེ་ཆུང་ང་ལ་རག་བྱུང་།
  • ད་ང་ཚོའི་དཔོན་པོ་གློད་རོགས་བྱེད་ཟེར་དུས་ཙམ་ནས་ཁོང་ཚོས་འོ་ད་དུང་མགོ་ཙམ་ཞིག་ཚང་མི་འདུག
  • དེ་འཚོལ་ཞུ། ཆ་ཚང་འཁྱེར་ཤོག བྱས་པ་རེད།
  • དེ་ཟེར་དུས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས།  འོ་ད་ང་དེ་བྱེད་དགོས་མ་རེད་ཟེར་བླུ་དགོས་མ་རེད་ཟེར།
  • འོང་ང་མི་རྒན་ཁོག་རེད་ཕན་ཐོགས་ཀྱིས་མ་རེད་ཟེར།
  • ད་ཁྱེད་རང་ཚོས་ངའི་ཆེད་དུ་བསགས་བཞག་པའི་གསེར་དེ་འཁྱེར་ཚར་ར་ད་འོ་གར་ལོག་ལ་དེའི་ནང་ནས་གསེར་ཕིང་གཅིག་ཀྱང་མ་སྤྲོད་ཟེར་།
  • ད་ག་རེ་བྱེད་དགོས་རེད་པས་ཟེར་ན།
  • གསེར་དེ་འཁྱེར་ཚར་ར་ད་ག་རྒྱ་གར་ལ་ཕྱིན་ཚར་ར་ད་ག་ཇོ་རྗེ་ཟེར་ཡས་དེ་ཡིན་གཅིག་མིན་གཅིག་གདན་འདྲེན་ཞུས་ཟེར་ཡས་དེ།
  • དེ་ཞུས་ན་མ་གཏོགས་ང་ཚོ་བོད་ལ་ཡ་ཆོས་རྣམ་དག་གཅིག་ཡོང་བ་མིན་འདུག་ཟེར་ད།
  • ཆོས་རྣམ་དག་གཅིག་དར་ཡས་ཆེད་དུ་པན་ཊི་ཏ་དེ་གདན་འདྲེན་ཞུས་ཞུ་ཟེར།  ཨ་ནི་ཁོང་ལ་རྒྱུ་མཚན་འདུག་བཟོ་བཤད་དགོས་རེད་ཟེར་ད།
  • ད་ཁྱེད་རང་ཚོས། རྒྱུ་མཚན་ག་རེ་བཤད་དགོས་རེད་ཟེར་ན།
  • ཇོ་རྗེ་ཁྱེད་རང་གདན་འདྲེན་ཞུ་ཡས་ཀྱི་ཆེད་དུ་ཟེར།
  • ང་རང་ཚོའི་ལྷ་བླ་མ་ཡེ་ཤེས་འོད་གར་ལོག་ཀྱིས་ཟིན་བྱས་ཨ་ནི་སྲོག་གཅིག་དག་ཤོར་སོང་ཟེར་མི་གཅིག་དག་བསད་སོང་ཟེར།
  • འོང་ད་ང་ཚོས་དཀའ་ལས་དེ་འདྲས་བརྒྱབ་ཀྱི་ཡོད་ཟེར།
  • དེ་ག་རེའི་ཆེད་དུ་ཡིན་པ་ཟེར་ན།
  • བོད་འདི་ལ་ཆོས་རྣམ་པར་དག་པ་གཅིག་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་གཅིག་སྤེལ་ཡས་ཀྱི་ཆེད་དུ་ཁྱེད་རང་གདན་འདྲེན་ཞུ་དགོས་ཀྱི་འདུག་ཟེར།
  • འོ་ཁོའི་ཆེད་དུ་ང་ཚོས་ད་མི་རྒྱལ་པོ་ད་གའི་ཤི་སོང་ཨ་ནི་ནོར་ལོངས་སྤྱོད་མང་པོ་ཡའི་འཕྲོ་བརླགས་ལ་ཕྱིན་སོང་།
  • ཨོའོ་ད་ཁྱེད་རང་གི་ཡིན་གཅིག་མིན་གཅིག་ཕ་གིར་ཕེབས་ཤོག་ཨཱ་ཟེར་སེམས་འགུལ་ཐེབས་ཡས་ཀྱི་ཆེད།
  • སྐད་ཆ་དེ་གས་དེ་ཕར་ལན་བསྐུར་ཨ་ནི་ལྷ་བླ་མ་བྱང་ཆུབ་འོད་ཀྱི་ལོ་རྩ་བ་གཅིག་གི་སྔོན་ལ་རྒྱ་བརྩོན་འགྲུས་སེང་གེ་ཟེར་གཅིག་བཏང་པ་རེད།
  • ཁོང་གིས་གདན་འདྲེན་ཞུ་མ་ཐུབ་ཙང་གཞུག་གུ་ལ་སུ་བཏང་རེད་ཟེར་ན།
  • ནག་འཚོ་ལོ་རྩ་བ་ཟེར་ཡས་གཅིག་བཏང་པ་རེད།
  • གདན་འདྲེན་ཞུ་ག་ཨ་ནི་ནག་འཚོ་ལོ་རྩ་བ་ལ་གསེར་དེ་གས་དེ་བསྐུར་ཨོའོ་ཨ་ནི་ཡིན་གཅིག་མིན་གཅིག་གདན་འདྲེན་ཞུ་ཐུབ་པ་བྱེད་ཤིག་ཨཱ་ཟེར།
  • ཨོའོ་གདན་འདྲེན་ཞུ་མ་ཐུབ་ན་ཨ་ནི་རྦད་ཏེ་ང་ཚོའི་ག་རེ་ཟེར་དགོས་རེད། ད།
  • པཱ་ལགས་ཟེར་གྱི་རེད་པ། ལྷ་བླ་མ་ཡེ་ཤེས་འོད་ཀྱང་གྲོངས་སོང་ང་ཟེར།
  • ཨ་ནི་ང་རང་ཚོའི་བོད་འདི་ལ་ཡང་ཆོས་རྣམ་པར་དག་པ་མ་བྱུང་ཙང་།
  • སྐྱོ་པོ་ཞེ་པོ་བྱེད་ཀྱི་རེད་ཡིན་གཅིག་མིན་གཅིག་གིས་གདན་འདྲེན་ཞུ་ཐུབ་པ་བྱེད་ཞུ་ཨཱ་ཟེར་བྱས་བྱས།
  • ནག་འཚོ་ལོ་ཙ་བ་ཨནི་ཁོང་རང་གི་འཁོར་གཡོག་མི་བདུན་དང་བཅས་བཏང་པ་རེད།
  • རྒྱ་གར་ལ། བཏང་བྱས། ཨ་ནི་ཁོང་ཚོས་ཕ་གིར་དཀའ་ལས་ཞེ་པོ་བརྒྱབ་ནས་ཨ་ནི་གདན་འདྲེན་ཞུ་ཡས་ཁོ་ར་ལ་ལོ་གཅིག་ལྷག་འགོར་པ་རེད།
  • ད་དེ་འདྲས་འགོར་ནས་ཨ་ནི་ཇོ་རྗེ་ཚུར་གདན་འདྲེན་ཞུ་ཐུབ་པ་རེད།
  • ཇོ་རྗེ་དེ་འདྲས་འདྲ་པོ་དཀའ་ལས་ཁག་པོ་འདྲ་པོ་ཡོང་དགོས་་དོན་འདྲ་པོ་གང་རེད་ཟེར་ན།
  • ཇོ་རྗེ་དེ་དུས་ཙམ་པ་རྒྱ་གར་ལ་བསྟན་པའི་བདག་པོ་བྱས་ཨ་ནི་རྒྱ་གར་ལ་ཡང་ཕན་ཐོགས་པོ་ཞེ་པོ་འདུག་གང་།
  • ཕན་ཐོགས་ཡོད་དུས་ཙམ་ནས་ཨ་ནི་རྒྱ་གར་རས་ལས་སླ་པོར་ལ་བཏང་གི་མི་འདུག་ག
  • ཨོའོ་བྱས་ཙང་ད་དེ་འདྲས་བྱས་བྱས་ཇོ་ཁོང་རང་གི་སེམས་ནང་ལ་ཐུགས་ཀྱི་ནང་ལོགས་ལ་སྙིང་རྗེ་ཆེན་པོ་ཞེ་དྲག་ཡོད་ཙང་།
  • ཐུགས་བརྗེ་ཆེན་པོ་ཞེ་དྲགས་ཡོད་ཙང་།
  • དེ་མི་བོད་ཀྱི་མི་ལ་ཡ་དེ་ག་རེ་ཟེར་དགོས་རེད་ཐུགས་ཀྱི་རྩེ་ནས་ཕེབས་འདོད་ཡོའོ་རེད།
  • ཡོང་འདོད་ཡོའོ་རེད།
  • རེད་དའི་ཡིན་ན་ཡང་རྒྱ་གར་རྒྱ་གར་ཡང་དེ་དུས་ཙམ་པ་བསྟན་པ་དེ་ལ་མི་དགོས་ཀྱི་འདུག་ག
  • ཨོའོ་བྱས་ཙང་ད་གཅིག་གིས། ང་རང་ཚོ་ད་མ་སོང་ཐག་བཅད་མ་ཐུབ་པ་དཀའ་ལས་ཞེ་དྲག་བྱུང་ཡོའོ་རེད།
  • འོ་ཕ་གའི་ལའི་བསྟན་པ་ལ་དགོས་ཀྱི་ཡོའོ་རེད།
  • འདིའི་ལའི་བསྟན་པ་ལ་ཕན་ཐོགས་དགོས་ཀྱི་ཡོའོ་རེད།
  • ད་གཉིས་ཅོག་ལོགས་བསྟན་པ་རེད་པ།ཨོའོ་དེ་འདྲས་ཟེར་བྱས་བྱས་ཨ་ནི་མཐར་ཐུག་མཐར་ཐུག་རྗེ་བཙུན་སྒྲོལ་མས་ལུང་བསྟན་བྱས། ཨ་ནི་ཇོ་བོ་ལ་ཁྱེད་རང་བོད་ལ་འགྲོ་དགོས་ཀྱིས་འདུག་ཟེར།
  • ཕྱིན་ན་ཡག་པོ་འདུག་ཟེར། ཐག་བཅད་པ་རེད།
  • ཨོའོ་བྱས་ཙང་ཨ་ནི་ཇོ་བོ་བོད་ལ་ཕེབས་པ་རེད།
  • ད་ཨ་ནི་ཇོ་བོ་བོད་ལ་ཕེབས་ནས་ཨ་ནི་ཐོག་མར་ཕེབས་ས་དེ་ག་པར་ཕེབས་པ་རེད་ཟེར་ན།
  • ཨ་ནི་གདན་འདྲེན་ཞུ་མཁན་ལྷ་བཙུན་བྱང་ཆུབ་འོད་མངའ་རིས་སོང་ཙང་།
  • ཇོ་བོས་ཕ་ནས་བལ་པོ་ནས་བྱས་རྒྱ་གར་ལ་བྱས་བལ་པོ་ནས་བྱས་ཨ་ནི་ད་ལྟའི་སྤུ་ཧྲེང་ནས་བྱས། ཨ་ནི་ཚུར་གུ་གེ་ལ་ཕེབས་པ་རེད།
  • འོ་ཡག་ཨ་ནི་ཡ་གའི་ཡར་མངའ་རིས་གཅིག་གུ་ལ་ཇོ་བོས་ལོ་གསུམ་བཞུགས་པ་རེད།
  • འོ་ཡག་ལོ་གསུམ་བཞུགས་ནས་ཨ་ནི་གཞི་ནས་ང་རང་ཚོ་བོད་ལ་ཡ་བཀའ་གདམས་ཟེར་ཡས་ཀྱི་ཆོས་དེ་གས་ད་ག་རེ་ཟེར་དགོས་རེད་པས།ཆུ་མགོ་ལྟ་བུ་ཞིག་ཡོའོ་རེད་པ།
  • ཨོའོ་ད་དེ་མངའ་རིས་ནས་མགོ་ཚུགས་ནས་ད་མར་ཡོང་གི་ཡོའོ་རེད།
  • འོང་ད་བྱས་ཙང་། ཇོ་བོ་ཚུར་ཨོའོ་ཕེབས།
  • ཕེབས་ཡས་གདན་འདྲེན་ལ་དཀའ་ལས་ཞེ་པོ་བརྒྱབ་ནས་ཞུ་དགོས་ཡས་ཁོ་ལའི་སྐབས་དེ་དུས།
  • ང་རང་ཚོ་བོད་དེ་ལ་ཡང་ནང་པ་སངས་རྒྱས་པའི་ཆོས་དེ་གཙང་མ་གཅིག་དང་ལྷད་མེད་པ་འདྲ་གཅིག་ད།
  • སྐྱོན་མེད་པ་འདྲ་གཅིག་ལྷག་མེད་མི་འདུག་ག
  • ཨོའོ་གླང་དར་མས་དེ་གཅིག་གི་བྱས་ནས་བོད་ཀྱི་གཅིག་བསྒྱུར་གྱི་དེ་གཅིག་རྒྱལ་ཁྲིམས་གཅིག་ཡོའོ་རེད་པ་དེ་ཡང་འཐོར་ཞིག་ལ་ཕྱིན་རེད་པ།
  • བྱས་ཙང་བོད་དེ་ལ་གཅིག་བསྒྱུར་གྱི་དབང་བརྒྱུར་བྱེད་མཁན་གཅིག་མེད་པ་སོང་ཙང་།
  • ཨ་ནི་ཆོས་ཁོ་སྤེལ་ཐུབ་ཡས་དང་རྒྱ་ཁྱབ་གཏོང་ཐུབ་ཡས་བར་ཆད་ཞེ་དྲག་བྱུང་འདུག་གང་།
  • ཨོའོ་དེ་འདྲས་བྱུང་པ་སོང་ཙང་།
  • ཨ་ནི་ད་སྐབས་དེ་དུས་ཨ་ནི་ལྷ་བླ་མ་ཡེ་ཤེས་འོད་ལ་སོགས་པའི་ཨ་ནི་རྦད་ཏེ་གཅིག་གིས་སྐུ་་ལས་ཞེ་དྲག་བསྐྱོན་ནས།
  • ཨ་ནི་ཇོ་རྗེ་ཚུར་གདན་འདྲེན་ཞུས་པ་རེད་བྱས་པ་རེད།
  • ད་གདན་འདྲེན་ཞུས་ནས་ཨ་ནི་ཇོ་བོས་མངའ་རིས་ལ་ཆོས་མང་པོ་གསུངས།
  • ཨོའོ་འདུག་བཟོ་བཞུགས་ནས་ལོ་གསུམ་བཞུགས།དེ་ནས་ཨ་ནི་འབྲོམ་སྟོན་པ་ད།
  • ཁོང་རྣམས་རྣམ་པ་བླ་མ་ལེགས་པའི་བློ་གྲོས། ངོགས་་ལེགས་པའི་ཤེས་རབ་ད་ཁོང་རྣམས་རྣམ་པས་ཨ་ནི་གཅིག་གི་འདི་ནས་ཡར་དབུས་གཙང་ལ་ཕེབས་ནས་མངའ་རིས་ལ་མར་ཕེབས་ནས་ཨ་ནི་ཇོ་རྗེ་མར་དབུས་གཙང་ངོགས་ཕྱོགས་ལ་གདན་འདྲེན་ཞུས་པ་རེད་བྱས་པ་རེད།
  • དབུས་གཙང་ངོགས་ཕྱོགས་ལ་གདན་འདྲེན་ཞུས་བྱས་ཨ་ནི་ཇོ་བོས་ང་རང་ཚོ་དབུས་གཙང་གི་ས་ཆ་མང་པོ་ལ་ཕེབས་ཡོའོ་རེད།
  • དབུས་གཙང་གི་ས་ཆ་མང་པོ་ལ་ཕེབས་ནས་ཨ་ནི་ང་རང་ཚོའི་ཐོག་མར་ཕེབས་དུས་ཙམ་ནས། གཙང་ནས་མར་ཕེབས་ལྷོ་ཁ་བརྒྱུད་ནས་ཚུར་ཕེབས་ཨ་ནི་འདུག་བཟོ་བྱས་བྱས།
  • ང་རང་ཚོ་ཚུར་དབུས་ལ་ལྷ་ས་ངོགས་ཕྱོགས་ལ་ཕེབས་་ཡོའོ་རེད།
  • ལྷ་ས་ངོགས་ཕྱོགས་ལ་ཕེབས་དུས་ཙམ་ནས། ཨ་ནི་ཇོ་བོས་ང་རང་ཚོ་གཅིག་གིས་ཡ་གའི་བྲག་གཡེར་པ་དང་ཅི་དག་ལ་མང་པོ་བཞུགས་ཡོའོ་རེད།
  • ཨ་ནི་ཇོ་བོ་རྗེས་མར་རྗེས་མར་སྐུ་ཚེའི་སྨད་འདྲ་པོ་གཅིག་ལ་བཞུགས་ས་མང་ཆེ་བ་གཅིག་ང་ཚོ་ལྷ་སའི་ཡ་གིའི་ཨོའོ་ལྷ་ས་དང་ཆུ་ཤུར་གྱི་བར་རུ་དེར་སྙེ་ཐང་འདུག་གང་།
  • ཨོའོ་ཡ་སྙེ་ཐང་ལ་བཞུགས་བྱས། སྙེ་ཐང་གཅིག་པུ་ལ་ཡང་ལོ་དགུ་བཞུགས་པ་ཡིན་ཟེར་གྱི་ཡོའོ་རེད།
  • འོ་ཨ་ནི་ག་རེ་གནང་གི་བཞུགས་པ་རེད་ཟེར་ན།
  • ད་ཡ་གའི་ཁོང་རང་གི་དགེ་ཕྲུག་དེ་གྱད་དེ་ལ་དམ་པའི་ཆོས་དེ་གས་དེ་སྤེལ་ནས་ད་ཆོས་ལུགས་བཀའ་གདམས་པ་ཟེར་ཡས་དེ། ཐོགས་མར་གསར་གཏོད་གནང་དུས་ཨོའོ་དཀའ་ལས་འདྲ་པོ་དེ་གས་བརྒྱབ་འདུག་ག
  • འོང་ད་དེ་ནས་སྙེ་ཐང་ལ་སྙེ་ཐང་ལ་ཡ་ཇོ་བོ་དགོངས་པ་རྫོགས་ཡོད་པ་འདྲ། ཇོ་བོ་དགོངས་པ་རྫོགས་ནས།
  • ་ཨ་ནི་ད་དེ་དུས་མིང་ལ་ཡ་བཀའ་གདམས་པ་ཟེར་གྱི་ཡོའོ་མ་རེད་པ།འོ་ན་ག་རེ་ཟེར་གྱི་ཡོའོ་རེད་ཟེར་ན།
  • ཨ་ནི་ཇོ་བོས་ཆོས་གནང་གི་འདུག རྒྱ་གར་གྱི་པཎྜི་ཏ་ཇོ་བོ་ཟེར་མཁན་གཅིག་ཕེབས་ནས་ཆོས་གནང་གི་འདུག་ཟེར་གྱི་ཡོའོ་རེད་པ།
  • འོ་དེ་འདྲས་ཟེར་བྱས་པ་རེད།
  • ད་དེ་ནས་ཨ་ནི་ཇོ་བོས་ཡ་གའི་ཆོས་མང་པོ་གསུངས་ནས་བཞུགས།
  • ཨོའོ་དེ་འདྲས་བྱས་ནས་ད་གང་ལྟར་ཇོ་བོས་ཨ་ནི་དགུང་ལོ་བདུན་བཅུ་དེ་ནས་བདུན་སུམ་ཡིན་ནམ་དེ་འདྲས་གཅིག་ནས། དགོངས་པ་རྫོགས་པ་རེད།
  • ད་དགོངས་པ་རྫོགས་པའི་རྗེས་ལ་ཨ་ནི་གཞི་ནས་འབྲོམ་སྟོན་པས་ག་རེད་གནང་པ་རེད། ཟེར་ན།
  • རྭ་སྒྲེང་ཕྱག་བཏབ་པ་རེད།
  • ང་རང་ཚོའི་བྱང་རྭ་སྒྲེང་ཨོའོ་ཨ་ནི་རྭ་སྒྲེང་ཕྱག་བཏབ་ནས་ཨ་ནི་ཇོ་བོའི་སྐུ་གདུང་གཅིག་ཡོའོ་རེད་པ།
  • དེ་གནང་གི་རེད་པ། བཞུ་ལ་ཕུལ་གྱི་རེད་པ།
  • བཞུ་ལ་ཕུལ་པའི་ཨ་ནི་གདུང་རུས་དང་གདུང་རྟེན་དེ་འདྲས་འཁྱེར་ནས།
  • ཨ་ནི་རྭ་སྒྲེང་ཕྱག་བཏབ། རྭ་སྒྲེང་དགོན་པ་དེ་བཞངས༼བཞེངས༽།
  • རྭ་སྒྲེང་དགོན་པ་འདུག་བཟོ་བཞེངས་ནས་བྱས་བཀའ་ཁྱབ་བཀའ་གདམས་པ་ཟེར་ཡས་ཀྱི་ཆོས་དེ་དངོས་སུ་ད་མིང་དེ་ཡང་ཆགས་པ་རེད།
  • ཨོའོ་དེ་ལ་བཀའ་གདམས་པ་ཟེར་དགོས་དོན་འདྲ་པོ་གང་རེད་ཟེར་ན།
  • མིང་དེ་ལ་ཇོ་བོ་ནས་དབུ་བཙུགས་པའི་ཨ་ནི་འབྲོམ་སྟོན་པ་ནས་ཁོང་རྣམས་རྣམ་པས་འཕེལ་རྒྱས་བཏང་པའི་ཆོས་དེའི་མིང་ལ་བཀའ་གདམས་པ་ཟེར་བཏགས་པ་རེད་པ།
  • དེ་ལ་ཡ་མིང་ཁོ་བཏགས་དོན་འདྲ་པོ་ག་རེ་རེད་ཟེར་ན།
  • ད་འདིས་ཆོས་ལུགས་འདིས་ག་རེ་བྱེད་ཀྱི་ཡོའོ་རེད་ཟེར་ན།
  • སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་བཞག་པའི་ཨ་ནི་རྦད་ཏེ་བཀའ་ཡོའོ་རེད་པ།
  • བཀའ་མདོ་ཕྱོགས་ཀྱི་བཀའ་ཡིན་ན་ཡང་འདྲ།
  • སྔགས་ཕྱོགས་ཀྱི་བཀའ་ཡིན་ན་ཡང་འདྲ། བཀའ་གང་ག་ལོགས་ཀྱིས་ནང་ནས་ཨ་ནི་རྦད་ཏེ་ཡིག་གེ་ན་གཅིག་རྐྱང་འཕྲོ་བརླགས་བཏང་ཡས་མེད་པ།
  • འོ་ཐམས་ཅད་གང་ག་ལོགས་གདམས་ངག་སུ་གོ་ཐུབ་ཀྱི་ཡོའོ་རེད་ཟེར།
  • བྱས་ཙང་ཁོའི་མིང་ལ་བཀའ་གདམས་པ་བྱས་པ་རེད།
  • བཀའ་གདམས་པ་ཟེར།
  • འོང་བཀའ་ཟེར་དུས་ཙམ་ནས་རྒྱལ་བའི་བཀའ་དེ་གས་དེ་ལ་ཟེར་གྱི་ཡོའོ་རེད།
  • ད་རྒྱལ་བས་གསུངས་བཞག་པའི་བཀའ་དེ་གྱད་དེ་གང་ཟག་སོ་སོའི་ཉམས་ལེན་ལ་ལེན་ཡས་ལ་གདམས་ངག་ཡ་གང་ག་ཡིག་གེ་ན་གཅིག་ཡན་ཆད་གདམས་ངག་ལ་ཡ་འགྲོ་གི་འདུག་ཟེར།
  • གདམས་ངག་ལ་གོ་ཐུབ་ཀྱི་འདུག་ཟེར།
  • བྱས་ནས་ཨོའོ་དེ་གསུངས་ཀྱི་་ཡོའོ་རེད་པ།
  • བྱས་ཙང་ཁོའི་མིང་ལ་ཡ་བཀའ་གདམས་པ་ཟེར་མིང་འདུག་བཟོ་ཆགས་པ་རེད།
  • དེ་ནས་འབྲོམ་སྟོན་པ་ནས་བྱས་བྱས་ཁོང་གི་མར་དགེ་ཕྲུག་དེ་གནང་བྱས། ཨ་ནི་འབྲོམ་སྟོན་པ་ལ་ཡ་མ་གཞི་དགེ་ཕྲུག་མང་པོ་ཡོད་ན་ཡང་ད་ཇོ་བོ་ལ་སློབ་མ་འབྲོམ་སྟོན་པ་གཅིག་གུ་མ་རེད་པ།
  • ཡིན་ན་ཡང་སློབ་མའི་ནང་ནས་གཙོ་བོ་འབྲོམ་སྟོན་པ་སོང་ཙང་ང་རང་ཚོས་བཀའ་གདམས་པ་ཟེར་ཡས་དེ་ཡང་མར་བཤད་ཡོང་དུས་ཙམ་ནས་འགག་རྩ་ཐུག་ས་གཅིག་འབྲོམ་སྟོན་པ་ལ་ཐུག་གི་ཡོའོ་རེད།
  • བྱས་ཙང་ཨ་ནི་འབྲོམ་སྟོན་པས་ཁོང་རང་ལ་དགེ་ཕྲུག་མང་པོ་ཡོའོ་རེད་དའི་ད་གསོ་སྐྱོངས་བྱེད་ཡས་དེའི་ཚོའི་ནང་ལོགས་ནས་ད་གཅིག་གི་བསྟན་པ་ལ་བྱ་བ་རླབས་ཆེ་ཤོས་བྱས་པ་ཟེར་ན་འང་འདྲ།
  • ཨ་ནི་རྦད་ཏེ་གཅིག་གི་བཀའ་གདམས་པའི་བསྟན་པ་དེ་རྒྱ་ཆེར་འཕེལ་རྒྱས་བཏང་ཡན་༼མཁན༽་འདྲ་པོ་དེར་སུ་བྱུང་པ་རེད་ཟེར་ན།
  • བཀའ་གདམས་སྐུ་མཆེད་གསུམ་ཟེར་ཡས་བྲུང་པ་རེད།
  • བཀའ་གདམས་སྐུ་མཆེད་གསུམ་པོ་དེ་ད་འབྲོམ་སྟོན་པའི་སློབ་མའི་ནང་ལོགས་ནས་ད་གཅིག་གི་མཆོག་ཏུ་འགྱུར་པ་ལྟ་བུ་གཅིག་གསུམ་བྱུང་པ་རེད།
  • ཨོའོ་བཀའ་གདམས་སྐུ་མཆེད་གསུམ་པོ་དེ་སུ་རེད་ཟེར་ན།
  • ཨ་ནི་པུ་ཏོ་བ་རིན་ཆེན་གསལ་ཞུ་ཡས།
  • སྤྱན་མངའ་བ་ཚུལ་ཁྲིམས་བ་ར་ཞུ་ཡས།
  • ཨོའོ་གཅིག་གི་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་འོ་ཁོང་ཚོ་གསུམ་པོ་དེལ་བཀའ་གདམས་བ་སྐུ་མཆེད་གསུམ་པོ་ཟེར་གྱི་རེད།
  • ཨོའོ་ད་སྐུ་མཆེད་སྐུ་མཆེད་ཟེར་གྱི་ཡོའོ་རེད་པ།
  • ད་སྤུན་ཀྱག༼མཆེད༽་ཟེར་གྱི་ཡོའོ་རེད་པ།
  • དེའི་སྤུན་ཀྱག་༼མཆེད་༽དེ་ག་རེའི་སྤུན་ཀྱག༼མཆེད་༽རེད་ཟེར་ན་ང་རང་ཚོ་ཤ་དང་རུས་པ་གཅིག་པའི་སྤུན་ཀྱག༼མཆེད༽་དེ་མ་རེད་ཟེར།འོ་ན་ག་རེའི་སྤུན་ཀྱག་༼མཆེད་༽དེ་རེད་ཟེར་ན།
  • སློབ་མ་དགེ་རྒན་གཅིག་གི་སློམ་མ་མཉམ་པོ་རེད་པ།
  • ཨ་ནི་ཁོང་ཚོ་གསང་སྔགས་ཀྱི་དབང་མཉམ་པོ་ཞུས་པ་བྱས་ཙང་རྡོ་རྗེའི་སྤུན་ཀྱག༼མཆེད༽་ཟེར་དེ་ཆགས་ནས་བསྡད་ཡོའོ་རེད།
  • རྡོ་རྗེའི་བྱེད་སྒོ་ཟེར་ཡས་དེ་ཨོའོ་བྱས་ཙང་ཁོས་སྐུ་མཆེད་གསུམ་བྱས་པ་རེད།
  • འོ་ད་སྐུ་མཆེད་གསུམ་པོས་དར་རྒྱས་དང་འཕེལ་རྒྱས་ཤུགས་ཆེན་པོ་ཞེ་པོ་བཏང་བྱས།
  • ཨ་ནི་ཁོང་རྣམས་རྣམ་པ་ཡ་སློབ་མ་ཡག་པོ་ཡག་པོ་དེ་འདྲས་མང་པོ་བྱུང་ཡོའོ་རེད།
  • ཨོའོ་དེ་འདྲས་ནས་མི་རབས་མང་པོ་མང་པོ་ལ་འཕེལ་རྒྱས་ལ་བཏང་བྱས། བཀའ་གདམས་པའི་ཆོས་ཟེར་ཡས་དེ་གཙང་མ་ཨ་ནི་ང་རང་ཚོའི་རྦད་ཏེ་འདི་གྲུབ་མཐའ་བོད་ཀྱི་གྲུབ་མཐའ་མང་པོ་ཡོའོ་རེད་པ།
  • ང་རང་ཚོ་བོད་ཀྱི་གྲུབ་མཐའ་གཅིག་བསྒྱུར་གྱི་ཁོང་ཚོ་གང་ག་ལོགས་ཀྱིས་ངོས་འཛིན་བྱེད་ཀྱི་རེད།
  • བཀའ་གདམས་པ་ཟེར་ཡས་ཀྱི་ཆོས་་ལུགས་དེ་གཙང་མ་ཞེ་པོ་གཅིག་ཡོའོ་རེད།
  • དེ་ལ་ཁོ་ཉ་སོ་གོ་སོ་གཅིག་ཡའི་ཡོའོ་མ་རེད་ཟེར་ཆོས་ལུགས་དེ། གཙང་མ་གང་འདྲས་གཅིག་ཡོའོ་རེད་ཟེར་ན།
  • ཞིང་ནི་ང་རང་ཚོ་བོད་ཀྱི་ཆོས་ལུགས་མང་པོ་གཅིག་ལ་ཡིད་དམ་དང་གཅིག་གི་་ཆོས་བསྲུང་ད་གཅིག་གི་མང་པོ་ཞེ་པོ་གཅིག་བསྟེན་ཡས་ཡོའོ་རེད་པ།
  • འོང་ད་བཀའ་གདམས་པ་ཟེར་ཡས་དེ་ལ་དེ་འདྲས་ཁྱོན་ནས་ཡོའོ་མ་རེད་ཟང་ངི་ཟིང་ངི་། གང་འདྲས་གཅིག་རེད་ཟེར་ན།
  • ཁོ་ལ་ལྷ་ཁོ་ལ་བསྟེན་ཡས་སྟོན་པ་ཁོ་ལ་ཤཱཀྱ་ཐུབ་པ་གཅིག་བསྟེན།
  • ཨོའོ། ཡིད་དམ་ཁོ་ལ་རྗེ་བཙུན་སྒྲོལ་མ་གཅིག་བསྟེན།
  • ཨ་ནི་སྲུང་མའི་བཟོ་འདྲ་ཁོ་ལ་ཁྲོ་བོ་མི་གཡོ་བོ་ཟེར་ཡས་དེ་བསྟེན་གྱི་རེད།
  • ཨ་ནི་སེམས་ཀྱི་ནང་ལོགས་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཡས་ཀྱི་ཆེད་དུ་ལྷ་སྤྱན་རས་གཟིགས་ཟེར་ཡས་གཅིག་བསྟེན་གྱི་རེད།
  • ལྷ་བཞི་ལས་ཡོའོ་མ་རེད།
  • བསྟེན་ཡས་ལྷ་བཞི་བསྟེན་ཨ་ནི་གསུང་སློབ་སྦྱོང་བྱེད་ཡས་ཁོ་ལ་རྒྱལ་བས་གསུངས་པའི་སྡེ་སྣོད་གསུམ་པོ་ཁོ་སློབ་སྦྱོང་གནང་གི་རེད།
  • འོ་ཡག་བྱས་ཙང་ཨ་ནི་བདུན་བྱུང་སོང་གང་། བྱས་ཙང་དེ་ལ་ཡ་བཀའ་གདམས་ལྷ་ཆོས་བདུན་ལྡན་ཟེར་ར་རེད།
  • ལྷ་བཞི་དང་གསུང་རབ་གསུམ་རེད་པ།
  • སྡེ་སྣོད་གསུམ་པོ་དེ་སྡོམས་པའི་བཀའ་གདམས་ལྷ་ཆོས་བདུན་ལྡན་ཟེར་གཙང་མ་ཞེ་པོ་རེད།
  • ཨོའོ་བྱས་ཙང་ཆོས་ལུགས་དེ་ལ་ཡ་ང་རང་ཚོ་བོད་ལ་ཡོད་པའི་ཆོས་ལུགས་གང་ག་ལོགས་ཀྱིས་དད་མོས་དང་དེ་ལ་ཡ་གཅིག་གུས་བཀུར་བྱེད་མཁན་མང་པོ་ཡོའོ་རེད།
  • ཆོས་དེ་ལ་ཁོ་གཙང་མ་སོང་ཙང་། ཨོའོ་འབྲོམ་སྟོན་པ་ཟེར་ཡས་ཁོ་ལ་ཡང་ཁོང་རང་གི་གཤིས་ཀ་འདྲ་པོ་དེ་གང་འདྲས་ཡོའོ་རེད་ཟེར་ན།
  • དགེ་རྒན་བསྟེན་དུས་ཙམ་ནས་ཛ་རེ་ཛོ་ར་མང་པོ་མ་བསྟེན་པ་བྱས། ཡག་པོ་དེ་འདྲས་ཨ་ནི་སོ་སོས་འདམས་ཚར་ར་ད་ག་ཨོའོ་འདུག་བཟོ་བསྟེན་པ་གནང་གི་ཡོའོ་རེད།
  • བྱས་ཙང་ཁོང་རང་གི་བུ་རྒྱུད་དེ་ཚོས་ཆོས་བྱེད་དུས་ཙམ་པ་གཙང་མ་བྱས་བྱས། གང་བྱུང་མ་བྱུང་མ་བཀྲེས༼འདྲེས་༽བྱས་ཕར་ཚུར་ཨོའོ་དེ་འདྲས་གནང་པ་རེད་པ།
  • ཨོའོ་ཁོས་བཀའ་གདམས་པ་ཟེར་ཡས་དེ་ཆོས་རྒྱུད་ཁོ་ཐོག་མར་གྲུབ་སྟངས་འདྲ་དེ་ཁོ་འདུག་བཟོ་གྲུབ་འདུག་གང་། ཨ་ནི་ཁོ་རང་གི་འཕེལ་རྒྱས་འདྲ་པོ་དེ་བྱེད་དགོས་བྱུང་ན།
  • ཨ་ནི་མར་མར་ཕེབས་བྱས་ད་གཅིག་གིས་ཨ་ནི་ང་རང་ཚོའི།
  • ཆོས་བཀའ་གདམས་པ་ཆོས་ཀྱི་ད་དེ་དུས་ཙམ་པ་འབྲོམ་སྟོན་པ་ཁོང་རྣམས་ཚོས་བསྟན་གནང་པའི་བཀའ་གདམས་དེ་ལ་ང་ཚོས་ག་རེ་ཟེར་གྱི་རེད།
  • ད་དེང་སང་ང་ཚོས་བཀའ་གདམས་རྙིང་མ་ཟེར།
  • བྱས་བྱས་གྲགས་ཡོའོ་རེད་ང་ཚོ་བོད་ལ་ཡ་ད་དེ་ནས་ལྷག་མ་དེ་ག་པར་ཕྱིན་ཡོའོ་རེད་ཟེར་ན།
  • ད་ལྟ་བཀའ་གདམས་པ་འཚལ་གར་ཕྱིན་པ་ཡིན་ན་རྙེད་ཀྱི་མ་རེད་པ། རྙེད་ཡས་ཡོའོ་མ་རེད།
  • འོ་ན་ག་རེ་བྱས་པ་རེད་བཀའ་གདམས་པ་ཁོ་ག་རེ་བྱས་པ་རེད་ཟེར་ན།
  • རྗེ་ཙོང་ཁ་པ་ཡོའོ་རེད་པ།
  • རྗེ་ཙོང་ཁ་པས་དགེ་ལུགས་པ་ཟེར་ཡས་གྲུབ་མཐའ་གཅིག་གསར་གཏོད་གནང་པ་རེད་པ།
  • འོ་གྲུབ་མཐའ་དེ་ག་རེ་རེད་ཟེར་ན།
  • བཀའ་གདམས་པ་ཟེར་ཡས་དེ་དགེ་ལུགས་པ་ལ་བཀའ་གདམས་གསར་མ་ཡང་ཟེར་གྱི་རེད།
  • མིང་གཅིག་ལ་ཡ།
  • འོང་།བཀའ་གདམས་གསར་མ་ཟེར་དགོས་དོན་བཀའ་གདམས་རྙིང་མ་ཁོ་ད་འབྲོམ་སྟོན་ཁོང་རྣམས་རྣམ་པའི་རྒྱུད་པ་དེ་རེད་པ།
  • ད་དེ་ནི་བཀའ་གདམས་གསར་མ་ཟེར་ཡས་དེ་ག་རེ་རེད་ཟེར་ན།
  • རྗེ་ཙོང་ཁ་པ་ཁོང་རྣམས་རྣམ་པ་ནས་བྱས་བཀའ་གདམས་གསར་མ་ཆགས་པ་རེད་དེ་ག་རེ་རེད་ཟེར་ན།
  • ད་དེ་ཡིན་རྒྱུ་བཀའ་གདམས་པའི་གཞུང་ལུགས་དེ་གཞིར་བཞག་བྱས་དགེ་ལུགས་པ་ཟེར་ཡས་དེ་གཞིར་བཞག་བྱས་ནས་ད་ཏིག་ཙི་གཅིག་གསུངས་རབ་དང་ཁོ་སློབ་སྦྱོང་བྱེད་ཡས་ཁོ་རྒྱ་ཆེ་རུ་བཏང་། ཨོའོ་དེ་འདྲས་གནང་པ་རེད།
  • འཕྲིན་ལས་འདྲ་པོ་ཁོ་རྒྱ་ཆེ་རུ་ཕྱིན་པ་རེད་པ།
  • དགེ་ལུགས་པ་ཟེར་ཡས་ཁོ་ད་གང་ལྟར་བཀའ་གདམས་པའི་ཆོས་ཀྱི་ད་རྒྱུད་པ་འདྲ་པོ་ཁོ་ད་ལྟའི་དགེ་ལུགས་དེ་གས་དེ་རེད། འོ་ད་དེ་གསུངས་ཀྱི་ཡོའོ་རེད་ད།
  • ད་ལྟའི་ང་རང་ཚོའི་བཀའ་གདམས་ཆོས་བྱུང་ཟེར་ཡས་ཀྱི་བཀའ་གདམས་དེ་ག་རེ་བཤད་ཀྱི་ཡོའོ་རེད་ཟེར་ན།
  • འབྲོམ་སྟོན་པ་ནས་བྱས་བྱས་མར་དེ་བྱུང་པའི་ཨཱ་འཕེལ་རྒྱས་བྱུང་པའི་ད་དེ་བཤད་ཀྱི་ཡོའོ་རེད།
  • ཨོའོ་དེའི་གི་ནང་ལོགས་ལ་དགེ་ལུགས་པ་ཚུད་ཀྱི་ཡོའོ་མ་རེད།
  • ད་ལྟའི་དེའི་བཀའ་གདམས་ཆོས་འབྱུང་ནང་ལོགས་ལ་དགེ་ལུགས་པ་ཚུད་ཀྱི་མ་རེད།
  • ཨོའོ་འདུག་བཟོ་བྱས། ཨོའོ་འདི་འདི་འདྲས་ཟེར་རེད།
  • ཨེ་འདི་བཀའ་གདམས་ཆོས་འབྱུང་ཟེར་བྱས་དེ་རིང་ང་རང་ཚོ་བཤད་ཡས་དེའི་ཀྱི་ནང་དོན་ངོ་སྤྲོད་ཟེར་དགོས་རེད་པས་མདོར་བསྡུས་འདྲ་པོ་དེ་དེ་འདྲས་ཟེར་ཞུས།
  • ད་དེ་རིང་ང་རང་ཚོ་བཤད་ཡས་ཀྱི་བཀའ་གདམས་ཆོས་འབྱུང་ཟེར་ཡས་ཀྱི་རྩོམ་པ་པོ་དེ་སུ་རེད་འདུག་ཟེར་ན།
  • དེ་ས་སྐྱའི་མཁས་པ་གཅིག་རེད་ཤག
  • ཨོའོ་ཁོང་གི་མཚན་ལ་ཡ་ངག་དབང་ཀུན་དགའ་ཨ་ནི་བསོད་ནམ་གྲགས་པ་རྒྱལ་མཚན་ཟེར་བྱས་བྱས་ཨོའོ་དེ་ཞུ་གྱི་འདུག
  • དེ་ས་སྐྱའི་མཁས་པ་གཅིག་རེད་ཟེར་བྱས་པ་རེད།
  • ད་དེ་དུས་རབས་ཕལ་ཆེར་བཅོ་ལྔ་བཅུ་དྲུག་གི་དེ་འདྲས་ཀྱི་མི་པ་ཡིན་པ་འདྲ། འོང་ཁོང་གི་བརྩམས་པ་གནང་བཞག
  • ཨོའོ་ཁོང་གི་བརྩམས་བྱས།འོ་དེ་ས་སྐྱའི་མཁས་པ་གང་འདྲས་གཅིག་རེད་ཟེར་ན།
  • ཡིན་རྒྱུ་ཁོང་གྲ་པ་མ་རེད་དེའི་མཁས་པ་དེ་གྲ་པ་མིན་ན་ཡང་ཁོང་མཁས་པ་ཞེ་དྲག་རེད།
  • འོང་མཁས་པ་ཞེ་དྲག་ཡིན་ཙང་ཨ་ནི་ཁོང་རང་གིས་ཁོང་རང་ལ་ཡ་པཎྜི་ཆེན་པོ་ཡིན་ཟེར་བྱས་ནས་གསུངས་ཀྱི་འདུག
  • འོང་།བྱས་ཙང་ཁོས་མཁས་པ་ནི་ཆེན་པོ་གཅིག་ཡིན་འདྲ།
  • ཨ་ནི་གསང་སྔགས་པ་ཆེན་པོ་གཅིག་རེད།
  • སྔགས་འཆང་ཆེན་པོ་ཡང་ཟེར་གྱི་ཡོའོ་རེད།
  • འོང་བྱས་ཙང་ད་ས་སྐྱའི་མཁས་པ་ཆེན་པོ་གཅིག་ཡིན་པ་འདྲ་འདུག ཨོའོ་བྱས་ཙང་ཁོང་གི་བརྩམས་པ་གནང་བཞག་དེ།
  • འོང་ཁོང་གིས་ག་རེ་ལ་གཞི་བྱས་ནས་བརྩམས་པ་གནང་པ་རེད་ཟེར་ན།
  • དེའི་སྔོན་ལ་མཁས་པ་མང་པོས་བཀའ་གདམས་ཀྱི་ལོ་རྒྱུས་མང་པོ་བརྩམས་ཡོའོ་རེད་པ།
  • དེ་འདྲས་ལ་གཞི་བྱས་བྱས་ཨ་ནི་ཁོང་གི་འདི་མདོར་བསྡུས་བསྡུས་གཅིག་བརྩམ་པ་རེད།
  • མདོར་བསྡུས་བལྟ་བདེ་པོ་གཅིག་བརྩམས་གནང་བཞག
  • ཨོའོ་དེ་དེ་རིང་ང་རང་ཚོས་གདམ་པའི་གི་སློབ་སྦྱོང་བྱེད་ཀྱི་ཁོ། ཁོང་གི་བརྩམ་གནང་བའི་དེབ་མདོར་བསྡུས་དེའི་ནང་ལོགས་ནས་གདམ་གནང་བཞག
  • འོ་ཡག་དེ་འདྲས་གཅིག་ཡིན། འདིའི་ང་རང་ཚོ་བཀའ་གདམས་པ་ཟེར་ཡས་དེ་ལ་ཡ་ངོས་འཛིན་འདྲ་པོ་ཏིག་ཙི་ཐུབ་པའི་ཆེད་དུ་འོ་དེ་འདྲས་གཅིག་བསྟན་སོང་།
  • འོང་ད་གཤམ་ལ་དེའི་དེ་རིང་ང་རང་ཚོའི་བཀའ་གདམས་ཆོས་འབྱུང་དེ་ནང་ནས་བཀའ་གདམས་ཆོས་འབྱུང་ཆ་ཚང་དེ་འདིའི་ནང་ལོགས་ལ་བཤད་ཚར་ཡས་མེད་ཙང་།
  • ད་དེ་ནས་མར་དུམ་བུ་གཅིག་གདམ་གནང་བཞག འོ་ད་དེ་འདམ་པའི་དུམ་བུ་དེ་ནས་མར་ང་རང་ཚོ་གཅིག་ཞུས་ན།
  • ག་རེ་གདམ་གནང་འདུག་ཟེར་ན།
  • དེ་གདམ་བཞག་བཀའ་གདམས་ཆོས་འབྱུང་ནང་ལོགས་ལ་ཨ་ནི་ས་བཅད་མང་པོ་ཡོའོ་རེད་པ།
  • འོ་ས་བཅད་མང་པོ་ཡོད་པའི་ནང་ལོགས་ནས། ད་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཨ་ནི་རྦད་ཏེ་ཐོག་མར་ཨ་ནི་སངས་རྒྱས་ཀྱི་བསྟན་པ་སྤེལ་ཚུལ།
  • སངས་རྒྱས་བཅོམ་ལྡན་འདས་ཁོང་རང་གི་ཐོག་མར་འཇིག་རྟེན་འདིའི་སྟེང་ལ་ཕེབས་ཚུལ།
  • ཕེབས་པའི་སྔོན་ལ་སངས་རྒྱས་བཅོམ་ལྡན་འདས་ཟེར་ཡས་དེ་དཀའ་ལས་འདྲ་པོ་གང་འདྲ་གང་འདྲས་བཀྱོན་པ་རེད།
  • འོ་ཨ་ནི་ཁོང་སངས་རྒྱས་དགོས་དོན་ཁོ་ག་རེ་རེད།
  • བྱ་བ་ག་རེ་བྱས་བྱས་ཨ་ནི་ཁོང་གིས་གཅིག་གི་རྒྱུ་དང་གཅིག་གི་དགེ་བ་འདྲ་པོ་ག་རེ་བསགས་ནས། ཨ་ནི་སངས་རྒྱས་ཟེར་ཡས་དེ་ཆགས་པ་རེད།
  • ཨོའོ་ད་ཁོང་སངས་རྒྱས་པའི་རྗེས་ལ་ཨ་ནི་རྗེས་མ་ཁོང་གི་བསྟན་པ་འདྲ་པོ་དེ་སུ་དང་སུས་འཛིན་ཡོའོ་རེད།
  • ཨོའོ་བསྟན་པ་དེ་འཕེལ་རྒྱས་འདྲ་པོ་གང་འདྲས་ཕྱིན་ཡོའོ་རེད།
  • ཨོའོ་དེ་གས་དེ་དེ་ནས་མར་རོབ་ཙམ་འདྲ་གཅིག་མདོར་བསྡུས་ཀྱི་ཚུལ་གྱི་བསྟན་པ་གནང་བཞག
  • ཨོའོ་དེ་དེ་རིང་གི་ང་རང་ཚོ་བཤད་ཡས་ཀྱི་དུམ་བུ་ལ་བདམས་གནང་འདུག་ག  ཨོའོ་དེ་ད་ང་རང་ཚོ་དེ་རིང་བཤད་རྒྱུ་བྱས།
  • ད། འོང་། ད་འོ་ན་དེ་རིང་ང་རང་ཚོ་ད་འདུག་གང་།
  • ཨོའོ་དང་པོ་སྟོན་པ་སངས་རྒྱས་ཀྱི་བྱོན་ཚུལ་ཟེར་ཡས་གཅིག་འདུག་ཨོའོ་དེ་འདམས་གནང་བཞག བྱས་ཙང་དུམ་བུ་འདི་ང་རང་ཚོས་སློབ་སྦྱོང་བྱེད་རྒྱུ་བྱས།
  • ད་སྟོན་པ་སངས་རྒྱས་ཀྱི་འབྱུང་ཚུལ་ཟེར་དུས་ཟམ་ནས། འདིས་ག་རེ་ཟེར་གྱི་ཡོའོ་རེད་ཟེར་ན།  ད་ང་རང་ཚོ་འདི་ཁྱེད་རང་གིས་བཤད་ཡས་དེ་བཀའ་གདམས་ཆོས་འབྱུང་མ་རེད་པས། ཨ་ནི་སྟོན་པ་སངས་རྒྱས་བཤད་ནས་ག་རེ་བྱེད་ག་ཟེར་ན།
  • ཨོའོ་འདི་བཀའ་གདམས་ཆོས་འབྱུང་ཟེར་ཡས་དེ་ག་རེ་རེད་ཟེར་ན།
  • འདི་ང་ཚོའི་སངས་རྒྱས་ཀྱི་འཛམ་བུ་གླིང་འདིའི་སྒང་ལ་སངས་རྒྱས་ཀྱི་ཆོས་ལུགས་ག་ས་ག་ལ་ལུང་པ་ག་ས་ག་ལ་དར་ཡོའོ་རེད་པ།
  • བྱས་ཙང་ང་རང་ཚོའི་བོད་འདི་ལ་ཡང་སངས་རྒྱས་ཀྱི་ཆོས་དར་ཡོའོ་རེད་བྱས་པ་རེད།
  • ཨ་ནི་བོད་ལ་དར་པའི་སངས་རྒྱས་ཀྱི་ཆོས་ཨ་ནི་ང་རང་ཚོ་བོད་ལ་ཡིན་ན་མང་པོ་ཡོའོ་རེད་པ།
  • བཀའ་གདམས་པ་ཟེར་ཡས། གསང་སྔགས་རྙིང་མ་ཟེར་ཡས། གཅིག་གི་ས་སྐྱ་བ་ཟེར་ཡས། དགེ་ལུགས་པ་ཟེར་ཡས། གཅིག་གི་བཀའ་བརྒྱུད་པ་ཟེར་ཡས་དེ་འདྲས་མང་པོ་ཡོའོ་རེད་པ།
  • དེའི་ནང་ལོགས་ནས་དེ་རིང་ཨ་ནི་བཀའ་གདམས་པ་བཤད་རྒྱུ་རེད་པ།
  • ད་བཀའ་གདམས་པ་ཟེར་ན་ཡང་མིང་ལ་བཀའ་གདམས་པ་ཟེར་རེད་དའི་ཡིན་ན་ཡང་ཁོ་ཆོས་ལུགས་ཁོ་འཛམ་བུ་གླིང་ལ་ཆོས་ལུགས་ཁོ་ཆོས་ལུགས་གཞན་དག་མེད་བྱས་ད་ག་རེད་ཟེར་དགོས་རེད་པས།
  • ཆོས་ལུགས་གཞན་དག་དང་འབྲེལ་བ་ཁྱོན་ནས་མེད་པ་ཁོ་རང་གཅིག་གུ་བཀའ་གདམས་པ་ཟེར་ཡས་དེ་འདྲས་གཅིག་མ་རེད།
  • དེ་ག་རེ་ཟེར་ན།
  • དེ་སངས་རྒྱས་ཀྱི་ཆོས་ལུགས་ཨེ་ཡང་ཁོ་རང་ཚོགས་ཁག་གཅིག་རེད་པ།
  • ཨོའོ་བྱས་ཙང་ཁོས་ཡིན་གཅིག་མིན་གཅིག་གི་སངས་རྒྱས་ཀྱི་ལོ་རྒྱུས་དེ་ཡོང་དགོས་ཀྱི་ཡོའོ་རེད། རྒྱུ་མཚན་ག་རེ་རེད་ཟེར་ན།
  • ཆོས་དེའི་འབྱུང་ཁུངས་ལྟ་བུ་དེ་སངས་རྒྱས་ཆགས་བསྡད་ཡོའོ་རེད་པ་རྩ་བ་ཁོ་ར་བྱས་ཙང་ཁོས་འདིར་ཡང་སངས་རྒྱས་སྔོན་ལ་ངོ་སྤྲོད་གཅིག་ཞུས་པ་རེད།
  • འོང་། ཨེ་བྱས་ཙང་འདིས་ག་རེ་ཟེར་གྱི་ཡོའོ་རེད་ཟེར་ན།
  • ད་བཀའ་གདམས་ཆོས་འབྱུང་ནང་ལོགས་ནས་བསྟན་ཡས་ཀྱི་ནང་དོན་གཙོ་བོ་ཡིན་ན་སངས་རྒྱས་ཀྱིས་ཨ་ནི་རྦད་ཆོས་ཀྱི་སངས་རྒྱས་ཀྱི་བསྟན་པ་ཨོའོ་ཨ་ནི་བོད་ལ་གང་འདྲས་དར་འདུག
  • ཨོའོ་དེ་དར་སྟངས་ཀྱི་རིམ་པ་གཅིག་བཤད་ཀྱི་ཡིན་ཟེར་གྱི་ཡོའོ་རེད་པ།
  • དར་སྟངས་གཅིག་ཡོའོ་རེད་པ། བཀའ་གདམས་པ་ཟེར་ཡས་དེ་ནང་པ་སངས་རྒྱས་དར་ཡས་ཀྱི་དར་ཚུལ་གཅིག་རེད་པ།
  • དེ་ནས་ས་སྐྱ་པ་ཟེར་ཡས་དེ་ཡང་ནང་ལ་སངས་རྒྱས་བོད་ལ་དར་ཡས་ཀྱི་དར་སྟངས་ཅིག་རེད་པ།
  • བཀའ་བརྒྱུད་པ་ཟེར་ཡས་དེ་ཡང་ནང་པ་སངས་རྒྱས་བོད་ལ་དར་ཡས་ཀྱི་དར་སྟངས་ཅིག་རེད་པ།
  • ཁོ་དར་སྟངས་མ་འདྲ་མ་གཞི་རྡོག་རྡོག་བྱས་ན་ཁོ་སློབ་དཔོན་མ་འདྲ་བའི་དབང་གིས་ལོ་ཙཱ་བ་སོ་སོས་ཕ་ནས་རྒྱ་གར་གྱི་སློབ་དཔོན་གཅིག་བསྟེན་ཨ་ནི་དེ་ལ་བསྟེན་བྱས་ཚུར་བོད་ལ་སངས་རྒྱས་ཀྱི་ཆོས་དར་ཡོང་གི་ཡོའོ་རེད་པ།
  • སངས་རྒྱས་ཀྱི་ཆོས་ལ་ཨ་ནི་རྣམ་གྲངས་མང་པོ་ཞེ་པོ་ཡོའོ་རེད་པ།ཨ་ནི་ང་རང་ཚོ་ལོ་ཙཱབ་གཅིག་པཎྜི་ཏ་གཅིག་ལ་བསྟེན་བྱས་ཆོས་ཀྱི་རྣམ་གྲངས་གཅིག་དར། གཅིག་གི་རྣམ་གྲངས་མང་པོ་ཡོའོ་རེད།
  • ཨོའོ་བཀའ་གདམས་པ་ཟེར་ཡས་དེ་ཡང་ཇོ་བོ་རྗེ་ལ་བརྟེན་བྱས།
  • ཨ་ནི་སངས་རྒྱས་ཀྱི་བསྟན་པ་གཅིག་བོད་ལ་དར་ཡོའོ་རེད་པ། ཨོའོ་དེ་ཡི་དར་ཚུལ་བཤད་ཀྱི་ཡོའོ་རེད་པ།
  • བྱས་ཙང་། ཡིན་གཅིག་མིན་གཅིག་གི་སྟོན་པ་སངས་རྒྱས་དེ་སྔོན་ལ་ངོ་སྤྲོད་ཅིག་བྱེད་དགོས་ཀྱི་ཡོའོ་རེད།
  • འོ་དེ་བྱེད་དགོས་ཀྱི་ཡོད་པ་སོང་ཙང་། ད་བྱས་ཙང་སྔོན་ལ་་སྟོན་པ་སངས་རྒྱས་ཀྱི་འབྱུང་ཚུལ་དེ་བཤད་ཀྱི་ཡིན་ཟེར་བྱས་པ་རེད།
  • ཨེ་ད་དེ་ནས་འདི་བཤད་པ་ལ་ཡ་དང་པོ་ལ་ཟེར། ད་སྟོན་པ་སངས་རྒྱས་ཀྱི་འབྱུང་ཚུལ་བཤད་པ་དེ་ཟེར་གྱི་ཡོའོ་རེད་པ།
  • ཐེག་པ་མཐོ་དམན་གྱི་གདུལ་བྱའི་དབང་གིས། མི་འདྲ་བའི་ཁྱད་པར་མང་དུ་གསུངས་ཀྱང་རྒྱས་པར་མ་སྤྲོད་ལ་ཟེར་།
  • ད་ང་རང་ཚོ་འི་བརྩོམ་པར་གནང་མཁན་གྱི་བཀའ་གདམས་ཆོས་འབྱུང་རྩོམས་པར་གནང་མཁན་གྱི་ས་སྐྱའི་མཁས་པ་འདིས། སངས་རྒྱས་ཀྱི་བྱོན་ཚུལ་སངས་རྒྱས་འཇིག་རྟེན་ལ་བྱོན་སྟངས་གཅིག་ཡོའོ་རེད་པ།
  • སངས་རྒྱས་འཇིག་རྟེན་ལ་བྱོན་སྟངས་འདི་ལ་ཡ་བཤད་སྟངས་བཤད་ཚུལ་མང་པོ་ཞེ་པོ་ཡོའོ་རེད་བྱས་པ་རེད། བཤད་ཚུལ་མང་པོ་གང་འདྲས་ཟེར་ཡོའོ་རེད་ཟེར་ན།
  • དཔེར་ན་ང་རང་ཚོའི་གཅིག་གི་རྒྱ་གར་ལ་ཡིན་ན་ཨ་ནི་གཅིག་གི་ཐེག་པ་དམན་པ་ཟེར་ཡས་ཡོའོ་རེད། གཅིག་གི་ཐེག་པ་ཆེན་པོ་ཟེར་ཡས་ཡོའོ་རེད།
  • ཐེག་པ་དམན་པ་ལ་ཡང་ཨ་ནི་་ཁོ་རང་ཚོ་ཡང་གཅིག་གི་ག་རེ་ཟེར་ཡོའོ་རེད་ཟེར་ན། གཅིག་གི་ཕལ་ཆེར་ཐེག་པ་ཟེར་ཡས་ལྟ་བུ།
  • གཅིག་གི་མང་པོས་བཀུར་བའི་སྡེ་ཟེར་ཡས་ལྟ་བུ། གནས་བསྟན་སྡེ་ཟེར་ཡས་ལྟ་བུ།
  • གཅིག་གི་ཨོའོ་དེ་འདྲས་ཀྱི་སྡེ་པ་མང་པོ་ཡོའོ་རེད། འོ་ད་དེ་ཚོས་སོ་སས་སངས་རྒྱས་ཟེར་ཡས་དེ་ང་རང་ཚོ་མི་ཡུལ་འདི་ལ་ཕེབས་སྟངས་འདྲ་པོ་ཁོ་ལ་ཕེབས་ཨ་ནི་ཕེབས་པའི་རྗེས་ལ་ཡ་ཕྱག་ལས་འདྲ་པོ་ཁོ་ག་རེ་ག་རེ་གནང་ཡོའོ་རེད།
  • མི་ཡུལ་ལ་མཛད་པ་ག་རེ་ག་རེ་གནང་ཡོའོ་རེད།
  • དེ་གས་དེ་ལ་གསུངས་སྟངས་མི་འདྲ་ཞེ་པོ་འདོན་གྱི་ཡོད་པ་སོང་ཙང་ཨ་ནི་ཁོང་གིས་དེ་ལ་བཤད་སྟངས་མང་པོ་འདུག་བྱས་པ་རེད།
  • སངས་རྒྱས་འཇིག་རྟེན་འདི་ལ་བྱོན་ཚུལ་དེ་ལ་བཤད་སྟངས་མང་པོ་འདུག་ཟེར་།
  • ད་བཤད་སྟངས་མང་པོ་ཡོད་ན་བཤད་སྟངས་མང་པོ་དེ་གས་དེ་གང་ག་ལོགས་དེ་རིང་ངས་འདིར་རེ་རེ་ནས་བཤད་ཐུབ་ཀྱི་རེད་པས་ཟེར་ན།
  • བཤད་ཐུབ་ཀྱི་མ་རེད་བྱས་པ་རེད། བྱས་ཙང་དེ་གས་དེ་རྒྱས་པར་མ་སྤྲོས་ལ་ཟེར།
  • བྱས་ཙང་ངས་འདིར་རྒྱས་པར་བཤད་ཀྱི་མིན་བྱས་པ་རེད། རྒྱས་པར་བཤད་ན་ངས་འདིར་ག་རེ་བྱེད་ཀྱི་རེད་པས་ཟེར་ན།
  • ངས་ཟློས་སྐྱོན་ལ་འགྲོ་གི་འདུག བྱས་པ་རེད། ཟློས་སྐྱོན་ལ་གང་འདྲས་ཟེར་འགྲོ་གི་འདུག་ཟེར་ན།
  • ཨོའོ་འདི་ང་རང་ཚོའི་བསྟན་འགྱུར་དང་དེ་ཚོ་མར་བལྟས་པ་ཡིན་ན་ཨ་ནི་དེའི་ཚོའི་ནང་ལ་རྒྱས་ཤིང་རྒྱས་པ་ཡོའོ་རེད། མ་ཙང་ནས་ལོ་རྒྱུས་མང་པོ་ཡོའོ་རེད།
  • ལོ་རྒྱུས་གཞན་དག་ལ་བལྟས་ན་ཡང་འདིའི་ཚོའི་སྐོར་མང་པོ་ཞེ་དྲགས་འདུག བྱས་ཙང་ངས་འདིར་ཡང་རྒྱས་པར་བཤད་ཀྱི་མིན་དུས་ཚོད་འཕྲོ་བརླགས་རེད།
  • འགྲོ་གི་རེད་གསུངས་ཀྱི་ཡོའོ་རེད་པ། རེད་པ།
  • ཨོའོ་ཡག དེ་འདྲས་རེད། ཨོའོ་བྱས། ད་འདི་འདྲས་ཀྱི་ཁྱད་པར་མང་པོ་ཡོད་པ་དེ་ང་ཚོས་ངེས་དགོས་ཀྱི་ཡོའོ་རེད་ཟེར།
  • ཨོའོ་སངས་རྒྱས་བྱོན་སྟངས། གཅིག་གཅིག་རང་ཡིན་པ་འཛམ་བུ་གླིང་ལ་གཅིག་བསྒྱུར་གྱི་ལྟ་བ་གཅིག་རེད།དེ་མ་རེད་གསུངས་ཀྱི་ཡོའོ་རེད།
  • སངས་རྒྱས་བྱོན་སྟངས་མང་པོ་ཞེ་དྲགས་ཡོའོ་རེད་ཟེར་གྱི་ཡོའོ་རེད། ཨ་ནི་མི་ཚོས་དོགས་པ་བཟའ་གི་རེད་པ།
  • དེ་ནི་སངས་རྒྱས་གཅིག་ལས་མེད་པ་ལ་ཁོ་ཡོང་སྟངས་ལ་མང་པོ་ཞེ་དྲགས་བྱུང་པ་དེ་འདྲས་ག་རེ་ཡིན་ནམ། ཟེར་གྱི་རེད་པ།
  • ཨོའོ་དེ་ག་རེ་རེད་ཟེར་ན། ཨོའོ་དེ་སྐྱོན་ཡོའོ་མ་རེད།ཟེར། དེ་སྐྱོན་མེད་པ་ག་རེ་རེད་ཟེར་ན།
  • སངས་རྒྱས་ཟེར་ཡས་དེ་ཐབས་མཁས་པོ། ཐུགས་རྗེ་ཆེན་པོ་ཞེ་དྲགས་རེད།ཟེར།
  • ཐབས་མཁས་པོ་དང་ཐུགས་རྗེ་ཆེན་པོ་ཞེ་དྲགས་ཡིན་དུས་ཙམ་ནས་སངས་རྒྱས་ཀྱི་སྔོན་མ་རྒྱ་གར་ལ་ཆོས་ཀྱི་འཁོར་ལོ་བསྐོར་བྱས་བཞུགས་དུས་ཙམ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ནས། སངས་རྒྱས་ཆོས་གསུངས་པའི་སྐབས་ལ་ཡིན་ན།
  • ཆོས་ཞུ་མཁན་གྱི་གང་ཟག ཆོས་ཞུ་མཁན་གྱི་ད་གདུལ་བྱ་ཡོའོ་རེད་པ། གདུལ་བྱ་དེའི་ཚོའི་བསམས་པ་ཟེར་ནའི་འདྲ་བསམ་བློ་འཁྱེར་བཟོ་སྣ་མིན་སྣ་ཚོགས་རེད་ཟེར།
  • རང་རང་སོ་སོའི་སེམས་ཀྱི་སྟོབས་གཅིག་ཡོའོ་རེད་པ། ནུས་པ་གཅིག་ཡོའོ་རེད་པ་དེ་ཡང་ཆེ་ཆུང་སྣ་མིན་སྣ་ཚོགས་རེད་ཟེར།
  • བྱས་ཙང་སེམས་ཀྱི་སྟོབས་ནུས་པ་ཆེ་ཆུང་ཤེས་རབ་ཀྱི་ཆེ་ཆུང་སྣ་མིན་སྣ་ཚོགས་སོང་ཙང་། ཨ་ནི་སངས་རྒྱས་ཀྱི་ཆོས་གསུངས་དུས་ཙམ་ནས་གང་ཟག་ཉན་མཁན་ཁོ་རང་གི་བློའི་སྟོབས་ཁོ་ལ་དཔགས་བྱས་ཨ་ནི་ཆོས་གསུངས་ཀྱི་རེད་ཟེར།
  • ཨོའོ་ཁོ་ལ་ཡ་ཆོས་འདི་ག་ཙམ་ཞིག་བཤད་ན། ཨ་ནི་ཁོས་ནུས་པ་དེ་གས་འཁྱོག་ཐུབ་པ་ཨོའོ་ཁོ་ཆོས་དེ་གོ་ཐུབ་པ། འོ་དེ་སངས་རྒྱས་ཀྱི་མཁྱེན་གྱི་ཡོའོ་རེད།
  • མཁྱེན་གྱི་ཡོད་པ་སོང་ཙང་། ཨ་ནི་ཁོ་རང་ལ་འཚམས་པའི་ཆོས་གཅིག་གསུངས་ཀྱི་ཡོའོ་རེད།
  • བྱས་ཙང་ཁོས་ཁོ་རང་ལ་འཚམས་པའི་ཆོས་གཅིག་གསུངས་ཀྱི་ཡོད་ཙང་ཁོས་ཨ་ནི་ང་ལ་སངས་རྒྱས་ཀྱི་ཆོས་འདི་འདྲས་གཅིག་གསུངས་བྱུང་།
  • ཡང་གཞན་དག་གཅིག་ལ་སངས་རྒྱས་ཀྱིས་ཁོ་རང་གི་བློ་ལ་དང་པོ་དེ་ལ་བཤད་པ་ནང་བཞིན་ཁོས་ཏིག་ཙི་གཅིག་གོ་ཐུབ་ཀྱི་མེད་འདུག་ན། ཡང་དེ་ལས་ཏིག་ཙི་དམའ་བ་གཅིག་བཤད་ཀྱི་རེད།
  • ཨོའོ་བྱས་ད་་དེ་འདྲས་ཀྱི་རིམ་པ་མང་པོ་ཞེ་པོ་གཅིག་བྱུང་པ་རེད་པ། ཨོའོ་རིམ་པ་མང་པོ་བྱུང་པ་སོང་ཙང་། སངས་རྒྱས་བྱོན་ཚུལ་དེ་ལ་ཡང་མང་པོ་ཡོའོ་རེད།
  • ཨོའོ་བྱས་ཙང་ཁོས་མང་པོ་ཞེ་པོ་འདུག་ཟེར་ཡས་ད་གའི་འདུག་བཟོ་བྱུང་པ་རེད།
  • དེ་ང་རང་ཚོ་ཧང་བསམས་ནས་ཨོའོ་ད་འདི་ལ་ཁུངས་དང་ལུང་དང་རྒྱུ་མཚན་གའི་མེད་པ་འདྲ། གང་བྱུང་མ་བྱུང་མིས་བཟོས་གྱོག་གཅིག་འདྲ། དེ་འདྲས་ཟེར་ཡས་ཡོའོ་མ་རེད་ཟེར་གྱི་ཡོའོ་རེད།
  • འོང་ཡག འདི་ལ་སངས་རྒྱས་བཅོམ་འདས་ཀྱི་གསུང་སའི་ཡུལ་དེ་ལ་ཡ་ཨོའོ་སངས་རྒྱས་ཟེར་ཡས་དེ་མཁས་པོ་ཞེ་དྲགས་ཡོའོ་རེད་ཟེར།
  • མཁས་པོ་ཡོད་ཙང་ཁོ་རང་གཅིག་གི་བཀའ་ཆོས་གསུང་དགོས་ཀྱི་འདུག་ན། བཀའ་ཆོས་གསུངས་སའི་ཕ་ནང་ངོགས་དེའི་ཡུལ་དེ་ལ་བསམས་བློའི་འཁྱེར་བཟོ་འདྲ་དེ་ཁོ་ཁོང་གི་དབང་པོའི་ནུས་པ་འདྲ་པོ་ད་གཅིག་གི་སྟོབས་འདྲ་པོ།
  • ད་གཅིག་གི་གཅིག་གི་སེམས་ཀྱི་དེངས་ཚད་འདྲ་པོ་དེ་ག་འདྲའི་འདྲ་གཅིག་སླེབས་འདུག སྣོད་དུ་རུང་གི་འདུག་མི་འདུག ཆོས་ག་རེ་བཤད་ཡས་ཀྱི་སྣོད་དུ་སླེབས་འདུག
  • ཨོའོ་དེ་ཆ་ཚང་ཧ་གོ་གི་ཡོའོ་རེད་མཁྱེན་གྱི་ཡོའོ་རེད། བྱས་ཙང་ད་ཁོས་ཆོས་གསུངས་དུས་མཁས་པོ་ཞེ་དྲགས་ཡོའོ་རེད།
  • ཁོའི་བློ་དང་འཚམས་ཐུབ་པ་གཅིག་གསུངས་ཐུབ་ཀྱི་ཡོའོ་རེད།
  • ཨོའོ་སོང་ཙང་ཁོས་ད་སྣ་མིན་སྣ་ཚོགས་འཇིག་རྟེན་འདིའི་གི་སྒང་ལ་སངས་རྒྱས་ཀྱི་ཆོས་ལ་སྣ་མིན་སྣ་ཚོགས་འདི་ནས་བྱུང་པ་རེད་བྱས་པ་རེད།
  • འོང་ཡག དེ་འདྲས་ཟེར་བྱས་ནས་འགྲེལ་བཤད་རྒྱག་དགོས་ཀྱི་ཡོའོ་རེད་ད།
  • ལགས། ད་དེ་ནས་ཨེ། ད་འདི་འདྲས་ཟེར་སངས་རྒྱས་ཀྱི་ཐེག་པ་དམན་པ་དང་ཐེག་པ་གོང་མ།
  • ཐེག་པ་འོག་མ་གཅིག་གི་ག་རེ་ཟེར་དགོས་རེད་པས། ཐེག་པ་ཆེ་བ་དང་ཐེག་པ་ཆུང་བ་གཅིག་གི་དབང་གིས་བྱས་ནས་གསུངས་སྟངས་སྣ་མིན་སྣ་ཚོགས་མང་པོ་ཞེ་དྲགས་འདུག
  • ང་འདིར་རྒྱས་པར་བཤད་ཀྱི་མིན་པ་གསུངས་པ་རེད།
  • ད་འོ་ན་ཁྱེད་རང་འདིར་སངས་རྒྱས་བྱོན་སྟངས་བཤད་ན་གཅིག་བཤད་དགོས་རེད་པ། ཁྱེད་རས་གཅིག་བཤད་ཀྱི་ཡིན་ཟེར་སོང་ག ཟེར།
  • ད་འོ་ན་སངས་རྒྱས་བྱོན་ཚུལ་འདྲ་པོ་ག་རེའི་དབང་དུ་བྱས་བྱས་བཤད་ཀ་ཟེར་སོང་ན། འདིར་བྱང་ཆུབ་སེམས་པའི་སྡེ་སྣོད་གསུམ་གྱི་དབང་དུ་བྱས་ནས།
  • འོང་ད་ངས་འདིར་བཤད་ཡས་དེ་བྱང་ཆུབ་སེམས་པའི་སྡེ་སྣོད་ཀྱི་ནང་ལོགས་ནས་སངས་ཀྱི་བཀའ་ལ་ཡ། ཉན་ཐོས་ཀྱི་སྡེ་སྣོད་ཟེར་ཡོའོ་རེད།
  • བྱང་ཆུབ་སེམས་པའི་སྡེ་སྣོད་ཟེར་ཡོའོ་རེད། བྱང་ཆུབ་སེམས་པའི་སྡེ་སྣོད་ལ་ཡང་ཨ་ནི་གཅིག་གི་ང་རང་ཚོའི་གསང་སྔགས་ཀྱི་སྡེ་སྣོད་ཡོའོ་རེད།
  • ཡང་ཕ་རོལ་དུ་ཕྱིན་པའི་སྡེ་སྣོད་ཡོའོ་རེད།
  • སངས་རྒྱས་ཀྱི་ཐེག་པ་ཆེན་པོའི་ཆོས་ལ་ཡང་རིམ་པ་མང་པོ་ཡོའོ་རེད།
  • འོང་ཡག བྱས་ཙང་ད། བྱང་ཆུབ་སེམས་དཔའི་ཐེག་པའི་སྡེ་སྣོད་ཀྱི་དབང་དུ་བྱས་ནས་བཤད་ཀྱི་ཡིན་བྱས་པ་རེད།
  • བྱང་ཆུབ་སེམས་དཔའི་ཐེག་པའི་སྡེ་སྣོད་ཀྱི་ནང་ལོགས་ལ་གང་འདྲས་གཅིག་གསུངས་ཀྱི་ཡོའོ་རེད་ཟེར་ན།
  • འདི་འདྲས་གཅིག་གསུངས་བཞག་ཟེར།
  • སངས་རྒྱས་བཅོམ་ལྡན་འདས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཟེར་ཡས་དེ་སངས་རྒྱས་ཡས་ཀྱི་རྒྱུ་མཚན་གཅིག་ཡོའོ་རེད་པ།
  • ཨོའོ་ད་ཁོ་འདི་ནས་མར་གསུངས་ཀྱི་ཡོའོ་རེད།
  • སངས་རྒྱས་བཅོམ་ལྡན་འདས་ཟེར་ཡས་དེ་ཁོ་རང་ད་ལྟ་སངས་རྒྱས་ཀྱི་འབྲས་བུ་ཟེར་ཡས་གཅིག་འཐོབ་ཡོའོ་རེད་ཟེར།
  • དེ་འདྲས་ཀྱི་སངས་རྒྱས་ཀྱི་འབྲས་བུ་དེ་ག་ནས་འཐོབ་པ་རེད་ཟེར་ན། ཁོ་ལས་ཀ་གཅིག་ཡའི་མ་བྱས་པ་བྱས། རྒྱུ་གཅིག་ཡའི་མ་བསགས་པ་བྱས།
  • ཨ་ནི་འདུག་བཟོ་སྒུག་བསྡད་ནས་འཐོབ་ཡས་གཅིག་ཡའི་མ་རེད་ལ་ཡང་མིན་ན་ཁོ་རང་རླུང་རྟ་རྒྱུགས་བྱས་ཨ་ནི་གཅིག་གི་ལྷ་འདྲ་པོ་ར་གཅིག་གི་བཀའ་དྲིན་གྱིས་ཨ་ནི་འདུག་བཟོ་མར་སྟེར་བཞག་པ་དེ་འདྲས་མ་རེད་ཟེར།
  • འོ་ན་སངས་རྒྱས་ཟེར་ཡས་གོ་འཕང་དེ་གང་འདྲས་ཟེར་བྱུང་པ་རེད་ཁོ་ལ་ཡ་ཁོ་ད་ལྟ་སངས་རྒྱས་རེད། མི་ཚོ་གང་ག་ལོགས་ད་ལྟ་འཛམ་བུ་གླིང་གི་ཁོ་སངས་རྒྱས་རེད་ད།
  • ཟེར་ཁས་ལེན་ཡས་དེ་ག་ནས་བྱུང་བ་རེད།ཟེར་ན། སོ་སོ་རང་ཉིད་ཀྱིས་བསྒྲུབ་པ་རེད།
  • སོ་སོ་རང་ཉིད་ཀྱིས་དཀའ་ལས་བརྒྱབ་ནས་བསྒྲུབ་པ་རེད་ཟེར་གྱི་ཡོའོ་རེད། ད་སོ་སོ་རང་ཉིད་ཀྱིས་དཀའ་ལས་གང་འདྲས་ཟེར་བརྒྱབ་པ་རེད་ཟེར་ན།
  • སངས་རྒྱས་ཟེར་ཡས་ཀྱི་འབྲས་བུ་དེ་འོ་ན་གང་འདྲས་ཟེར་བསྒྲུབ་དགོས་རེད། དཀའ་ལས་གང་འདྲས་བརྒྱབ་ན་སངས་རྒྱས་ཀྱི་འབྲས་བུ་དེ་འཐོབ་ཀྱི་རེད་ཟེར་ན།
  • སངས་རྒྱས་ཟེར་ཡས་དེ་བསྒྲུབ་པ་ལ། སྔོན་ལ་ཨ་ནི་བྱང་ཆུབ་ཕྱོགས་ཏུ་སེམས་བསྐྱེད་དགོས་རེད་ཟེར། ཆ་རྐྱེན་དང་པོ་དེ། འོ་དེ་རེད།
  • བྱང་ཆུབ་ཕྱོགས་ཏུ་སེམས་བསྐྱེད་ཨ་ནི་ཆ་རྐྱེན་དང་པོ་དེ་བྱང་ཆུབ་ཕྱོགས་ཏུ་སེམས་བསྐྱེད་དགོས་ཀྱི་ཡོའོ་རེད་ཟེར།
  • བྱང་ཆུབ་ཕྱོགས་ཏུ་སེམས་བསྐྱེད་ཟེར་ན།ག་རེ་ཟེར་ཀྱི་ཡོའོ་རེད་ཟེར་ན། དེ་དེ་ཟེར་གྱི་ཡོའོ་རེད།
  • ད་ཁོ་རང་ད་ལྟ་སངས་རྒྱས་ཟེར་ཡས་དེ་ཁོ་རང་སྔོན་ལ་སངས་མ་རྒྱས་པའི་གོང་ལ་གནས་སྟངས་འདྲ་པོ་གང་འདྲས་གཅིག་ཟེར་ན། སེམས་ཅན་ཕལ་པ་ཨ།
  • ཨ་ནི་ང་རང་ཚོའི་ད་གཅིག་གི་འཇིག་རྟེན་འདིའི་སྒང་གི་སེམས་ཅན་ཕལ་པ་གཞན་དང་གཅིག་པ་གཅིག་རྐྱང་གནས་སྟངས་གཅིག་པ་གཅིག་རྐྱང་རེད་ཟེར་གྱི་ཡོའོ་རེད།
  • འོང་མི་ཡིན་ན་མི་ཕལ་པ། སེམས་ཅན་གཞན་དག་ཡིན་ན། སེམས་ཅན་་ཕལ་པ་གཞན་དག་དེ་ཚོ་དང་གནས་སྟངས་གཅིག་པ་གཅིག་རྐྱང་། དང་པོའི་གནས་ཚད་གཅིག་པ་རེད།
  • ཡིན་ན་ཡང་ད་ད་ལྟ་སངས་རྒྱས་ཟེར་བྱས་བྱས། གོང་དུ་འཕགས་སེམས་ཅན་མཐའ་མལ་པ་ཟེར་འོག་ཏུ་ལས་བསྡད་པ་ཡོད་པ་དེ་འདྲས་ཀྱི་ཁྱད་པར་དེ་ག་ནས་ཤོར་པ་རེད་ཟེར་ན།
  • ཨོའོ་སངས་རྒྱསམཁན་གྱིས་གང་ཟག་དེས་སྔོན་མ་སངས་རྒྱས་དགོས། རྒྱུ་རྒྱ་རྐྱེན་ཕན་སུམ་ཚོགས་པ་གཅིག་ཁོང་རང་སློབ་ཁོང་རང་གི་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་བསགས་པ་ལ་བརྟེན་ནས།
  • ཨ་ནི་ཁོང་རང་ལ་འབྲས་བུ་གཞན་ལ་མེད་པའི་འབྲས་བུ་གཅིག་ཁོང་རང་ལ་འདུག་བཟོ་འཐོབ་པ་རེད།
  • འོང་ད་དེ་དེ་འདྲས་ཀྱི་འབྲས་བུ་དེ་འཐོབ་པ་ལ་ཆ་རྐྱེན་དང་པོ་དེ་ག་རེ་དགོ་རེད་ཟེར་ན།
  • བྱང་ཆུབ་མཆོག་ཏུ་སེམས་ཟེར་ཡས་དེ་བསྐྱེད་དགོས་རེད་བྱས་པ་རེད།
  • བྱང་ཆུབ་མཆོག་ཏུ་སེམས་ཟེར་ཡས་དེ་བསྐྱེད་ཟེར་ན་སེམས་བསྐྱེད་ཟེར་ཡས་དེ་ག་རེ་ཟེར་གྱི་ཡོའོ་རེད་ཟེར་ན།
  • དེའི་མིང་གཅིག་ལ་བྱང་ཆུབ་ཀྱི་སེམས་ཡང་ཟེར་ར་རེད། མིང་གཅིག་ལ་སེམས་བསྐྱེད་ཡང་ཟེར་ར་རེད།
  • ཨོའོ་ཡག་ད་དེ་འདྲས་ཀྱི་རྡོག་རྡོག་བྱས་པ་ཡིན་ན། སེམས་དེའི་ནང་ལོགས་ལ་ང་རང་ཚོ་སྐུལ་སློང་བཟང་པོ་ཞེ་པོ་གཅིག་བསྐྱེད་དགོས་ཀྱི་ཡོའོ་རེད།
  • བསམ་པ་བཟང་པོ་གཅིག བསམ་པ་བཟང་པོ་གང་འདྲས་ལྟ་བུ་གཅིག་བསྐྱེད་སོང་ན་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཟེར་གྱི་ཡོའོ་རེད་ཟེར་ན།
  • འོང་ཁམས་གསུམ་གྱི་སེམས་ཅན་ཁམས་གསུམ་གྱི་སེམས་ཅན་ཟེར་ན། འཇིག་རྟེན་ཡོད་ཚད་སྒང་གི་སེམས་ཅན་ཟེར་ཡོའོ་རེད་ད།
  • འཇིག་རྟེན་ག་ཚོད་ཡོའོ་རེད་ཟེར་ན། ང་རང་ཚོས་ཚོད་དཔགས་ཐུབ་ཡས་ཡོའོ་མ་རེད་པ།
  • འཇིག་རྟེན་མང་པོ་ཞེ་པོ་ཡོའོ་རེད་པ། དེ་འདྲས་ཀྱི་འཇིག་རྟེན་ཐམས་ཅད་ཀྱི་ནང་ན་གནས་པའི་སེམས་ཅན་དེ་དག་ཐམས་ཅད་ད། སེམས་ཅན་ལ་ང་རང་ཚོ་ད་མིག་གིས་ད་ལྟ་མཐོང་པའི་སེམས་ཅན་ཡོའོ་རེད།
  • ང་རང་ཚོ་ཤའི་མིག་གིས་མ་མཐོང་བའི་སེམས་ཅན་ཕྲ་མོ་ཁོ་རའི་ཆོབ་དོ་ཡོའོ་རེད། འོ་དེ་སྔོན་མ་སངས་རྒྱས་བཅོམ་ལྡན་འདས་ཁོ་རང་གིས་གསུངས་པ་རེད།
  • ང་རང་ཚོ་རྩ་ཅིག་དག་མ་གཅོད་ཨ་ཟེར། མེ་ཏོག་དང་ཤིང་ཅིག་དག་མ་གཅོད་ཨང་ཟེར་ས་དང་དེ་ཚོ་མ་བཀོག་ཨ།
  • ཡར་གང་བྱུང་མ་བྱུང་མ་བྱེད་ཨ་ཟེར། ཨ་དེ་ཟེར་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན།
  • སེམས་ཅན་ང་རང་ཚོའི་ཤའི་མིག་གིས་མ་མཐོང་བའི་སེམས་ཅན་མང་པོ་ཞེ་དྲགས་དེ་ལ་བརྟེན་ནས་འཚོ་གནས་བྱེད་ཀྱི་ཡོའོ་རེད་ད།
  • ཁོང་ཚོ་ལ་གནོད་པ་འགྲོ་གི་རེད་ད། སངས་རྒྱས་ཀྱིས་སྔོན་མ་ནས་འདི་འདྲས་ཟེར་གྱི་ཡོའོ་རེད།
  • ང་རང་ཚོའི་ཤའི་མིག་གིས་མཐོང་གི་མ་རེད་པ། སངས་རྒྱས་ལ་གང་འདྲས་ཟེར་གཟིག་པ་རེད་ཨ་ནི།
  • ཨོའོ་ཨ་ནི་སྐབས་དེ་དུས་ཨ་ནི་གཅིག་གི་ལག་ཆ་འདྲ་པོ་ཤེལ་སྒོ་འདྲ་པོ་བེད་སྤྱོད་བཏང་བྱས་ཆེ་ཤེལ་འདྲ་པོ་དེ་འདྲས་བེད་སྤྱོད་བཏང་བྱས་མཐོང་ཡས་ནི་ཡོའོ་མ་རེད་པ།
  • བལྟ་ཡས་ནི་ཡོའོ་མ་རེད་པ། ཡིན་ན་ཡང་འདི་འདྲས་གང་འདྲས་ཟེར་གཟིགས་པ་རེད་ཟེར་ན།
  • འོ་ད་དེ་ཁོང་རང་སངས་རྒྱས་ཙང་ཤེས་རབ་ཁོས་གཟིགས་ཀྱི་ཡོའོ་རེད་ད།
  • ཨོའོ་བྱས་ཙང་ཁོས་སངས་རྒྱས་ལ་ཤེས་རབ་ཆེན་པོ་དེ་འདྲས་གཅིག་ཐོབ་བསྡད་ཡོའོ་རེད་པ། ཨོའོ་དེ་འདྲས་ཀྱི་ཐོབ་པ་དེ་ལ་མ་རྩ་དེ་ལ་དང་པོ་དེ་ལ་ག་རེ་དགོ་རེད་ཟེར་ན།
  • སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཨ་ནི་ང་བླ་ན་མེད་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་གཅིག་འཐོབ་པར་ཤོག་ཅིག་ཨང་བསམ་བསམས་ཀྱིས་དེ་འདྲས་ཀྱི་བསམ་པ་བཟང་པོ་གཅིག་དགོ་རེད།
  • དེ་འདྲས་ཀྱི་བསམ་པ་བཟང་པོ་དེ་ཁྱེད་རང་ལ་རྦད་དེ་ནང་ལོགས་ནས། སྐུལ་མ་བཏང་ཚར་ར་ད་ག་ཁོང་རང་ཚོ་དཔེར་ན་རྟ་པོ་ལ་ཡ་ལྕགས་མཚན་བཞུ་གི་རེད་པ།
  • ཨོའོ་ལྕགས་མཚན་དེ་དང་འདྲ་པོ་རེད་སེམས་བསྐྱེད་ཟེར་ཡས་དེ། སེམས་བསྐྱེད་ཟེར་ཡས་དེ་ཡོད་སོང་ན་ཨ་ནི་ཁྱེད་རང་གི་རྟ་ཕོ་དེ་བསྡད་ས་ཡོའོ་མ་རེད་ད།
  • ག་རེའི་ཕྱོགས་སུ་རྒྱུགས་དགོ་རེད་ཟེར་ན། བྱང་ཆུབ་སྒྲུབ་ཡས་ཀྱི་ལམ་ཁ་དེ་ལ་རྦད་ཏེ་རྒྱུག་འགྲོ་དགོས་རེད་ད། ཨོའོ་བྱང་ཆུབ་ཀྱི་སེམས་དེ་འདུག་བཟོ་ཞུ་གི་ཡོའོ་རེད།
  • འོ་ཁྱེད་ར་མགྱོགས་པོ་ཕྱིན་ཨ་ཟེར། མགྱོགས་པོ་མ་ཕྱིན་ན་ག་རེ་བྱེད་ཀྱི་རེད་ཟེར་ན།
  • ཁྱེད་རང་ལ་སྡུག་བསྔལ་ཡོད་པ་ཙམ་དུ་མ་ཟད་སེམས་ཅན་གཞན་དག་ལ་ཡང་སྡུག་བསྔལ་ཞེ་དྲགས་ཡོའོ་རེད་ད། སྡུག་བསྔལ་ཞེ་པོ་བཟོ་གི་ཡོའོ་རེད་ད།
  • འོ་དེ་ཚོའི་སྡུག་བསྔལ་ལ་ཐར་ར་གཅིག་མ་བཟོས་ན། ཨ་ནི་ཁྱེད་རང་ཕོ་ཁྱོ་ག་མ་རེད་ཟེར་བྱས་བྱས་འོ་ཁོ་བྱང་ཆུབ་སེམས་ཟེར་ཡས་དེ་འོ་ཁོ་ལ་ཤུགས་བརྒྱོབ་རོགས་བྱེད་ཀྱི་ཡོའོ་རེད།
  • སེམས་བཟང་པོ་ཁོས་སྐུལ་ནས་ཨོའོ་ད་དེ་འདྲས་ཀྱི་སེམས་བཟང་པོ་འཁྱེར་བྱས་ཁོ་ག་རེ་བྱེད་དགོ་གི་ཡོའོ་རེད་ཟེར་ན། སངས་རྒྱས་སར་འགྲོ་དགོས་རེད་པ།
  • སངས་རྒྱས་ཀྱི་ས་ལ་འགྲོ་དུས་ཙམ་ནས་ལམ་ཁ་དཀར་པོའི་བཟོ་འདྲ་རྒྱ་ཆེན་པོ་གཅིག་ལ་འགྲོ་ཡས་མ་རེད་པ། འོ་ན་ག་རེ་རེད་ཟེར་ན།
  • ཨེ་སེམས་བཟང་པོ་དེ་ལ་བརྟེན་བྱས་ཨ་ནི་སེམས་བཟང་པོ་དེའི་སྒོ་ནས། ཨ་ནི་སྦྱིན་པ་བཏང་དགོས་ཀྱི་ཡོའོ་རེད། སེམས་བཟང་པོ་དེའི་སྒོ་ནས་ཚུལ་ཁྲིམས་སྲུང་དགོས་ཀྱི་ཡོའོ་རེད།
  • སེམས་བཟང་པོ་དེའི་སྒོ་ནས་བཟོད་པ་བསྒོམ་དགོས་ཀྱི་ཡོའོ་རེད། ཨེའི་བྱང་ཆུབ་ཀྱི་ཆེད་དུ་བརྩོན་འགྲུས་བརྩོམས་དགོས་ཀྱི་ཡོའོ་རེད། བསམ་གཏན་སྒོམས་དགོས་ཀྱི་ཡོའོ་རེད།
  • ཤེས་རབ་བསྐྱེད་དགོས་ཀྱི་ཡོའོ་རེད། ཕར་རོལ་དུ་ཕྱིན་པ་དྲུག་ཟེར་ར་རེད།
  • འོ་ཕར་རོལ་དུ་ཕྱིན་པ་དྲུག་པོ་དེ་ལ་སློབ་ཨ་ནི་དེ་ནས་བསྡུ་བའི་དངོས་པོ་བཞི་པོ་དེ་ལ་སློབ་ཨོའོ་དེ་གས་དེའི་སྒོ་ནས་ཕར་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞིའི་སྒོ་ནས་ཨ་ནི་སངས་རྒྱས་ཀྱི་ལམ་ཁ་དེ་ལ་འགྲོ་དགོས་ཀྱི་ཡོའོ་རེད་ད།
  • དེ་ལ་སངས་རྒྱས་ཀྱི་ལམ་ཟེར་ར་རེད། རེད་མ་གཏོགས་གཅིག་གི་ང་རང་ཚོ་རིང་ཚད་ཀྱི་ལམ་དེ་མ་རེད་པ།
  • འོང་ཁྲེ་ཙེ་རྒྱག་ཡས་ཡོད་པའི་ལམ་དེ་ཟེར་ར་མ་རེད། འོ་ན་ག་རེ་ལ་ཟེར་ར་རེད་ཟེར་ན།
  • རྟོགས་པའི་སེམས་ཀྱི་རིམ་པ་གཅིག་ཡོའོ་རེད་པ་དེ་ལ་ལམ་ཟེར་ར་རེད། འོ་ལམ་དེ་འགྲོ་དགོ་གི་ཡོའོ་རེད།
  • ཨ་ནི་ལམ་འདི་ལ་བཞུགས་པ་ལ་བརྟེན་ནས་ཨ་ནི་མཐར་ཐུག་ལམ་དེ་གྱད་ལ་སྦྱང་སྦྱང་སློབ་སློབ།སློབ་སློབ་པའི་འབྲས་བུ་ཁོ་ལ་ག་རེ་འཐོབ་ཀྱི་ཡོའོ་རེད་ཟེར་ན།
  • ཨ་ནི་རྗེས་མག་ནས་སངས་རྒྱས་ཟེར་ཡས་དེ་འཐོབ་ཀྱི་ཡོའོ་རེད་བྱས་པ་རེད།བྱས་ཙང་ད་ཁོས་སངས་རྒྱས་ཟེར་ཡས་དེ་འཐོབ་པ་ལ་ཆ་རྐྱེན་དང་པོ་དང་པོ་ཨེ་ཏིག་བ་་ཁོ་ལ་ག་རེ་དགོ་རེད་ཟེར་ན།
  • བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཟེར་ཡས་དེ་དགོས་ཀྱི་འདུག་གང་།ཨོའོ་བྱས་ཙང་ད་སངས་རྒྱས་འཇིག་རྟེན་འདི་ལ་ང་རང་ཚོ་ད་སང་ཨོའོ་སྔོན་མ་སྤྱི་ལོའི་སྔོན་གྱི་ལོ་ལྔ་བརྒྱ་དྲུག་བརྒྱ་སྔོན་ལ་སངས་རྒྱས་ཟེར་ཡས་གཅིག་རྒྱ་གར་ལ་བྱོན་པ་རེད།
  • དེ་འདྲས་ཀྱི་སངས་རྒྱས་ཀྱི་འབྲས་བུ་ཁོང་ལ་ག་ནས་ག་རེ་བྱས་ནས་ཁོང་ལ་འཐོབ་རེད།ཟེར་ན།
  • ཁོང་གིས་སྔོན་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་རེད་ད། སེམས་བསྐྱེད་པའི་རྗེས་སུ་ཨ་ནི་ཁོང་གི་སྤྱོད་པ་ལ་སློབ་པ་རེད།
  • སྤྱོད་པ་ལ་སློབ་ནས་ཨ་ནི་གཞི་ནས་ཁོང་ལ་འབྲས་བུ་དེ་འཐོབ་པ་རེད།འདུག་བཟོ་ཟེར་རྒྱུ་རེད་པ། ཨོའོ་ད་འོ་ན་ཁོང་གིས་སེམས་ག་པར་བསྐྱེད་པ་རེད།ག་དུས་བསྐྱེད་པ་རེད་ཟེར་ན།
  • ད་དེ་ནས་མར་སྔོན་ལ་སེམས་བསྐྱེད་སྟངས་དེ་གསུངས་ཀྱི་ཡོའོ་རེད། འོང་། ཨེའི་དང་པོ་ཐུགས་བསྐྱེད་ཚུལ་ནི་བྱས་པ་རེད།
  • ད་དེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྟངས་དེ་རེད། ང་རང་ཚོས་ཞེ་ས་མ་བྱས་ན། སེམས་བསྐྱེད་པ། ཞེ་ས་བྱས་ན་ཐུགས་བསྐྱེད་པ།
  • ཐུགས་བསྐྱེད་ཟེར་དུས་ཙ་ནས་སེམས་་སྔར་མེད་པ་གཅིག་གསར་པ་བཟོས་པ་ཟེར་གྱི་ཡོའོ་རེད།གསར་པ་བསྐྱེད་པ་ཟེར་གྱི་ཡོའོཔ་རེད་པ།སེམས་གང་འདྲས་གཅིག་སྔ་མ་མེད་པ་སེམས་གསར་པ་གང་འདྲས་གཅིག་བསྐྱེད་པ་རེད་ཟེར་ན།
  • སྔ་མ་ང་རང་གཙོ་བོ་བྱས་བྱས་ང་ལ་བདེ་བ་དགོས་ཀྱི་འདུག་ང་ལ་སྡུག་བསྔལ་མ་དགོས། ང་ལ་དབང་ཆ་དགོས་ཀྱི་འདུག ང་ལ་རྦད་ཏེ་གཅིག་གི་ཡག་ག་དེ་གས་དེ་དགོས་ཀྱི་འདུག་ཟེར།ང་དང་ང་ཟེར་གྱི་རེད་པ་གཙོ་བོ། ང་ཟེར་གྱི་རེད་པ།
  • ད་སེམས་བསྐྱེད་ཟེར་ཡས་སེམས་བཟང་པོ་དེ་ཁྱེད་རང་གིས་སློབ་སྦྱོང་བྱེད་མཁན་ཡིན་ན། ག་རེ་བྱེད་དགོས་རེད་ཟེར་ན།
  • ང་ཟེར་ཡས་ཀྱི་བསམས་པ་ངན་པ་དེ་ཕར་བཀག་ཚར་ར་ད་ག་སེམས་ཅན་གཞན་དེ་གྱད་དེ་སྙིང་བརྗེ། དེ་གྱད་དེ་ལ་སྡུག་བསྔལ་མེད་པ་ཤོག
  • དེ་གྱད་་དེ་ལ་བེད་བ་འཐོབ་པར་ཤོག དེ་གས་དེ་ལ་ཡག་པ་དང་བཟང་ང་ད་རྒྱལ་ཁ་གང་ག་དེ་གས་དེ་ལ་འཐོབ་པར་ཤོག
  • ཟེར་སེམས་བཟང་པོ་དེ་བསྐྱེད་དགོས་ཀྱི་ཡོའོ་རེད། ད་སྔོན་མ་ཡིན་ང་ཟེར་གཙོ་བོ་འཛིན་གྱི་ཡོའོ་རེད།
  • ད་སེམས་བསྐྱེད་ཟེར་ཡས་ཀྱི་སངས་རྒྱས་འཐོབ་ཡས་ཀྱི་རྒྱུ་དང་པོ་དེ་སེམས་བསྐྱེད་ཟེར་ཡས་དེ་རེད་པ། བྱས་ཙང་ད་སེམས་དེ་བློ་སྦྱོང་བྱེད་མཁན་ཡིན་ན།
  • གཞན་གཙོ་བོ་གཞན་གཅེས་པར་འཛིན་པ་ཟེར་ཡས་དེ་གཙོ་བོ་འཛིན་དགོ་གི་ཡོའོ་རེད། བྱས་ཙང་ད་བློ་དེ་ཉིད་བརྗེ་པོ་རྒྱག་རྒྱུ་རེད་པ།
  • སྔ་མ་ཡིན་ན་ངས་ང་ཟེར་ཡས་དེ་གཙོ་བོ་བྱས་བྱས་འཛིན་གྱི་ཡོའོ་རེད་པ། གཞན་ཟེར་ཡས་དེ་འང་ཁོའི་རེད།
  • གཞན་དག་གི་རེད་ཟེར་དུས་ཙམ་ནས་དབྱུག་བཞག་གི་ཡོའོ་རེད་པ། བསམས་བློ་བཏང་གི་མ་རེད་པ།
  • ད་སངས་རྒྱས་ཀྱི་ལམ་ཁ་ལ་འགྲོ་མཁན་ཡིན་ན་ད་སེམས་བསྐྱེད་ཟེར་དྱས་ཙམ་ནས་སེམས་ག་རེ་བསྐྱེད་དགོས་ཀྱི་ཡོའོ་རེད་ཟེར་ན། སྔ་མ་ང་སྐྱེ་འཛིན་ཟེར་ཡས་དེ་ཕར་གཡུག་བཞག
  • འོ་ད་གཞན་གཅེས་འཛིན་ཟེར་ཡས་དེ་ཚུར་ལེན་འོ་ཁྱེད་རང་གི་རྦད་ཏེ་ངས་མགྱོགས་པོ་མགྱོགས་པོ་སངས་རྒྱས་ཀྱི་གོ་འཕང་གཅིག་སྒྲུབ་ཚར་ར་ད་ག
  • ངས་སེམས་ཅན་གཞན་དག་དེ་གས་དེ་སྡུག་བསྔལ་ལས་སྒྲོལ་བར་བྱས། སེམས་ཅན་གཞན་དག་དེ་གས་དེ་བདེ་བ་གཅིག་སྤྲད་ཨ་ཟེར་བྱས་བྱས་སེམས་ཤུགས་དེ་འདྲས་གཅིག་དགོ་རེད།
  • དེ་ལ་སེམས་བསྐྱེད་པ་ཟེར་ར་རེད། ད་འདི་སེམས་དེ་བསྐྱེད་དགོ་གི་རེད་པ། སེམས་བཟང་པོ་དེ་བསྐྱེད་དགོས་རེད་པ།
  • ཐུགས་བསྐྱེད་ཚུལ་ནི་ཨ་ནི་ད་སངས་རྒྱས་ཀྱི་ཐུགས་བསྐྱེད་ཚུལ་དེ་ལ་ཡང་ཐེག་པ་ཆེན་པོའི་མདོའི་ནང་ལོགས་མ་ང་པོ་ཞེ་པོ་ཡོའོ་རེད།མང་པོ་དེ་ག་ནས་བྱུང་པ་རེད་ཟེར་ན།
  • ཨ་ནི་ང་རང་ཚོ་གང་ག་ལོགས་བྱང་ཆུབ་སེམས་དཔའ་ཡིན་ན་ཡང་བྱང་ཆུབ་སེམས་དཔའ་སོ་སོ་གནས་ཚད་འདྲ་གི་མ་རེད།
  • བྱང་ཆུབ་སེམས་དཔའ་ཁ་ཤས་ཤེས་རབ་ཆེ་བ། བྱང་ཆུབ་སེམས་དཔའ་ཁ་ཤས་སྙིང་རྗེ་ཆེ་བ། བྱང་ཆུབ་སེམས་པ་ཁ་ཤས་གཅིག་གི་ག་རེ་བློ་སྟོབས་འདྲ་པོ་ཆེ་བ། ཨོའོ་དེ་འདྲས་ཀྱིས་རང་རང་གི་རྟོགས་པའི་ནུས་པ་མི་འདྲ་བ་རེད།
  • ཨོའོ་བྱང་ཆུབ་སེམས་དཔའ་ལ་ཡང་ཨ་ནི་གཅིག་གི་རིམ་པ་མང་པོ་ཡོང་གི་རེད་པ། ཨོའོ་བྱས་ཙང་ཁོས་ཆོས་ཞུ་མཁན་གྱི་བྱང་ཆུབ་སེམས་དཔའ་རིམ་པ་་མི་འདྲ་བའི་དབང་གིས། ཨོའོ་བྱང་སེམས་དཔའ་སོ་སོའི་བློའི་རིམ་པ་ལ་ལྟོས་བྱས།
  • སངསརྒྱས་ཀྱི་ཁོང་རང་སྔོན་མ་ངས་སེམས་བསྐྱེད་དུས་འདུག་བཟོ་བྱས་པ་ཡིན་ད་སེམས་འདུག་བཟོ་བསྐྱེད་པ་ཡིན་ད། ཟེར་བྱས་བྱས་སེམས་བསྐྱེད་སྟངས་རིམ་པ་མང་པོ་གསུངས་ཡོའོ་རེད།
  • འོང་བྱས་ཙང་ང་རང་ཚོས་འཇིག་རྟེན་འདི་ན་སངས་རྒྱས་ཀྱི་གསུངས་པ་དེ་ཚོ་འཇིག་རྟེན་འདིའི་སྒང་ལ་ལྷག་བསྡད་ཡོའོ་རེད་པ།
  • ད་ལྷག་པ་དེ་ཚོའི་དབང་གིས། ཨ་ནི་ང་རང་ཚོའི་ཕྱི་རབས་ནས་ཨོའོ་ད་སངས་རྒྱས་ཀྱི་སེམས་བསྐྱེད་སྟངས་མང་པོ་ཞེ་པོ་གསུངས་བཞག གང་འདྲས་ཟེར་ཡིན་ན་ཟེར་ན།
  • བསམས་སོང་ན། དེ་སྐྱོན་ཡོའོ་མ་རེད་ཟེར། དོགས་པ་བཟའ་དགོས་མ་རེད་ཟེར།
  • རྒྱུ་མཚན་ག་རེ་རེད་ཟེར་ན། སེམས་བསྐྱེད་སྟངས་མང་པོ་བྱུང་པ་དེ་ག་རེད་ཟེར་ན།
  • ཨེ་དེ་རེད་ཟེར། ཨེ་དེ་གཅིག་གི་ང་རང་ཚོ་གདུལ་བྱའི་བསམ་པའི་དབང་གིས། ཨ་ནི་སངས་རྒྱས་ཀྱིས་སེམས་བསྐྱེད་སྟངས་མང་པོ་གཅིག་གསུངས་པ་རེད་གཅིག་གི་མ་གཏོགས་གཅིག་གིས།
  • ཨོའོ་ག་རེ་ཟེར་དགོས་རེད་དེ་ཚོ་འགལ་བ་ཡོའོ་མ་རེད་གསུང་གི་་ཡོའོ་རེད།
  • དེ་ཚོ་ནོར་འཁྲུལ་མ་རེད་གསུངས་ཀྱི་ཡོའོ་རེད། འོང་ད་དང་པོ། སྙིང་རྗེ་པད་དཀར་ལས་ཟེར།
  • སྙིང་རྗེ་པད་དཀར་ཟེར་ན་དེ་རེད། སངས་རྒྱས་ཀྱིས་གསུངས་པའི་མདོ་གཅིག་གི་མིང་རེད། མདོ་དེའི་མིང་ལ་སྙིང་རྗེ་པད་མོ་དཀར་པོ་ཟེར་ར་རེད།
  • འོ་ཡག་སྙིང་རྗེ་པད་མ་དཀར་པོ་ཟེར་ཡས་དེ་ཐེག་པ་ཆེན་པོའི་མདོ་རེད། འོང་ད་ཐེག་ཆེན་གྱི་མདོ་རེད།
  • ཐེག་ཆེན་གྱི་མདོ་སྙིང་རྗེ་པད་མ་དཀར་པོ་ཟེར་ཡས་དེའི་ནང་ལོགས་ལ་ཡང་། དེ་མདོ་ཡིན་དུས་ཙམ་ནས་སངས་རྒྱས་ཀྱིས་གསུངས་པ་རེད་ཟེར་གྱི་ཡོའོ་རེད་པ།
  • འོ་སངས་རྒྱས་ཀྱི་གསུང་པའི་སྙིང་རྗེ་པད་མ་དཀར་པོ་ཟེར་ཡས་དེའི་ནང་ལོགས་ལ་ག་རེ་གསུངས་ཡོའོ་རེད་ཟེར་ན།
  • སངས་རྒྱས་ཁོ་རང་གིས་སྔ་མ་ངས་ཨ་ནི་སངས་མ་རྒྱས་པའི་སྔོན་ལ་ང་སངས་རྒྱས་ཀྱི་ཆ་རྐྱེན་ཨང་དང་པོ་དེ་ག་རེ་བྱས་པ་རེད་ཟེར་ན། སེམས་བསྐྱེད་པ་རེད་ཟེར། ངས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རེད་ཟེར།
  • འོ་ངས་སེམས་ག་དུས་བསྐྱེད་པ་རེད། སངས་རྒྱས་སུའི་སྐུ་མདུན་ལ་ངས་སེམས་བསྐྱེད་པ་རེད། ཨོའོ་ད་དེ་གསུངས་ཀྱི་རེད།
  • འདུག་བཟོ་གསུངས་པ་རེད་བྱས་པ་རེད། སྙིང་རྗེ་པད་དཀར་ལས། བྲམ་ཟེ་རྒྱ་མཚོའི་རྡུལ་དུ་འགྱུར་པའི་ཚེ། སངས་རྒྱས་རིན་ཆེན་སྙིང་པོའི་དྲུང་དུ། དང་པོར་ཐུགས་བསྐྱེད་པ་གསུངས།
  • ཟེར་འོ་སྙིང་རྗེ་པད་དཀར་ལས་ཁོང་རང་ཨོའོ་སྐབས་དེ་དུས་བྲམ་ཟེ་གཅིག་ལ་སྐྱེ་བ་བླངས་འདུག་གང་། འོང་ད་སངས་རྒྱས་བཅོམ་ལྡན་འདས་ཟེར་ཡས་དེ་སྐུ་ཚེ་གོང་མ་གོང་མ་གོང་མ་གོང་མ་གཅིག་གི་གནས་ཚུལ་བཤད་ཀྱི་ཡོའོ་རེད་པ།
  • ཁོང་རང་སངས་མ་རྒྱས་པའི་སྐབས་ཀྱི་སྐྱེ་བ་གཅིག་གི་གནས་ཚུལ་བཤད་ཀྱི་ཡོའོ་རེད་པ།
  • སངས་མ་རྒྱས་ང་ཚོ་ནང་པ་སངས་རྒྱས་ཟེར་ཡས་དེ་ལ་ཁྱད་ཆོས་ཆེ་ཤོས་དེ་ག་རེ་རེད་ཟེར་ན། ཁྱེད་རང་ནང་པ་སངས་རྒྱས་པ་ཡིན་ནམ་མིན་ནམ་ལྟ་དུས་ཙམ་ནས།
  • ཨ་ལས་སྔན་༼སྔོན་༽དང་པོ་ཁོ་ར་ལ་ཡ་ཨ་ལས་གཅིག་གི་མི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་རེད་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་ཁོ་ཕྱིན་པའི་ཆ་རྐྱེན་ཁོ་ལ་ད་དུང་ག་རེ་ཁས་ལེན་དགོས་རེད་པས་ཟེར་ན།
  • ཚེ་སྔ་ཕྱི་ཟེར་ཡས་དེ་སྐྱེ་བ་སྔ་ཕྱི་ཟེར་ཡས་དེཡོད་པ། དེ་ཡིན་པ་ཁས་ལེན་དགོས་ཀྱི་ཡོའོ་རེད།
  • བྱས་ཙང་སངས་རྒྱས་ཀྱིས་ཁོ་རང་སྐྱེ་བ་སྔ་ཕྱི་ཡོད་པ་ཁས་ལེན་གྱི་ཡོའོ་རེད། སོང་ཙང་སངས་རྒྱས་ཁོ་རང་ད་རེས་སངས་རྒྱས་པ་རེད་པ།
  • སྐྱེ་བ་འདི་ལ། ཨོའོ་རེད་དའི་སངས་མ་རྒྱས་གོང་གི་སྐྱེ་བ་མང་པོ་གཅིག་གི་རིང་ལ་སངས་རྒྱས་འཐོབ་ཡས་ཀྱི་ཆེད་དུ་དཀའ་ལས་བརྒྱོབ་ཡོའོ་རེད་པ།ད་དེ་དཀའ་ལས་རྒྱག་མཁན་གྱི་གང་ཟག་དེ་ཚོ་ཁོང་རང་དང་སེམས་རྒྱུད་འདྲ་པོ་དེ་གཅིག་པ་རེད་པ།
  • སེམས་རྒྱུད་གཅིག་པ་རེད་དའི་ཡིན་ན་ཡང་སྐྱེ་བ་ཁོ་ཁག་ཁག་ཁག་ཁག་ལེན་བསྡད་ཡོའོ་རེད་པ། ཨོའོ་སོང་ཙང་། ད་སྔ་མ་སྔ་མ་ཁོང་རང་བྲམ་ཟེ་མིང་ལ་ཡ་རྒྱ་མཚོའི་རྡུལ་ཟེར་མཁན་གཅིག་ལ་སྐྱེ་བ་ལེན་དུས་ཙམ་ནས།
  • ཨ་ནི་ངས་དང་པོ་བྱང་ཆུབ་མཆོག་ལ་སེམས་བསྐྱེད་པ་ཡིན་གསུངས་ཀྱི་ཡོའོ་རེད།
  • འོང་ཡག་ཁོ་རང་གིས་ད་གཅིག་གིས་རྒྱ་གར་ལ་ཡ་དེ་འདུག་གང་རྒྱལ་པོའི་རིགས་ཟེར་ཡས། བྲམ་ཟེའི་རིགས་ཟེར་ཡས།
  • དམངས་རིགས་ཟེར་ཡས། གདོལ་རིགས་ཟེར་ཡས་མི་ལ་རིགས་མང་པོ་ཕྱེ་གི་འདུག་གང་། གྲལ་རིམ་ཨོའོ།
  • ད་དབྱེ་བ་མང་པོ་ཕྱེ་པ་སོང་ཙང་། སྔ་མ་སྔ་མ་སྔ་མ་གཅིག་གི་སྐབས་ལ། ཨ་ནི་བྲམ་ཟེའི་རིམ་པ་དེ་འདྲས་ལེན་པའི་སྐབས་གཅིག་ལ། ཁོང་རང་རིགས་འདྲ་པོ་བྲམ་ཟེའི་རིགས་འདྲ་པོ་སྐྱེ་བ་གཅིག་བཞེས་དུས་ཙམ་ལ།
  • ཨོའོ་ཨ་ནི་ངས་སེམས་བསྐྱེད་པ་ཡིན་ཟེར་སེམས་བཟང་པོ་དེ་དང་པོ་བསྐྱེད་པ་ཡིན་གསུངས་ཀྱི་ཡོའོ་རེད། ཨོའོ་འོང་དེ་དུས་ཙམ་ནས་ངའི་མིང་ལ་ཡ་རྒྱ་མཚོའི་རྡུལ་ཟེར་གྱི་ཡོད་ཟེར།
  • འོ་ངས་སེམས་བསྐྱེད་དུས་ཙམ་ནས་སེམས་བསྐྱེད་ས་དེ་སངས་རྒྱས་སུའི་སྐུ་མདུན་ལ་ངས་སེམས་བསྐྱེད་པ་ཡིན་པ་ཟེར་ན། སངས་རྒྱས་རིན་ཆེན་སྙིང་པོ་ཟེར་ཡས་གཅིག་སྐབས་དེ་དུས་ཨ་ནི་སངས་རྒྱས་གཅིག་ཕེབས་པ་རེད་ཟེར།
  • ཁོ་རང་ད་རྒྱ་མཚོའི་རྡུལ་ཟེར་ཡས་དེ་འཚོ་གནས་བྱེད་པའི་སྐབས་དེ་དུས་ཨ་ནི་་འཇིག་རྟེན་འདི་ལ་སངས་རྒྱས་དེ་བྱུང་བ་འདྲ་འདུག་གང་།
  • ཨ་ནི་སངས་རྒྱས་ཁོང་གི་མཚན་ལ་ཡ་སངས་རྒྱས་རིན་ཆེན་སྙིང་པོ་ཞུ་གྱི་ཡོད་པ་འདྲ་འདུག་གང་། ཨོའོ་ད་རིན་ཆེན་སྙིང་པོ་ཟེར་ཡས་དེའི་སྐུ་མདུན་ལ་དྲུང་དུ་ཟེར་དུས་ཙམ་ནས།
  • ཨོའོ་ད་ཁོང་ཡོད་ས་དེ་ལ་ཨ་ནི་ག་རེ་བྱས་པ་རེད་ཟེར་ན། འདི་ནི་ཁོང་སེམས་བཟང་པོ་གཅིག་བསྐྱེད་པ་རེད་ཟེར།
  • གང་འདྲས་ཟེར་བསྐྱེད་པ་རེད་ཟེར་ན། འོ་ད་ཁོང་ལ་ཡ་མཆོད་པ་ཕུལ་རེད་པ་མཆོད་པ་ལ་ག་རེ་ཡིན་ནའི་སོ་སོར་མཆོད་པ་ག་རེ་ཡོད་ནའི་དེ་ཕུལ་ན་འགྲིག་གི་རེད་པ།
  • དེ་འདྲས་ཟེར་ཁོང་རང་བྲམ་ཟེ་རྒྱ་མཚོའི་རྡུལ་ཟེར་ཡས་དེའི་སྐབས་དུས་ཁོང་ཕྱུག་པོ་ཞེ་པོ་གཅིག་གི་བུ་ལ་སྐྱེས་པ་རེད།
  • དེ་ཁོང་རང་གི་པཱ་ལགས་དེ་ཕྱུག་པོ་ཞེ་པོ་གཅིག་ཡོའོ་རེད།
  • ཨོའོ་ཕྱུག་པོ་ཞེ་པོ་ཡོད་ཙང་ཨ་ནི་བུ་དེ་བྲམ་ཟེ་རྒྱ་མཚོའི་རྡུལ་དེ་ཡང་ཕྱུག་པོ་ཡོང་དགོས་རེད་་པ་པཱ་ལགས་ཕྱུག་པོ་ཡོད་ཙང་།
  • ཨ་ནི་ཁོང་རང་ཕྱུག་པོ་སོང་ཙང་ཁོང་རང་གིས་གཅིག་གིས་དངོས་པོ་མང་པོ་ཕུལ་ནས་སངས་རྒྱས་རིན་ཆེན་སྙིང་པོ་ལ་མང་པོ་ཕུལ་ནས་ག་རེ་བྱས་པ་རེད་ཟེར་ན།
  • ད་ངས་ཁྱེད་རང་ལ་མཆོད་པ་མང་པོ་ཕུལ་ཡོད་པ་ཕན་སུམ་ཚོགས་པོ་འདི་ཕུལ་པ་ལ་བརྟེན་ནས། མ་འོངས་པ་ལ་ང་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་འཐོབ་པར་ཤོག
  • ཟེར་བྱས་ནས་སེམས་བཟང་པོ་དེ་བསྐྱེད་པ་རེད། ཨ་ནི་དེ་ནས་བྱས་བྱས་ཁོང་བྱང་ཆུབ་སེམས་དཔའ་ཟེར་ཡས་དེ་ཆགས་པ་རེད། སེམས་བཟང་པོ་དེ་བསྐྱེད་ནས་བྱང་ཆུབ་སེམས་དཔའ་ཆགས་ཀྱི་རེད།
  • སེམས་བཟང་པོ་དེ་མེད་ན་བྱང་ཆུབ་སེམས་དཔའ་མ་རེད་ཟེར་གྱི་ཡོའོ་རེད། ཨོའོ་བྱས་ཙང་།
  • སྙིང་རྗེ་པད་དཀར་ཟེར་ཡས་དེའི་ནང་ལོགས་ནས་བྱས་ན་ཨ་ནི་སྔོན་མ་ཡང་བྲམ་ཟེ་རྒྱ་མཚོའི་རྡུལ་ཟེར་ཡས་གཅིག་གི་སྐབས་སུ་སྐྱེ་བ་ལེན་དུས་ཙམ་ནས་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་ཡིན་ཟེར་བྱས་བྱས། སེམས་བསྐྱེད་སྟངས་གཅིག་བྱུང་སོང་གང་།
  • ད་ཡང་དེ་ནས་ཡང་སེམས་བསྐྱེད་སྟངས་མི་འདྲ་བ་ཡང་དེ་གཅིག་གསུངས་པ་རེད། མདོ་སྡེ་བསྐལ་བཟང་ནས།བསྐལ་བཟང་ནས་ཟེར་ན་མདོ་སྡེ་བསྐལ་བཟང་ནས།
  • མདོ་སྡེ་བསྐལ་བཟང་ཟེར་ཡའི་དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཁོང་རང་གིས་དངོས་སུ་གསུངས་པའི་མདོ་གཅིག་རེད་པ། ཁོའི་མིང་ལ་ཡ་བསྐལ་བ་བཟང་པོ་ཟེར་ར་རེད།
  • མདོ་སྡེ་བསྐལ་བ་བཟང་པོའི་ནང་ལོགས་ལ་ག་རེ་གསུང་ཡོའོ་རེད་ཟེར་ན། ང་ནི་སྔོན་ཚེ་དམན་པར་འགྱུར་པ་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། འཇིམ་གང་ཆེན་པོས་ཕུལ་པར་བྱས་ནས་ཀྱང་། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ་ཞེས།
  • ཨོའོ་འདུག་བཟོ་གསུངས་པ་རེད་པ། དེས་ག་རེ་ཟེར་གྱི་ཡོའོ་རེད་ཟེར་ན། ཚིགས་བཅད་རེད་པ། ཨོའོ་འདིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཨོའོ་ཁོང་རང་གི་སྔ་མ་ཨ་ནི་རྒྱ་གར་རུ་ཨེ་ཀུན་དགའ་བོ་དང་ཁོང་རྣམས་རྣམ་པ་ལ་ཆོས་དེ་གསུངས་པ་རེད།
  • ག་རེ་གསུངས་པ་རེད་ཟེར་ན། ཨོང་ང་སྔོན་མ་སངས་རྒྱས་ཀྱི་ཆ་རྐྱེན་དང་པོ་ཁོ་ལ་ག་རེ་དགོ་རེད་ཟེར་ན།
  • སེམས་བསྐྱེད་དགོས་རེད་པ་བྱང་ཆུབ་མཆོག་ཏུ་བྱས་ཙང་ངས་བྱང་ཆུབ་མཆོག་ཏུ་སེམས་ག་དུས་བསྐྱེད་པ་རེད་ཟེར་ན། སྔ་མ་ཨ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་ཟེར་ཡས་གཅིག་ཨ་ནི་འཛམ་བུ་གླིང་འདིའི་སྒང་ལ་བྱོན་མྱོང་ཡོའོ་རེད་ཟེར།
  • ད་སངས་རྒྱས་ཤཱཀྱ་ཐུབ་ཁོང་རང་ཁོང་རང་ལའི་སངས་རྒྱས་ཤཱཀྱ་ཐུབ་པ་ཟེར་ར་རེད་པ། ད་ཁོང་རང་སངས་མ་རྒྱས་གོང་ལ་ཡང་འཛམ་བུ་གླིང་འདིའི་སྟེང་དུ་སྔ་མ་སྔ་མ་སངས་རྒྱས་ཤཱཀྱ་ཐུབ་པ་ཟེར་ཡས་གཅིག་བྱོན་མྱོང་ཡོའོ་རེད། ཟེར།
  • ཨོའོ་ཁོང་གི་སྐུ་མདུན་ལ་ཨ་ནི་ངས་སེམས་བསྐྱེད་པ་ཡིན་ཟེར། འོང་ང་དེ་དུས་སེམས་བསྐྱེད་དུས་ཙམ་ནས་ང་གང་འདྲས་གཅིག་གི་སྐྱེ་བ་བླངས་ཡོའོ་རེད་ཟེར་ན།
  • ང་ཨ་ནི་སྐབས་དུས་ཨེ་ག་རེ་ཟེར་དགོས་རེད་པས། ལས་ཀ་བྱེད་ཡས་འདྲ་པོ་ཁོ་ཨ་ནི་དེ་འདྲས་གཅིག་གི་རྫ་བཟོ་མཁན་ང་རང་ཚོ་བོད་ལ་ཡིན་ན།
  • རྫ་མ་ཡོའོ་རེད་པ་སྣོད་ཨ་ནི་ང་རང་ཚོ་ཐུག་པ་བསྐོལ་ས་ད་ཇ་བཞག་ས་དེ་འདྲས་གཅིག་གི་སྣོད་རྫ་མ་ཟེར་ཡས་གཅིག་ཡོའོ་རེད།
  • ཨོའོ་ད་དེ་འདྲས་ཀྱི་འོ་རྫ་མ་བཟོ་མཁན་གཅིག་ལ་ཡ་འོང་སྔོན་མ་རྒྱ་གར་གྱི་ལུགས་ལ་ཡང་རྫ་མ་བཟོ་གི་ཡོད་པ་འདྲ་འདུག་གང་འདི་ཨ་ནི་ང་རང་ཚོ་སྔོན་མའི་མི་རྣམས་ཀྱིས་བེད་སྤྱོད་བཏང་ཡས་ཀྱི་ཡང་སྣོད་ཆས་རེད་པ།
  • འོང་བྱས་ཙང་། འདི་འདྲས་བཟོ་མཁན་གྱི་སྐྱེ་བ་གཅིག་བླངས་ཚར་ར་ད་ག་ཨ་ནི་ལས་ཀ་ཁོ་རྫ་བཟོ་མཁན་བྱེད་ཀྱི་ཡོའོ་རེད་ཟེར།
  • བྱས་ཙང་ངས་ང་རང་གི་རྫ་བཟོས་པའི་རྫ་ཡག་པོ་གཅིག་གི་ནང་ལོགས་ལ་ཨ་ནི་འཇིམ་ལ་སོགས་པ་གི་ཨ་ནི་ཞལ་ལག་ཡག་པོ་དེ་འདྲས་བླུགས་ཨོའོ་དེ་འདྲས་ཀྱི་ཞལ་ལག་ཡག་པོ་དེ་རྫ་མ་དང་བཅས་པ་ཆ་ཚང་གིས་སངས་རྒྱས་ཤཱཀྱ་ཐུབ་པ་ཁོང་ལ་ཕུལ་ཁོང་ལ་ཕུལ་བྱས།
  • ཨ་ནི་ཁོང་གིས་མཆོད་པ་དེ་བཞེས་ཀྱི་རེད་པ།མཆོད་པ་དེ་བཞེས་པ་ད་ག་ཨ་ནི་ངས་ག་རེ་བྱས་པ་རེད་ཟེར་ན།
  • འོ་ད་ངས་སངས་རྒྱས་ཁྱེད་རང་ལ་མཆོད་པ་འདི་ཕུལ་པ་བརྟེན་པ་ནས། ད་ང་མ་འོངས་སངས་རྒྱས་ཀྱི་གོ་འཕང་འཐོབ།
  • ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་ནུས་པ་ཤོག་ཅེས་ཟེར་བྱས་བྱས། སངས་རྒྱས་ཁོང་རང་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སངས་རྒྱས་འཐོབ་ཡས་ཀྱི་སྨོན་ལམ་བརྒྱབ་པ་རེད་ཟེར་གྱི་ཡོའོ་རེད།
  • འོ་འདི་ཡང་སེམས་བསྐྱེད་པ་གཅིག་རེད་ཟེར།
  • ད་འདི་མདོ་སྡེ་བསྐལ་བཟང་ནས་གསུངས་ཚུལ་དེ་རེད་པ། ཨོའོ་འོང་ཡང་དྲིན་ལན་བསལ་བའི་མདོ་ལས་ཟེར་ཡང་བཅོམ་ལྡན་འདས་ཀྱིས་དྲིན་ལན་བསལ་བའི་མདོ་ཟེར་ཡས་གཅིག་གསུངས་པ་རེད།
  • འོ་དྲིན་ལན་བསལ་བའི་མདོ་ཟེར་ཡས་དེ་དྲིན་ལན་ག་རེའི་དྲིན་ལན་བསལ་རྒྱུ་ཡོའོ་རེད་ཟེར་ན།
  • ཨོའོ་འོང་བུ་ཕྲུག་གིས་དྲིན་ལན་ཕ་མའི་དྲིན་ལན་བསལ་རྒྱུ་ཡོའོ་རེད་པ། དགེ་ཕྲུག་གིས་དགེ་རྒན་གྱི་དྲིན་ལན་གསོ་རྒྱུ་རེད་པ། འོང་གཅིག་གི་ད་ཨོའོ་ད་ང་རང་ཚོའི་ཕར་ཚུར་དྲིན་མཇལ་ལ་དྲིན་དུ་བསམས་པ་ཟེར་ཡས་གཅིག་ཡོའོ་རེད་པ།
  • ཨོའོ་དེ་དྲིན་ལན་གསོ་བར་བསམས་པར་སྟོན་པའི་མདོ་གཅིག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་ཡོའོ་རེད་པ། ཨོའོ་འདི་འི་ནང་ལོགས་ལ་ཡང་བཅོམ་ལྡན་འདས་ཀྱིས་སེམས་བསྐྱེད་སྟངས་གཅིག་གསུངས་ཡོའོ་རེད།
  • འདིའི་ནང་ལ་སེམས་བསྐྱེད་སྟངས་ག་རེ་གསུངས་ཡོའོ་རེད་ཟེར་ན། ག་རེ་གསུངས་ཡོའོ་རེད་ཟེར་ན། སྟོན་པ་འདི་སྔོན་ལས་ཀྱིས་ནུས་པས་། དམྱལ་བར་ཤིང་རྟ་འདྲེན་པའི་གང་དུ་འཁྲུངས་པའི་ཚེ། ཟླ་བོ་སྟོབས་ཆུང་བ་ལ་སྙིང་རྗེ་སྐྱེས་པའི་རྐྱེན་གྱིས། དང་པོར་ཐུགས་བསྐྱེད་པ་བཤད་བྱས་པ་རེད།
  • དེས་ག་རེ་ཟེར་གྱི་ཡོའོ་རེད་ཟེར་ན། སངས་རྒྱས་བཅོམ་ལྡན་འདས་ཁོང་རང་སངས་མ་རྒྱས་པའིཨི་སྐྱེ་བ་གཅིག་ལ་ཡང་ག་པར་འཁྲུངས་པ་རེད།
  • སྐྱེ་བ་ག་པར་ལེན་པ་རེད་ཟེར་ན། དམྱལ་བར་སྐྱེ་བ་ལེན་པ་རེད་བྱས་པ་རེད།
  • སྐྱེ་བ་དེ་ཡག་པོ་མ་རེད་པ། འོང་ནང་པ་སངས་རྒྱས་པའི་ལུགས་ལྟར་ན་སྐྱེ་བ་ཡག་པོ་མ་རེད། འོ་ག་རེ་རེད་ཟེར་ན།
  • དམྱལ་བར་སྐྱེས་པ་རེད་ཟེར་དུས་ཙམ་ནས་ཁྱེད་རང་གིས་ཚེ་སྔོན་མ་དུག་ཅག་བྱས་པའི་རྟགས་རེད་པ། ལས་ཀ་ཡག་པོ་མ་བྱས་པ་རེད་པ།
  • ལས་ཀ་ཡག་པོ་མ་བྱས་ཙང་འགྲོ་ས་དམྱལ་པར་སྐྱེས་པ་རེད། འོང་ནང་པ་སངས་རྒྱས་པའི་ལུགས་ལ་ད་ད་རེས་ལས་ཀ་ཡག་པོ་མ་བྱས་ན། མི་གཞན་དག་ལ་གནོད་པ་བྱེད་ཡས་དང་མི་གཞན་དག་ལ་ཡ་མི་གཅིག་གི་ག་རེ་ཟེར་དགོས་ངན་པ་བྱས་པ་འོ་དེ་འདྲས་ཡིན་སོང་ན།
  • བྱས་པ་དེ་གས་དེ་མི་གཞན་དག་ཟེར་ནའི་ལས་སེམས་ཅན་གཞན་དག་ཟེར་གྱི་རེད་པ། ནང་པ་སངས་རྒྱས་པས་མི་གཅིག་གུ་མ་རེད་པ།
  • ཨོའོ་ནང་པ་སངས་རྒྱས་པ་ཟེར་ཡས་དེ་སྲོག་ཆགས་ཐམས་ཅད་ལ་གཅེས་སྤྲས་བྱེད་ཀྱི་ཡོའོ་རེད། ཟེར་གྱི་ཡོའོ་རེད། མི་གཅིག་གུ་མ་རེད།
  • འོང་སྲོག་ཆགས་ཐམས་ཅད་ལ་གཅེས་སྤྲས་བྱས་བྱས། འོང་སྲོག་ཆགས་ཐམས་ཅད་ལ་ཡ་རོགས་པ་བྱེད་དགོས་རེད་གསུངས་ཀྱི་ཡོའོ་རེད།
  • བྱས་ཙང་སྟོན་པ་དེ་ཡང་སྔོན་མ་མི་ང་རང་ཚོ་སེམས་ཅན་ཕལ་པ་དང་གཅིག་པ་ཁོང་རང་སངས་མ་རྒྱས་གོང་ལ་སེམས་ཅན་ཕལ་པ་དང་གཅིག་པ་རེད་པ། དེ་དུས་ཙམ་པ་ཁོང་རང་གིས་ལས་ཀ་སྡུག་པ་དེ་འདྲས་བྱེད་མྱོང་ཡོད་པ་འདྲ་འདུག་གང་།
  • བྱས་ནས་ཁོང་རང་དམྱལ་བར་མར་སྐྱེས་པ་རེད་ཟེར། ད་དམྱལ་བར་སྐྱེས་དུས་ཙམ་ནས་ཨ་ནི་མ་གའི་དམྱལ་བར་ཁོ་ལས་ཀ་ག་རེ་བྱེད་ཀྱི་བསྡད་པ་རེད་ཟེར་ན།
  • ཨ་ནི་ཤིང་རྟ་ད་་ང་རང་ཚོའི་དེ་ཞག་ཁ་སྐད་བྱས་པ་ཡིན་ན། འཐེར་ཀ་ཟེར་གྱི་རེད་པ། ཨ་ནི་འཁོར་ལོ་ཡོད་པ་ལ། ཨ་ནི་མདུན་ནས་རྟ་དང་གཅིག་གི་མི་དང་དེ་འདྲས་ཀྱིས་འཐེན་ནས་འགྲོ་ཡས་དེ་འདྲས་ཡོའོ་རེད་པ།
  • ཨོའོ་ད་དེ་འདྲས་འཐེན་མཁན་གཅིག་གི་སྐྱེ་བ་བླངས་ནས་ཨ་ནི་ཁོང་རང་དང་ཁོ་རང་གི་རོགས་པ་གཅིག་བྱས་བྱས་ཁོང་རང་དམྱལ་བའི་སེམས་ཅན་རེད་པ།
  • ཨ་ནི་ད་དུང་རོགས་པ་དམྱལ་བའི་སེམས་ཅན་གཅིག་བྱས། ཁོང་རང་གཉིས་དམྱལ་བའི་སེམས་ཅན་གཉིལ་སྐྱེས་བྱས་བྱས། ཨ་ནི་དམྱལ་བའི་སེམས་ཅན་གཉིས་ཀྱིས་ཤིང་རྟ་འཐེན་བྱས་འཐེར་ག་དེ་ཡར་འཐེན་བྱས་འགྲོ་གི་ཡོའོ་རེད་ཟེར།
  • ད་དེ་འགྲོ་དུས་ཙམ་ནས་ག་པར་འགྲོ་གི་ཡོད་ཡིན་ནམ་ད་དེ་ག་པར་འགྲོ་དགོས་ཀྱི་ཡོད་ནམ་ངེས་པ་ཡོའོ་མ་རེད་ཟེར། ག་རེ་ཡིན་ནམ་ཟེར་ན།
  • ཁོ་ཁོང་རང་ལས་ཀྱི་དབང་གིས་མ་འདྲས་གཅིག་སྐྱེས་པ་རེད་ལས་ཀ་ཁོ་ཡང་དེ་འདྲས་གཅིག་བྱེད་དགོས་ཀྱི་ཡོའོ་རེད། དེ་ལ་རྒྱུ་མཚན་དང་དམིགས་ཡུལ་ཁོ་ཞེ་དྲགས་ཡོའོ་མ་རེད།
  • ཁོང་རང་སྡུག་བསྔལ་དེ་མྱོང་དགོས་ཀྱི་ཡོའོ་རེད་པ། ད་ཁོའི་དབང་གིས་གད་འདྲ་པོ་དང་ད་གཅིག་གི་ཞེ་པོ་གཅིག་གིས་འཐེན་དགོས་ཀྱི་ཡོའོ་རེད་པ།
  • དེ་འཐེན་དུས་སྡུག་བསྔལ་ཞེ་དྲགས་ཡོའོ་རེད་ཟེར།
  • ད་སྡུག་བསྔལ་ཞེ་པོ་གཅིག་བྱས་བྱས་འཐེན་དུས་ཙམ་ནས་དཀའ་ལས་ཞེ་པོ་ཡོད་དུས་ཙམ་ནས། ད་ཁོང་རང་གི་རོགས་པ་གཅིག་ཡོའོ་རེད་པ།
  • འཐེན་རོགས་བྱེད་མཁན་གྱི་རོགས་པ་གཅིག་ཡོའོ་རེད་པ། ད་རོགས་པ་དེ་དཀའ་ལས་ཞེ་པོ་ཁག་ནས་ད་ཁྱོན་ནས་རིལ་གྲབས་བྱེད་ཀྱི་ཡོའོ་རེད་ད།
  • རིལ་གྲབས་བྱེད་དུས་ཙམ་ནས་དེ་ཡོའོ་རེད་པ། ལས་ཀྱི་དབང་གི་སྒྲུབ་པའི་གཤིན་རྗེ་ཟེར་ཡས་གཅིག་ཡོའོ་རེད་པ།
  • གཤིན་རྗེ་ཁོ་ཟེར་ཡས་ཁོ་མི་ལ་སྡུག་པོ་སྟེར་མཁན་གཞན་དག་གཅིག་ཡོའོ་མ་རེད། ག་རེ་ཡིན་ཟེར་ན་ཁོང་རང་གཉིས་དམྱལ་བར་ལ་སྐྱེས་ཡས་ཀྱི་ལས་བསགས་ཙང་ཨ་ནི་ཁོང་རང་གཉིས་ལ་སྡུག་པོ་སྟེཨེར་མཁན་གྱི་བཟོ་འདྲ་གཅིག་ཁོང་རང་གཉིས་ཀྱིས་མཐོང་གི་ཡོའོ་རེད་ད།
  • དངོས་གནས་བྱས་ན་ཡོའོ་མ་རེད་དའི་ཁོང་རང་གཉིས་ཀྱིས་མཐོང་གི་ཡོའོ་རེད།
  • ཁོང་རང་གཉིས་ལ་མཐོང་ཙང་ད་དེ་འདྲས་ཀྱི་དུག་ཅག་གཅིག་གིས་ཨ་ནི་སངས་རྒྱས་བཅོམ་ལྡན་འདས་ཁོང་རང་དང་ཁོང་གིས་རོགས་པ་འཐེན་གྱི་ཡོད་ཙང་རོགས་པ་ཁོ་དཀའ་ལས་ཁག་ནས་འཐེན་མ་ཐུབ་པ་བྱེད་དུས་ཙམ་ནས།
  • ཁོང་ཚོས་ཨ་ནི་སྒང་ནས་གཤིན་རྗེས་ཟེར་ཡས་ཁོང་ཚོས་བཞུས་པ་རེད་ལྕགས་ཀྱི་ཐོ་བོ་དེ་འདྲས་བཞུས་ཚར་ར་ད་ག་བཀོལ་གྱི་ཡོའོ་རེད། བཀོལ་དུས་ན་ཚ་ཞེ་པོ་ཡོང་གི་རེད་པ།
  • ཨ་ནི་འཐེན་མ་ཐུབ་པ་བྱས། མི་ཚོས་བཞུས་དེ་འདྲས་བྱེད་དུས་ཙམ་ནས་སྡུག་བསྔལ་ཞེ་དྲགས་ཡོའོ་རེད་བྱས་པ་རེད།
  • དེ་འདྲས་ཀྱི་སྡུག་བསྔལ་དེ་ཨ་ནི་སངས་རྒྱས་བཅོམ་ལྡན་འདས་ཁོང་རང་ད་ལྟ་དམྱལ་བ་པའི་སྐྱེ་བ་བཞེས་བསྡད་ཡོའོ་རེད་པ།
  • ད་ཁོང་རང་གིས་མཐོང་ནས་ད་ཨ་ཙི་སྙིང་རྗེ་ད་ཁོ་ད་དཀའ་ལས་ཞེ་པོ་གཅིག་འདུག་ག ད་ཁོ་གཡུག་་བཞག་ངལ་གསོ་འདྲ་པོ་ཏིག་ཙི་གཅིག་རྒྱག་རོགས་བྱུང་ན།
  • ང་རས་ཤུགས་བརྒྱབ་བྱས་འཐེན་བསམས་ནས་ཁོ་ལ་ངལ་གསོ་བརྒྱབ། ངལ་གསོ་རྒྱག་རུ་བཅུག ཨ་ནི་ཁོང་རང་གིས་ཚབ་ཏེ་ངས་བྱས་ནས་འཐེན་པ་རེད་ད།
  • ཨོའོ་འདུག་བཟོ་དཀའ་ལས་ཞེ་པོ་བརྒྱབ་ནས་སེམས་བཟང་པོ་ཞེ་པོ་གཅིག་བསྐྱེད་པ་རེད་པ་དེར། སེམས་བཟང་པོ་ག་རེ་བསྐྱེད་པ་རེད་ཟེར་ན།
  • འ་ཙི་ཁོ་སྙིང་རྗེ་ཁོ་ལ་སྡུག་བསྔལ་ཞེ་དྲགས་འདུག ད་ཁོའི་སྡུག་བསྔལ་དེ་མེད་རོགས་བྱས་ན།
  • ཁོའི་སྡུག་བསྔལ་དེ་མེད་ནས་ངལ་གསོ་ཏིག་ཙི་ཐེབས་རོགས་བྱས་ན། ཁོ་རའི་སྡུག་བསྔལ་དེ་གང་ག་ངས་ལེན་བྱས། ངས་འཐེན་དགོས་ཟེར་བྱས་པ་རེད་པ།
  • བྱས་ཙང་སེམས་བཟང་པོ་བྱང་ཆུབ་ཀྱི་སེམས་ཟེར་ཡས་དེ་འོ་འདུག་བཟོ་བསྐྱེད་པ་རེད།
  • འ་ཙི་ད་ཁོ་སེམས་ཅན་ཟེར་ཡས་དེ་ལ་སྡུག་བསྔལ་དེ་ག་འདྲ་འདུག་ག རྗེས་མ་ནས་སེམས་ཅན་སྡུག་ཅག་དེ་འདྲས་ཀྱི་སྐྱེ་བ་མ་ལེན་ཡས་འདི་དང་འདིས་མཚོན་པའི་སེམས་ཅན་གྱི་སྡུག་བསྔལ་ག་ཚཽད་དང་ག་ཚོད་མེད་ཞིང་།
  • སྡུག་བསྔལ་དེ་གྱད་དེ་གང་ང་ལོགས་མེད་པ་བཟོ་ཡས་ཀྱི་ཆེད་དུ་གི་ལོགས་མེད་པ་བཟོ་ཡས་ཀྱི་ཆེད་དུ་ང་སངས་རྒྱས་ཀྱི་གོ་འཕངས་གཅིག་དུས་ད་ལྟ་ཉིད་ཏུ་འཐོབ་པར་ཤོག་
  • ཨ་ནི་ངས་དཀའ་ལས་བརྒྱབ་དགོས་བསམས་བྱས། སེམས་བཟང་པོ་བསྐྱེད་པ་རེད། དེ་འདྲས་ཅིག་སེམས་བཟང་པོ་འདུག་བཟོ་ད་བསྐྱེས་པ་དང་།
  • ཨ་ནི་ཁོང་རང་གིས་སྔོན་མ་བསགས་པའི་སྡིག་པ་ལས་ཀ་སྡུག་ཅག་མང་པོ་ཡོའོ་རེད་པ། ཨོའོ་དེ་གྱད་དེ་གང་ག་ལོགས་ད་ག་རང་ལ་དག་པ་རེད།
  • ཨོའོ་དག་ནས་ཨ་ནི་ཁོ་དམྱལ་བའི་སེམས་ཅན་ལ་སྐྱེས་པ་རེད་ད། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེ་བ་སྔོན་མ་དམྱལ་བར་སྐྱེས་པ་ཅིག་ཡོའོ་རེད་པ།
  • ཁོ་ཤི་པ་རེད། ཁོ་ཤི་ནས་ཡར་ལྷ་ཡུལ་ལ་སྐྱེས་པ་རེད། བྱས་པ་རེད། ཁོ་ལྷ་ལ་སྐྱེས་ཨ་ནི་ཁོང་གིས་ཡ་རུ་ཐེག་པ་ཆེན་པོའི་ཆོས་ལ་ཡ་དེ་གནང་བྱས།
  • ཆོས་རྣམས་གནང་ནས་ཨོའོ། ཨ་ནི་སྦྱངས་པ་རེད་ཟེར། ཨེ། ཨོའོ་དེ་འདྲས་ཟེར་བྱས་བྱས། ཨ་ནི་འདི་ག་རེ་རེད་ཟེར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡང་དྲི་ལན་བསབས་པའི་མདོ་ནས།
  • ཨ་ནི་སེམས་བསྐྱེད་སྟངས་གཅིག་བསྟན་པ་རེད།
  • ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕུང་པོ་གསུམ་པ་ཟེར་ཡས་ཀྱི་མདོ་དེའི་ནང་ལོགས་ནས་ཡང་སེམས་བསྐྱེད་སྟངས་གཅིག་གསུངས་ཡོའོ་རེད། དེ་ག་རེ་རེད་ཟེར་ན།
  • སྔ་མ་སྔ་མ་ཡང་སངས་རྒྱས་ཁོང་རང་ཚོང་དཔོན་གྱི་བུ་མངོན་དགའ་ཟེར་ཡས་གཅིག་ལ་སྐྱེ་བ་བཞེས་ནས། ཨོའོ་དེ་དུས་ཨ་ནི་སངས་རྒྱས་མཛེས་ཆེན་ཞེས་པ་འཛམ་བུ་གླིང་ལ་ཕེབས་ནས། ཨ་ནི་ཁོང་གིས་ཆོས་གསུངས་པའི་སྐབས་དེ་ལ།
  • ཨ་ནི་ཚོང་དཔོན་མངོན་དགའ་ཟེར་ཡས་དེ་གིས་ཨོའོ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་པ་སེམས་བསྐྱེད་པ་རེད་བྱས་པ་རེད།
  • འོང་། རྫ་མཁན་གྱི་ཁྱིའི་སྣང་བྱེད་དུ་གྱུར་ནས་སངས་རྒྱས་ཤྭཀྱ་ཐུབ་པ་ལ་ཐུགས་བསྐྱེད་པར་བཤད་དེ། འོང་ད། མི་འདྲ་བ་ནི་གདུལ་བྱའི་བྱེ་བྲག་གམ། སྔ་ཕྱིན་ཡིན་པས་འགལ་བར་མི་སེམས་ཞེས། མཁས་པ་དག་གི་གསུངས་རབ་ལས་འབྱུང་ངོ་། བྱས་པ་རེད།
  • དེ་ག་རེ་ཟེར་གྱི་ཡོའོ་རེད་ཟེར་ན།
  • ད་སེམས་བསྐྱེད་སྟངས་ཁོ་ར་རིམ་པ་མང་པོ་བྱུང་སོང་གང་། ཨ་ནི་སྙིང་རྗེ་པད་དཀར་ལས་གསུངས་པ་དང་། མདོ་སྡེ་བསྐལ་བཟང་ནས་གསུངས་པ་དང་། དྲི་ལན་བསབས་པའི་མདོ་ནས་གསུངས་པ་དང་། ཕུང་པོ་གསུམ་པའི་མདོ་ལས་གསུངས་པ་དང་།
  • ལ་སོགས་པ་གསུངས་སྟངས་མང་པོ་ཞེ་དྲག་བྱུང་སོང་ང་། སེམས་བསྐྱེད་སྟངས་མང་པོ་ཞེ་པོ་བྱུང་སོང་གང་།  ཨ་ནི་སེམས་བསྐྱེད་སྟངས་མང་པོ་མི་འདྲ་ཅིག་ག་རེ་བྱས་པ་རེད། ཟེར་ན།
  • དེ་ལ་སྐྱོན་ཡོའོ་མ་རེད་ཟེར། ག་རེ་རེད་ཟེར་ན།
  • ཆོས་ཉན་མཁན་ཨ་ནི་ཁོ་དུས་གཅིག་ལ་སེམས་བསྐྱེད་སྟངས་ཀྱི་སྐོར་དེ་དུས་གཅིག་རང་ལ་གསུངས་ཨ་ནི་སྐབས་གཞན་དག་ལ་མ་གསུངས་པ་མ་རེད་པ།
  • སྐབས་མང་པོ་ལ་གསུང་ཡོའོ་རེད། མང་པོ་ལ་གསུངས་དུས་ཙམ་ནས་གསུངས་ཡས་དེ་ག་མི་གཅིག་རང་ལ་མ་གསུང་པ་རེད།
  • ཨ་ནི་གཅིག་གི་བྱང་ཆུབ་སེམས་དཔའ་མང་པོས་གཟིགས་པའི་ངོ་ལ་གསུངས་པ་རེད།
  • བྱས་ཙང་ཞུ་མཁན་དེ་བྱང་ཆུབ་སེམས་དཔའ་ཁོ་རང་གི་བློའི་རིམ་པ་ཁོ་མཐོ་དམན་དབང་གི་ཨ་ནི་སེམས་བསྐྱེད་སྟངས་ཀྱི་ཚུལ་དེ་ཡང་མང་པོ་ཞེ་དྲག་གསུངས་པ་རེད།
  • དེ་འདྲས་གསུངས་པ་ལ་ནི་ཁོ་རྒྱུ་མཚན་ཡོའོ་རེད། ཧ་གོ་སོང་། ལགས་སོ།
  • ཨོའོ་ག་རེ་རེད་ཟེར་ན། དཔེར་ན་དམྱལ་བའི་མ་གིའི་སྐྱེས་ནས་ཨ་ནི་སེམས་བསྐྱེད་པ་ཡིན་ཟེར་ཡས་དེ་མི་ཁག་ཤས་རྦད་དེ་ད། ངས་ཨ་ནི་སེམས་འདྲ་པོ་བསྐྱེད་ཐུབ་ཨ་ཡོང་བསམས་ནས་སྙིང་སྟོབས་ཏིག་ཙི་ཅིག་བྱུང་པའི་སྐབས་ལ་ཨོའོ་དེ་ག་གའི་བྱེད་ཀྱི་མ་རེད་ད།
  • ང་རང་ཚོ་མིའི་སྟེང་ལ་ད་སེམས་བསྐྱེད་ན་ཨ་ནི་སེམས་བསྐྱེད་ཐུབ་དང་ཐུབ། དམྱལ་བའི་སྟེང་ལ་སེམས་བསྐྱེད་ན་ཡང་བསྐྱེད་ཐུབ་ཀྱི་རེད་ད་ཟེར།
  • བྱས་བྱས་སྙིང་སྟོབས་སློབ་ཀྱི་ཡོའོ་རེད་ཡར། ཨོའོ། ཡང་བྲམ་ཟེ་རྒྱ་མཚོའི་རྡུལ་ལ་སོགས་པ་དེ་ཚོ་ཡིན་ན་ཨ་ནི་ཕྱུག་པོ་ཞེ་པོ་ཡོའོ་རེད་པ། 
  • བྱས་ཙང་། ཕྱུག་པོ་དེ་གྱད་སེམས་བཟང་པོ་བྱས་ཚར་ར་ད་ག་བྱང་ཆུབ་ཕྱོགས་སུ་སེམས་བསྐྱེད་ན་ཡང་སེམས་བསྐྱེད་ཐུབ་ཀྱི་རེད།
  • ཡང་གཅིག་གི་ད་ལྟ་ཁྱིའུ་སྣང་བྱེད་ལ་སོགས་པ་དབུལ་པོ་དེ་འདྲས་ཀྱི་སེམས་བསྐྱེད་ཡོའོ་རེད་པ། དབུལ་པོ་བྱས་ན་ཡང་ཁྱེད་རང་སེམས་བྱུང་བྱས་ཞེད་དགོས་མ་རེད།
  • ཡང་དབུལ་པོའི་སྟེང་ལ་ཡང་སེམས་བསྐྱེད་ཐུབ་ཀྱི་རེད། བྱས་ཙང་སངས་རྒྱས་ཀྱི་ལམ་ཁ་ལ་འགྲོ་ཡས་ཀྱི། ཕྱུག་པ་དང་དབུལ་པ་དང་། རིགས་མཐོ་བ་དང་དམའ་བ་དབྱེ་བ་ཡོའོ་མ་རེད།
  • གང་ལྟར་སེམས་བཟང་པོ་གཅིག་ཡོད་ན་འགྲིག་གི་ཡོའོ་རེད། ད་གས་ཨ་ནི་སངས་རྒྱས་ཀྱི་ལམ་ཁ་བརྩལ་ན་རྙེད་ཀྱི་རེད།་
  • ཨོའོ་དེ་འདྲས་གསུང་ཡས་ཀྱི་ཆེད་དུ་སེམས་བསྐྱེད་སྟངས་མང་པོ་ཞེ་པོ་བྱུང་བ་རེད།
  • དེ་འདྲས་རེད་པ། ཨོའོ་བྱས། ད་འདི་སེམས་བསྐྱེད་སྟངས་དེ་བྱས། ད་དེ་ནས་གཉིས་པ་སེམས་བསྐྱེད་པའི་རྗེས་སུ་ད་ག་རེ་བྱེད་ཀྱི་རེད་ཟེར་ན།
  • སྤྱོད་པ་ཕ་རོལ་དུ་ཕྱིན་པ་རྣམས་ལ་བསླབས་ནས། སངས་རྒྱས་ཀྱི་ལམ་ཀ་དངོས་སུ་བསླབས་ནས་དེ་ནི་སངས་རྒྱས་ཀྱི་གོ་འཕང་དངོས་སུ་བསྒྲུབ་དགོས་རེད་པ།
  • ད་སྤྱོད་པ་ཕ་རོལ་ཕྱིན་བསླབ་དགོས་རེད་དེ། ཚོགས་བསགས་དགོས་རེད།
  • གཉིས་ལ་ཚོགས་བསགས་ཚུལ་ནི་བྱང་ཆུབ་སེམས་དཔའི་་སྡེ་སྣོད་ལས། གྲངས་མེད་བདུན་དང་། བཅུ་དང་། སོ་གསུམ་སོགས་བཤད་ཀྱང་། 
  • འོང་། ད་ཅིག་གི་ང་རང་ཚོ་སྤྱིར་བཏང་བྱས་ན་སངས་རྒྱས་ཀྱི་ཨོའོ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ནང་ནས་མང་ཆེ་བ་གཅིག་ ཨ་ནི་སངས་རྒྱས་གསང་སྔགས་ཐེག་པ་ཆེན་པོའི་གསང་སྔགས་ཕར་ཕུད།
  • གསང་སྔགས་ཟེར་ཡས་དེ་ཁོ་ག་རེ་རེད་ཟེར་ན། ཚེ་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་གྲུབ་ཐུབ་པ་དེ་འདྲས་ཡོའོ་རེད། ད་གསང་སྔགས་མ་ཡིན་པའི་ང་རང་ཚོའི་ཕར་ཕྱིན་གྱི་ལུགས་ལ་བྱས་ན་པ་ཡིན་ན།
  • ཨ་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་དུས་ཚོད་འདྲ་པོ་ག་ཚོད་བེད་སྤྱོད་བཏང་དགོས་ཀྱི་ཡོའོ་རེད། ཟེར་ན།
  • བསྐལ་ཆེན་གྲངས་མེད་གསུམ་ཟེར་གྱི་ཡོའོ་རེད། ཨོའོ་བསྐལ་ཆེན་གྲངས་མེད་གསུམ་གྱི་རིན་གང་རང་གིས་་དཀའ་ལས་བརྒྱབ་ནས་ཨ་ནི་རྗེས་མ་སངས་རྒྱས་ཀྱི་གོ་འཕང་འོབ་ཀྱི་ཡོའོ་རེད། བྱས་པ་རེད།
  • ཡང་དུས་ཚོད་ཁོ་་ཡིན་གཅིག་མིན་གཅིག་བསྐལ་ཆེན་གྲངས་མེད་གསུམ་རྫོགས་རྫོགས་སྒུག་དེ་འདྲས་ཟེར་གྱི་ཡོའོ་མ་རེད།
  • དེ་ག་རེ་རེད་ཟེར་ན། དཔེར་ན་ཆ་བཞག་ན་ང་རང་ཚོ་མི་སྤྱིར་བཏང་གཅིག་གིས་ཨོའོ་དཀའ་ལས་བརྒྱབ་ནས་ཆ་བཞག་ན་སྤྱིར་བཏང་གཅིག་གི་ཨ་ནི་དུས་ཚོད་འདྲ་པོ་ཁོ་བསྐལ་ཆེན་གྲངས་མེད་གསུམ་གྱི་རིང་གང་ཨ་ནི། ཨོའོ་དཀའ་ལས་བརྒྱབ་དགོས་ཡས་ཀྱི་དེ་འདྲས་ཀྱི་དུས་ཚོད་གཅིག་མི་སྤྱིར་བཏང་བ་གཅིག་གི་དཀའ་ལས་བརྒྱབ་སྟངས་འདྲ་པོ་ཆ་བཞག་་པ་རེད།
  • རེད་མ་གཏོགས་གཅིག་གིས་ཡང་ཁྱེད་རང་བསྐལ་ཆེན་གྲངས་མེད་གསུམ་ཏན་ཏན་མ་རྫོགས་པར་དུ་ཡིན་གཅིག་མིན་གཅིག་སྒུག་དགོས་ཡས་དེ་འདྲས་མ་རེད།
  • ག་རེ་ཟེར་ན། ཁྱེད་རང་བརྩོན་འགྲུས་ཆེན་པོ་དང་། ཁྱེད་རང་ཨ་ནི་རྦད་དེ་བྱ་ང་ཆུབ་ཕྱོགས་ལ་བསླབས་དུས་ཙམ་ནས་ཐབས་མཁས་པོ་དང་། ཨོའོ་བརྩོན་འགྲུས་ཆེན་པོ་དེ་འདྲས་བྱུང་སོང་ན། ཡང་ཉིན་མ་གཅིག་ལ་ཡང་བསྐལ་པ་གཉིས་གསུམ་བསགས་ཡས་ཀྱི་ཚོགས་དེ་བསགས་ཐུབ་ཀྱི་ཡོའོ་རེད།
  • ཨོའོ་དེ་འདྲས་ཀྱི་ལོ་རྒྱུས་ཡོའོ་རེད། ཨོའོ་བྱས་ཙང་ཁོས་ཨོའོ་འདུག་བཟོ། ད་གང་ལྟར་མདོར་བསྡུས་ན། བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་དགོས་ཀྱི་ཡོའོ་རེད་པ།
  • ཨོའོ་ད་དེ། ཚོགས་བསགས་ནས་ཨ་ནི་ཚོགས་དང་དེ་གྱད་དེ་བསགས་པ་ལ་བརྟེན་ནས། ཨ་ནི་སངས་རྒྱས་གྲུབ་ཡས་ཀྱི་ཆ་རྐྱེན་དེ་བསགས་དགོས་རེད་བྱས་པ་རེད་ད།
  • བསྐལ་ཆེན་གྲངས་མེད་གསུམ་ཟེར་ཡས་དེ་ད་སྤྱིར་བཏང་གི་འགྲོ་སྟངས་དེ་རེད།
  • ཡིན་ན་ཡང་། ཡང་སངས་རྒྱས་ཀྱི་མདོ་གཞན་དག་ལས་བྱང་ཆུབ་སེམས་དཔའི་སྡེ་སྣོད་གཞན་དག་ལས་བསྐལ་ཆེན་གྲངས་མེད་གསུམ་གྱི་མ་ཚད་པར་གྲངས་མེད་བདུན་ཟེར་མཁན་ཡང་འདུག གྲངས་མེད་བཅུ་ཟེར་མཁན་ཡང་འདུག གྲངས་མེད་སོ་གསུམ་ཟེར་མཁན་ཡང་འདུག་མང་པོ་བཤད་སྟངས་མང་པོ་དེ་འདྲས་འདུག་ཟེར།
  • ཨ་ནི་བཤད་སྟངས་མང་པོ་ཡོད་པ་དེ་ཡང་ང་རང་ཚོ་དོགས་པ་ཟ་དགོས་མ་རེད། ཨ་ཙི་ད་བཤད་སྟངས་མང་ང་ལ་དེ་ག་རེ་རེད་ཟེར་ན།
  • དེ་སྐྱོན་ཡོའོ་མ་རེད། དེ་ག་རེ་རེད་ཟེར་ན། དེ་ཆོས་ཉན་མཁན་ཁོ་ལ་སྐུལ་བ་པོ་དང་། སྙིང་སྟོབས་སྐྱེད་་ཡས་ཀྱི་ཆེད་དུ་ཨ་ནི་རྦད་དེ་གཅིག་གི་ངས་དཀའ་ལས་མང་པོ་འདི་ག་ཙམ་བརྒྱབ་དགོས་ཨ། ཟེར་དུས་ཙམ་ནས།
  • ཨ་ནི་ཁོས་ཨོའོ་ད་སངས་རྒྱས་ཀྱིས་སྔོན་མ་དཀའ་ལས་དེ་འདྲས་བརྒྱབ་ཡོད་ན་ད་ང་རས་གས་༼རང་གིས་༽ད་ཡིན་ད་ཡིན་ཟེར་ཁཽང་རང་སྙིང་སྟོབས་སྐྱེད་ཀྱི་རེད་པ།
  • ཨོའོ་དེ་འདྲས་ཀྱི་ཆེད་དུས་ཨ་ནི་རྣམ་གྲངས་མང་པོ་བྱུང་བ་རེད་གསུངས་ཀྱི་རེད། འོང་ད་དངོས་གནས་བྱས་ན་བསྐལ་ཆེན་གསུམ་གྱི་འགྲིག་གི་རེད་བྱས་པ་རེད།
  • ད། མདོ་སྡེ་རྒྱན་ལས་ཟེར། མདོ་སྡེ་རྒྱན་ཟེར་ན་འདི་རྗེ་བཙུན་བྱམས་པ་མགོན་པོས་གསུངས་པ་རེད་པ། མདོ་སྡེ་རྒྱན་འདི་ལས་ག་རེ་གསུངས་ཀྱི་ཡོའོ་རེད་ཟེར་ན།
  •  གྲངས་མེད་གསུམ་དུ་གསུངས་ཡོའོ་རེད་ཟེར། གྲངས་མེད་གསུམ་དུ་ཨ་ནི་དཀའ་ལས་བརྒྱབ་སོང་ན། ཨ་ནི་སངས་རྒྱས་ཀྱི་གོ་འཕང་འཐོབ་ཀྱི་རེད་ཟེར་བྱས་ནས་གསུངས་ཡོའོ་རེད། ཟེར།
  • ཨོའོ། ང་ཚོས་དེ་གཞིར་བཞག་བྱས་ནས་ཡིན་གསུངས་ཀྱི་ཡོའོ་རེད། མདོ་ལས། དང་པོ་གཞོན་ནུ་བརྩོན་འགྲུས་སྤྱོད་དུ་གྱུར་པ་ན་དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་ལ་དགེ་བའི་རྩ་བ་བསྐྲུན་པ་ནས་བརྩམས་ཏེ། གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་དང་པོ་ཐོབ།
  • ད་སངས་རྒྱས་ཀྱི་གྲངས་མེད་གསུམ་གྱི་རིང་གང་དཀའ་ལས་བརྒྱབ་པ་རེད། ཟར༼ཟེར་༽་རེད་པ།
  • ཨ་ནི་གྲངས་མེད་གསུམ་པོ་ཁོ་ག་ནས་ག་དུ་རེད། གང་ནས་ག་གི་བར་དུ་ཟེར་སོང་ན།
  • ཨ་ནི་འོང་། དང་པོ་གཞོན་ནུ་བརྩོན་འགྲུས་སྤྱོད་ཟེར་མཁན་གཅིག་ལ་སྐྱེ་བ་བཞེས་ནས་ཨོའོ་ད་དེ་འདྲས་ཀྱི་རྐྱེན་དེ་ལ་ཡ་གཞོན་ནུ་བརྩོན་འགྲུས་སྤྱོད་ཟེར་མཁན་གཅིག་ལ་མིང་དེ་འདྲས་གཅིག་ལ་ཡོད་པའི་ཨ་ནི་སྐྱེ་བ་དེ་བླངས་ནས་ཨ་ནི་འོ་སྐྱེ་བ་དེ་ལ་ཡ།
  • སྐྱེ་བ་དེ་ནས་མགོ་བརྩམས་ནས་འོང་ཨ་ནི། ཨོའོ། དེ་གནང་པ་རེད་ཟེར། དཔལ་བྱང་ཆུབ་མཆོག་ཏུ་བསླབས་གནང་པ་རེད་བྱས་པ་རེད།
  • ཨོའོ། གྱུར་པ་དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་ལ་དགེ་བའི་རྩ་བ་བསྐྲུན་པ་ནས་བརྩམས་ཏེ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་དང་པོ་ཐོབ། ཨ་ནི་དེ་ནས་བྱས།
  • ཨ་ནི་གྲངས་མེད་གཅིག་ཏུ་ཚོགས་བསགས་པ་རེད་བྱས་པ་རེད། འོང་། ད་དེ་ནས། ས་དང་པོ་ཐོབ་བྱས་པ་རེད།
  • དེ་ནས་ས་དང་པོ་ཐོས་དུས་ཙམ་ནས། བྱང་ཆུབ་སེམས་དཔའ་ལ་ས་བཅུ་ཡོའོ་རེད་པ།
  • འོ། ད་ས་བཅུ་པོས་ཁོས་ད་ས་དང་པོ་ཁོ་ཐོབ་པ་རེད། ཟེར་གྱི་ཡོའོ་རེད།
  • ས་དང་པོ་ཐོབ་པའི་སྐབས་ལ་དུས་ཚོད་གང་འདྲས་ཅིག་བེད་སྤྱོད་བཏང་དགོས་རེད། ཟེར་ན།
  • བསྐལ་ཆེན་གྲངས་མེད་གསུམ་གྱི་ནང་ནས་གྲངས་མེད་གཅིག་བེད་སྤྱོད་བཏང་དགོས་རེད། བྱས་པ་རེད།
  • འོ་ཡག ད་དེ་ནས་ཚོང་དཔོན་ཤེས་བཟང་དུ་གྱུར་པ། དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་བསྙེན་བཀུར་བ་ནས་བཟུང་སྟེ། གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་བདུན་པ་ཐོབ་པར་གྱུར། ཟེར།
  • དེ་ག་རེ་ཟེར་གྱི་ཡོའོ་རེད། ཟེར་ན། 
  • ད་ཡང་ཁོང་རང་སྔོན་མ་ཚོང་དཔོན་གྱི་གཅིག་གི་སྐྱེ་བ་བཞེས་ནས། ཚོང་དཔོན་ཤེས་བཟང་། ཤེས་རབ་བཟང་པོ་ཟེར་ཡས་ཚོང་དཔོན་ཤེས་བཟང་ཟེར་ཡས་དེ་རུ་སྐྱེ་བ་བཞེས་ནས།
  • ཨོའོ་ད་དེ་འདྲས་ཀྱི་སྐྱེ་བ་གཅིག་ནས་ཨ་ནི་ཡང་ཁོ་སེམས། འོང་དེའི་གོང་ལ་ས་དང་པོ་ཐོབ་ཚར་ར་རེད་པ།
  • འོ་ད་དེ་ནས་བྱས་ནས། མགོ་བརྩམས་ནས་ཡང་ཚོང་དཔོན་ཤེས་བཟང་ལ་སྐྱེ་བ་ལེན་པའི་སྐབས་དེ་ནས་བྱས། ཨ་ནི་སངས་རྒྱས་དཀོན་མཆོག་ཡན་ལག་ཟེར་ཡས་གཅིག་ལ་བསྙེན་བཀུར་ཞུས་ནས་ཨ་ནི། དེ་ནས་བྱས་ནས་བསྐལ་ཆེན་གྲངས་མེད་གཉིས་པར་ཁོ་མགོ་བཙུགས་པ་རེད་ཟེར།
  • མགོ་བཙུགས་ནས་ཨ་ནི་དཀའ་ལས་བརྒྱབ་་་བརྒྱབ་ནས། ཨ་ནི་ཁོང་གིས་ས་ག་གའི་ཐོབ་ཐུབ་པ་རེད་ཟེར་ན།
  • བསྐལ་ཆེན་གྲངས་མེད་གཅིག་འགྲོ་དུས་ཙམ་ནས། ད་བསྐལ་ཆེན་དང་པོ་དེ་སྔོན་མ་ཨ་ནི་དཀའ་ལས་བརྒྱབ་ཚར་ནས་ས་དང་པོཐོབ་ཚར་ར་རེད་པ།
  • ད་དང་པོ་ནས་བྱས་ནས་ཡང་དཀའ་ལས་བརྒྱབ་བརྒྱབ་བརྒྱབ་ནས། ས་གཉིས་པ་ཐོབ་ག་ཟར༼ཟེར༽།
  • གང་ཟར་༼ཟེར༽ཡ་གི་ས་བདུན་པ་བར་དུ་ཐོབ་ཡས་ལ་ཆེད་དུ་དུས་སྐབས་ག་ཚོད་བེད་སྤྱོད་བཏང་པ་རེད་ཟེར་ན།
  • བསྐལ་ཆེན་གྲངས་མེད་གཅིག་བེད་སྤྱོད་བཏང་ཡོའོ་རེད་ཟེར། བསྐལ་ཆེན་གྲངས་མེད་གསུམ་གྱི་ནང་ནས་གཉིས་བེད་སྤྱོད་བཏང་ཚར་སོང་གང་།
  • ད་བསྐལ་ཆེན་གྲངས་མེད་གཅིག་ལྷག་བསྡད་ཡོའོ་རེད་པ། གསུམ་གྱི་ནང་ནས་གཉིས་བེད་སྤྱོད་བཏང་ཚར་ཙང་ད་གཅིག་ལྷག་བསྡད་ཡོའོ་རེད་པ།
  • ད་གཅིག་པོ་དེ་གིའི་སྒང་ལ་ཁོང་གིས་ག་རེ་ཐོབ་ཀྱི་ཡོའོ་རེད་ཟེར་ན།
  • དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་དུ་གྱུར་པའི་ཚེ། བྲམ་ཟེ་མར་མེའི་བདག་པོའི་སྲས་དེ་བཞིན་གཤེགས་པ་མར་མེ་མཛད། ཟེར་ཡས་དེ།
  • དེའི་སྐབས་ལ་རྒྱལ་པོ་དགྲ་འདུལ་གྱི་ཕོ་བྲང་པདྨ་ཅན་ཞེས་པའི་འཚོང་འདུས་དང་ཉེ་བར་བཞུགས་པ་ལ་ལྷ་རྣམས་ཀྱིས་མཆོད་པ་འབུལ་བ་མཐོང་ནས་དྲིས་པས།
  • ཁྱེད་ཀྱིས་མི་ཤེས་སམ། འདི་ན་སངས་རྒྱས་མར་མེ་མཛད་བཞུགས་སོ་ཟེར་པས་དད་དེ། ཨུཏྤལ་ལྔ་ཉོས་ནས་སངས་རྒྱས་ལ་གཏོར།
  • ཨོའོ། ཀྲི་ཥྞ་ས་རའི་པགས་པ་དང་རང་གི་དབུ་སྐྲ་བཏིངས་ནས། མར་མེ་མཛད་བདེ་བཞིན་གཤེགས་པ་ཀུན་ནས་དང་བས་སྤྱན་དྲངས་ཏེ།
  • བདག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་པར་མཛོད་ལ། རི་དྭགས་ཀྱི་པགས་པ་རལ་པ་དང་བཅས་པ་འདི་ལ་ཞབས་མི་འཇོག་གམ།
  • ལུང་མི་སྟོན་ན་འདི་ཉིད་དུ་ལུས་བསྐམ་པར་བྱའམ་ཞེས་ཡི་དམ་བཅས་པས། སྟོན་པས་ཞབས་བཞག་སྟེ།
  • འོང་། མ་འོངས་པའི་དུས་སུ་དེ་བཞིན་གཤེགས་པ་ཤྭཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པས།
  • འོང་། ནམ་མཁའ་ལ་འཕགས་ཏིང་ངེ་འཛིན་བརྒྱ་སྟོང་མངོན་དུ་བྱས་ནས་ས་བརྒྱད་པ་ཐོབ་སྟེ། ཟེར།
  • འོང་། ད་འདིས་ག་རེ་བྱས་པ་རེད་ཟེར་ན། ཡང་ད་གྲངས་མེད་གསུལ་པ་ཁོ་བེད་སྤྱོད་བཏང་གི་ཡོའ་རེད་པ།
  • ད་གྲངས་མེད་གཉིས་བེད་སྤྱོད་བཏང་ཚར་ནས་ད་གྲངས་མེད་གཅིག་ལྷག་བསྡད་ཡོའོ་རེད་པ།
  • ད་གྲངས་མེད་གསུམ་པ་ཁོ་རེད་པ། ཨོའོ་ད་ཁོའི་ནང་ལ་ཁོང་གིས་གང་འདྲས་ཟེར་བསྒྲུབ་པ་རེད་ཟེར་ན།
  • ཁོང་ལ་སངས་རྒྱས་དེ་འདྲས་གཅིག་མཇལ་པ་རེད། ཟེར། ག་རེ་མཇལ་པ་རེད་ཟེར་ན།
  • སངས་རྒྱས་མར་མེ་མཛད་ཟེར་ཡས་གཅིག་མཇལ་པ་རེད་ཟེར། སངས་རྒྱས་མར་མེ་མཛད་ཟེར་ཡས་དེ་མཇལ་བྱས། ཨ་ནི།
  • སངས་རྒྱས་མར་མེ་མཛད་ཀྱི་སྐུ་མདུན་ལ་ཡ། ཨ་ནི་ཁོང་གིས་དེ་གནང་རེད་པ་ཟེར། དེ་དུས། ཨ་ནི་ཁོང་རང་གི་གཅིག་གིས།
  • མེ་ཏོག་ཨུཏྤལ་ལྔ་ཅིག་སངས་རྒྱས་མར་མེ་མཛད་ལ་ཡ་གཏོར། ཕུལ། ཨ་ནི་ཁོང་རང་དེ་དུས་སྐྲ་རིང་པོ་ཞེ་དྲག་བསགས་ཀྱི་ཡོད་པ་འདྲ་འདུག་གང་།
  • འོང་དེ། སངས་རྒྱས་བཅོམ་ལྡན་འདས་སྔོན་མ་སངས་མ་རྒྱས་གོང་ལ་ཡང་། སྐྱེ་བ་དེ་འདྲས་གཅིག་ལེན་འདུག་གང་།
  • བྲམ་ཟེའི་ཁྱིའུ་སྤྲིན་ཟེར་ཡས་གཅིག་གི་སྐྱེ་བ་ལེན་འདུག་ག བྲམ་ཟེའི་ཁྱིའུ་སྤྲིན་ཟེར་ཡས་དེ་གིའི་སྐྱེ་བ་དེ་ལ་ཨ་ནི་ཁོང་རང་སྐྲ་རིང་པོ་ཞེ་དྲག་བསགས་ཀྱི་ཡོའོ་རེད།
  • ཨ་ནི་རི་དྭགས་ཀྱི་པགས་པ། རི་དྭགས་ཀྲི་ཤྞ་ས་ར་ཟེར་ཡས་གཅིག་གི་པགས་པ་དེའི་པགས་ལ་འཇམ་པོ་ཞེ་དྲག་ཡོའོ་རེད། ཟེར།
  • ཨོའོ་འདི་འདྲས་ཀྱི་པགས་པ་གཅིག་ཕུལ་འགྲོ་གི་ཡོད་པ་འདྲ་འདུག་གང་།  ཨ་ནི་སངས་རྒྱས་མར་མེ་མཛད་འདུག་བཟོ་ཁྲོམ་ལ་ཆོས་བསྟན་ག་ཕེབས་དུས་ཙམ་ནས།
  • དེའི་འདྲས་ཕེབས་པའི་སྐབས་དེ་ལ་ཨ་ནི། ཁོང་རང་གིས་ག་རེ་བྱས་པ་རེད་ཟེར་ན།
  • དང་པོའི་སངས་རྒྱས་མར་མེ་མཛད་ངོ་ཤེས་ཀྱི་མི་འདུག་ག
  • ཨ་ནི་མི་གཞན་དག་ལ་སྐད་དྲིས་བྱས་ཁོང་ག་རེ་རེད། ཟེར་དུས་ཙམ་ནས། ཁོང་སངས་རྒྱས་མར་མེ་མཛད་ཟེར་མཁན་དེ་རེད་ཟེར་བྱས་བྱས། ཨ་ནི་ཁོང་དད་པ་ཞེ་དྲག་སྐྱེས་ནས། 
  • སངས་རྒྱས་སོང་ཙང་། ཨ་ནི་ག་རེ་བྱས་པ་རེད། ཟེར་ན།
  • ཁོང་རང་གིས་ཁྱེར་ཡས་ཀྱི་རི་དྭགས་ཀྱི་པགས་པ་དེ་མདུན་དེར་བཏིང་། ཨ་ནི་ཁོང་རང་གི་རལ་པ་གཅིག་ཡོའོ་རེད་པ། སྐྲ་ཡོའོ་རེད་པ།
  • སྐྲ་ད་གའི་དེའི་སྒང་ལ་བཏིང་བྱས། ཨ་ནི་ཁོང་རང་གི་སེམས་སྒུག་བསྡད་བྱས། སེམས་ནང་ལོགས་ལ་ཡ། སྨོན་ལམ་བསྐྱོན་པ་རེད།
  • སྨོན་ལམ་ག་རེ་བརྒྱབ་པ་རེད། ཟེར་ན།
  • ད་ང་འོ་མགྱོགས་པོ་མགྱོགས་པོ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་ཀྱི་ཡོད་ན། ཨ་ནི་སངས་རྒྱས་མར་མེ་མཛད་ཕ་ནས་ཁ་ཐུག་པ་ཕེབས་བྱས།
  • ངའི་པགས་པ་དེ་དང་ངའི་སྐྲ་དེའི་སྒང་ལ་ཁོང་ཞབས། གོམ་པ་བརྒྱབ་བྱས་ཕེབས་ཀྱི་ཡོའོ་རེད་པ་ད།
  • སངས་རྒྱས་མར་མེ་མཛད་ཕ་ནས་ཁྲོམ་ལ་ཆོས་བསྟན་ག ཨོའོ་ཨ་ནི་ཁོང་གིས་ཞབས་དེ་རྐང་པ་དེ་རྦད་དེ་ངའི་སྐྲ་དང་གདན་དེའི་སྒང་ལ་བརྒྱབ་པ་ཤོག་ཟེར།
  • བརྒྱབ་ནས་ཨ་ནི་ཞབས་དེ་དེའི་སྒང་ལ་བཞག བཞག་པ་ཙམ་གྱི་མ་ཟད་ཨ་ནི་ང་ལ་ཡ་ཨ་ནི་ཁོང་གིས་ང་ལ་སྐད་ཆ་ཅིག་གསུངས་རོགས་གནང་ཟེར།
  • ཨ་ནི་སྐད་ཆ་ག་རེ་གསུངས་དགོས་ཀྱི་ཡོའོ་རེད་ཟེར་ན། ཨ་ནི་ཁྱེད་རང་མ་འོངས་པ་ལ་སངས་རྒྱས་ཐོབ་ཀྱི་རེད། ཟེར་ཡས་ཀྱི་ལུང་བསྟན་ཅིག་ཨ་ནི་ང་ལ་དགོས་ཡོད། ཟེར།
  • འོང་། གལ་ཏེ་དེ་འདྲས་ཀྱི་ལུང་བསྟན་གཅིག་མ་བརྒྱབ་ན་ང་འདི་ནས་ལངས་ཀྱི་ཁོ་ར་མིན་ཟེར་བྱས་བྱས། འདུག་བཟོ་སྒུག་བསྡད་པ་རེད། ཟེར།
  • འོང་། ད་སྒུག་བསྡད་དུས་ཙམ་ནས་ཨ་ནི་སངས་རྒྱས་མར་མེ་མཛད་ཀྱིས་འོ་ད་ཕྲུ་གུ་དེ་བསམ་བློ་ཡག་པོ་ཅིག་འདུག རེད་པ།
  • འོ། ཁོ་བྱང་ཆུབ་སེམས་དཔའ་བློ་སྟོབས་ཆེན་པོ་ཞེ་པོ་འདུག ད་ཁོ་མགྱོགས་པོ་མགྱོགས་པོ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་འདུག
  • བྱས་ཙང་ངས་མགྱོགས་པོ་མགྱོགས་པོ་ལུང་བསྟན་ན་ཡག་ག་འདུག དགོངས་བྱས་ཨ་ནི་འདུག་བཟོ་ཚུར་ཕེབས་བྱས། ཁོང་གི་དབུ་སྐྲ་དང་པགས་པ་དང་ཁོའི་སྒང་ལ་འདུག་བཟོ་བཞག་ཚར་ར་ད་ག
  • ཨ་ནི་འོ་ད་ཁྱེད་རང་ཨ་ནི་རྦད་དེ་རྗེས་མ་ནས་སངས་རྒྱས་ཤཱཀྱ་ཐུབ་པ་ཟེར་མཁན་གཅིག་གི་ཨ་ནི་རྦད་དེ་སྐུ་ལུས་གཅིག་ལ་ཡ་འོ་སངས་རྒྱས་ཐུབ་ཀྱི་རེད་ད། ཟེར་བྱས་ནས།
  • ལུང་བསྟན་བྱུང་བ་རེད། འོ་ཡ་ད་སངས་རྒྱས་ཀྱིས་ལུང་བསྟན་ཚར་ར་རེད་པ།
  • འོ། ཨ་ནི་ཁོང་ཁྱིའུ་དེ་བྲམ་ཟེ་ཁྱིའུ་སྤྲིན་ཟེར་ཡས་དེ་དགའ་ཐག་འདྲ་ཅིག་ཆོད་ནས་ཨ་ནི་ཁོ་དེ་ནས་ཡར་རྦད་དེ་འཕག་ཙག་བརྒྱབ་ནས་ཡར་འཕག་ནས་ནམ་མཁའ་ལ།
  • ནམ་མཁའ་ལ་ཡར་ཏིག་ཙ་ཡར། འོང་། ག་རེ་རེད།
  • འཕགས་ཐུབ་ཀྱི་ཡོའོ་རེད་ཡར། ང་རང་ཚོས་ཡིན་ནའི་མཆོངས་ཀྱག་ཡར་མཐོ་པོ་ཞེ་དྲག་རྒྱག་ཐུབ་ཀྱི་མ་རེད་པ།
  • ད་ཁོང་གིས་དགའ་ཐག་ཆོད་ནས་ཡར། འཕགས་ཐུབ་པ་རེད།
  • འོ་དེ་འདྲས་བྱས་བྱས། ཨ་ནི་བསྐོར་ར་བརྒྱབ། བདེ་བཞིན་གཤེགས་པ་དེ་ལ་ཨོའོ་སྨོན་ལམ་བརྒྱབ། བྱས་པ་རེད་བྱས་པ་རེད།
  • འོ་ཡག ཨ་ནི་ཐུགས་རྒྱུད་ལ་ཡོན་ཏན་མང་པོ་བསྐྱེད་པ་རེད། ཟེར། ཏིང་ངེ་འཛིན་གྱི་ཡོན་ཏན་མང་པོ་བསྐྱེད་པ་རེད་ཟེར་བྱས་པ་རེད་ད།
  • ཨ་ནི་ས་བརྒྱད་པ་ཅི་དག་ཐོབ། དེ་འདྲས་བྱས་པ་རེད།
  • ཇི་སྐད་དུ། སངས་རྒྱས་མར་མེ་མཛད་ལ་ཨུཏྤལ་ལྔས༎ གཏོར་ཏེ་རལ་པ་སྟན་དུ་བཏིངས་བྱས་པས༎  མི་སྐྱེའི་ཆོས་ལ་བཟོད་པ་ཐོབ་འགྱུར་ནས༎ ཤཱཀྱའི་རྒྱལ་པོ་འགྱུར་ཞེས་ང་ལུང་བསྟན༎ ཞེས་པ་དང་།
  • ཨ་ནི་སངས་རྒྱས་མར་མེ་མཛད་ཀྱི་ང་ལ་ལུང་བསྟན་གནང་བྱུང་ཟེར། སངས་རྒྱས་བཅོམ་ལྡན་འདས་ཨ་ནི་རྗེས་མ་སངས་རྒྱས་ཚར་དུས་ཙམ་ནས་ཨ་ནི། འོ་། སྔོན་མ་ང་བྲམ་ཟེའི་ཁྱིའུ་སྤྲིན་ལ་སྐྱེས་དུས་ཙམ་ནས།
  • ཨ་ནི་ངས་འདུག་བཟོ་བྱས། རལ་པ་དེ་གྱད་གདན་ལ་བཏིངས། པགས་པ་གཏན་ལ་བཏིངས་འདུག་བཟོ་བྱས་བྱས་སྨོན་ལམ་ཡག་པོ་བརྒྱབ་དུས་ཙམ་ནས།
  • ཨ་ནི་སངས་རྒྱས་མར་མེ་མཛད་ཀྱིས་ང་ཨ་ནི་མ་འོངས་པ་ན་ཁྱེད་རང་སངས་རྒྱས་ཤཱཀྱ་ཐུབ་པ་ཟེར་མཁན་གཅིག་ལ་སངས་རྒྱས་ཀྱི་རེད། ཟེར་བྱས་ནས་ལུང་བསྟན་བྱུང་། གསུངས་པ་རེད། འོ་ཁོང་ཚོ་ལ།
  • ལུང་ལས། གང་ཚེ་མར་མེ་མཛད་ཀྱིས་ང་༎ ལུང་བསྟན་གྱུར་པ་དེ་ཡི་ཚེ༎  ས་བརྒྱད་པ་ནི་ཐོབ་པར་གྱུར་ཏེ༎ དབང་བཅུ་དག་ཀྱང་ཐོབ་པར་གྱུར༎ ཅེས་སོ།
  • འོ་ད་སངས་རྒྱས་མར་མེ་མཛད་ཀྱིས་དེ་དུས་སྐབས་དེ་དུས་དེ་ལ་ཡ། བྲམ་ཟེའི་ཁྱིའུ་སྤྲིན་ལ་ཡ་ཁྱེད་རང་རྗེས་མ་ནས་སངས་རྒྱས་ཤཱཀྱ་ཐུབ་པ་ཟེར་མཁན་གཅིག་ལ་སངས་རྒྱས་ཀྱི་རེད་ཟེར། ལུང་བསྟན་བཤད་པ་རེད་པ།
  • ལུང་བསྟན་བྱས་པ་ཙམ་མ་ཟད། ཨ་ནི་ཁོང་རང་གི་ཐུགས་རྒྱུད་ལ་ཡོན་ཏན་མང་པོ་བསྐྱེད་པ་རེད་པ། ཏིང་ངེ་འཛིན་གྱི་ཡོན་ཏན་མང་པོ་བསྐྱེད་པ་རེད་བྱས་པ་རེད།
  • ཨ་ནི་ལྷག་པར་དུ་བྱང་ཆུབ་སེམས་དཔའི་དབང་བཅུ་ཟེར་ཡས་གཅིག་ཡོའོ་རེད་པ།
  • དབང་བཅུ། དབང་བཅུ་རྣམ་ལྡན་ཟེར་ཡས་གཅིག འོ་བྱང་ཆུབ་སེམས་དཔའི་དབང་བཅུ་རྣམལྡན། དབང་བཅུ་པ་དེ་ཡང་ཨ་ནི་ཁོང་རང་ལ་ཐོབ་པ་རེད།
  • དབང་བཅུ་པོ་ཁོ་ག་རེ་རེད་། ཟེར་ན།
  • ཨ་ནི། གཅིག་གི་ཚེ་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་དང་། དེ་འདྲས་ཀྱི་དབང་། ཨེ། དབང་ད་ནུས་པ་ཟེར་གྱི་ཡོའོ་རེད་པ།
  • ད་དབང་ཟེར་ན་ནུས་པ་ཆེན་པོ་གཅིག་བཅུ་ཐོབ་ཡས་ཡོའོ་རེད། འོ་ད་བཅུ་པོ་དེ་ང་རང་ཚོ་ཚིག་མཛོད་དང་ཅི་དག་ལ་བརྩལ་ན་རྙེད་ཀྱི་རེད་པ། འོ་ཡག 
  • འོ་བྱས་ད། ད་དེ་རིང་འདིའི་འགྲེལ་བཤད་ཞེ་དྲག་མ་བརྒྱབ་པ་བྱས།
  • དེ་ནས་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་བཅུ་རྫོག་པར་གསུངས་པ། ཨ་ནི་དེ་ནས་ས་བརྒྱད་པ་ནས་བྱས་ནས་ཨ་ནི། བསྐལ་བ། བསྐལ་ཆེན་གྲངས་མེད་གསུམ་གྱི་ད་གསུམ་པ་ཁོ།
  • ལྷག་མ་ཁོང་ཚོ་ལ་བརྟེན་བྱས། ཨ་ནི་སངས་རྒྱས་པ་རེད་ཟེར། བྱས་ནས་མདོ་སྡེའི་ནང་ལོགས་ནས་མདོའི་ནང་ལོགས་འདུག་བཟོ་བྱས་ནས་གསུང་བཞག་ཟེར།
  • འོང་། འདི་ནི་དོན་ལ་གནས་སོ་ཞེས་མཁས་པ་དག་བཞེད་དོ། ཟེར། ད་བསྐལ་ཆེན་གྲངས་མེད་གསུམ་གྱི་རིན་གང་ལ་ཡ་ཚོགས་བསགས་སྒྲིབ་པ་སྦྱངས་དཀའ་ལས་བརྒྱབ་པ་ཡིན་ན། 
  • ཨ་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཀྱི་རེད། ཟེར་བྱས་བྱས། མདོ་སྡེ་དང་སངས་རྒྱས་ཀྱི་གསུང་རབ་ནང་ལ་མང་པོ་གསུངས་བཞག
  • གསུངས་པ་དེ་ནང་བཞིན་མཁས་པ་རྣམས་ཀྱིས་ཨོའོ་ད་ག་རང་རེད་ཟེར་བྱས་བྱས་གསུངས་ཀྱི་འདུག
  • ཨོའོ་དེ་གཞིར་བཞག་གི་སྒོ་ནས་བཤད་པ་ཡིན་གསུང་པ་རེད།
  • ད་འོ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཚོགས་མང་པོ་བསགས་པ་རེད། ཚོགས་དང་བསོད་ནམས་མང་པོ་བསགས་པ་རེད། ཟེར་གྱི་འདུག་
  • ཚོགས། ཚོགས་ཟེར་ག་རེ་ཟེར་གྱི་རེད་། ཟེར་ན།
  • ཚོགས་ཀྱི་ངོ་བོ་ནི། བསོད་ནམས་དང་ཡེ་ཤེས་ཏེ༎ དེ་ཡང་ཕར་རོལ་དུ་ཕྱིན་པ་དྲུག་དང་། བསྡུ་བའི་དངོས་པོ་བཞི་དང་ལྡན་པ་ལ་སོགས་པའི་སྒོ་ནས་འཇུག་ཅིང་གསོག་པར་མཛད་པ་སྟེ། རྒྱས་པར་གཞན་དུ་བལྟའོ། ཟེར།
  • ད་སངས་རྒྱས་བཅོམ་ལྡན་འདས་ཟེར་ཡས་དེ། སངས་རྒྱས་དགོས་པའི་རྒྱུ་མཚན་ཁོ་ག་རེ་རེད་པས་ཟེར་ན།
  • བསོད་ནམས་དང་ཡེ་ཤེས་གཉིས་བསགས་པ་ལ་བརྟེན་ནས། འདི་གཉིས་མང་པོ་བསགས་པ་ལ་བརྟེན་ནས། སངས་རྒྱས་པ་ཟེར་གྱི་ཡོའོ་རེད་པ། 
  • ད་འོ་ན་གང་འདྲས་གཅིག་ལ་བསོད་ནམས་ཀྱི་ཚོགས་ཟེར་གྱི་རེད། གང་འདྲས་གཅིག་ལ་ཡེ་ཤེས་ཀྱི་ཚོགས་ཟེར་གྱི་རེད། ཟེར་ན།
  • འོ། དེ་ཕར་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་པ་དེ་ལ་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཟེར་གྱི་རེད་བྱས་པ་རེད།
  • འོ་ཡག ད་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེའི་ནང་ལོགས་ནས་ཀྱང་བསོད་ནམས་ཀྱི་ཚོགས་ཁོ་ག་གི་རེད། ཡེ་ཤེས་ཀྱི་ཚོགས་ཁོ་ག་གི་རེད།
  • བསྡུ་བའི་དངོས་པོ་བཞི་པོ་དེ་ག་རེ་ག་རེ་རེད། ཨོའོ་ཟེར་དུས་ཙམ་ནས།
  • ད་དེ་ཚོ་གྲངས་ཀ་དེ་བརྒྱབ་ཡས་དེ་ཚོ་ཚིགས་མཛོད་ཀྱི་ནང་ལོགས་ནས་འཚལ་ཡས་ལ་བཞག ང་རང་ཚོ་དེ་རིང་དུས་ཚོད་འཕྲོ་བརླགས་ལ་མ་བཏང་པ་བྱས་གཡུག་བཞག རེད་པ།
  • དེ་ཚོ་ཚིག་མཛོད་ལ་བརྩལ་ན་ལམ་སང་གོ་གི་རེད།
  • འོ། སྒོ་ནས་འཇུག་ཅིང་གསོག་པར་མཛད་པ་དེ་ལ་ཚོགས་བསགས་ཚོགས་བསགས་ཟེར་ར་རེད་ཟེར། ད་འདིའི་སྐོར་རྒྱས་པར་གཞན་དུ་བལྟ་བར་བྱའོ། བྱས་པ་རེད།འདིས།
  • བྱས་པ་འདི་ཡང་ཁོང་རང་གས༼གིས་༽རྒྱས་པར་གསུང་མི་འདུག་ག
  • འོང་། ད་ང་དེ་རིང་རྒྱས་པོ་ཞེ་དྲག་བཤད་ཀྱི་མིན། འོ་རྦད་དེ་དེབ་གཞན་དག་དང་ལོ་རྒྱུས་གཞན་དག་ལ་ཡོའོ་རེད།
  • དེ་ཚོ་བྱད་ཞུ་གསུངས་ཀྱིས་ཡོའོ་རེད། འོང་། ད་ཨེ་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ཁོ་ཡང་ཚར་སོང་གང་།
  • ད་ཐུགས་བསྐྱེད་པའི་རྗེས་སུ་ཨ་ནི་ཅིག་གི་སྤྱོད་པ་ལ་བསླབས་དགོས་རེད་པ།
  • ཨོའོ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབས་ནས། ཨ་ནི་དེ་ཚོ་ཕར་རོལ་ཏུ་ཕྱིན་པ་དྲུག་ཨ་ནི་བསྡུ་བའི་དངོས་པོ་བཞི་དང་བཅས་ལ་བསླབས་པའི་དུས་ཁོ་ཡང་སོང་ང་།ད་དེ་དག་ཐམས་ཅད་བྱས་པ་ལ་བརྟེན་ནས་འབྲས་བུ་ག་རེ་ཐོབ་ཀྱི་རེད་ཟེར་ན།
  • ད་སྔོན་ལ་སངས་རྒྱས་ཀྱི་གོ་འཕང་ཁོ་ཐོབ་དགོས་རེད་པ།
  • འོང་། ད་ཁོ་གསུང་ཀྱི་ཡོའོ་རེད། 
  • གསུམ་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཚུལ་ནི། འོ་གསུམ་པ་སངས་རྒྱས་པའི་ཚུལ་ནི། ཟེར་རེད་པཱ།
  • དེ་ཡང་བྲམ་ཟེའི་ཁྱིའུ་བླ་མ་ལས་རིམ་གྱིས་ཚེ་འཕོས་ནས། དགའ་ལྡན་དུ་ལྷའི་བུ་དམ་པ་ཏོག་དཀར་དུ་གྱུར་ཏེ་དགའ་ལྡན་གྱི་ལྷ་རྣམས་ལ་ཆོས་སྟོན་པ་ན། ཟེར།
  • ད་སྔ་མ་ཡ་གའི་ཁོ་རང་གི་སྐུ་སྐྱེ་བ་སྔ་མ་དེ་ག་རེའི་སྐྱེ་བ་བླངས་ཡོའོ་རེད་ཟེར་ན།
  • བྲམ་ཟེའི་ཁྱིའུ་བླ་མ་ཟེར་ཡས་གཅིག་གི་སྐྱེ་བ་བླངས་ཡོའོ་རེད། ཁོང་རང་སངས་མ་རྒྱས་གོང་ལ་བྲམ་ཟེའི་ཁྱིའུ་བླ་མ་ཟེར་དེ་གིའི་སྐྱེ་བ་བླངས་བྱས་ཨ་ནི་།
  • ཁོང་གི་སྐྱེ་བ་དེ་ལ་ཡ་སངས་རྒྱས་ཀྱི་ལུང་བསྟན་མང་པོ་བྱུང་པ་རེད། འོང་། ད་ལུང་བསྟན་མང་པོ་བྱུང་བྱས་རྗེས་མ་ནས་ཨ་ནི་ཁྱེད་རང་མ་འོངས་པ་ན་སངས་རྒྱས་ཀྱི་རེད།
  • སངས་རྒྱས་ཀྱི་མིང་ལ་ཡང་ཤཱཀྱ་ཐུབ་པ་ཟེར་གྱི་རེད་ཟེར་བྱས་ནས་སངས་རྒྱས་མར་མེ་མཛད་དང་། ཨ་ནི་སངས་རྒྱས་མང་པོས་ལུང་བསྟན་པ་རེད།  
  • ཨོའོ། བྱས་ཙང་དེ་ནས་བྱས་བྱས། བྲམ་ཟེའི་ཁྱིའུ་བླ་མ་ནས་བྱས་བྲམ་ཟེའི་ཁྱིའུ་བླ་མ་མ་ནས་བྱས་བྱས། ད་བྲམ་ཟེའི་ཁྱིའུ་ཟེར་དུས་ཙམ་ནས་མིའི་སྐྱེ་བ་རེད་པ།
  • ད་མིའི་སྐྱེ་བ་དེ་ཤི་པའི་རྗེས་ནས་ཁོང་ག་པར་སྐྱེས་པ་རེད་པས་ཟེར་ན།
  • ལྷ་ཡུལ་དགའ་ལྡན་དུ་སྐྱེས་པ་རེད་ཟེར་གྱི་ཡོའོ་རེད། ལྷ་ཡུལ་ལ་དགའ་ལྡན་ཟེར་ཡས་གཅིག་ཡོའོ་རེད།
  • ད་དགའ་ལྡན་ལ་སྐྱེས་པ་རེད། ཟེར། དེ་ནས་དགའ་ལྡན་ལ་སྐྱེས་བྱས་དགའ་ལྡན་རུ་ཨ་ནི་ཁོང་ག་པར་སྐྱེས་པ་རེད་པས་ཟེར་ན།
  • དགའ་ལྡན་གྱི་ལྷའི་ནང་ལོགས་ནས་ཨ་ནི་ལྷའི་བུ་དམ་པ་ཏོག་དཀར་པོ་ཟེར་ཡས་གཅིག་ལ་དམ་པ་ཏོག་དཀར་ཟེར་ཡས་གཅིག་གི་ལྷའི་བུ་དེའི་མིང་ལ་དམ་པ་ཏོག་དཀར་ཟེར་གྱི་ཡོའོ་རེད།
  • ཨོའོ། དམ་པ་ཏོག་དཀར་པོས་ཨ་ནི་འོང་། དམ་ཏོག་དཀར་པོ་ཟེར་ཡས་གཅིག་ལ་སྐྱེ་བ་བླངས། ཨ་ནི་ཡ་གའི་ག་རེ་གནང་གི་བཞུགས་ཡོའོ་རེད་ཟེར་ན།
  • ད་ཁོང་དེ་དུས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཆགས་པ་རེད་པ། ས་བཅུ་པའི་བྱང་ཆུབ་སེམས་པ་ཆགས་ནས་ད་ཡ་གའི་སྐྱེ་བ་བཞེས་ནས་དགའ་ལྡན་ནང་ལ་་བཞུགས།
  • དགའ་ལྡན་ལ་བཞུགས་བྱས་ག་རེ་བྱེད་ཀྱི་བཞུགས་ཡོའོ་རེད་ཟེར་ན། དགའ་ལྡན་གྱི་ལྷ་རྣམས་ལ་ཆོས་གསུངས་བྱས་བཞུགས་ཡོའོ་རེད།
  • ཨ་ནི་ཁོང་གཙོ་བོ་གཙོ་བོ་ཁོ་ག་རེ་རེད་ཟེར་ན། ད་མགྱོགས་པོ་མགྱོགས་པོ་སངས་རྒྱས་འགྲོ་གི་ཡོའོ་རེད་པ།
  • འོང་ད་ཁོ་སངས་རྒྱས་དགོས་དུས་ཙང་ནས། ཨ་ནི་དུས་ཚོད་འདྲ་པོ་ཁོ་ག་དུས་སངས་རྒྱས་ན་ཡག་ག་འདུག འོ་ཡུལ་འདྲ་པོ་ག་པར།
  • འོང་ཅིག་གི། དུས་དང་ཨ་ནི་གཅིག་གི་ཡུལ་དང་ཨ་ནི་རྦད་དེ་ཅིག་གི་ལུས་དང་། ཅིག་གི་ཡུམ་དང་། དེ་ཚོ་ལ་ཡང་གཟིགས་དགོས་ཀྱི་ཡོའོ་རེད།
  • ད་ཡ་གའི་ཐད་བྱས་ཨ་ནི་འདུག་བཟོ་བཞུགས་ཡོའོ་རེད་བྱས་པ་རེད། ད་སྒུག་བྱས་སེམས་ཅན་གྱི་དམ་པའི་ཆོས་ཉན་ཡས་ཀྱི་དུས་ཚོད་འདྲ་པོ་ཁོ་སླེབས་འདུག་མི་འདུག
  • དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཡས་ཀྱི་དུས་ཚོད་དེ་འཛམ་བུ་གླིང་ལ་སྤེབས་འདུག་མི་འདུག སངས་རྒྱས་ཀྱི་མཛད་པ་དེ་འཛམ་བུ་གླིང་ལ་བསྟན་དགོས་རེད་པ།
  • འོ་བྱས་ཙང་ཁོས། དེ་གྱད་དེ་ཡ་གའི་སྒུག་བྱས་ཨ་ནི་དགའ་ལྡན་ལ་བཞུགས་ཡོའོ་རེད་བྱས་པ་རེད། 
  • ད་དེ་འདྲས་གཅིག་བཞུགས་པའི་སྐབས་ལ། ད་དེ་གནས་ཚུལ་འདྲ་པོ་དེ་ག་པར་སླེབས་པ་རེད། ཟེར་ན།
  • སྤྱི་ལོའི་སྔོན་གྱི་ཨ་ནི་ལོ་ལྔ་བརྒྱ། དྲུག་བརྒྱའི་སྔོན་ཅིག་ལ་ད་སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་ལ་དངོས་སུ་བྱུང་པའི་སྐབས་དེའི་གནས་ཚུལ་བཤད་དགོས་རེད་པ།
  • འོ་ད་དེའི་རྩ་དེར་སླེབས་ཡོའོ་རེད།
  • ད་རྒྱ་གར་དེ་དུས་ཙམ་ནས་ལྷ་ཡུལ་དགའ་ལྡན་ནས་་བུ་དམ་པ་ཏོག་དཀར་ཟེར་ཡས་དེ་ལྷ་ཡུལ་དགའ་ལྡན་ལ་ད་ལྟ་ཡོའོ་རེད་པ།
  • ད་འོ་ཁོང་གིས་ཨ་ནི་སྐབས་དེ་དུས་ཟེར་དུས་ག་རེ་གནང་པ་རེད། ཟེར་ན།
  • ཨེ། ཁོང་རང་གི་ཨམ་ཅོག་ད་ཅི་དག་ལ་དེ་མང་པོ་གོ་གི་ཡོའོ་རེད། དེ་ག་རེ་གོ་གི་ཡོའོ་རེད་ཟེར་ན།
  • ཨ་ནི་ལྷ་དང་སངས་རྒྱས་དང་། ད་ལྟ། ད་ལྟ་ཟེར་ནའི་ལས་སྐབས་དེ་དུས་ཁོང་རང་ག་རེ་རེད་ཟེར་ན།་ལྷའི་བུ་དམ་པ་ཏོག་དཀར་རེད་པ།
  • ཡ་གའི་ཆོས་གསན་བྱས་བཞུགས་ཡོའོ་རེད་པ། ཨ་ནི་སངས་རྒྱས་དང་ཅིག་དེ་དུས་ཙམ་པ་དེ་འདྲས་མང་པོ་ཅིག་གི་ཁོང་རང་ལ་ག་རེ་ཟེར་གྱི་ཡོའོ་རེད། ཟེར་ན།
  • ད་འཛམ་བུ་གླིང་ལ་མགྱོགས་པོ་འགྲོ་དགོས་ཀྱི་འདུག འཛམ་བུ་གླིང་ལ་མར་ཕྱིན་བྱས་སངས་རྒྱས་ཀྱི་ཆོས་ཀྱི་མཛད་པ་བསྟན་དགོས་ཀྱི་འདུག
  • མཛད་པ་དེ་གྱད་བསྟན་དགོས་ཀྱི་འདུག་ཟེར། སེམས་ཅན་ལ་ཆོས་བཤད་དགོས་ཀྱི་འདུག་ཟེར་བྱས་བྱས། མང་པོ་སྐུལ་སྐུལ་གྱི་ཡོའོ་རེད། སྐུལ་མ།
  • སྐུལ་མ་སྐུལ་སློང་བཏང་གི་ཡོའོ་རེད། ད་མར་མགྱོགས་པོ་འགྲོ་དགོས་ཀྱི་འདུག་ཟེར།
  • འོང་། མི་ལུས་ལེན་ཀ་འགྲོ་དགོས་ཀྱི་འདུག་ཟེར། སྐུལ་སློང་གནང་ནས། སངས་རྒྱས་ཡས་ཀྱི་མཛད་པ་བསྟན་ག་འགྲོ་དགོས་ཀྱི་འདུག་ཟེར་བྱས་ནས་སྐུལ་སློང་མང་པོ་གནང་གི་ཡོའོ་རེད།
  • ཨོའོ། སྐུལ་སློང་དེ་འདྲས་ཅིག་གནང་པ། དེ་འདྲས་གཅིག་གི་སྐབས་ལ་འོ་ད་དེ་བསྟན་གྱི་ཡོའོ་རེད།
  • སྔོན་གྱི་དགེ་བའི་མཐུས་ཟེར། ལྷ་རྣམས་ཀྱི་རོལ་མོའི་སྒྲ་ལས། མར་མེ་མཛད་ཀྱི་ལུང་བསྟན་དགོངས་པ་མཛོད༎ ཅེས་བསྐུལ་བ་གསན་པས།
  • ད་འོང་། ལྷ་རྣམས་ཀྱི་རོལ་མོ། མཆོད་པ་འབུལ་གྱི་རེད་པ།  དེ་འདྲས་ཀྱི་སྒྲ་དང་དེ་ཚོས། བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ལ་སོགས་པ་དེ་འདྲས་མང་པོས་ཅིག་གི་ཨ་ནི་ཁོང་ལ་བསྐུལ་མ་གནང་གི་ཡོའོ་རེད།
  • ད་འོང་། ལྷའི་ནང་ལ་ཡུན་རིང་ཞེ་དྲག་མ་སྡོད། འོང་དགའ་ལྡན་ལ་ཡུན་རིང་པོ་ཞེ་དྲག་བསྡད་རྒྱུ་མི་འདུག ད་མར་མིའི་ཡུལ་ལ་འགྲོ་དགོས་ཀྱི་འདུག
  • ཆོས་བཤདཀ་འགྲོ་དགོས་ཀྱི་འདུག ཨོའོ་མི་ཡུལ་འགྲོ་དུས་ཙམ་ནས་གང་འདྲས་ཟེར་འགྲོ་དགོས་རེད་ཟེར་ན།
  • ཨ་ནི་རྦད་དེ་ཅིག་གི་མིའི་སྐྱེ་བ་གཅིག་བླངས་བྱས་འགྲོ་དགོས་རེད། ཨོའོ་འདུག་བཟོ་ལུང་བསྟན་གནང་གི་ཡོའོ་རེད་པ།
  • འོང་། ད། ལུང་བསྟན་དེ་གྱད་དེ་རེད། ད་འཛམ་བུའི་གླིང་དུ་གཟིགས་པ་རྣམ་པ་བཞིའམ་ལྔ་ལས། 
  • ད་ཁོང་གིས་ཨ་ནི་མང་པོ་བསྐུལ་སློང་བྱུང་ཙང་ཨ་ནི་ད་དངོས་གནས་ང་འགྲོ་ཡས་ཀྱི་དུས་ཚོད་ལ་སླེབས་བཞག་དགོངས་བྱས། ཨ་ནི་ད་ང་རང་ཚོ་མི་ཕལ་པ་ནང་བཞིན་ད་ང་འགྲོ་གི་ཡིན་ཟེར་འདུག་བཟོ་ཡོང་གི་མ་རེད་པ།
  • ད་འོ་ན་ག་རེ་རེད་ཟེར་ན། སྔོན་ལ་ཡ། མར་གཟིགས་ཚར་ར་ད་ག་ཡ། ང་ག་དུས་ཆོས་བཤད་ན་སེམས་ཅན་རྣམས་ལ་ཕན་གྱི་འདུག
  • ཨོའོ་ཨ་ནི་དུས་ཚོད་འདྲ་པོ་གང་འདྲ་ཅིག་གི་སྐབས་ལ་བཤད་ན་ཕན་གྱི་འདུག ཡུལ་ག་པར་བཤད་ན་ཕན་གྱི་འདུག ང་སྐྱེས་ས་དའི་ག་པར་སྐྱེས་དགོས་ཀྱི་འདུག
  • ཡབ་ཡུམ་ད་ག་གང་འདྲ་ཅིག་དགོས་ཀྱི་འདུག ཆ་ཚང་ཡ་སྔོན་ལ་བརྟག་དཔྱད་གནང་། ཧ་གོ་པ་བྱས། ཨ་ནི་གཞི་ནས་མར་ཕེབས། 
  • ཨ་ནི་ཕྱག་ལས་དེ་གྱད་དེ་གནང་པ་ཡིན་ན། སངས་རྒྱས་ཀྱི་མཛད་པ་དེ་གྱད་དེ་བསྟན་པ་ཡིན་ན། ཨ་ནི་སེམས་ཅན་རྣམས་ཀྱིས་བདེ་བླག་ཏུ་ཨ་ནི་རྦད་དེ། 
  • ཨ་ནི་དེ་ཁས་ལེན་དང་། དེ་བྱེད་མཁན་ཡོང་ཀྱི་ཡོའོ་རེད་པ། ཡིད་ཆེས་བྱེད་མཁན་ཡོང་གི་ཡོའོ་རེད་པ།
  • འོང་འདུག་བཟོ་རེད། དགོས་པ་མང་པོ་ཡོའོ་རེད། གསུང་ཀྱི་ཡོའོ་རེད།
  • འོང་། གཟིགས་པ་བཞི་ཡི་སྒོ་ནས་མར་མི་ཡུལ་ཕེབས་པ་རེད་ཟེར་མཁན་ཡོའོ་རེད་ལ། གཟིགས་པ་ལྔའི་སྒོའི་ནས་མི་ཡུལ་ཕེབས་པ་རེད་ཟེར་མཁན་ཡང་ཡོའོ་རེད།
  • དེ་ལ་ད་གང་ཡོའོ་རེད། འོང་། རྒྱ་ཆེན་རོལ་པའི་མདོ་ལས་ནི། ཨ་ནི་ཡུལ་འཛམ་བུའི་གླིང་ལ་མར་གཟིགས་པ་རེད་ཟེར།
  • ད་ཅིག་གི་གླིང་གཞན་དག་ལ་ཡ་ཕེབས་པ་ཡིན་ན་སངས་རྒྱས་ཀྱི་མཛད་པ་བསྟན་ཐུབ་ཀྱི་ཡོའོ་མ་རེད་ཟེར།
  • དེ་རྒྱུ་མཚན་ག་རེ་རེད་ཟེར་ན། ཁོང་རང་ལ་ནུས་པ་མེད་པ་མ་རེད་ཟེར།
  • འོ་ན་ག་རེ་བྱས་པ་རེད་ཟེར་ན། མི་དེ་ཚོས་ཆོས་ཡོང་གི་ཡོའོ་མ་རེད། སངས་རྒྱས་ཀྱི་མཛད་པ་བསྟན་ནའི་ལས་དགོས་པ་ཤེས་པ་ཡོའོ་མ་རེད།
  • འོང་མི་དེ་ཚ་ལ་ཆོས་བཤད་དུས་ཙམ་ནས་ཉན་གྱི་ཡོའོ་མ་རེད། གོ་གི་མ་རེད་ལ། གོ་ནས་ལའི་ཡིད་ཆེས་ཀྱི་ཡོའོ་མ་རེད།
  • ཨོའོ། ད་དུང་སེམས་ཀྱི་ནང་ལོགས་ལ། ལོག་པ་དོགས་པ་སྡུག་བཅག་དེ་འདྲས་སྐྱེ་གི་ཡོའོ་རེད།
  • འོ་བྱས་ཙང་ཁོས་གཞན་དག་ལ་གླིང་གཞན་དག་ལ་ཆོས་གསུང་པ་ཡིན་ན་ཧ་གོ་ཡོའོ་མ་རེད་བྱས་པ་རེད།
  • བྱས་ཙང་ཡིན་གཅིག་མིན་གཅིག་འཛམ་བུའི་གླིང་ལ་མར་ཕེབས་བྱས་ཆོས་གསུང་དགོས་ཀྱི་ཡོའོ་རེད།
  • འཛམ་གླིང་ལ་ཆོས་གསུངས་ཀྱི་ཡོའོ་རེད། ཨེ། མུ་སྟེགས་པས་བྱས་པ་ཡིན་ན་ང་རང་ཚོའི་མི་རྣམས་ལ་ཚེ་རིང་པོ་མང་པོ་ཞེ་པོ་ཡོའོ་རེད་པ།
  • འོང་ད་ཟེར་རྒྱུ་འདྲ་པོ་དེ་བྱས་པ་ཡིན་ན། འཛམ་བུ་གླིང་གི་མི་རྣམས་ཨ་ནི་ལོ་བརྒྱའི་གཡས་གཡོན་གཅིག་ལ་ཚེ་ཐུབ་ཀྱི་ཡོའོ་རེད་ཟེར།
  • འོང་ཨ་ནི་དེ་འདྲས་ཀྱི་གཅིག་གི་སྐབས་ལ་ཡོང་པ་ཡིན་ན། ཨ་ནི་ཆོས་བཤད་པ་ཡིན་ན་ཏག་ཏག་ཁོ་གོ་ཐུབ་ཀྱི་རེད། ཨོའོ་དེ་དུས་མི་དེ་ཚོས་གོ་ཐུབ་ཀྱི་རེད་ཟེར།
  • ཞིང་ཡང་མི་ཚོ་སྐྱིད་པོ་བྱས་ཚེ་རིང་པོ་བྱས་བསྡད་དུས་ཙམ་ནས་ཆོས་བཤད་ན། ཉན་གྱི་མ་རེད་པ།
  • ཡང་དཀའ་ལས་ཞེ་པོ་གཅིག་ཁག་བསྡད་པའི་སྐབས་ལ་ཡང་ཆོས་བཤད་ན་ཡང་ཉན་གྱི་མ་རེད་པ།
  • ཨ་ལས་ཆོས་གཡུག་བཞོག་ང་གྲོད་ཁོག་རྒྱག་གི་མི་འདུག་ཟེར་གྱི་རེད་པ།
  • འོང་། བྱས་ཙང་། འོང་། དེ་འདྲས་གཅིག་ཨ་ནི་རྦད་དེ་ཧ་ལས་དཀའ་ངལ་གཅིག་ཕྲད་བསྡད་པའི་སྐབས་དེ་ལ།
  • འོ་རེད། ཚེ་ལོ་བརྒྱ་པའི་སྐབས་དེ་ལ་ཆོས་དེ་ཨ་ནི་བཤད་ན་བཤད་ན་འགྲིག་གི་ཡོའོ་རེད།
  • བྱས་ཙང་། དེ་དུས་མི་རྣམས་ཚེ་བརྒྱ་པའི་སྐབས། རིགས་འདྲ་པོ་སྐབས་དེ་དུས་མཐོ་ས་འདྲ་པོ་གཅིག་ལ་མ་བྱུང་ན།
  • མི་དེ་སྤྲང་པོའི་བུ་འདྲ་པོ་དེ་འདྲས་ལ་སྐྱེ་བ་བླངས་ན། མཐོང་ཆུང་བྱས་ཆོས་ཉན་གྱི་མ་རེད་པ།
  • ཨོའོ་བྱས་ཙང་ཁོས་དེ་ག་རེ་ཟར༼ཟེར༽། རྒྱལ་རིགས་ལ་སྐྱེས་པ་རེད། དེའི་གོ་གི་ཡོའོ་རེད།
  • ཨ་ནི་ཁོང་རང་སྐྱེས་སའི་ཨ་མ་དེ་བུད་མེད་གང་བྱུང་མ་བྱུང་གཅིག་གིས་ཡོང་གིས་མ་རེད་བྱས་པ་རེད།
  • འོང་ག་རེ་བྱས་པ་རེད་ཟེར་ན། ཁོང་རང་གཉིས་སྨོན་ལམ་མཐུན་པ། འོང་ཁོང་རང་ཨ་མ་དེའི་གྱི་ཕྲུ་གུ་བྱེད་ཡས་པ་སྨོན་ལམ་བརྒྱབ་པ།
  • ཨ་མ་དེ་གིས་ཀྱང་ཁྱེད་རང་གི་ཨ་མ་བྱེད་ཡས་ཀྱི་སྨོན་ལམ་གྲུབ་པ། ཁོང་རང་གཉིས་ལས་སྨོན་མཐུན་པ།
  • ཨོའོ་དེ་འདྲས་ཀྱི་བྱང་ཆུབ་སེམས་དཔའ་ཨ་ནི་རྦད་དེ་ཁོག་པའི་ནང་ལོགས་ལ་ཉར་ཐུབ་མཁན་གྱི་དེ་འདྲས་གཅིག་གི་བུད་མེད་གཅིག་རེད།
  • ཨ་ནི་རྦད་དེ་སེམས་ལ་ཡ། ཨ་མ་དེ་འདྲས་གཅིག་འཚལ་དགོས་ཀྱི་ཡོའོ་རེད།
  • ཨོའོ། ཨ་ནི་དེ་ཡིན་ན། གཟིགས་པ་བཞི་ལ་འཇུག་པ་ཟེར་ཡས་དེ་རེད། 
  • ད་གཟིགས་པ་ལྔ་པ་ལ་འཇུག་པ་ཟེར་ཡས་དེ་ཡིན་ན་ནི་གཟིགས་པ་བཞིའི་སྒང་ལ་ཨ་ནི་ཁོང་རང་གི་བཙུན་མོའི་འཁོར་ལ་ཡང་གཟིགས་པ་རེད། ཟེར།
  • ཨཱ། དེ་ཟེར་གྱི་ཡོའོ་རེད། འོ་ད་བཙུན་མོའི་འཁོར་གྱི་རོལ་པ་ཟེར་དུས་གསུངས་དུས། བྱང་ཆུབ་སེམས་པའི་མཛད་པ་བཅུ་གཉིས་ནང་ལོགས་ནས་གཅིག་རེད་པ།
  • ཨོའོ་བྱས་དེ་དུས་མཛད་པ་གཅིག་བསྟན་ཡས་དེ་ལ་བཙུན་མོའི་འཁོར་ཡག་པོ་དེ་གྱད་དེ་ཨོའོ་དེ་ལ་གཟིགས་ནས་ཨ་ནི་དགའ་ལྡན་ནས་མར་མི་ཡུལ་ཕེབས་ལ་ཆོས་བཤད་ཀ་ཕེབས་པ་རེད་ཟེར།
  • འོ་ཡ། ད་སྐབས་དེ་དུས་ཨ་ནི་ཡ་ནས་མར་ཁོང་རང་སྐབས་དེ་དུས་ལྷའི་བུ་དམ་པ་ཏོག་དཀར་དེ་རེད་པ།
  • ད་དེ་ནས་མར་མི་ཡུལ་སངས་རྒྱས་ཀྱི་མཛད་པ་བསྟན་ག་ཕེབས་དགོས་ཀྱི་ཡོའོ་རེད་པ། ཕེབས་དུས་ཙམ་ནས་ཨ་ནི་སྔ་མ་ཡིན་་ཁོང་རང་ཡ་གའི་ཆཽས་གསུངས་བྱས་མི་ཡ་གིའི་ཆོས་བདག་དེ་རེད་པ།
  • ད་ཁོང་རང་མར་མི་ཡུལ་ལ་ཕེབས་ནའི་ཡ་གའི་ད་རྐུབ་བཀྱག་སྟོང་པ་ལས་ཀྱི་རེད་པ། བཞུགས་ཁྲི་ད་ལ་སུ་བཞག་དགོས་རེད་ཟེར་ན།
  • ཨ་ནི་བྱང་ཆུབ་སེམས་དཔའ། མི་ཕམ་པ་བཞག་པ་རེད་བྱས་པ་རེད།
  • བྱང་ཆུབ་སེམས་དཔའ་མི་ཕབ་པ་བྱས། བྱང་ཆུབ་སེམས་པ་མི་ཕམ་པ་བྱས་ན། བྱང་ཆུབ་སེམས་དཔའ་ང་རང་ཚོས་དེ་ཞག་བྱས་པ་ཡིན་ན་རྒྱལ་བ་བྱམས་པ་ཟེར་ཡས་དེ་རེད།
  • འོང་རྒྱལ་བ་བྱམས་པ་དེ་ད་ལྟ་ཡ་གའི་དགའ་ལྡན་ལ་ཆོས་གསུངས་ཀྱི་བཞུགས་ཡོའོ་རེད།
  • དེ་ཨ་ནི་གཅིག་གི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱལ་ཚབ་བཟོ་འདྲ་དེ་ཡ་གའི་བཀོད་ནས། ཁོང་རྒྱལ་ཚབ་ཀྱི་དབང་བསྐུར། ཨ་ནི་ཨེ། ཨ་ནི་དམ་པ་ཏོག་དཀར་ཁོང་རང་མི་ཡུལ་ལ་སྐབས་དེ་དུས། 
  • དེ་ནི་རྒྱ་གར་གྱི་གྲོང་ཁྱེར་པ་ཏའི་གྲོང་ཁྱེར་གྱི་རྒྱལ་པོ་ཨ་ནི་དེ་ལ་ཡ། ཡབ་ཟས་གཙང་གི་མི་རྒྱུད་ལ་སྐྱེས་པ་རེད།
  • ཨ་ནི་ཡབ་ཟས་གཙང་དེ་དེ་རུ་རྒྱལ་པོའི་རིགས་དེ་ཨ་ནི་མཐོ་ལོས་འདྲ་པོ་གང་འདྲ་ཅིག་རེད་པས་ཟེར་ན།
  • ད་དེ་མཐོ་པོ་ཞེ་དྲག་རེད། བྱས་པ་རེད། རིགས་མཐོ་པོ་གང་འདྲས་རེད་ཟེར་ན། 
  • ད་རྒྱ་གར་ལ་སྔ་མ་སྔ་མ་རྒྱལ་པོ་དང་པོ་ཁོ་ལ་རྒྱ་པོ་མང་པོས་་བཀུར་བའི་རྒྱལ་པོ་ཟེར་ར་རེད།
  • ཨོའོ་དེ་གིའི་རིགས་རྒྱུད་རེད་བྱས་པ་རེད། དེའི་རིགས་རྒྱུད་ཡིན་སྟངས་གང་འདྲས་བྱས་པ་རེད་ཟེར་ན།
  • ཨོའོ་རིགས་རྒྱུད་དེ་འདྲས་ཟེར་རེད་ཟེར། མང་པོས་བཀུར་བའི་རྒྱལ་པོ་ནས་མི་རབས་ས་ཡ་གཅིག བདུན་ཁྲི། ཆིག་སྟོང་ལྔ་བརྒྱ། ལྔ་བཅུ་འདས་པ་ན།ཨ་ནི་ཤཱཀྱ་གཞུ་བརྟན་ཟེར་ཡསད་ཨེ་རེད་ཟེར།
  • ད་མི་རབས་མང་པོ་ཞེ་པོ་གཅིག་ཕྱིན་འདུག་ག་རྒྱལ་རིགས། རིགས་མང་པོ་ཞེ་པོ་གཅིག་ཕྱིན་ནས་ཨ་ནི་ད། དེ་ནས་ཤཱཀྱ་གཞུ་བརྟག་ཟེར་ཡས་གཅིག་རྒྱལ་པོ་གཅིག་བྱུང་པ་རེད།
  • ད་ཤཱཀྱ་གཞུ་བརྟན་ལ་བུ་ག་རེ་ཟེར་ཡན་༼མཁན་༽གཅིག་བྱུང་པ་རེད་ཟེར་ན། སེང་གེ་འགྲམ།ཟེར་མཁན་གཅིག་དང་སེང་གེ་སྒྲ་ཟེར་མཁན་གཅིག་བུ་གཉིས་བྱུང་པ་རེད། 
  • ད་བུ་གཉིས་པོ་དེའི་ནང་ལོགས་ནས་བུ་རྒན་པ་དེའི་མིང་ལ་སེང་གེའི་འགྲམ་ཟེར་ར་རེད། 
  • བུ་སེང་གེ་འགྲམ་དེ་རྒྱལ་པོ་བྱས་བྱས་བྱེད་དུས་ཙམ་ནས།  བུ་སེང་གེ་འགྲམ་དེ་ལ་ཡང་བུ་བཞི་སྐྱེས་པ་རེད་ཟེར།
  • ད་བུ་བཞིའི་ནང་ལོགས་ནས་བུ་རྒན་པ་དེ་སུ་རེད་ཟེར་ན། བུ་ཟས་གཙང་ཟེར་ཡས་དེ་རེད་ཟེར།
  • ད་བུ་ཟས་གཙག་ཟེར་ཡས་དེ་ལ་ཡང་རྒྱལ་པོ་བྱས་ནས་བསྡད་དུས་ཙམ་ནས། ཨ་ནི་ཁོང་ལ་བུ་སུ་སྐྱེས་པ་རེད་པས་ཟེར་ན།
  • བཅོམ་ལྡན་འདས་གཅིག་སྐྱེས་པ་རེད་ཟེར་གྱི་ཡོའོ་རེད། ཨོའོ་ད་ཁོང་རང་རྒྱལ་པོའོ་རྒྱལ་རིགས་ཡིན་སྟངས་ཁོ་འདུག་བཟོ་ཡར་རྒྱ་གར་གྱི་རྒྱལ་པོ་དང་པོ་ཁོའི་རྒྱུད་པ་ཡིན་ཟེར་གྱི་ཡོའོ་རེད།
  • ཨོའོ་འོང་། རྒྱལ་རིགས་ཡིན་ཟེར། དེ་ཟེར་དགོས་དོན་ག་རེ་རེད་ཟེར་ན། 
  • རྒྱ་གར་ཟེར་ཡས་ཀྱི་མི་དེ་ཨ་ནི་སྔོན་མ་ཡིན་རིགས་མཐོ་པོ་ཁོ་ལ་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག་གང་།
  • བྱས་ཙང་རིགས་མཐོ་པོ་གཅིག་གི་སྐྱེ་བ་བཞེས་པ་ཡིན་ན་། མིས་དགའ་པོ་བྱེད་ཀྱི་ཡོའོ་རེད། དགའ་པོ་བྱེད་མཁན་མང་པོ་ཡོད་ན་ཨ་ནི།
  • ཆོས་འདུག་བཟོ་བཤད་དུས་ཙང་ནས་ཨ་ནི། ཉན་གྱི་རེད་པ། ཨོའོ་ཁྱེད་རང་ལ་དགའ་པོ་བྱེད་མཁན་མི་འདུག་ན། ཁོས་ཐེངས་དང་པོ་ད་བཤད་དུས་ནས་ལའི་ཉན་འདོད་པ་མི་འདུག་ན་འདོད་པ་མི་འདུག་ཟེར་གྱི་རེད་པ།
  • དེ་འདྲས་རེད། འོ་ཡ། འདུག་བཟོ་བྱས། ད་འདིའི་ཟསགཙང་གི་སྲས་བརྩིས་པའི་ཁོང་རང་ཚོ་ཟས་གཙང་གི། བུ་དེ་རེད།
  • བུ་ཅོ་ཅོག་དེ་བྱས། ཨ་ནི་འོག་མ་ཟས་དཀར་དང་། བྲེའོ་ཟས་དང་། བདུད་རྩི་ཟས་དང་བུ་བཞི་ཡོའོ་རེད། 
  • སེང་གེ་འགྲམ་ལ་ཡ། བུ་མོ་ཡིན་ནའི་བཞི་སྐྱེས་བྱས་སྐྱེས་པ་རེད་བྱས་པ་རེད།
  • ད་དེ་དག་གི་ནང་ལོགས་ནས་། ཨ་ནི་རྦད་དེ་བུ་རྒན་པ་ཟས་གཙང་དེ་ཨ་ནི་རྒྱལ་པོ་ལ་ཡ་བསྐུར། སེང་གེ་འགྲམ་ཤི་གི་རེད་པ།
  • སེང་གེ་འགྲམ་ཤི་དུས་ཙམ་ནས་ད་བཅོམ་ལྡན་འདས་ཀྱི་མེ་པོ་རེད་པ། མེ་པོ་སེང་གེ་འགྲམ་ཤི་གིརེད་པ། ཤི་དུས་ཙམ་ནས་ཨ་ནི་སུ་ད་རྒྱལ་པོ་ལ་བཀོད་དགོས་རེད་པས་ཟེར་ན།
  • བུ་རྒན་པ་ཟས་གཙང་ཟེར་ཡས་དེ་རྒྱལ་པོ་ལ་བཀོད་པ་རེད་ཟེར།  ད་བུ་རྒན་པ་རྒྱལ་པོ་བཀོད་དུས་ཙམ་ནས། ཨ་ཨི་ཟས་གཙང་ལ་ཡ་བཙུན་མོ་ག་ནས་བྱུང་བ་རེད་ཟེར་ན།
  • ཨ་ནི་རྒྱ་གར་གྱི་ལུང་པ་ཡང་ལྷས་བསྟན་ཟེར་ཡས་གཅིག་ནས་ཨོའོ་རྒྱལ་པོ་གཅིག་གི་གཅིག་ལ་ཡ་བུ། བུ་མོ་གཉིས་འདུག་ག
  • ཨོའོ་བུ་མོ་གཉིས་པོ་དེའི་གིའི་ནང་ལོགས་ནས་བུ་མོ་ཆུང་བ་དེ་གིའི་མིང་ལ་ག་རེ་ཟེར་ར་ཟེར་ན། སྒྱུ་མ་ལྷ་མཛེས་ཟེར་གྱི་ཡོའོ་རེད།
  • དེ་མཛེས་པོ་ཞེ་དྲག་ཡོད་བྱས་པ་རེད། འོ་དེ་ཟས་གཙང་གི་མནའ་མར་ཚུར་ལེན་པ་རེད་བྱས་པ་རེད།
  • ཨོའོ། མནའ་མ་ལ་ལེན་དུས་བཙུན་མོ་ལ་ལེན་དུས་ཙམ་ནས་ཨ་ནི་སྒྱུ་མ་ལྷ་མཛེས་ལ་བུ་སུ་སྐྱེས་པ་རེད་ཟེར་ན།
  • ཨ་ནི་སངས་རྒྱས་བཅོམ་ལྡན་འདས་ཟེར་ཡས་དེ་འཁྲུངས་པ་རེད་བྱས་པ་རེད།
  • སངས་རྒྱས་བཅོམ་ལྡན་འདས་ཨ་ནི་འཁྲུངས་ནས་སངས་རྒྱས་བཅོམ་ལྡན་འདས་འཁྲུངས་ནས་ཨ་ནི་ཉིན་མ་བདུན་ནས་ཨ་ནི་ཡུམ་སྒྱུ་མ་ལྷ་མཛེས་དགོངས་པ་རྫོགས་པ་རེད་ཟེར། ཤི་པ་རེད་ཟེར།
  • ཤི་ནས་སྒྱུ་མ་ལྷན་མཛེས་ག་པར་སྐྱེས་པ་རེད་པས་ཟེར་ན། ལྷ་ཡུལ་སྐྱེས་པ་རེད་ཟེར།
  • ཨ་ནི་ད་རྒྱལ་པོ་ཟས་གཙང་ལ་ད་བཙུམ་མོ་ཡོའོ་མ་རེད་པ། ཡང་བཙུན་མོ་གསར་པ་གཅིག་ལེན་པ་རེད་ཟེར་།
  • གསར་པ་ག་གི་ལེན་པ་རེད་ཟེར་ན། སྒྱུ་མ་ལྷ་མཛེས་ཀྱི་ཨ་ཅག་ཡང་སྒྱུ་འཕྲུལ་མ་ཟེར་ཡས་གཅིག་ཡོའོ་རེད།
  • ཨོའོ་དེ་ཚུར་ལེན་པ་རེད། ཟེར། དེ་ལ་ཡ་བུ་སུ་སྐྱེས་པ་རེད་ཟེར་ན།
  • བཅོམ་ལྡན་འདས་ཀྱི་འོག་མ་ད། འོག་མ༼གཅུང་པོ་༽་ཟེར་གྱི་རེད་པ་ང་ཚོས་བོད་པས། ཨོའོ་འོག་མ་བུ་སུ་སྐྱེས་པ་རེད་པས་ཟེར་ན།
  • བུ་དགའ་བོ་ཟེར་མཁན་གཅིག་སྐྱེས་པ་རེད་ཟེར་བྱས་པ་རེད༎ མིང་ལ་དགའ་བོ་ཟེར་གྱི་ཡོའོ་རེད།
  • ད་ག་ད་ཁོང་གཉིས་ཨ་མ་ཁག་ཁག་བྱས། པཱ་ལགས་གཅིག་རེད་པ།
  • ཨོའོ་དེ་འདྲས་ཅིག་གི་བུ་གཉིས་སྐྱེས། ཨོའོ་འདུག་བཟོ་བྱས་ནས་རྒྱལ་པོའི་རྒྱལ་རྒྱུད་དེ་འདྲེན་སྟངས་ཁོ་རིགས་མཐོ་པོ་ལ་འདུག་བཟོ་བྱས་བྱས་ཕེབས་པ་རེད་ཟེར།
  • འོ་ཡག ཨེ། ད་འོ་ན་སངས་རྒྱས་བཅོམ་ལྡན་འདུག་བཟོ་ཟས་གཙང་གི་སྲས་གཅིག་འདུག་བཟོ་འཁྲུངས་ཡོད་ན་ག་དུས་འཁྲུངས་པ་རེད།
  • དུས་ཚོད་ག་དུས་འཁྲུངས་པ་རེད། བཅོམ་ལྡན་འདས་ཤོད་དང་ཟེར་ན།
  • དུས་ཚད་གཏན་གཏན་གཅིག་བཤད་ཡས་ཡོའོ་མ་རེད་བྱས་པ་རེད། རྒྱུ་མཚན་ག་རེ་རེད་ཟེར་ན།
  • དེ་མཁས་པ་སོ་སོའི་བཞེས་པ་མི་འདྲ་བ་ཡོའོ་རེད་ཟེར་། ད་འདི་ང་རང་ཚོའི་བཀའ་གདམས་ཆོས་འབྱུང་སོང་ཙང་། ཇོ་བོ་རྗེས་སངས་རྒྱས་འཁྲུངས་པའི་འཁྲུངས་སྟངས་གཅིག་བཤད་ཀྱི་ཡོའོ་རེད།
  • འགའ་ཤས་ཀྱིས་སངས་རྒྱས་འཁྲུངས་སྟངས་འཁྲུངས་ལོ་གཅིག་ཡོའོ་རེད་པ། སངས་རྒྱས་ཀྱི་འཁྲུངས་ལོ་དང་། སངས་རྒྱས་ཀྱི་འདས་ལོ་ལ་མི་མཐུན་པའི་བཞེད་པ་མང་པོ་ཞེ་པོ་ཡོའོ་རེད་པ།
  • བྱས་ཙང་ཁོས་ད་དེ་ཇོ་བོ་རྗེ་བཞེད་པ་དེ་རེད། སངས་རྒྱས་འཁྲུངས་འདས་བརྩིས་སྟངས། འོ་ཇོ་བོ་རྗེ་བཞེད་པ་ལྟར་བྱས་སོང་ན།
  • ཤིང་ཕོ་བྱི་བའི་ལོ་དཔྱིད་ཟླ་ཐ་ཆུང་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན། འོ། ཨ་ནི་ཡང་མི་ཁ་ཅིག་གིས་ཡང་། ད་དུང་ག་རེ་ཟེར་གྱི་ཡོའོ་རེད་ཟེར་ན། དེའི་སྒང་ལ་ཡ།
  • ཏིག་ཙ་ཏིག་ཙ་ཡག་ག་ཁོ་ལ་ཡ། ག་རེ་བྱས་སོང་ཟེར་ན། སྐར་མ་རྒྱལ་འཆར་བའི་དུས་སྦྱོར་དང་པོ་ཁོ་ལ་ཨ་ནི་སངས་རྒྱས་བཅོམ་ལྡན་འདས་ཡུམ་སྒྱུ་མ་ལྷ་མཛེས་ལ་འཁྲུགས་པ་རེད་ཟེར་བྱས་བྱས་། དུས་ཚོད་དེ་འདྲས་གཅིག་ལ་འཁྲུངས་པ་རེད་བྱས་པ་རེད།
  • འཁྲུངས་པའི་དུས་ཚོད་ཁོ་ལ་དེ་ཇོ་བོ་རྗེ་ལུགས་རེད་ད། འོང་ད་མཁས་པ་སོ་སོའི་སངས་རྒྱས་འཁྲུངས་པའི་འཁྲུངས་སྟངས་འདྲ་གི་ཡོའོ་མ་རེད་པ།
  • ཨོའོ། དེ་ཡང་ཨ་ནི་སངས་རྒྱས་བཅོམ་ལྡན་འདས་ཡུམ་གྱི་སྒྱུ་མ་ལྷ་མཛེས་ཀྱི་ཁོག་པའི་ནང་ལོགས་ལ་བཞུགས་ཡོའོ་རེད་པ།
  • བཞུགས་དུས་ཙམ་ནས་དང་པོ་གང་ཟེར་བྱས་བཞུགས་པ་རེད། ཟེར་ན།
  • གླང་པོ་ཆེའི་ཕྲུག་གུ་ཐལ་ཀར་མཆེ་བ་དྲུག་པ་གསེར་གྱི་དྲྭ་བས་བརྒྱན་པའི་གཟུགས་ཀྱིས་ཡུམ་གྱི་གློ་གཡས་ནས་ཞུགས་པ་ནི་དགའ་ལྡན་ནས་འཕོས་པ་དང་ཟེར་།
  • ད་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་དེ་བཅུ་གཉིས་ཟེར་ཡས་གཅིག་བསྟན་ཡོའོ་རེད་པ།
  • མཛད་པ་བཅུ་གཉིས་ཟེར་ཡས་དེ་གིའི་མཛད་པ་དང་པོ་དེ་གང་རེད་ཟེར་ན། 
  • དགའ་ལྡན་ནས་འཕོས་པའི་མཛད་པ་ཟེར་ཡས་དེ་རེད། 
  • ལྷ་ཡུལ་དགའ་ལྡན་ནས་མར་མི་ཡུལ་ལ་སྐྱེ་བ་ལེན་ག་ཕེབས་ཀྱི་ཡོའོ་རེད་པ། དེ་ཡར་ནས་ལྷ་ཡུལ་ནས་མི་ཡུལ་ལ་ཕེབས་པ། མར་ཡོང་པ་ཟེར་གྱི་ཡོའོ་རེད།
  • ཨོའོ་དེ་མཛད་པ་གཅིག་རེད། ཨོའོ་དེ་གང་འདྲས་ཡོང་པྲེད་ཟེར་ན། ཡར་ནས་མར་ལྷའི་རྣམ་པས་ཡོང་ཡོང་ཡོའོ་མ་རེད།
  • མིའི་རྣམ་པས་ཡོང་ཡོའོ་མ་རེད། འོ་ན་གང་འདྲས་གཅིག་གི་རྣམ་པས་ཡོང་པ་རེད་ཟེར་ན།
  • བཟོ་ལྟ་འདྲ་པོ་གང་འདྲས་ཅིག་བསྟན་བྱས་ཡོང་པ་རེད་ཟེར་ན། 
  • གླང་པོ་ཆེ་དཀར་པོ་འོང་ཨ་ནི་གཅིག་གི་རྦད་དེ་བ་སོ་མཆེ་བ། བ་སོ་ཟེར་གྱི་རེད་པ། དེ་འདྲས་དྲུག་དང་ལྡན་པ་ཨོའོ་མཆེ་བ།
  • མཆེ་བ་དྲུག་ལྡན་འོ་ཡ། དེ་འདྲ་སྙིང་རྗེ་པོ་གཅིག་གི་རྣམ་པ་བསྟན་ནས་ཨ་ནི་ཡོང་པ་རེད་བྱས་པ་རེད།
  • འོ་ཡ། ཡོང་ནས་ཨ་ནི་ཡུམ་ཡི་གློ་གཡས་པ་ནས་བཟུང། ཕྱི་ལོགས་གཡས་པ་ནས་འཛུལ་བྱས་ཡོང་དུས་ཨ་ནི་ཡུམ་གྱི་ཁོག་པའི་ནང་ལོགས་ལ་ཞུགས་བསྡད་པ་རེད་ཟེར།
  • འོང་། དེ་ནས་ཟླ་བ་བཅུ་རྫོགས་པ་ན།ཟེར། ཡུམ་གྱི་ཁོག་པའི་ནང་ལོགས་ལ་ཟླ་བ་བཅུ་བཞུགས་པ་རེད་བྱས་པ་རེད། 
  • ཟླ་བ་བཅུ་ཞུགས་པ་ན་ཨ་ནི་ཤིང་མོ་གླང་གི་ལོ་ལ་སྐུ་བལྟམས་པའི་མཛད་པ། ད་འཁྲུངས་པའི་མཛད་པ་ཁོ་བསྟན་པ།
  • ཨོའོ་དེ་མཛད་པ་བཅུ་གཉིས་ཀྱི་ནང་ལོགས་ནས་འཁྲུངས་པའི་མཛད་པ་ཁོ་རེད་པ།
  • ད་སྐྱེས་པའི་མཛད་པ་ཟེར་རེད་པ་མར། མར་འཁྲུངས་པ་རེད། ཨོའོ་ད་འཁྲུངས་ནས་ལོ་ཉི་ཤུ་རྩ་དགུའི་བར་དུ་ཁབ་ཏུ་བཞུགས། ཨོའོ་ལོ་ཉི་ཤུ་རྩ་དགུའི་བར་ཏུ་ག་རེ་གནང་པ་རེད་ཟེར་ན།
  • ཨ་ཁབ་ལ་བཞུགས་དེ་ནི་ག་རེ་རེད་ཟར༼ཟེར༽། ཡི་གེ་བསླབས་ཡས་ད་ཅིག་གི དམག་རྩལ་བསླབས་ཡས་དང་ཅིག་གི འོང་ཨ་ནི་བཙུན་མོ་ལེན་ནས་འོང་བཞུགས་ཡས་དང་ཅིག་གི་མང་པོ་བྱས་པ་རེད་པ།
  • འོང་། ཨ་ནི་ང་རང་ཚོའི་ཁྱིམ་པའི་ལས་ཀ་བཟོ་འདྲ་དེ་ཚོ་གནང་བྱས་བཞུགས་པ་རེད་ཟེར། 
  • འོང་དེ་ཁྱིམ་ལ་བཞུགས་པའི་མཛད་པ་གཅིག་རེད། འོང་དེ་ནས་བཟོའི་གནས་ལ་སོགས་པ་མཁས་པ་བྱས་པའི་མཛད་པ། བཙུན་མོའི་འཁོར་གྱི་རོལ་བའི་མཛད་པ།  
  • ཨོའོ་དེ་འདྲས་འདུག་ག ཨོའོ་བཟོའི་གནས་ལ་མཁས་པ་བྱས་པ་ཟེར་ན། ཨ་ནི་ཡིག་རིགས་མང་པོ་ལ་མཁས་པ་བྱས་དང་། ད་ཅིག་གི་དམག་རྩལ་དང་མདའ་རྩལ་ཟེར་ཡས། མདུང་རྩལ་དང་ཅིག་་མང་པོ་ལ་མཁས་པར་བྱས་པའི་མཁས་པའི་མཛད་པ་བྱས།
  • བཙུན་མོའི་འཁོར་གྱི་རོལ་པའོ་མཛད་པ་བྱས་ད་དེ་གྱད་ཁྱིམ་ལ་རོལ་པའི་མཛད་པ་དེར་དབྱེ་བ་ཕྱེ་སོང་གང་། ཨོའོ་འདུག་བཟོ་རེད།
  • ད་དེ་ནས་ལོ་ཉི་ཤུ་རྩ་དགུ་པར་སླེབས་དུས་ཙམ་ནས། ཨ་ནི་ཆུ་མོ་སྦྲུལ་གྱི་ལོ་ལ་ཁབ་ནས་ངེས་བྱུང་བའི་མཛད་པ་བསྟན་པ་རེད། ཟེར།
  • བྱས་པ་རེད། ཁབ་ནས་ངེས་པར་བྱུང་བའི་མཛད་པ་ཟེར་ན། 
  • ཁབ་ཟེར་ན་ཁོང་རང་བསྡད་སའི་རྒྱལ་པོའི་རྒྱལ་ཁབ་དེ་རེད་པ།ཁ་དེ་རེད་པ། རྒྱལ་པོའི་ཕོ་བྲང་དེ་རེད་པ། ད་རྒྱལ་པོའི་ཕོ་བྲང་དེ་ནས་ཨ་ནི་ཁོང་རང་རྒྱལ་པོའི་ཕོ་བྲང་ལ་བསྡད་དུས་ཙམ་ནས་ཁོང་རང་ཁྱིམ་པ་གཅིག་རེད་པ།
  • གྲ་པ་རབ་བྱུང་མ་རེད་པ། ད་ཁབ་ལ། ཁབ་དེ་ནས་འདོན་ཚར་ར་ད་ག་ཁྱིམ་ནས་འདོན་ནས་ག་རེ་བྱས་པ་རེད་ཟེར་ན། རབ་བྱུང་བྱས་པ་རེད་ཟེར་གྱི་ཡོའོ་རེད།
  • རབ་ཏུ་བྱུང་བའི་མཛད་པ་གཅིག་རེད་བྱས་པ་རེད། འོང་རབ་ཏུ་བྱུང་དུས་གང་འདྲས་གཅིག་བྱས་པ་རེད་ཟེར་ན།
  • ཨ་ནི་མཆོད་་རྟེན་རྣམ་དག་གི་དྲུང་དུ་ཨ་ནི་རབ་ཏུ་བྱུང་ནས་བཞུགས་པ་རེད་ཟེར། དེ་ལ་ཡ་རབ་བྱུང་འདི་ལ་ཡ་རང་བྱུང་ཟེར་གྱི་རེད། ག་རེ་རེད་ཟེར་ན།
  • ཁོང་ལ་མཁན་པོ་ལ་སོགས་པའི་གཞན་དག་ཡོའོ་མ་རེད་པ། ང་རང་ཚོ་དེང་སང་གྲ་པ་འདྲ་ཅིག་བྱེད་དགོས་བྱུང་ན། ཨ་ལས་མཁན་པོའི་སྐུ་མདུན་ལ་ཕྱིན་ནས་ཨ་ནི་དབུ་སྐྲ་དེ་ཚོ་བརྐོག་ནས། དེ་ནི་སྡོམ་པ་ཞུ་གྱི་ཡོའོ་རེད་པ།
  • སངས་རྒྱས་བཅམ་ལྡན་འདས་ལ་དེ་འདྲས་ཀྱི་མཁན་པོ་ཡོའོ་མ་རེད། ཁཽང་རང་དང་པོ་རེད་པ་སངས་རྒྱས། འོང་། བྱས་ཙང་། སོ་སོས་སོ་སོའི་དཀར་བག་༼བཞར༽། འོ་ཨ་ནི་གྲ་ཆས་སྤྲས། ཆས་དེ་ཚོ་གྱོན་ནས་ཨ་ནི་དེ་བྱ་པ་རེད་པ།
  • ཨོའོ་དེ་རང་བྱུང་ཟེར་ར་རེད། འོང་། ཨོའོ་བྱས། ཨ་ནི་རབ་ཏུ་བྱུང་ས་དེ་ག་པར་བྱུང་པ་རེད་ཟེར་ན།
  • མཆོད་རྟེན་རྣམ་དག་ཟེར་ཡས་གཅིག་འདུག་ག་ཨོའོ་དེའི་དྲུང་དུ་རབ་ཏུ་བྱུང་པ་རེད་ཟེར་། ད་རབ་ཏུ་བྱུང་བའི་མཛད་པ་དེ་གྱད། ད་དེ་ནས་མཛད་པ་དེའི་རྗེས་ལ་མཛད་པ་ག་རེ་བསྟན་པ་རེད་ཟེར་ན།
  • དཀའ་བ་སྤྱད་པའི་མཛད་པ་ཟེར་ཡས་དེ་བསྟན་པ་རེད། འོང་། དཀའ་བ་ལོ་ག་ཚོད་སྤྱད་པ་རེད་ཟེར་ན། ལོ་དྲུག་དཀའ་བ་སྤྱད་བཞག་ཟེར།
  • འོང་། ཆུ་ཀླུང་ནེ་རའི་ཉྫ་ནའི་འགྲམ་དུ། ཨ་ནི་ལོ་དྲུག་དཀའ་བ་སྤྱད། དཀའ་བ་སྤྱད་ཡས་དེ་ཟེར་ཡས་དེ་ག་རེ་རེད་ཟེར་ན།
  • ད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་དུས་རྒྱ་གར་ལ་མུ་སྟེགས་པའི་ཆོས་དེ་དར་པ་ཆེན་པོ་ཞེ་པོ་ཡོའོ་རེད་པ། 
  • འོང་ཨ་ནི་མུ་སྟེགས་པའི་ཆོས་ལ་ཡིན་ན་ག་རེ་ཟེར་ར་རེད་ཟེར་ན། དཀའ་བཅུ་བྱས་པ་ཡིན་ན་ཨ་ནི་ཚེ་རྗེས་མ་ནས་ལྷ་ལ་སྐྱེས་ཀྱི་རེད། ཨ་ནི་གཅིག་གི་ཡར་ཚངས་པ་དང་བརྒྱ་བྱིན་དང་ཡིན་ནའི་ལས་རེད། གོ་འཕངས་མཐོ་པོ་འཐོབ་ཀྱི་རེད། ཐར་པ་ཐོབ་ཀྱི་རེད་ཟེར་གྱི་ཡོའོ་རེད་པ།
  • ཨོའོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དཀའ་བཅུ་བརྟེན་ན་ཐར་པ་ཐོབ་ཀྱི་འདུག་མི་འདུག བལྟ་ཡས་ཀྱི་ཆེད་དུ་ཨ་ནི་དཀའ་བཅུ་བརྟེན་པ། དཀའ་བཅུ་བརྟེན་་ནས་ལའི་ཐར་པ་ཐོབ་ཀྱི་ཡོའོ་རེད།
  • བརྟེན་ན། དཀའ་བཅུ་བརྟེན་ན་ཁྱེད་རང་ཚོ་གཟུགས་པོ་འཕྲོ་བརླགས་ལ་འགྲོ་གི་ཡོའོ་རེད་མ་གཏོགས། མི་གཞན་དག་ལ་རོགས་པ་བྱེད་ཡས་ཀྱི་བཟོ་བལྟ་སྒང་ག་ཤོར་གྱི་ཡོའོ་རེད་མ་གཏོགས། ཕན་ཐོག་གི་ཡོའོ་མ་རེད།
  • བྱས་ཙང་བཅོམ་ལྡན་འདས་ཀྱི་ལོ་དྲུག་ནས་ཨ་ནི་དཀའ་བཅུ་གཡུག་བཞག་པ་རེད། དཀའ་བཅུ་མ་བརྟེན་པ་བྱས། ཨོའོ་ཨ་ནི་ཁོང་གི་གཟུགས་པོ་དེ་འཚོ་གནས་ཡག་པོ་བྱས། ཨོའོ་དེ་གསོ་སྐྱོངས་ཡག་པོ་བྱས། ཨ་ནི་དེ་ནས་གཟུགས་པོ་དེ་གསོ་སྐྱོངས་ཡག་པོ་བྱས་ནས་ཨ་ནི་ཆོས་གསུངས་ཐུབ་ཀྱི་རེད་པ།
  • གཟུགས་པོ་ཁོ་ཡག་པོ་མེད་པ་བྱས་ཆོས་གསུངས། གཞན་དོན་བྱེད་ཐུབ་ཀྱི་མ་རེད་པ། ཨོའོ་དེ་འདྲས་རེད་ད།
  • འོང་བྱས་དེའི་ཆེད་དུ་ཨ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དཀའ་བཅུ་ལོ་དྲུག་བརྟེན་པ་དེ་ག་རེ་རེད་ཟེར་ན། གཙོ་བོ་ཡིན་ན་ད་མུ་སྟེགས་པ་དང་ཅིག་ཆོས་ལོག་པ་བྱེད་མཁན་དེ་ཚོ་ལ་ཡ་ད་དེ་ལོག་པའོ་ལམ་ཁ་རེད་ཤག 
  • དཀའ་བཅུ་བརྟེན་པ་ལ་ཕན་ཐོགས་མི་འདུག་ཟེར། བསྟན་ཡས་ཀྱི་ཆེད་དུ་ཁོང་རང་དཀའ་བཅུ་བརྟེན་ག་བྱས་པ་རེད་ད།  ཨོའོ་དེ་དཀའ་བཅུ་བརྟེན་པའི་མཛད་པ་གཅིག་རེད།
  • ཨེ། དེ་ནས་ག་རེ་རེད་ཟེར་ན། ཨེ། བྱང་ཆུབ་སྙིང་པོ་རྡོ་རྗེ་གདན་དུ་གཤེགས་པའི་མཛད་པ། ཨ་ནི་ད་དེ་ནས་དཀའ་བཅུ་བརྟེན་ནས་འབྲས་བུ་ག་གའི་ཐོབ་ཡས་ཡོའོ་མ་རེད་པ།
  • བྱས་ཙང་ཁོང་གིས་དཀའ་བཅུ་མ་བརྟེན་པ་བྱས་ཚར་ར་ད་ག་ག་པར་ཕེབས་པ་རེད་ཟེར་ན། ཨ་ནི་བྱང་ཆུབ་ཀྱི་ཤིང་གྲོང་རྒྱ་གར་གྱི་རྡོ་རྗེ་གདན་གྱི་ད་ལྟ་བདུན་བཅུ་དོན་གསུམ་ཡོའོ་རེད་པ།
  • དེ་ཡོད་ས་དེ་ལ་ཕེབས་ཚར་ར་ད་ག་འོང་ད་ང་ཕ་གའི་ཆོས་བྱེད་ཀྱི་ཡིན་ཟེར། ཨོའོ་དེ་བྱས་དེ་ལ་ཆོས། རྡོ་རྗེ་གདན་དུ་ཕེབས་པ་མཛད་པ་བྱས།
  • འོང་དེ་ནས་ཨ་ནི་དགུང་ལོ་སུམ་ཅུ་རྡོ་རྗེ་གདན་དུ་ཕེབས་དུས་ཙམ་ནས་ཨ་ནི་ཁོང་རང་རབ་ཏུ་བྱུང་དུས་ལོ་ཉི་ཤུ་རྩ་དགུ་རེད་པ།
  • དེ་ནས་ལོ་དྲུག་དཀའ་ལས་བརྒྱབ་ཙང་། ལོ་སུམ་ཅུ་སོ་ལྔ་ལ་སླེབས་ཚར་ར་རེད་པ། ད་ལོ་སོ་ཅུ་སོ་ལྔའི་ལོ་ལ། སངས་རྒྱས་དགུང་ལོ་སུམ་ཅུ་སོ་ལྔ་སྐབས་ལ་ཨ་ནི་རྡོ་རྗེ་གདན་ལ་ཕྱིན་ཨ་ནི་་བྱང་ཆུབ་ལྗོན་ཤིང་དུ་ཨ་ནི་ཁོང་གིས་འདུག་བཟོ་བསམ་གཏན་བསྒོམས་པ་རེད། ཨོའོ།
  • ད་མུ་སྟེགས་པ་ནང་བཞིན་བསམ་གཏན་བསྒོམས་ན་ཕན་ཐོགས་མི་འདུག ད་ང་བསམ་གཏན་ག་རེ་བསྒོམས་དགོས་རེད་ཟེར་ན།
  • བྱམས་སྙིང་རྗེ། བྱང་ཆུབ་ཀྱི་སེམས། ཨོའོ་ཨ་ནི་ང་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་དུ་མགྲུབ་པ་སྟོང་པ་ཉིད་ལ་གྲུབ་མཉམ་པར་བཞག་པ་རེད། བསམ་གཏན་བསྒོམས་པ་རེད། འདི་སྒོམ་པ་རེད།
  • ཨོའོ་འདི་བསྒོམས་ནས་ཨ་ནི་དགོང་དག་ས་ག་ཟླ་བའི་ཚེས་པ་འོང་ད་ཅིག་གི་བཅུ་བཞིའི་དགོང་མོ་ཟེར་གྱི་རེད་པ། བཅུ་བཞིའི་མཚན་ལ་ཡིན་ན་ཨ་ནི་ཁོང་གིས་བདུད་བཏུལ་པ་རེད།
  • བདུད་བཏུལ་པའི་མཛད་པ་ཟེར་གྱི་རེད། དེ་བདུད་བཏུལ་པའི་མཛད་པ་ཟེར་དགོས་དོན་གང་ཡིན་ཟེར་ན། ད་སངས་རྒྱས་ཀ་ལ་མོ་༼གྲབས་༽ཅིག་ཡོའོ་རེད་པ།
  • སངས་རྒྱས་ཀ་ལ་མོ་དེ་ལ་ཨ་ནི་ད་ཁོང་སངས་རྒྱས་མཁན་སོང་ཙང་གནོད་པ་བྱེད་་མཁན་མང་པོ་ཨ་ནི་གནོད་པ་བྱེད་ཀ་ཡོང་གི་ཡོའོ་རེད་ཟེར།
  • ཨ་ནི་ཁོང་གིས་གནོད་པ་དེ་གྱད་སྒང་ག་ལོགས་བཏུལ་པ་རེད། ཟེར་ལབ་པ་རེད། བཏུལ་དུས་ཙམ་ནས་མདའ་དང་གྲི་དང་མདུང་དང་དེ་གྱད་དེ་ཁྱེར་བྱས་བཏུལ་ག་ཕར། དམག་རྒྱག་ག་ཐད་ཀྱོག་མ་རེད་པ། ག་རེ་བྱས་པ་ཟེར་ན།
  • ཁོང་གིས་བྱམས་པ་བསྒོམས་ཚར་ར་ད་ག་འོ་དེ་གྱད་དེ་ལ་བྱམས་པ་དང་སྙིང་རྗེ་དང་དེ་འདྲས་བསྒོམས་ཚར་ར་ད་ག་ཨ་ནི་ཁོང་ཚོས་རྦད་དེ་བརླགས་མ་ཁྱེར་པ་བྱས།
  • དེ་ཕར་དཔའ་ཞུམ་པ་བཟོས་པ་རེད། འོང་། སྟོད་ལ་ཡ་བདུད་བཏུལ། དེ་ནས་ཚེས་པ་བཅོ་ལྔའི་ཐོ་རེངས་ལ་ཨ་ནི་མངོན་པར་རྫོགས་པ་སངས་རྒྱས་པ་རེད།
  • སངས་རྒྱས་ཟེར་ཡས་དེ་ཨ་ནི་ཚེས་པ་བཅོ་ལྔའི། ཟླ་བ་བཞི་པའི་ཚེས་པ་བཅོ་ལྔ་ས་ག་ཟླ་བ་ཟེར་ཡས་ཁོ། ཨོའོ་དེ་ལ་ཟེར་ར་རེད།
  • ཨོའོ་དེ་དུས་ཨ་ནི་ས་ངས་རྒྱས་པའི་མཛད་པ་བསྟན་པ་རེད་བྱས་པ་རེད། འོང་ད་སངས་རྒྱས་པ་རེད་པ། འོང་།
  • སངས་རྒྱས་པ་ཟེར་དུས་ག་རེ་ཟེར་གྱི་ཡོའོ་རེད་ཟེར་ན། ད་ང་རང་ཚོ་ད་བར་དུ་སེམས་དེའི་ནང་ལོགས་ཅིག་གི་མ་ཤེས་པ་མང་པོ་ཡོའོ་རེད་པ།
  • ཉོན་མོངས་པ་མང་པོས་དབང་བྱས་ནས་ལས་སྣ་མིན་སྣ་ཚོགས་བསགས་ཀྱི་ཡོའོ་རེད་པ། ད་སངས་རྒྱས་པ་ཟེར་དུས་ཙམ་ནས་གནས་སྐབས་དེ་གང་འདྲས་ཅིག་ལ་སླེབས་དགོས་ཀྱི་ཡོའོ་རེད་ཟེར་ན།
  • མ་ཤེས་ཡས་ཟེར་དེ་གྱད་ཀྱི་སྒྲིབ་པ་དེ་གྱད་སྒང་ག་ལོགས་མེད་པར་བཟོས། མེད་པ་ཆགས། སྤངས། ཨ་ནི་རྦད་དེ་ཉོན་མོངས་པ་དང་ཟེར་ཡས་ཀྱི་སྒྲིབ་པ་སྒང་ག་ལོགས་མེད་པར་ཆགས། ད་གང་ལྟར་སྒྲིབ་པ་གཉིས་བགས་ཆགས་དང་བཅས་པ་ཐམས་ཅད་སྤངས་ནས་གཙང་མ་མེད་པ་ཆགས།
  • ཤེས་པ། ཤེས་བྱ་གནས་ལུགས་སྒང་ག་ལོགས་ཇི་ལྟ་བ་ཇི་སྙེད་པའི་ཚུལ་སྒང་ག་ལོགས་ཇི་མ་ཇི་བཞིན་གསལ་པོ་བྱས་པ་འོ་དེ་འདྲས་ཅིག་གི་གནས་སྐབས་གཅིག་ཤར་དུས་ཙམ་ནས་ཨ་ནི་སངས་རྒྱས་པ་ཟེར་གྱི་ཡོའོ་རེད།
  • ཨོའོ། འོ་འདུག་བཟོ་རེད་ད་སངས་རྒྱས་འདྲ་པོ་ཁོ་དེ་འདྲའི་ཟེར། སངས་རྒྱས་པ་རེད་ཟེར། གསུངས་ཀྱི་ཡོའོ་རེད་ད་ནང་པ་སངས་རྒྱས་པས། འོང་།
  • འོང་བྱས། ཡ་ད། སངས་རྒྱས་ཚར་ར་རེད་པ། སངས་རྒྱས་ཚར་དུས་ཙམ་ནས་ག་རེ་བྱེད་རྒྱུ་རེད་ཟེར་ན། ཁོང་རང་ག་རེའི་ཆེད་དུ་སངས་རྒྱས་པ་རེད་ཟེར་ན།
  • སེམས་ཅན་ལ་ཕར་དམ་པའི་ཆོས་བཤད། སེམས་ཅན་རྣམས་ལ་ལེགས་པའི་ལམ་ཁ་བསྟན་ཡས་ཀྱི་ཆེད་དུ་རེད་པ། བླངས་དོར་གྱི་གནས་གསལ་པོ་ཤེས་པའི་ལམ་བསྟན་ཡས་ཀྱི་ཆེད་དུ་སངས་རྒྱས་པ་རེད་པ།
  • ལབ་སྟངས་འདྲ་དེ་འོང་། འོང་སངས་རྒྱས་ཀྱི་དམིགས་ཡུལ་གཞན་དག་མ་རེད་པ། སེམས་ཅན་རྣམས་ལ་མ་རིག་པའི་འཐོམ་པའི་སེམས་ཅན་རྣམས་ལ་མ་རིག་པ་དེ་ཕར་བསལ་ཡས། མེད་པར་བཟོ་ནས་ལམ་ཁ་གསལ་པོ་གཅིག་དགེ་བ་བསྒྲུབ་ཀྱི་ལམ་ཁ་གསལ་པོ་གཅིག་བསྟན་ཡས་ཀྱི་ཆེད་དུ་ཨ་ནི་ཁོང་རང་སངས་རྒྱས་པ་རེད་བྱས་པ་རེད་པ།
  • འོ་བྱས་ཙང་དེ་འདྲས་ཀྱི་སངས་རྒྱས་གཅིག་གྲུབ་པ་ལ་ད་དཀའ་ལས་ཞེ་དྲག་རྒྱག་དགོས་ཀྱི་འདུག་ག འོང་དེ་ནས་དམ་པའི་ཆོས་ཀྱི་ཆེ་བ་དབྱུང་བའི་ཕྱིར། 
  • འོང་། སངས་རྒྱས་སྟོང་པོ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་པོ་མི་མཇེད་ཀྱི་བདག་པོ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས་གསོལ་བ་བཏབ་ཀྱང་ཞག་བདུན་ཕྲག་བདུན་དུ་ཆོས་མ་གསུངས་པར། 
  • ཨོའོ། བདུན་ཕྲག་ཐ་མ་ལ་ཨ་ནི་ཝཱ་རཱ་ཎ་སཱིར་དབྱར་ཟླ་འབྲིང་པོ་ཆུ་སྟོད་ཀྱི་ཟླ་བའི་ཡར་ངོའི་ཚེས་བཞི་ལ། ལྔ་སྡེ་བཟང་པོ་ལ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་བསྟན་ནོ།
  • ད་སངས་རྒྱས་པའི་རྗེས་སུ་ཆོས་འཁོར་བསྐོར་བའི་མཛད་པ་ཟེར་ཡས་གཅིག་ཡོའོ་རེད་པ། འོ་ཁ་རེད། སངས་རྒྱས་སངས་རྒྱས་ནས་ཉིན་མ་བཞི་བཅུ་ཞེ་དགུ་ཆོས་མ་གསུངས་པ་རེད།
  • འོང་། ཆོས་མ་གསུངས་པ་ག་རེ་གནང་གི་བཞུགས་པ་རེད་ཟེར་ན། ཆོས་དེ་དཀོན་པོ་ཞེ་དྲག་རེད་ད། དེ་ལས་སླ་པོར་རྟོགས་ཀྱི་མ་རེད་ད།
  • འོ་དེ་གདུལ་བྱ་རྣམས་ལ་ཡ་ཆོས་དེ་ལ་ཡ་ཅིག་གི་ག་རེ་ཟེར་དགོས་རེད་པས། དགའ་ཞེན་སྐྱེས་ཡས་དང་དད་པ་སྐྱེས་ཡས་དང་། སློབ་འདོད་སྐྱེས་ཡས་དང་། དེ་དཀོན་པོ་ཡིན་པའི་རྒྱུ་མཚན་ཤེས་ཀྱི་ཆེད་དུ་། 
  • ཨོའོ། དེ་ལ་དམ་འཛིན་དང་། ཕམ་སྣང་སྐྱེས་ཡས་ཀྱི་ཆེད་དུ་འོ་གལ་ཆེན་པོ་ཡིན་པ་བསྟན་ཡས་ཀྱི་ཆེད་དུ་ཨ་ནི་ཆོས་དེ་ལས་སླ་པོ་ལ་མ་གསུངས་པ་རེད།
  • རྒྱུ་མཚན་མང་པོ་སློབ། བརྟག་དཔྱད་གནང་། སྒུག་གི་བཞུགས་པ་རེད། ཨོའོ་དེ་དགོས་པ་དེ་འདྲས་བསྒྲུབ་ཀྱི་ཆེད་དུ་རེད་ད
  • དེ་གསུངས་ཀྱི་ཡོའོ་རེད། ཨེ། ད་དེ་ནས་བདུན་ཕྲག་བདུན་དུ་སྒུག་གི་རེད་པ། སྒུག་གྲུབ་པའིརྗེས་སུ་ཨ་ནི་དུས་ཚོད། སངས་རྒྱས་པ་ནས་བྱས་བདུན་གྲངས་བདུན་ཆོས་མ་གསུངས་ནི་ཉིན་མ་བཞི་ཅུ་ཞེ་དགུ་ཁོང་གིས་ཆོས་མ་གསུངས་ན། 
  • ད་ག་པར་སླེབས་བསྡད་ཡོའོ་རེད་ཟེར་ན། ཟླ་བ་དྲུག་པའི་ཚེས་པ་བཞི་ལ་སླེབས་བསྡད་ཡོའོ་རེད། བོད་ཟླ་དྲུག་པའི་ཚེས་པ་བཞི་ལ་འཁེལ་གྱི་ཡོའོ་རེད།
  • ད་བོད་ཟླ་དྲུག་པའི་ཚེས་པ་བཞི་ལ་ད་ཆོས་གསུངས་པ་རེད། ཆོས་ག་རེ་གསུངས་པ་རེད་ཟེར་ན།
  • བདེན་བཞིའི་ཆོས་ཟེར་ཡས་དེ་གསུང་པ་རེད། བདེན་བཞིའི་ཆཽས་འཁོར་ཟེར་ཡས་དེ་འཁོར་ལོ་བསྐོར་གྱི་ཡོའོ་རེད༎ 
  • ད་བདེན་བཞིའི་ཆོས་འཁོར་དེ་བསྐོར་དུས་ཙམ་ནས། ཆོས་ཀྱི་ནང་དོན་ཁོ་བདེན་པ་བཞི་རེད་པ།
  • ཨཱ། བདེན་པ་བཞི་ནས་བཤད་པ་རེད་པ། གནས་འདྲ་པོ་ཆོས་དེ་བསྐོར་ཆོས་དེ་གསུངས་སའི་གནས་འདྲ་པོ་ཁོ་ག་གའི་རེད་ཟེར་ན།
  • ག་པར་རེད་ཟེར་ན། རྒྱ་གར་གྱི་ཝཱ་རཱ་ཎ་སཱིར་ཟེར་ཡས་དེ་གིའི་དབེན་པའི་གནས་དེ་ལ་དབེན་གནས་དེ་ལ་ཡ་ཨ་ནི་ཝཱ་རཱ་ཎ་སཱིའི་ནག་ཚལ་དེའི་ནང་ལོགས་དེ་ལ་ཡ་ཨ་ནི་གསུངས་པ་རེད་ཟེར།
  • འོང་། ཆོས་གསུངས་པ་རེད་ཟེར་གྱི་ཡོའོ་རེད། གསུངས་སའི་ཡུལ་སུ་རེད་ཟེར་ན། མི་ལྔ་ལས་ཡོའོ་མ་རེད་དེ་དུས། མི་ལྔ་པོ་ཁོ་ལ་ག་རེ་ཟེར་ར་རེད་ཟེར་ན།
  • འཁོར་ལྔ་སྡེ་བཟང་པོ་ཟེར་ར་རེད། འོ་འཁོར་ལྔ་ལྔ་སྡེ་དེ་གྱད་དེ་ལ་གསུངས་པ་རེད་ཟེར། ཨེ་བྱས། ད་དེ་ནས་ཡང་མི་ལྔ་ལ་ཡོའོ་མ་རེད་དའི་ཡིན་ནའི་དེ་འདྲས་གཞན་དག་མེད་པ་མ་རེད།
  • གཞན་དག་མང་པོ་ཞེ་དྲག་ཡོའོ་རེད་མི་ཁོ་ལ་ལྔ་ལས་ཡོའོ་མ་རེད་བྱས་པ་རེད།  འོང་འདུག་བཟོ་རེད། འོ་ཡག ད་དེ་ནས། དེ་ནས་བྱས་བྱས་ཨ་ནི།
  • སངས་རྒྱས་ཀྱི་ཆོས་ཟེར་ཡས་དེ་ཐོག་མར་གསུངས་པ་རེད། ད་དེའི་སྔོན་ལ་ཡ་སངས་རྒྱས་ཟེར་ཡས་དེ་ཁས་ལེན་མཁན་ཡོའོ་མ་རེད་པ།
  • ད་ཝཱ་རཱ་ཎ་སཱི་ལ་ཆོས་གསུངས་པའིཉིན་མ་དེ་ནས་བྱས། ཨོའོ་ད་ཆོས་གསུངས་མཁན་གྱི་སངས་རྒྱས་ཟེར་ཡས་གཅིག་འདུག འོ་གསུངས་དུས་ཆོས་ཟེར་ཡས་གཅིག་འདུག བདེན་པ་བཞི་རེད།
  • གསུངས་སའི་དགེ་འདུན་ཟེར་ཡས་གཅིག་འདུག དཀོན་མཆོག་གསུམ་ཆགས་སོ་ཨ་ནི་དཀོན་མཆོག་གསུམ་བྱུང་སོང་། 
  • འོང་། ཉིན་མ་དེ་ནས་བྱས་ནས་ཟླ་བ་དྲུག་པའི་ཚེས་བཞི་ནས་བྱས་ཨ་ནི་འཇིག་རྟེན་འདི་ལ་དཀོན་མཆོག་གསུམ་ཟེར་ཡས་དེ་ཆགས།དཀོན་མཆོག་གསུམ་ཡོད་པ་འདུག་བཟོ་ཆགས་པ་རེད།
  • ཨོའོ་འདི་སངས་རྒྱས་ཀྱི་ཆོས་བྱུང་སྟངས་དེ་རེད་པ་མར། འོང་། ཨོའོ་འདུག་བཟོ་བྱས་པ་རེད་ཟེར། 
  • ཨ། ད་དེ་ནས་ཆོས་ཨ་ནི་རྦད་དེ་སངས་རྒྱས་ཀྱི་ད་མངོན་པར་སངས་རྒྱས་པ།  དྲུག་པའི་ཚེས་པ་བཞི་ནས་བྱས་ད་ལྟ་བར་དུ་ཆོས་གསུངས་ཀྱི་བཞུགས་པ་རེད་པ།
  • ལོ་དེ་པར་ལ་རྦད་དེ་ཨ་ནི་དེ་དུས་ཁོང་དགུང་ལོ་སུམ་ཅུ་སོ་ལྔ་ནས་བྱས། སངས་རྒྱས་ཀྱི་ཆོས་གསུངས་གསུངས་ནས་ཨ་ནི་ཁོང་རང་དགུང་ལོ་རྫོགས་རྒྱུའི་གྲ་སྒྲིག་རེད་པ།
  • ད་དེ་བར་དུ་ལོ་ཕལ་ཆེར་ལྔ་བཅུར་ཉེ་བ་གཅིག་རེད་པ། འོ་དེ་འདྲས་གཅིག་གི་རིང་སྒང་ལ། བཞི་ཅུ་ལྷག་ཡག་གཅིག་གི་རིང་སྒང་ལ་ཨ་ནི་དམ་པའི་ཆཽས་གསུངས་ནས། ཨ་ནི་མ་གསུང་པ་ཉིན་མ་གཅིག་ཡའི་ཞུགས་ཀྱི་མ་རེད་པ།
  • ཆོས་གསུངས་གསུངས་ཨ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གཅིག་ཆགས་པ་རེད། མང་པོ་དེ་འདྲས་གསུངས་པ་རེད།
  • ད་ཆོས་ཀྱི་འཁོར་ལོ་དོ་རྣམས་དེ་གསུངས་བྱས་་མཐར་ཐུག་མཛད་པ་ག་རེ་བསྟན་པ་རེད་ཟེར་ན།
  • ད་མཛད་པ་ཐ་མ་མཛད་པ་བཅུ་གཉིས་ཀྱི་ནང་ནས་མཛད་པ་ཐ་མ་ཁོ་ག་རེ་རེད་ཟེར་ན། མྱ་ངན་ལས་འདས་པའི་མཛད་པ་ཟེར་ཡས་དེ་བསྟན་པ་རེད་བྱས་པ་རེད།
  • འོང་། མྱང་ངན་ལས་འདས་པའི་མཛད་པ་ཟེར་ཡས་དེ་བསྟན་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། སངས་རྒྱས་ཁོ་རང་ལས་ཀྱི་དབང་གིས་ཤི་དགོས་པའི་རྒྱུ་མཚན་གཅིག་མ་རེད་པ། འོ་ན་རྒྱུ་མཚན་ག་རེ་རེད་ཟེར་ན།
  • གདུལ་བྱ་ཐམས་ཅད་ནི་མི་རྟག་པ་རེད་དོ་ཟེར། བྱས་ཙང་ད་ཆོས་བྱེད་འདོད་ཡོད་པ་དང་། ཨ་ནི་སངས་རྒྱས་ཀྱི་ཆོས་ལ་བཞུགས་པའི་གང་ཟགས། གདུལ་བྱ་དེ་ཚོས་ག་རེ་བྱེད་ཀྱི་ཡོའོ་རེད་ཟེར་ན།
  • འོང་། སོ་སོ་རང་ཉིད་མི་རྟག་པ་ཡིན་པ་བསམ་བློ་བཏང་ནས་ཨ་ནི་གཅིག་གི་ད་ལྟ་ནས་འོང་ཚེ་ཕྱི་མའམ་ཡང་མིན་ན་ཐར་པ་ཡང་མིན་ན་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སངས་རྒྱས་ཀྱི་གོ་འཕངས་ཐོབ་པ་དེ་འདྲས་གཅིག་གི་ཆེད་དུ་ད་ལྟ་ནས་གཟབ་གཟབ་བྱས་ནས། 
  • འོང་། བཞུགས་དགོས་རེད་ད། བརྩོན་པ་ད་ལྟ་ནས་བརྟེན་དགོས་རེད་ད། སྒུག་བྱས་ནས་བསྡད་རྒྱུ་ཡོའོ་མ་རེད། བརྩོན་འགྲུས་ལ་སྐུལ་ཡས་ཀྱི་ཆེད་དུ་ཨ་ནི་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་རེད། བྱས་པ་རེད།
  • འོ་ཡག དེ་དུས་ག་དུས་རེད་ཟེར་ན། ཤིང་ཕོ་སྤྲེའུ་ལོ་ལ་མྱང་ངན་ལས་འདའ་བའི་མཛད་པ་བསྟན་པར་བཞེད་དོ།
  • དེ་ཡང་སྟོན་པའི་འཁྲུངས་པོ་ལོ་སོགས་ལ་བཞེད་ཚུལ་མི་འདྲ་བ་ཅུང་ཟད་ཡོད་ཀྱང་། སྟོན་པའི་འཁྲུངས་ལོ་དང་སྟོན་པའི་འདས་ལོ་དང་དེ་ཚོ་ལ་ཡ་མཁས་པ་ཚོའི་བཞེད་པ་མི་འདྲ་བ་མང་པོ་ཞེ་དྲག་ཡོའོ་རེད་པ།
  • འོང་། བཞེད་པ་མི་འདྲ་བ་མང་པོ་ཡོད་ཙང་། ཨ་ནི་ང་རང་ཚོ་འདིར་འདོན་པའི་ཤིང་པོ་སྤྲེའུ་ལོ་ད་ཟེར་ཡས་དེ་ཚོ་སོའི་ལུགས་རེད་ཟེར་ན།
  • དེ་ཇོ་བོ་རྗེ་བཞེད་པ་ལྟར་ཡིན། འདི་ཇོ་བོ་རྗེ་བཞེད་པ་ནང་བཞིན་འདི་ཇོ་བོ་རྗེས་འདུག་བཟོ་གསུངས་ཀྱི་འདུག་བྱས་པ་རེད།
  • བྱས་ཙང་ཇོ་བོ་རྗེ་བཤད་པ་ནང་བཞིན་ཡིན་ཟེར་། ད་ཡང་ཇོ་བོ་རྗེའི་དེ་དང་མི་འདྲ་བ། ཆོས་རྗེ་ས་སྐྱ་པ་དང་། ཨོའོ་དེ་ཚོས་ཡང་། ས་སྐྱ་པཎྜི་ཏ་ཁོང་རྣམས་པའི་ལུགས་ལ་ཡ། ད་སངས་རྒྱས་ཀྱི་་འཁྲུངས་འདས་དེ་ཚོ་མི་འདྲ་བ་གཅིག་བརྩི་གི་ཡོའོ་རེད་པ།
  • ཨོའོ་འདུག་བཟོ་མང་པོ་ཡོའོ་རེད། ཨོའོ་ཆོས་རྗེ་ས་སྐྱ་པ་ནི། མེ་མོ་ཡོས་ལ་ལྷུམས་སུ་ཞུགས། ས་ཕོ་འབྲུག་ལ་བལྟམས། ཆུ་ཕོ་སྟག་ལ་སངས་རྒྱས། མེ་མོ་ཕག་ལ་གཤེགས་པར་བཞེད།
  • ཨ་ནི་ས་སྐྱ་པ་ས་སྐྱ་པཎྜི་ཏ་གི་ལུགས་ལ་ཅིག་དག་ཡིན་ན། འོང་ལྷུམས་སུ་ཞུགས་པའི་དུས་ཚོད་དེ་ནི་མེ་མོ་ལོས་ལ་རེད་ཟེར་གྱི་ཡོའོ་རེད་ཟེར།
  • ཨོའོ་ཅིག་གི་སྐུ་བལྟམས་པ་སངས་རྒྱས་འཁྲུངས་པའི་དུས་ཚོད་དེ་ནི་ས་ཕོ་འབྲུག་ལ་རེད་ཟེར་གྱི་ཡོའོ་རེད་ཟེར། ད་ཇོ་བོ་རྗེ་དང་མཐུན་མ་སོང་གང་གཅིག་པ་ཆགས་མ་སོང་གང་།
  • ཡིན་ན་ཡང་མི་འདྲ་དེ་ག་རེ་རེད་ཟེར་ན། ཨ་ནི་སྔ་མ་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་ཨ་ནི་རང་རང་གི་སློབ་མ་ཚོས། ཁོང་རང་ཁོང་རང་ལ་སངས་རྒྱས་ཀྱི་ངོས་ནས་གཅིག་གི་གཅིག་གི་དེ་ཅིག་ཡོའོ་རེད་པ། ཆོ་ས་གསུངས་པའི་དེ་ཅིག་ཡོའོ་རེད་པ།
  • ཁོ་རྒྱུ་མཚན་ལ་བྱས་བྱས་སོ་སོ། ཆོས་མཐོང་སྣང་འདྲ་པོ་གཙོ་བོ་བྱས་ནས་ཨ་ནི་སངས་རྒྱས་ཀྱི་སྐོར་དེ་བྲིས་པ་རེད་པ། ཁོས་ཨ་ནི་མི་འདྲ་ཞེ་པོ་བྱུང་པ་རེད།
  • འོང་། འོ་བྱས་ད། དུས་འཁོར་ལས་ཟེར། མེ་ཕོ་རྟའི་ལོ་ལ་ལྷུམས་སུ་ཞུགས་པར་བཞེད་དོ། དུས་འཁོར་ཟེར་ཡས་དེ་ཡང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་དེ་གཅིག་རེད་པ།
  • ག་རེ་ཟེར་དགོས་རེད་པས། ཨེ། རྒྱུད་སྡེ་རེད་པ། རྒྱུད་ཀྱི་ནང་ལོགས་ཀྱི་དེ་རེད་པ།འོང་བཀའ་རེད་པ། 
  • ཨོའོ་། རྒྱུད་དེའི་ནང་ལོགས་ལ་ཡ་མེ་ཕོ་རྟའི་ལོ་ལ་ལྷུམས་སུ་ཞུགས་པ་བཤད་བཞག་བྱས་པ་རེད།  
  • འོང་ད། གང་ལྟར་ན་ཡང་། ཅིག་གི་འཁྲུངས་པའི་འཁྲུངས་སྟངས་དེ་ཡང་མི་འདྲ། ཨ་ནི་མྱ་ངན་ལས་འདའ་དུས་ཚོད་དེ་མི་འདྲ། དེ་གྱད་ལ་དུས་ཚོད་མི་འདྲ་མང་པོ་ཞེ་པོ་འདུག་དའི། ཡིན་ན་དེ་ཚོ་འགལ་བ་ཆགས་ཀྱི་མ་རེད་ཟེར།
  • འོ་འགལ་བ་མི་ཆགས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། རྒྱ་གར་གྱི་མཁས་པ་ཀ་མ་ལ་ཤཱི་ལས་བཀའ་མོལ་དེ་འདྲས་གཅིག་གསུངས་ཡོའོ་རེད་དེ་ལ་གོ་རྒྱུ་ཞེ་དྲག་དགུ་གསུངས་པ་རེད། ཁོང་གིས།
  • ཀ་མ་ལ་ཤཱི་ལའི་བཀའ་མོལ་དེ་འདིའི་དྲངས་བཞག ཐུབ་པ་མཛད་པ་བསམ་གྱིས་མི་ཁྱབ་ཀྱང་། གཙོ་བོ་དང་གྲངས་ལ་དགའ་བ་རྗེས་སུ་གཟུང་བའི་ཕྱིར། མཛད་པ་བཅུ་གཉིས་སུ་བསྡུས་ཞེས། གསུང་པ་ལྟར་མཛད་པའི་གཙོ་བོ་རྣམས་ཡིན་ལ། ཟེར།
  • ད་སངས་རྒྱས་ཀྱི་འཁྲུངས་འདས་ལ་སོགས་པ་མི་འདྲ་བ་མང་པོ་ཡོའོ་རེད་དའི་མཛད་པ་དེ་ལ་ཡང་ཅིག་གི་མཛད་པ་བཅུ་གཉིས་ཀྱི་ཚད་ཀྱི་མ་རེད།
  • ད་མཛད་པ་ཞེ་པོ་ཡོའོ་རེད་པ། བྱས་ཙང་ད་གསུངས་སྟངས་མང་པོ་ཞེ་དྲག་ཡོའོ་རེད་དའི། ཡིན་ན་ཡང་ད་གང་ལྟར་ཡིན་གཅིག་མིན་གཅིག་གི་བཅུ་གཉིས་ཟེར་བྱས་བྱས་འདིའི་བཅུ་གཉིས་ཟེར་འབོད་དགོས་དོན་འདྲ་པོ་ཁོ་ག་རེ་རེད་ཟེར་ན།
  • ཨ་ནི་ཅིག་གི་ཡང་། གདུལ་བྱའི་ནང་ལོགས་ལ་ཡ་སངས་རྒྱས་ཀྱི་མཛད་པའི་གཙོ་བོ་འདྲ་པོ་ག་རེ་རེད་བརྟག་དཔྱད་བྱེད་མཁན་འདྲ་པོ་དེ་འདྲས་དང་། ད་ཅིག་གི་མདོར་འདྲ་པོ་གཅིག་བསྡུས་ན་སངས་རྒྱས་ཀྱི་མཛད་པ་འདྲ་བོ་ཆེ་ཁག་ག་རེ་བྱེད་ཀྱི་རེད། ཟེར་བྱས་བྱས། གྲངས་ཀ་དགའ་པོ་བྱེད་མཁན་ཡོད་ན།
  • འོ་དེ་འདྲས་གཅིག་གི་འདོད་པ་འདྲ་པོ་སྐོང་་ཡས་ཀྱི་ཆེད་དུ་ཨ་ནི་མཛད་པ་བཅུ་གཉིས་ཟེར་བྱས་བྱས་དབྱེ་བ་རེ་གཉིས་ཕྱེ་ག་བྱས་པ་མ་གཏོགས། སངས་རྒྱས་ཀྱི་ཨ་ནི་མཛད་པ་བཅུ་གཉིས་ཡོད་ཟེར་བྱས། ཡིན་པའི་ཁྱབ་ཀྱི་མ་རེད། བཅུ་གཉིས་ལས་མེད་པས་ཁྱབ་ཀྱི་མ་རེད།
  • འོང་། བཅུ་གཉིས་ལས་མང་ང་ཆ་དོ་གཅིག་ཡོང་གི་རེད་རེད། ཟེར། འོ་ཡག
  • དེ་འདྲས་ཟེར་རེད། དོན་དག་དེ་གསུངས་པའི་སྐད་ཆ་རེད། འོང་བྱས་ཙང་ཁོས་ད། འོང་མཛད་པ་བཅུ་གཉིས་མ་གཏོགས་ཡོའོ་མ་རེད་ཟེར་བྱས་བྱས་དེ་མ་རེད་ཟེར།
  • འོ་ཡག་དེ་འདྲས་ཀྱི། ད་གང་ལྟར་སངས་རྒྱས་ཀྱི་དེའི་སྐོར་ལ་ཡ་འགལ་བ་དེ་འདྲས་གའི་ཤོར་གྱི་མ་རེད་ཟེར། ཅེས་གསུང་པ་རེད། 
  • དེ་དག་ཡང་འདྲེན་ཚུལ་མི་འདྲ་བ་འགའ་རེ་འདུག་ཀྱང་། ཨ་ནི་རྦད་དེ་གཅིག་གི་རྒྱུད་བླ་ལས་གསུངས་པ་ལྟར་ཡིན་ནོ། 
  • ཨོའོ་ད་ངས་འདིར་བཤད་པ་དེ་ནི་ཨ་ནི་རྦད་དེ་ཅིག་གི་མཛད་པ་བཅུ་གཉིས་ཁོ་ར་ལའི་བརྩིས་སྟངས་མི་འདྲ་བ་ཡོད་པ་འདུག་ག
  • ང་རང་ཚོས་ད་རེས་འདིར་བརྩིས་ཡས་དེ་ག་རེ་རེད་ཟེར་ན། རྒྱུད་བླ་མ་ནས་བརྩིས་སྟངས་ཅིག་འདུག་ཨོའོ་ད་ག་ནང་བཞིན་བྱས་པ་ཡིན་བྱས་པ་རེད།
  • རྒྱུད་བླ་མ་ཟེར་ཡས་དེ་རྗེ་བཙུན་བྱམས་པ་མགོན་པོའི་རེད་པ། བྱམས་མགོན་གྱིས་བརྩམས་པའི་རྒྱུད་བླ་མ་ཟེར་ཡས་དེ། འོ་དེས་ནང་ལོགས་ལ་མཛད་པ་བཅུ་གཉིས་བརྩིས་སྟངས་ཅིག་འདུག 
  • དེ་ནང་བཞིན་བྲིས་ཡོད། མཛད་པ་བཅུ་གཉིས་སྐོར་རྒྱས་པར་ནི། རྒྱ་ཆེར་རོལ་པའི་མདོ་མངོན་བྱུང་། འདུལ་བ་ལུང་རྣམས་ལས་བྱུང་ཞིང་། བོད་ཀྱིས་མཛད་པའི་ཆོས་འབྱུང་སོགས་རྒྱས་བསྡུས་མང་དུ་སྣང་བ་རྣམས་ལས་ཤེས་ཤིང་། འདིར་མང་བས་མ་སྨྲོས་སོ།
  • ད་འདིའི་ནང་མཛད་པ་བཅུ་གཉིས་ཀྱི་སྐོར་བཤད་ན་མང་པོ་ཞེ་དྲག་ཆགས་ཀྱི་འདུག་ཟེར། ད་ང་མང་པོ་ཞེ་དྲག་བཤད་ཀྱི་མིན་ཟེར།
  • ཨོའོ་ཁྱེད་རང་རྣམས་པས་ཤེས་འདོད་ཡོད་ན། ཨ་ནི་སངས་རྒྱས་ཀྱི་རྒྱ་ཆེར་རོལ་པའི་མདོ་ཟེར་ཡས་དེ་ལྟོས་དང་དེའི་ནང་ལ་ཡང་འདུག
  • མདོ་མངོན་བྱུང་ཟེར་ཡས་དེ་ལྟོས་དང་དེའི་ནང་ལ་འདུག འདུལ་བ་ལུང་ལ་ལྟོས་དང་དེའི་ནང་ལ་འདུག་ཟེར།
  • དེ་ཙམ་དུ་མ་ཟད་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་ཆོས་བྱུང་མང་པོ་ཞེ་དྲག་ཡོའོ་རེད། དེའི་ཚོའི་ནང་ལ་ཡང་མཛད་པ་ཡིན་ན་རྒྱས་ཤིང་རྒྱས་པ་འདུག དེ་ཚོ་ལ་ལྟོས་ཞུ་བྱས་པ་རེད།
  • ང་ཚོ་འདིའི་རྒྱས་པ་སྤྲོས་ཀྱི་མིན་ཟེར་ད། ད་འདི་སྟོན་པ་སངས་རྒྱས་བྱུང་ཚུལ། ད་སྟོན་པ་སངས་རྒྱས་ཟེར་ཡས་དེ་དང་པོ་ག་འདྲས་ཟེར་ཆགས་པ་རེད།
  • ཆགས་པའི་རྗེས་ལ་ཕྱག་ལས་འདྲ་པོ་ག་རེ་གནང་པ་རེད། དེ་གྱད་དེ་འདུག་བཟོ་སྟོན་པ་སངས་རྒྱས་འཇིག་རྟེན་ལ་བྱོན་ཚུལ་དེ་ངོ་སྤྲོད་བྱས་པ་རེད་པ།
  • ད་སྟོན་པ་སངས་རྒྱས་འཇིག་རྟེན་ལ་བྱོན་ཡས་དེ། ག་རེའི་ཆེད་དུ་བྱོན་པ་རེད་ཟེར་ན།
  • སེམས་ཅན་རྣམས་ལ་གནད་འགག་བསྟན་ཡས་ཀྱི་ཆེད་དུ། བླང་དོར་བསྟན་ཡས་ཀྱི་ཆེད་དུ། བྱོན་པ་རེད་ཟེར།
  • ཨོའོ་རྗེས་ནས་བླང་དོར་ག་རེ་བསྟན་པ་རེད་ཟེར་ན། དམ་པའི་ཆོས་གསུངས་ནས་བླང་དོར་བསྟན་པ་རེད་པ།
  • ཨོའོ་ད་སངས་རྒྱས་མྱ་ངན་ལས་འདས་ཡས། འདས་པའི་མཛད་པ་གཅིག་བསྟན་དགོས་རེད་པ། ད་སངས་རྒྱས་མྱ་ངན་ལས་འདའ་པའི་རྗེས་སུ་ཨ་ནི་གང་འདྲ་བྱེད་ཡིན་ནམ་ད།
  • སངས་རྒྱས་ཀྱི་བླང་དོར་བསྟན་པའི་བྱུང་ལུགས་དེ་ཚོ་ག་འདྲས་བྱས་ཡིན་ནམ། ཟེར་ན། ཨ་ནི་འདུག་བཟོ་བྱས་པ་རེད། གཉིས་པ་དེ།
  • དེའི་བཀའ་ཇི་ལྟར་བསྡུས་པ། ཨ་ནི་ད་སངས་རྒྱས་ཀྱི་གསུང་བཞག་པའི་ད་གཅིག་གི། ཨ་བཀའ་ཆ་དོ་གཅིག་ཡོའོ་རེད་པ།
  • འོང་གསུང་མང་པོ་ཡོའོ་རེད་པ། ད་གསུངས་དེ་གྱད་དེ་ཨ་ནི་ད་ཕྱོགས་གཅིག་ཏུ་རུབ་རུབ་འདྲ་པོ་བཟོས་ནས། ཕྱོགས་བསྡུས་འདྲ་པོ་བྱས་ནས་ཨ་ནི།
  • འཇིག་རྟེན་ལ་དངོས་སུ་དེ་ནི་སངས་རྒྱས་ཀྱི་བཀའ་རྒྱལ་བའི་བཀའི་ཕུང་པོ་ཟེར་ཡས་གཅིག་གང་འདྲས་ཆགས་པ་རེད་ཟེར་ན།
  • འོ་ད་མགོ་འདི་ནས་མར་བཙུགས་གནང་གི་རེད། དེའི་བཀའ་ཇི་ལྟར་བསྡུས་པ་ལ་གཉིས། ཐེག་པ་ཐུན་མོང་བ་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་བསྡུས་ཚུལ་ལོ།
  • འོ་ད་ཅིག་གི་སངས་རྒྱས་ཀྱི་བཀའ་བསྡུས་པ་ཟེར་ན། ད་གཅིག་གི་ཕྱོགས་གཅིག་ཏུ་ཕུང་པོ་བཟོས་པ་ཟེར་ཡས་སོང་འདྲ་གཅིག་རེད་པ། ད་སངས་རྒྱས་ཀྱིས་སྔོན་མ་གདུལ་བྱ་རྣམས་ལ་ལུང་པ་ག་ས་ག་ལ་ཕེབས་ཨ་ནི། གདུལ་བྱ་མི་འདྲ་སྣ་མིན་སྣ་ཚོགས་ལ་ཆོས་མང་པོ་གསུངས་ཡོའོ་རེད་པ།
  • བྱས་ཙང་ད་ག་ས་ག་ལ་ཁ་འཐོར་བསྡད་ཡོའོ་རེད་པ་ཆོས། འོང་བྱས་ཙང་ཆོས་ད་ག་སྒང་ག་ལོགས་ཚུར་རུབ་རུབ་འདྲ་པོ་ཅིག་བཟོས་ནས་ཨོའོ། འདུག་བཟོ་བྱེད་ཡས་ཀྱི་ལས་ཀ་དེ་སངས་རྒྱས་མྱ་ངན་ལས་འདས་ནས་ཨ་ནི།
  • སངས་རྒྱས་ཀྱི་རྗེས་འཇུག་གི་ཨ་ནི་སློབ་མ་མཁས་པ་ཚོས། བྱས་པ་རེད་གསུངས་ཀྱི་ཡོའོ་རེད།
  • ད་སློབ་མ་མཁས་པ་ཚོས་ཟེར་དུས་ཙམ་ནས། བྱས་པའི་ཕྱག་ལས་དེའི་ཚོའི་ནང་ལ་ཡ་བཀའ་བསྡུས་པ་དེ་ལ་ཡ། བསྡུ་རྒྱུ་གཉིས་ཡོའོ་རེད་ཟེར།
  • ཐེག་པ་ཐུན་མོང་བ་གཅིག་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་བཀའ་གཉིས་ཡོད།ཟེར། འོ་དེ་རེད།
  • ཐེག་པ་ཐུན་མོང་བ་ཟེར་ན། སངས་རྒྱས་ཀྱི་བསྟན་པ་དེ་ལ་ཞུགས་པའི་གདུལ་བྱ་ལ་རིམ་པ་གཉིས་ཡོའོ་རེད་པ། 
  • ཐེག་པ་དམན་པ་ཟེར་ཡས་གཅིག་དང་། ཐེག་པ་ཆེན་པོ་ཟེར་གཅིག་གི་རིམ་པ་གཉིས་ཡོའོ་རེད་པ། 
  • བློའི་རིམ་པ་མི་འདྲ་བ་གཉིས་ཡོའོ་རེད་པ། འོ་གཉིས་པོ་དེའི་དབང་གིས་བཀའ་ཡང་མི་འདྲ་བ་གཉིས་བྱུང་པ་རེད་པ།
  • ད་ཐུན་མོང་བ་ཟེར་ཡས་དེ་ག་རེ་ཟེར་ན། ཐེག་ཆེན་དང་ཐེག་དམན་གཉིས་ཀར་སློབ་སྦྱོང་བྱེད་ཡས་ཀྱི་བཀའ་དེ་ཐུབ་མོང་གི་བཀའ་ཟེར་གྱི་རེད།
  • ཐུན་མོང་མ་ཡིན་པའི་བཀའ་ཟེར་དུས། ཨ་ནི་ཐེག་ཆེན་ཁོང་རང་གི་སྒེར་གྱི། ཐེག་ཆེན་ཁོ་ནས་སློབ་སྦྱོང་བྱེད་ཐུབ་ཀྱི་རེད་མ་གཏོགས་གཞན་པ་གིས་བྱེད་མ་ཐུབ་ཡན་༼མཁན་༽བཀའ་ཡང་ཆ་དོ་་ཡོའོ་རེད་པ།
  • འོ་དེ་ཚོ་ལ་ཐེག་ཆེན་ཐུན་མོང་མ་ཡིན་པའི་བཀའ་ཟེར་གྱི་རེད།  ཨོའོ་འདི་ཚོ་ཡང་ཕྱོགས་གཅིག་ཏུ་བསྡུས་བྱས་ཨོའོ་དེ་བྱེད་ཡས་ཡོའོ་རེད།
  • འདི་ཡང་མར་བཤད་ཀྱི་ཡིན་བྱས་པ་རེད། ད་འོ་ན་འོང་། ད་བཀའ་བསྡུ་སྟངས་ཨ་ལས་སྔོན་ལ་ཡ་ཨེ་ཐེག་པ་ཐུན་མོང་བ་དེ་བསྡུ་སྟངས་དེ་གསུང་ཀྱི་རེད། 
  • ཨ། ཐེག་པ་ཐུན་མོང་བ་དེ། ཐུན་མོང་བའི་དབང་དུ་བྱས་པ་ཡིན་ན། སངས་རྒྱས་ཀྱི་བཀའ་དེ་གྱད་དེ་ཕྱོགས་གཅིག་ཏུ་རུབ་དུས་ཙམ་ནས། རུབ་དུས་རྒྱ་གར་ལ་གཙོ་བོ་བཀའ་བསྡུ་བྱེད་ས་དེ་རྒྱ་གར་རེད་པ།
  • ད་རྒྱ་གར་ལ་བཀའ་རུབ་དུས་བྱེད་དུས་ཙམ་ནས་རིམ་པ་ག་ཚོད་བྱུང་ཡོའོ་རེད་ཟེར་ན། རིམ་པ་གསུམ་བྱུང་བ་རེད་བྱས་པ་རེད།
  • རིམ་པ་གསུམ་པོ་དེ་གང་འདྲས་ཀྱི་སྒོ་ནས་བཞག་པ་རེད་ཟེར་ན། དུས་ཚོད་ཀྱི་རིམ་པ་རེད།  དུས་ཚོད་སྔ་ཕྱིའི་རིམ་པ་དེ། བཀའ་རིམ་པ་མི་འདྲ་གསུམ་པོ་དེ།
  • ད་བཀའ་རིམ་པ་དང་པོ་ཁོ་ག་དུས་བྱུང་བ་རེད། བཀའ་བསྡུ་ཡས་ཀྱི་བཀའ་བསྡུ་ཡས་ཀྱི་རིམ་པ་དང་པོ་དེ་ག་དུས་བྱུང་བ་རེད་ཟེར་ན།
  • འོང་། དེ་ནི་སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ལོ་དེ། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་ད་ལོ་དགོངས་པ་མྱ་ངན་ལས་འདས་པ་ཡིན་ན། སང་ལོ་དེ་ཨ་ནི་ལམ་སང་དགེ་ཕྲུག་ཚོས་ད་ལྟ་གསུང་པའི་བཀའ་དེ་ཚོ་སྒང་ག་ལོགས་ཚུར་རུབ་རུབ་བཟོས། ཨ་ནི་ཡི་གེའི་ལམ་ཁ་ལ་ཕབ།
  • ཨོའོ་འདུག་བཟོ་ཕ་གའི་པུ་ཏི་བཟོས་བྱས་ཨ་ནི་འཛམ་བུ་གླིང་ལ་གནས་པ་བྱས་པ་རེད་གསུངས་ཀྱི་ཡོའོ་རེད།ཨོའོ་དེ་བཤད་ཀྱི་ཡོའོ་རེད་ད།
  • སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ལོ་དེ། ལོ་རྗེས་མ་ད་ག་རང་ལ་ཨ་ནི་འོང་དུས་ཚོད་དབང་གིས་སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ལོ་ད་ག་རང་ལ་རེད་འདུག་ག
  • ལུང་པ་ག་པར་རེད་ཟེར་ན། གནས་ནི་རྒྱལ་པོའི་ཁབ་ནྱ་གྲོ་དྷ་ཕུག་ཏུ་ཟེར། ཨོའོ་འོང་། རྒྱལ་པོའི་ཁབ་ཟེར་ན་ཨ་ནི་དེ་དུས་རྒྱ་གར་ལ་གྲོང་ཁྱེར་ཆེན་པོ་ཅིག་གི་དྲུག་ཡོའོ་རེད་པ།
  • ཨོའོ་དྲུག་པོའི་ནང་ལོགས་ནས་རྒྱལ་པོའི་ཁབ་ཟེར་ཡས་དེ་་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་གཅིག་རེད་པ།
  • ཨོའོ་ད་རྒྱལ་པོའི་ཁབ་ད། འོ་ཡ། ད་རྒྱལ་པོའི་ཁབ་དེ་ཨ་ནི་དེ་ཡང་དགོན་པའི་ནང་གི་གང་ཟར༼ཟེར༽རྒྱལ་པོའི་ཕོ་བྲང་གི་ནང་ལ་མ་ཡིན་པ། ག་པར་རེད་པས་ཟེར་ན།
  • དབེན་པའི་ནག་ཚལ་ཤིང་ནྱ་གྲོ་དྷ་ལ་སོགས་པ་མང་པོ་ཡོད་པའི་གྲུབ་གནས་མང་པོ་ཡོད་ས་ཅིག་ཏུ་ཨ་ནི་གནས་དེ་འདྲས་གཅིག་ཏུ་རེད་ཟེར།
  • ཨེ། སྦྱིན་བདག་འདྲ་པོ་ཁོ་སུས་བྱས་པ་རེད་ཟེར་ན། རྒྱལ་པོ་མ་སྐྱེས་དགྲས་བྱས་པ་རེད་ཟེར།
  • རྒྱལ་པོ་མ་སྐྱེས་དགྲ་ཟེར་ཡས་དེ་སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་དུས་ཙམ་ནས་ཨ་ནི་རྒྱལ་པོ་བྱེད་མཁན་དེ་རེད་པ།
  • འོ་ཁོས་སྦྱིན་བདག་འདྲ་པོ་གནང་། ཁོས་སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་ཞེ་པོ་ཡོའོ་རེད་པ།
  • འོང་། འདི་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་བསྡུ་ཡས་ཀྱི་སྦྱིན་བདག་བྱས་ནས་བཀའ་དང་པོ་དེ་བསྡུས་པ་རེད་ཟེར་གྱི་ཡོའོ་རེད། བཀའ་བསྡུ་དང་པོ་མཛད་པ་རེད་ཟེར།
  • ཨ་ནི་བཀའ་བསྡུ་མཁན་གྱི་གང་ཟགས་ཁོ་སུ་སུ་རེད་ཟེར་ན། བྱས་ཙང་། དགྲ་བཅོམ་པ་ལྔ་བརྒྱས་དབྱར་གནས་མཛད་དེ། ཟེར།
  • བསྡུས་པ་རེད་བྱས་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་དགྲ་བཅོམ་པ་མང་པོ་ཅིག་ད་ཡོའོ་རེད་པ།
  • རེད་པ། ད་མང་པོ་ཡོད་པའི་ནང་ལོགས་ནས་ཨ་ནི་དགེ་ཕྲུག་ཆེ་ཁག་གཅིག་གི་ལྔ་བརྒྱ་ཐམས་པ་འདུས་ནས་ཨ་ནི་ལྔ་བརྒྱ་ཐམས་པ་འདུས་ནས་སངས་རྒྱས་ཀྱི་བཀའ་དང་པོ་ཐཽགས་མ་དང་པོ་སངས་རྒྱས་ཀྱི་བཀའ་ཨ་ནི་རྦད་དེ་གཅིག་གི་ཕྱོགས་གཅིག་ཏུ་ཕྱོགས་བསྡུས་བྱས་པ་རེད། བྱས་པ་རེད།
  • འོ་ན་སུ་སུ་རེད་པས་ལྔ་བརྒྱ་དེའི་ནང་ལོགས་ལ་ཞེ་པ་སུ་སུ་ཡོའོ་རེད་ཟེར་ན། ཀུན་དགའ་བོ། འོང་ཀུན་དགའ་བོ་ཟེར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ད་ཉེ་གནས་ཡག་ཤོས་དེ་རེད་པ།
  • འོང་ཁོང་གིས་མདོ་དེ་གྱད་ནང་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཨ་ནི་རྦད་དེ་ཨ་ནི་སྡེ་སྣོད་མང་པོ་གསུངས་ཡོའོ་རེད་པ།
  • སྡེ་སྣོད་གསུམ་པོའི་ནང་ལོགས་ནས་ཀུན་དགའ་བོས་སྡེ་སྣོད་ག་རེ་བསྡུས་པ་རེད་ཟེར་ན། མདོ་སྡེའི་སྡེ་སྣོད་ཟེར་ཡས་དེ་བསྡུས་པ་རེད།
  • འོང་ཡག་མདོ་སྡེའི་སྡེ་སྣོད་ཟེར་ཡས་དེ་མང་ཤོས་ཕན་ཆེ་ཤོས་དེ་རེད་པ། འོ་དེ་བསྡུས་པ་རེད།
  • ཀུན་དགའ་བོས། ཨ་ནི་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉེ་གནས་ཅིག་གི་ཉེ་བ་འཁོར་ཟེར་ཡས་གཅིག་ཡོའོ་རེད།
  • ཉེ་གནས་ཟེར་ནའི་ལས་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡང་སློབ་མ་རེད་པ། དགྲ་བཅོམ་པ་ཉེ་བར་འཁོར་ཟེར་ཡས་གཅིག་ཡོའོ་རེད།
  • ཁོང་གིས་སྡེ་སྣོད་གསུམ་གྱི་ནང་ནས་འདུལ་བའི་སྡེ་སྣོད་ཟེར་ཡས་དེ་བསྡུས་པ་རེད་ཡང་། ཚུར་ཕྱོགས་བསྡུས་བྱས་པ་རེད་སྒང་ལ་ལོགས་རུབ་རུབ་བཟོས་པ་རེད།
  • ཨེ། འདིས་འདོ་སྲུངས་ཆེན་པོ་ཟེར་ཡས་དེ་ཉན་ཐོས་འོད་སྲུངས་ཆེན་པོ་ཟེར་ཡས་དེ། ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་གྲས་ཀ་རེད་པ། ཁོང་གིས་ག་རེ་བསྡུས་པ་རེད་ཟེར་ན།
  • མངོན་པའི་སྡེ་སྣོད་ཟེར་ཡས་དེ། ད་སྡེ་སྣོད་གསུམ་ཡོའོ་རེད་པ། སངས་རྒྱས་ཀྱི་བཀའ་དེ་གྱད་སྒང་ག་ལོགས་བསྡུས་ན་སྡེ་སྣོད་གསུམ་གྱི་ནང་ལ་བསྡུ་དགོས་རེད་པ།
  • ཨོའོ་སྡེ་སྣོད་གསུམ་པོ་དེ་ཕྱོགས་བསྡུས་དང་པོ་བྱེད་མཁན་དེ་སུ་རེད་ཟེར་ན།  ཨོའོ་ཉན་ཐོས་ཆེན་པོ་གསུམ་པོ་དེ་རེད་བྱས་པ་རེད།
  • དགྲ་བཅོམ་པ་གསུམ་པོ་དེ་ཨོའོ། ཁོང་ཚོ་གསུམ་གྱིས་བསྡུས་པ་རེད།ཟེར། འོང་།
  • བསྡུས་ཤིང་ཟེར། ད་དེ་བསྡུ་དགོས་པའི་དགོས་པའི་དགོས་པ་ཁོ་ག་རེ་རེད་པས་ཟེར་ན། ལྷ་རྣམས་ཀྱིས་འཕྱ་བ་བསལ་བ་དང་། བསྟན་པ་ཡུན་རིང་གནས་པའི་ཆེད་དུ་བཀའ་བསྡུ་དང་པོ་མཛད་དོ། ཟེར།
  • ཨ་ནི་ལྷ་རྣམས་ཀྱིས་འཕྱ་བ་བསལ་བ་ཟེར་ན། ལྷ་རྣམས་ཀྱིས་ད་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྔ་མ་ཆོས་དོ་རྣམས་དེ་གསུངས་སོ། ད་དགེ་ཕྲུག་དེ་གྱད་ཀྱི་ལས་ཀ་ཡག་པོ་བྱས་མ་སོང་ཟེར་བྱས་བྱས། འཕྱ་སྨོད་བྱེད་ཡས་དེ་ཕར་མེད་པ་བཟོ་ཡས་ཀྱི་ཆེད་དུ། ཨ་ནི་བཀའ་བསྡུ་བྱས་པ་རེད་ལ།
  • ཡང་མིན་ན་བསྟན་པ་དེ་ཡུན་རིང་པོ་གནས་ཡས་ཀྱི་ཆེད་དུ་བཀའ་བསྡུ་བྱས་པ་རེད། ཟེར། ད་གཙོ་བོ་གཉིས་པ་བསྟན་པ་ཡུན་རིང་གནས་པའི་ཆེད་དུ་བཀའ་བསྡུ་བྱས་པ་རེད་པ།
  • འོང་། བཀའ་བསྡུ་དང་པོ་འདུག་བཟོ་བྱས་པ་རེད། ད་བཀའ་བསྡུ་གཉིས་པ་དེ་ག་དུས་བྱས་པ་རེད་ཟེར་ན།
  • དུས་ཚོད་བྱས་ན་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ན། ལོ་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་འགྲོ་དུས་ཙམ་ནས།
  • ཨོའོ་ཨ་ནི་གནས་ག་པར་རེད་ཟེར་ན། ཡངས་པ་ཅན་དུ་ཡང་རྒྱ་གར་གྱི་གྲོང་ཁྱེར་ཆེ་བ་དྲུག་གི་ནང་གི་གཅིག་རེད།
  • འོ་སྦྱིན་བདག་སུ་རེད་ཟེར་ན། ཆོས་རྒྱལ་མྱ་ངན་མེད་ཡང་རྒྱ་གར་གྱི་རྒྱལ་པོ་སྟོབས་ཆེ་ཤོས་གཅིག་རེད་པ།
  • དེས་མྱ་ངན་མེད་ཟེར་ཡས་དེ་རྒྱ་གར་གྱི་སྔ་མ་ཡིན་ན་རྒྱ་གར་གྱི་ཨ་རྒྱལ་ཁབ་ཆུང་ཆུང་མང་པོ་ཞེ་དྲག་རེད་པ། ད་དེ་ནས་མྱ་ངན་མེད་ཟེར་ཡས་དེ།
  • རྒྱ་གར་དེ་གཅིག་བསྒྱུར་བཟོས། འོང་རྒྱ་གར་གཅིག་བསྒྱུར་བཟོ་མཁན་གྱི་རྒྱལ་པོ་དང་པོ་རེད་པ། འདི།
  • འོང་། འདི་མྱ་ངན་མེད་ཟེར་ཡས་དེ་ཨ་ནི་ཡང་སྦྱིན་བདག་བྱས་ཚར་ར་ད་གཨོའོ། བཀའ་བསྡུ་གཉིས་པ་དེ་ཐེངས་མ་གཉིས་པ་དེ་བྱས་པ་རེད་ཟེར།
  • འོང་ཨ་ནི་བཀའ་བསྡུ་བྱེད་མཁན་གྱི་ཨེ་མཁས་པ་སུ་སུ་ཚོགས་བསྡད་ཡོའོ་རེད་ཟེར་ན། ཚོགས་པ་་ནི་དགྲ་བཅོམ་པ་བདུན་བརྒྱ་ཚོགས་པ་རེད། སངས་རྒྱས་ཀྱི་ཉན་ཐོས་བདུན་བརྒྱ་ཐམས་པ་ཚོགས་ནས། ཨ་ནི་བཀའ་བསྡུ་བྱས་པ་རེད་ཟེར།
  • གཙོ་བོ་འདྲ་དེ་སུ་ཡོའོ་རེད་ཟེར་ན་དགྲ་བཅོམ་པ་གྲགས་པ་དང་ཐམས་ཅད་འདོད་ལ་སོགས་པ། འོ་དེ་འདྲས་ཀྱི་མཁས་པ་དེ་ཚོས་དགྲ་བཅོམ་པ་དེ་ཚོས།
  • ཨ་ནི་སྡེ་སྣོད་གསུམ་པོ་ཞལ་འདོན་དུ་མཛད་དེ། ཨོའོ་འདུག་བཟོ་བསྡུས་པ་རེད་བྱས་པ་རེད།
  • ཡང་སྔ་མ་ཁོང་ཚོས་བསྡུས་པའི་ནང་ལོགས་ལ་མ་ཚུད་པ་དང་། ལས་བསྡད་པ་འདྲ་པོ་དེ་འདྲ་ཡོད་པ་ཡིན་ན་བསྡུས། ཡང་དེ། དེའི་བར་རུ་ལ་མི་སྡུག་ཅག་དེ་འདྲས་ཀྱི་རེད་པ། 
  • ད་ཉན་ཐོས་ཀྱི་ནང་ལོགས་ལ་ཡང་། འོང་བསམ་པ་ངན་པ་དེ་འདྲས་ཡོང་ནས་ཁོང་ཚོས་བཟོ་བཅོས་རྒྱག་གི་ཡོའོ་རེད་པ། ཨོའོ་དེ་འདྲས་བརྒྱབ་པ་ཡིན་ན།
  • དེ་ཚོ་བརྫུན་མ་དེ་ཚོ་ཕར་པུད་འོང་འདུག་བཟོ་བྱས་ནས་བསྡུས། དགྲ་བཅོམ་པ་དེས་དག་བཅོས་བྱས་པ་རེད་ཟེར། ཁོང་ཚོས་དག་བཅོས་བྱས་ཡག་པོ་གཅིག་བཟོས་པ་རེད་གསུངས་ཀྱི་ཡོའོ་རེད།
  • འང་། དགོས་པ་ག་རེ་རེད་ཟེར་ན། ཨ་ནི་སྐབས་དེ་དུས་རུང་བ་མ་ཡིན་པའི་གཞི་བཅུ་བསལ་བ་དང་། ཨ་ནི་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་ཙམ་འགྲོ་དུས་ཙམ་ནས་ཨ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ནང་ལོགས་ལ་ལྟ་བ་ལོག་པ་འཛིན་མཁན་གྱི་ཡང་དེ་འདྲས་བྱུང་པ་རེད། ཉན་ཐོས་དེ་འདྲས།
  • འང་། ཨོའོ་དེ་འདྲས་ཀྱི་བསམ་པ་ངན་པ་ཁྱེར་ཚར་ར་ད་ག་སངས་རྒྱས་ཀྱི་བསྟན་པ་དེ་ལ་ཁོང་ཚོས་ལྷད་བཏང་གི་ཡོའོ་རེད། བརྫུན་མ་བཟོ་གི་ཡོའོ་རེད། 
  • ཨོའོ་བརྫུན་མ་དེ་གྱད་དེ་མེད་པ་བཟོས་པ་རེད་ཟེར་གྱི་ཡོའོ་རེད།  ཨེ་བསྟན་པ་ཡུན་རིང་པོ་གནས་ཀྱི་ཆེད་དུ་དགོས་པ་དེ་འདྲས་ཅིག་གི་ཆེད་དུ་ཐེངས་མ་གཉིས་པ་བྱས་པ་རེད་ཟེར།
  • བཀའ་བསྡུ་ཐེངས་མ་གསུམ་པ་དེ་ག་དུས་བྱས་པ་རེད་ཟེར་ན། ཨ་ནི་དེ་བཀའ་བསྡུ་བྱས་པའི་སྐབས་དེ་གྱད་དེ་ལུང་ན་མེད་པས་ཟེར། ཨ་ནི་བཅོམ་ལྡན་འདས་ཀྱི་ལུང་གི་མ་བསྟན་པ་རེད། 
  • ད་ལུང་གི་མ་བསྟན་པ་སོང་ཙང་། ཨ་ནི་དེ་ལ་མི་མཐུན་པ་མང་པོ་ཡོའོ་རེད་བྱས་པ་རེད།
  • ཨ་ནི་བཀའ་བསྡུ་འདུག་བཟོ་བྱེད་ཀྱི་རེད་ཟེར་ཡས་དེ་གྱད་སྒང་ག་ལོགས་སངས་རྒྱསད་ཀྱི་བཀའ་འགྱུར་ནང་ལུང་བསྟན་ཡོད་པ་འདྲ་འདུག་ག ཨོའོ་མ་འོངས་པ་ན་འདུག་བཟོ་འདུག་བཟོ་བྱེད་ཀྱི་རེད་ད། ཟེར།
  • སངས་རྒྱས་ཀྱི་སྔ་མ་ནས་གསུངས་ཚར་པ་ཡོད་པ་འདྲ་འདུག་ག འང་བཀའ་བསྡུ་གསུམ་པ་དེ་དུས་ཚོད་ག་དུས་བྱེད་མ་བྱེད་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུངས་མེད་པ་འདྲ་འདུག་ག
  • ཨོའོ། བྱས་ཙང་འདིའི་སྐོར་ལ་ཡ། ཨ་ནི་རྦད་དེ་ཡ་དུས་ཚོད་ཀྱི་སྐོར་ལ་ཡ་མ་མཐུན་པ་མང་པོ་འདུག་གསུངས་པ་རེད།
  • མ་མཐུན་པ་མང་པོ་འདུག་དའི་ཡིན་ན་ཡང་། ད་ཕལ་ཆེ་བ་མཁས་པ་མང་པོ་ཞིག་གིས་ཡོངས་གྲགས་ལྟ་བུ་ལ་ཁས་ག་རེ་ལེན་གྱི་འདུག་ཟེར་ན། 
  • བཀའ་བསྡུ་གསུམ་པ་བྱེད་ཡས་ཀྱི་དུས་ཚོད་དེ། སྟོན་པ་གཤེགས་ནས་ལོ་གསུམ་བརྒྱ་དེ་འདྲས་ཅིག་གི་ཡས་སྨད་གཅིག་ལ་སྟོན་པ་མྱ་ངན་ལས་འདས་ནས་ལོ་གསུམ་བརྒྱ་ཙམ་ཅིག་འགྲོ་དུས་ཙམ་ནས་ཟེར་གྱི་ཡོའོ་རེད།
  • ཨ་ནི་གནས་འདྲ་པོ་ཡུལ་འདྲ་པོ་ག་པར་བཀའ་བསྡུ་བྱས་པ་རེད་ཟེར་ན། ཁ་ཆེའི་ལུང་པ་ལ་ཟེར། ད་ལྟ་བྱས་ན་པ་ཀི་སི་ཏན་དང་དེ་བར་ལ་ཡིན་གྱི་རེད་པ།
  • ཨོའོ་དེ་འདྲས་ཀྱི་ལུང་པ་ལ། ཨ་ནི་བཀའ་བསྡུ་བྱས་པ་རེད། དགོན་པ་ཀུན་ལྡན་ཟེར་ཡས་གཅིག་གི་ནང་ལ་ཡ། སྦྱིན་བདག་སུས་བྱས་པ་རེད་ཟེར་ན།
  • ཛ་ལན་དྷ་རའི་རྒྱལ་པོ་གཅིག་གིས་ཨ་ནི་སྦྱིན་བདག་བྱས་པ་རེད། འོང་ཀ་ནི་ཥྐས་སྦྱིན་བདག་བྱས་ཨ་ནི། བསྡུ་མཁན་གྱི་དགྲ་བཅོམ་པ་སུ་སུ་ཡོའོ་རེད་ཟེར་ན།
  • དགྲ་བཅོམ་པ་ལྔ་བརྒྱ་ཡོའོ་རེད། དེ་ཙམ་གྱིས་མ་ཟད་བྱང་ཆུབ་སེམས་དཔའི་ཨ་ནི་སྐྱེས་བུ་ཡང་ལྔ་བརྒྱ་ཡོའོ་རེད།
  • དེ་ཙམ་དུ་མ་ཟད་སོ་སོ་སྐྱེ་བའི་པཎྜི་ཏ་ཡང་ཁྲི་དྲུག་སྟོང་ཡོའོ་རེད། ཁྲི་གཅིག་དང་དྲུག་སྟོང་། འོ་མཁས་པ་ཆེན་པོ་ཅིག་གི་མཁས་པ་དེ་ཚོས་ད། སོ་སྐྱེ་བྱས་ན་དགྲ་བཅོམ་པ་དང་དེ་འདྲས་གའི་མ་རེད་ཟེར།
  • ཡིན་ན་ཡང་ད་ང་རང་ཚོའི་སློབ་གཉེར་གྱི་རིམ་པ་འདྲ་པོ་བྱས་པ་ཡིན་ན་ཨ་ནི་སློབ་གཉེར་པཎྜི་ཏའི་སློབ་གཉེར་གྱི་རིམ་པ་དེ་འདྲས་ཐོབ་པ་ཨོའོ་དེ་འདྲས་མི་མཁས་པ་དེ་འདྲས་ཁྲི་གཅིག་དང་དྲུག་སྟོང་འོ་ཨ་ནི་ཕ་གའི་མཉམ་པོ་ཁ་ཆེའི་ལུང་པ་ལ་ཚོགས་ནས་ཨ་ནི།
  • བཀའ་དེ་གྱད་དག་སེལ་བྱས་གཙང་མ་བཟོས་བྱས། ནོར་འཁྲུལ་དེ་ཚོ་ཕར་མེད་པ་བཟོས་བྱས། ཨ་ནི་ཡག་པོ་དེ་གྱད་འདུག་བཟོ་བཞག་བྱས་པ་རེད། བྱས་པ་རེད།
  • འོང་། ཨེ། འོང་། བསྡུས་པ་པོ་པུརྞི་ཀ་ལ་སོགས་པའི་སྡེ་སྣོད་གསུམ་ཞལ་འདོན་དུ་མཛད་དེ་ཟེར་ད། དགོས་པ་འདྲ་པོ་ཁོ་གང་གི་ཆེད་དུ་རེད་ཟེར་ན།
  • ཨ་ནི་བཀའ་བསྡུ་དུས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་བསྡུ་གསུམ་པ་ཟེར་ཡས་ཀྱི་དགོས་པ་ཁོ་ག་རེ་རེད་ཟེར་ན། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ཡས་མད་ཅིག་འགྲོ་དུས་ཙམ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་སློབ་མ་མང་པོ་ཞེ་པོ་ཡོའོ་རེད་པ།
  • ད་སློབ་དེ་གྱད་ད་སྟོན་པ་ཁོ་རང་འདས་བྱས་ཡོའོ་མ་རེད་པ། ཨ་ནི་རྦད་དེ་སྟོན་པའི་ཚབ་བྱེད་མཁན་གྱི་ཅིག་གི་ད་རྦད་དེ་ཉན་ཐོས་དགྲ་བཅོམ་པ་སྔོན་མ་སྟོན་པ་རང་གི་སློབ་མ་ཡིན་པ། ཁོང་ཚོ་མང་པོ་ཅིག་འདས་ཚར་ར་རེད་པ།
  • མྱ་་ངན་ལས་འདས་ནས་ད་ཡོའོ་མ་རེད་པ། བྱས་ཙང་ཨ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་དེ་ཚོའི་ནང་ལོགས་ལ་ཡ། བསམ་པ་མ་མཐུན་པ་མང་པོ་བྱུང་བ་རེད།
  • ཚོགས་ཁག་མང་པོ་བྱུང་བ་རེད། ལུགས་མང་པོ་སོ་སོས། སོ་སོ་ལ་ཕར་འགྱེད་་པ་རེད། སོ་སོ་ལ་འགྱེད་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྔ་མ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཁོང་རང་ཞུགས་དུས་བསྟན་པ་གཅིག་རེད་པ།
  • ཚོ་ཁག་གཅིག་རེད་པ། གྲུབ་མཐའ་གཅིག་རེད་པ། ད་རྗེས་མ་རྗེས་མ་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ཡས་མད་འགྲོ་དུས། དཔེར་ན་བསྟན་པ་འདིལ་ཡ། 
  • ཚོ་ཁག་ག་ཚོད་ཆགས་བསྡད་ཡོའོ་རེད་ཟེར་ན། སྡེ་པ་བཅོ་བརྒྱད་ཟེར་ཡས་ཅིག་ཆགས་བསྡད་ཡོའོ་རེད། རྦད་དེ་ལུགས་མི་འདྲ་བ་བཅོ་བརྒྱད་ཆགས། སོ་སོ་འདྲེས་བསྡད་པ། ད་སོ་སོ་འགྱེད་འགྲོ་དུས་ཙམ་ནས་ག་རེ་རེད། ཟེར་ན།
  • སོ་སོའི་སློབ་དཔོན་རེ་རེ་མོས་མཐུན་བྱས་བཞག་ནས། ཨ་ནི་སློབ་དཔོན་འདིས་ལུགས་རེ་རེ་བསྟན། སློབ་དཔོན་འདིའི་ལུགས། སློབ་དཔོན་མི་འདྲ་བ་འདོན་ཨ་ནི་སྡེ་པ་བཅོ་བརྒྱད་ལ་ཕྱིན་ནས། ཨ་ནི་ཁོང་ཚོ་འཆམ་གྱི་ཡོའོ་རེད།
  • རྩོད་པ་བརྒྱབ་ཀྱི་ཡོའོ་རེད། ང་ཚོའི་དེ་སངས་རྒྱས་ཀྱི་བསྟན་པ་ངོ་མ་དེ་ཡིན། ཁྱེད་རང་ཚོའི་དེ་སངས་རྒྱས་ཀྱི་བསྟན་པ་མ་རེད་ཟེར་བྱས་བྱས། ཁོང་རང་ཚོ་རྩོད་པ་མང་པོ་ཅིག་བརྒྱབ་ཀྱི་ཡོའོ་རེད།
  • ད་རྩོད་པ་མང་པོ་བརྒྱབ་དུས་ཙམ་ནས་མི་སྒང་ག་རྩོད་པ་བརྒྱབ་དུས་ཙམ་ནས། ཨ་ནི་ཆོས་བྱེད་ལོང་ཡོང་གི་མ་རེད་པ། 
  • ཨ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཉམས་ཀྱི་ཡོའོ་རེད། ཨོའོ་དེ་འདྲས་ཀྱི་སྤྱོད་པ་དེ་ཕར་མེད་པར་བཟོ་ཡས་ཀྱི་ཆེད་དུ། ཨ་ནི་བཀའ་བསྡུ་གསུམ་པ་ཟེར་ཡས་དེ་བྱས་པ་རེད། བྱས་པ་རེད།
  • དེ་ཟེར་གྱི་ཡོའོ་རེད་འོང་། འོང་བྱས། ད་བྱས་ཙང་ད་སྡེ་པ་བཅོ་བརྒྱད་པ་དེ་གྱད་དེ། སྒང་ག་ལོགས་སངས་རྒྱས་ཀྱི་བསྟན་པ་རེད།
  • སངས་རྒྱས་ཀྱི་སྡེ་པ་བཅོ་བརྒྱད་པ་དེ་གྱད་དེའི་ནང་ལོགས་ལ། ག་རེ་ལ་ཞུགས་ན་ཡང་སངས་རྒྱས་ཀྱི་བསྟན་པ་ཞུགས་པ་དང་གཅིག་པ་གཅིག་རྐྱང་རེད།
  • འོང་དེ་ད་ཁོང་རང་གིས་ཆོ་ཁ་འདྲ་པོ་ཏིག་ཙ་མ་འདྲ་བའི་དབང་གི་ད་གཅིག་གི་གྲུབ་མཐའ་མི་འདྲ་བ་འགྱེད་པ་རེད་མ་གཏོགས། ནང་དོན་རྩ་བ་ཁོ་གཅིག་རེད། 
  • རྩ་བའི་ནང་དོན་གཅིག་པོ་དེ་ག་རེ་རེད་ཟེར་ན། སེམས་སྡུག་བཅག་དེ་མེད་པར་བཟོས་ནས། སེམས་བཟང་པོ་དེ་བཟོ་བཅོས་བརྒྱབ་ཡས་རེད།
  • དེ་གཅིག་པ་གཅིག་རྐྱང་རེད། སྒང་ག་ལོགས་ཀྱིས་ལས་འགན་གཅིག་པ་གཅིག་རྐྱང་རེད། དམིགས་ཡུལ་གཅིག་རེད་ཤག
  • ཨོའོ། བྱས་ཙང་ཁོས་སྐྱོན་གའི་བྱེད་ཀྱི་མ་རེད། ང་སྡེ་པ་ཁག་ཁག་ཡིན་ཟེར་སྐད་བརྒྱབ་དགོས་མ་རེད། རྩོད་པ་མ་བརྒྱབ་ཨཱ།
  • རྗེས་མ་ནས་དམིགས་ཡུལ་གཅིག་པ་གཅིག་རྐྱང་རེད་ཤག ད་ལྟ་ལམ་ཁ་ལ་འགྲོ་དུས་ཨ་ནི་གཅིག་གི་འགྲོ་སྟངས་བཟོ་འདྲམ་འདྲ་མ་འདྲ་ཏིག་ཙ་ཏིག་ཙ་ཆོ་ཁ་མི་འདྲ་འདུག་མ་གཏོགས།
  • རྩ་བའི་རྩ་དོན་གཅིག་པ་གཅིག་རྐྱང་རེད་ཤག འོང་རྩ་བའི་ལམ་ཁ་གཅིག་པ་རེད་ད། འོ་བྱས་ཙང་ཁོས་ཨ་ནི་ཁྱེད་རང་ཚོ་རྩོད་པ་རྒྱག་དགོས་མ་རེད་ཟེར།
  • ཨོའོ་དེ་རྩོད་པ་དེ་ཕར་བཀག་ཡས་ཆེད་དུ་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་བྱེད་ཡས།རྡོག་རྡོག་བྱས་པ་ཡིན་ན། འོང་དེ་འདྲས་བྱས་འདུག་ག
  • བཀའ་བསྡུ་གསུམ་པ་མཛད་དོ་ཟེར་བྱས། དེ་ཡང་སངས་རྒྱས་འོད་སྲུངས་འཛམ་བུའི་གླིང་དུ་བཞུགས་པའི་ཚེ། རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་དུ་རས་ཡུག་གཅིག་སྐྱེས་བུ་སྟོབས་དང་ལྡན་པས་བཅོ་བརྒྱད་དུ་བྱས་ཏེ།  ཐམས་ཅད་ཀྱང་ཁ་ཚར་མ་ཉམས་པ་རེ་རེར་གྱུར་པ་རྨིས་པས།
  • འོད་སྲུངས་ཀྱིས་མ་འོངས་པའི་དུས་སུ་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཉན་ཐོས་ཀྱི་སྡེ་པ་བཅོ་བརྒྱད་དུ་འགྱུར་པ་ནི། རལ་ཡུག་གཅིག་དུམ་བུ་བཅོ་བརྒྱད་དུ་གྱུར་པའོ།
  • ཐམས་ཅད་ཀྱང་ཁ་ཚར་མ་ཉམས་པ་ནི། སྡེ་པ་དེ་དག་རེ་རེའི་གྲུབ་མཐའ་ལ་བརྟེན་ནས་ཀྱང་གྲོལ་གྱི་འབྲས་བུ་ཐོབ་པར་ནུས་པའོ་ཞེས་མདོ་ལས་བཤད་དོ།
  • ད་སྡེ་པ་བཅོ་བརྒྱད་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཁོང་ཚོ་སྡེ་པ་བཅོ་བརྒྱད་ཆགས་བསྡད་ཡོའོ་རེད་པ། ད་སྡེ་པ་བཅོ་བརྒྱད་ཆགས་ན་ཡང་། གང་ལྟར་རྗེས་མ་སྒྲུབ་ཡས་དམིགས་ཡུལ་ཁོ་གཅིག་པ་གྲུབ་ཀྱི་ཡོའོ་རེད།
  • འོ་སོང་ཙང་། ཁོས་སྐྱོན་ཡོའོ་མ་རེད་པ། ཨོའོ་ཁོས་འདི་སྔ་མ་འདི་སྡེ་པ་བཅོ་བརྒྱད་ཡིན་ན་ཡང་སྐྱོན་མེད་པ་དེ་གང་འདྲས་ཟེར། སྒང་ག་ལོགས་སངས་རྒྱས་ཀྱི་བསྟན་པ་ཡིན་པ། དེ་རྩོད་པ་དེ་བྱེད་དགོས་མ་རེད་ཟེར་བྱས་བྱས། ཨ་ནི་རྩོད་པ་རྩོད་ཐག་ཆོད་པ་རེད་པ།
  • དེ་ཆོད་དགོས་ཡས་ག་རེ་རེད་ཟེར་ན། དེ་སངས་རྒྱས་ཀྱི་འོད་སྲུངས་ཀྱི་སྔོན་མ་སངས་རྒྱས་བཅོམ་ལྡན་འདས་མ་བྱོན་གོང་ལ་འདིའི་སངས་རྒྱས་འོད་སྲུངས་ཟེར་ཡས་གཅིག་བྱོན་པ་རེད།
  • སངས་རྒྱས་འོད་སྲུངས་ཀྱི་ལུང་བསྟན་ཡོའོ་རེད་བྱས་པ་རེད། སངས་རྒྱས་འོད་སྲུངས་ཀྱིས་ལུང་གང་འདྲས་ཟེར་བསྟན་པ་རེད་ཟེར་ན།
  • སངས་རྒྱས་འོད་སྲུངས་སྐབས་ལ་རྒྱ་གར་ལ་རྒྱལ་པོ་ཀྲི་ཀྲི་ཟེར་ཡས་གཅིག་བྱུང་པ་རེད། རྒྱལ་པོ་ཀྲི་ཀྲི་ལ་དགོང་དག་གཅིག་གཉིད་ལམ་བཏང་པ་རེད། གཉིད་ལམ་ག་རེ་བཏང་པ་རེད་ཟེར་ན།
  • མི་སྟོབས་ཆེན་པོ་བཅོ་བརྒྱད་ཡོད་པ་བྱས། མི་སྟོབས་ཆེན་པོ་བཅོ་བརྒྱད་ཁོས་རས་ཡུག་གཅིག རས་ཡུག་གཅིག་རེད་པ། རས་དེ་འདྲ་ཡུག་གཅིག་ཨ་ནི་རེད་པ།ཕར་ཚུར་འཐེན་ཤར་ཞེ་པོ་བརྒྱབ་ནས་ཨ་ནི་ཕོག༼འཕྲོག༽་རེས་བྱེད་ཀྱི་ཡོའོ་རེད་ཟེར། 
  • ཕོག་༼འཕྲོག་༽རེས་བྱས་ནས་མི་སྟོབས་ཆེན་པོ་བཅུ་བརྒྱད་པ་དེ་རས་གཅིག་ཕོག་༼འཕྲོག༽རེས་བྱས་པ་རེད་དའི་འཕྲོག་ཚར་དུས་ཙམ་ནས། མི་སྒང་ག་ལོགས་ལ་རས་ཡུག་རེ་རེ་ཡོའོ་རེད་བྱས་པ་རེད།
  • མ་ཉམས་པ་ཨོའོ་དེ་ང་མདང་དགོང་གཉིད་ལམ་དེ་འདྲས་གཅིག་བཏང་སོང་ག་རེ་ཡིན་ན་ཨང་ཟེར་སངས་རྒྱ་འོད་སྲུངས་ལ་ཡར་ཞུ་དུས་ཙམ་ནས་ཨོའོ་ད་དེ་རྗེས་མ་མ་འོངས་པ་ན། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་དེ་ལ་སྡེ་པ་བཅུ་བརྒྱད་ཡོང་གི་རེད་ཟེར། 
  • སྡེ་པ་བཅོ་བརྒྱད་པ་དེ་ཁོང་རང་རྩོད་པ་ཞེ་པོ་བརྒྱབ་ཀྱི་རེད་ཟེར། ཡིན་ན་ཡང་རྩོད་པ་རྒྱག་དགོས་མ་རེད། མཐར་ཐུག་དགོངས་པ་ཁོ་གཅིག་རེད་ཟེར།
  • དཔེར་ན་མི་བཅོ་བརྒྱད་པ་དེ་རས་ཡུག་གཅིག་ལ་ཡ་རྩོད་པ། ཕར་འཐེན་ཚུར་འཐེན་བྱས་ནའི་སྒང་ག་ལོགས་ལ་རས་ཡུག་རེ་རེ་ཆ་ཚང་རེ་རེ་རག་སོང་གང་ཟེར་ཨོའོ་དེ་དང་འདྲ་བར།
  • སྡེ་པ་བཅོ་བརྒྱད་ལ་ས་ཆ་དེ་གྱད། གནས་བརྟན་དེ་གྱད་སྡེ་པ་བཅོ་བརྒྱད་ལ་འགྱེད་ནས་ཁོང་ཚོས་རྩོད་པ་ཞེ་པོ་བརྒྱབ་ནའང་། ཁོ་རང་ཚོ་གང་ལྟར་དམིག་ཡུལ་ཁོ་གཅིག་རྐྱང་རེད།
  • སངས་རྒྱས་འོང་། ཐར་པ་ཐོབ་ཡས་ཀྱི་དམིག་ཡུལ་དེ་རེད། ཐར་པ་དེ་སྡེ་པ་བཅོ་བརྒྱད་སྒང་ག་ལོགས་ལ་ཐོབ་ཐུབ་ཀྱི་ཡོའོ་རེད་ཟེར།
  • ཨོའོ་བྱས་ཙང་རྩོད་པ་དེ་དོན་མེད་རེད། ཨོའོ་དེ་བྱས། ལུང་དེ་མཐོང་ནས་ཨ་ནི་རྩོད་པ་དེ་མེད་པར་བཟོས་པ་རེད་བྱས་པ་རེད། འོ་དེ་འདྲས།
  • དེ་འདྲས་རེད་ཤག སངས་རྒྱས་བཅོམ་ལྡན་འདས་ཀྱི། ཨ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ད་ཅིག་གི་མྱ་ངན་ལས་འདས་པའི་རྗེས་ལ། ཨ་བཀའ་བསྡུ་རིམ་པ་གསུམ་བྱུང་པ་རེད་ཟེར།
  • བཀའ་བསྡུ་རིམ་པ་གསུམ་བྱེད་དགོས་པའི་དགོས་པ་རྒྱུ་མཚན་དང་བཅས་པ། ད་ལྟ་གོང་ལ་ཞུས་དེ་རེད།
  • འོང་། དཱ། དེ་ནས་ཨ་ནི་ཅིག་གི་རྦད་དེ་འདི་དག་གི་ཁྱད་པར་ལ་ཟེར་འདི་ནས་མར། འདི་དག་གི་ཁྱད་པར་ལ། རྩ་བའི་སྡེ་བཞི་ནི། ཕལ་ཆེན་པ། ཐམས་ཅད་ཡོད་པར་སྨྲ་བ། གནས་བརྟན་པ། མང་བསོ་བཀུར་བ་པ་རྣམས།
  • ལེགས་སྦྱར་གྱི་སྐད་དང་། རང་བཞིན་གྱི་སྐད་དང་། ཟུར་ཆག་གི་སྐད་དང་། པི་ཤ་ཙིའི་སྐད་དུ་སོ་སོར་གནས་པ་ཡིན་ནོ།
  • ད་ང་རང་ཚོ་ད་གིན་བཀའ་བསྡུ་གསུམ་པ་བྱེད་དུས་ཙམ་ནས། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ཡས་མས་འགྲོ་དུས་ཙམ་ནས། ཨ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པའི་ནང་ལོགས་ལ། སྡེ་པ་བཅོ་བརྒྱད་ལ་ཕར་འགྱེད།
  • ཨ་ནི་ཁོང་རང་ཚོ་ཕར་ཚུར་རྩོད་པ་ཞེ་དྲག་བརྒྱབ། ཟེར་གྱི་ཡོའོ་རེད་བྱས་པ་རེད་པ། ཨ་ནི་སྡེ་པ་བཅོ་བརྒྱད་ལ་གང་འདྲས་ཟེར་འགྱེད་པ་རེད་པས།
  • ཨ་ནི་རྦད་དེ་ཧོབ་སྟེ་ཁ་རས་སྡེ་པ་བཅོ་བརྒྱད་ཆགས་པ་རེད་པས། སྔོན་ལ་སྡེ་པ་ཁ་ཤས་ཅིག་བྱས། དེ་ནས་ཁ་ཤས་ཅིག་དེ་ནས་ཁ་ཤས་ཅིག་བྱས། མང་རུ་མང་རུ་ཕྱིན་པ་རེད། གང་འདྲས་རེད་ཟེར་ན།
  • ཨོའོ་དེ་སྔོན་ལ་ཡ་ཁོང་ཚོ་སྡ་པ་བཞི་ཆགས་པ་རེད་བྱས་པ་རེད། དང་པོ་ནས་ལམ་སང་སྡེ་པ་བཅོ་བརྒྱད་ཆགས་ཡོའོ་མ་རེད། 
  • ད་ལོ་མང་པོ་ཕྱིན་པ་རེད་པ། ཨ་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ཙམ་ཕྱིན་པ་རེད་པ། ང་རང་ཚོ་ལོ་མང་པོ་ཕྱིན་པ་རེད་པ།
  • ད་དེའི་རིན་གང་ལ་ཨ་ནི། ད་ཨེ། ལོ་སུམ་བརྒྱ་འགྲོ་དུས་ཙམ་ནས་ཨ་ནི་གཅིག་གི་མི་དེ་ཚོའི་བམས་བློའི་ནང་ལོགས་ལ་ཡང་བསམ་བློ་སྣ་མིན་སྣ་ཚོགས་མང་པོ་སྐྱེས་ནས།
  • ཨ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུངས་བཞག་པའི་དགོངས་པ་མང་པོ་ཁོང་ཚོས་བསམ་བློ་ཀྱོག་ཀྱོག་བཏང་བྱས་གོ་བ་ལེན་གྱི་ཡོའོ་རེད།
  • འོ་ད་གོ་བ་ལེན་དུས་ཙམ་ནས། ཨ་ནི་ཅིག་གི་ནང་ལོགས་ལ་ཡ་དེ་མ་བྱུང་བ་རེད།  ཨེ་ག་རེ་ཟེར་དགོས་རེད་ད།
  • ད་ཆོ་ཁ་འདྲ་པོ་དང་དེ་འདྲས་ཀྱི་སྒང་ལ་མ་མཐུན་པ། ཨ་ནི་སློབ་དཔོན་སོ་སོའི་ཆོ་ག་མི་འདྲ་བའི་དབང་གིས་སྡེ་པ་དེ་ཁོ་ཕར་མང་རུ་མང་རུ་འགྲོ་གི་ཡོའོ་རེད།
  • ཐོག་མར་ཁོང་རང་ཚོ་སྡ་པ་ཁག་ཁག་དང་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཨེ་བསྟན་པ་དེ་ཉན་ཐོས་དེ་གྱད་དེ་སྡེ་པ་གཅིག་རེད། གཅིག་རེད་དའི་རྗེས་མ།
  • རྗེས་མ་ག་ལེར་ག་ལེར་སྡེ་པ་མང་རུ་མང་རུ་ཕྱིན་པ་རེད་པ། ད་མང་རུ་མང་རུ་འགྲོ་དུས་ཙམ་ནས། དང་པོ་སྡེ་པ་ག་ཚོད་ཆགས་པ་རེད་པས་ཟེར་ན།
  • དང་པོ་སྡེ་པ་བཞི་ཆགས་པ་རེད་བྱས་པ་རེད། མང་རུ་འགྲོ་དུས་ཙམ་ནས་འོང་། ཨ་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྡེ་པ་གཅིག་རེད་པ།
  • དེ་ནས་ལོ་སུམ་བརྒྱ་ཙམ་འགྲོ་དུས་ཙམ་ནས་སྡེ་པ་བཞི་ཆགས་པ་བྱས་པ་རེད་ད། སྡེ་པ་བཞི་པོ་དེ་ག་རེ་དང་ག་རེ་ཆགས་བསྡད་ཡོའོ་རེད་ཟེར་ན།
  • སྡེ་པ་བཞི་པ་དེ་ལ་རྩ་བའི་སྡེ་པ་བཞི་ཟེར་གྱི་རེད། རྩ་བའི་སྡེ་པ་བཞི་པོ་ཁོ་ག་རེ་དང་ག་རེ་རེད་ཟེར་ན། ཕལ་ཆེན་གྱི་སྡེ་པ་གཅིག་བྱས། ཨེ་ཕལ་ཆེར་སྡེ་པ་ཟེར་ཡས་དེ་རྒྱུད་པ་འདྲ་པོ་ཁོ་བྱས་ན། ཁོང་ར་ང་གི་ཅིག་གི་ཆོས་ཀྱི་འབྱུང་ཁུངས་འདྲ་པོ་ཁོ་རྩད་གཅོད་གཏོང་དུས་ཙམ་ནས་སུ་ལ་ཐུག་བསྡད་ཡོའོ་རེད་ཟེར་ན།
  • སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་ནང་ལོགས་ནས་འོད་སྲུངས་ཆེན་པོ་ཟེར་ཡས་དེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཤེས་རབ་བདུན་གྱི་ནང་ནས་ཤེས་རབ་དང་པོ་དེ་རེད་པ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་བྱེད་མཁན་གྱི་ནང་ནས་ཞེ་ཤོས་དེ་རེད་པ།
  • འོད་སྲུངས་ཆེན་པོ་ཟེར་ཡས་དེ་འོ། ཁོང་གི་རྒྱུད་པ་འདྲ་པོ་དེ་རེད་མར། འོ་ད་ཁོང་གཙོ་བོ་གི་མཁན་པོ་བཟོ་འདྲ་པོ་དེ་ལ་བསྟེན།  ཁོང་ནས་མར་བརྒྱུད་པའི་རབ་བྱུང་གི་སྡེ་ཁག་གཅིག་ཡོའོ་རེད་པ།
  • ཁོང་གིས་མཁན་པོ་བྱས་པ་ལ་བརྟེན་ནས་རབ་བྱུང་ཐོབ་པའི་རྒྱུད་པ་གཅིག་ཡོའོ་རེད་པ། ཨོའོ་དེ་གྱད་དེ་ལ་ལཕལ་ཆེན་སྡེ་པ་ཟེར་གྱི་ཡོའོ་རེད། སྡེ་པ་གཅིག་ཆགས་པ་རེད།
  • ཡང་སྡེ་པ་གཅིག་ག་རེ་ཆགས་པ་རེད་ཟེར་ན། ཐམས་ཅད་ཡོད་པར་སྨྲ་བ། ཐམས་ཅད་ཡོད་པར་སྨྲ་བ་ཟེར་ཡས་ཀྱི་སྡེ་པ་དེ་གང་འདྲས་ཆགས་པ་རེད་པས་ཟེར་ན།
  • དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྲས་དགྲ་ཅན་འཛིན་ཟེར་ཡས་གཅིག་ཡོའོ་རེད་པ། སངས་རྒྱས་བཅོམ་ལྡན་འདས་ཁོང་རང་གི་སྐུ་ལས་སྐྱེས་པའི་སྲས་རེད་པ།
  • ཨོའོ་དེ། ཡང་། ཁོང་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་ཞུགས་ནས་དགྲ་བཅོམ་པ། མཁས་པ་ཞེ་དྲག་ཆགས་པ་རེད་པ།
  • ཁོང་ནས་མར་རྒྱུད་པ་བྱས་བྱས། ཡང་རབ་བྱུང་གི་སྡེ་པ་གཅིག་ཆགས་བསྡད་ཡོའོ་རེད། ཨོའོ་རབ་བྱུང་གི་སྡེ་པ་དེའི་མིང་ལ་ཡ། ཐམས་ཅད་ཡོད་པར་སྨྲ་བ་ཟེར།
  • འོང་ཡང་རབ་བྱུང་གི་སྡེ་པ་གཅིག་གང་འདྲས་ཟེར་ཆགས་པ་རེད་ཟེར་ན། གནས་བརྟན་གྱི་སྡེ་པ་དེ་ཆགས་པ་རེད། གནས་བརྟན་སྡེ་པ་དེ་ཡང་ཁོང་རང་གི་མཁན་པོ་བཟོ་འདྲ་དེ་རྩ་བའི་རྒྱལ་ས་འདྲ་པོ་དེ་སུ་ཆགས་བསྡད་ཡོའོ་རེད་ཟེར་ན།
  • སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་ནང་ལོགས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཐའ་འཁོབ་འདུལ་བ་ལ་མཆོག་ཏུ་འགྱུར་པ་ཟེར་བྱས་བྱས། མཐའ་འཁོབ་འདུལ་ཡས་ལ་ཡང་རྦད་དེ་མཆོག་ཏུ་འགྱུར་པ་གནས་བརྟན་གཅིག་ཡོའོ་རེད། དགྲ་བཅོམ་པ་གཅིག་ཡོའོ་རེད།
  • ཨོའོ་ཁོང་གིས། ཁོང་གིས་མཁན་པོ་བྱས་ནས། ཨ་ནི་མར་རབ་ཏུ་བྱུང་བའི་སྡེ་པ་གཅིག་ཆགས་བསྡད་ཡོའོ་རེད་པ། དེ་ལ་ཡ་གནས་བརྟན་སྡེ་པ་ཟེར་ར་རེད།
  • ཁོང་མཁན་པོ་དེ་སུ་རེད་པས་ཟེར་ན། ཀ་ཏ་ཡ་མ་ཟེར་ཡས་དེ་རེད། ཀ་ཏ་ཡ་མ་ཟེར་ཡས་དེ་སངས་རྒྱས་བཅོམ་ལྡན་འདས་ལ་ཉན་ཐོས་མང་པོ་ཞེ་པོ་ཡོའོ་རེད་པ།
  • ཉན་ཐོས་མང་པོ་ཡོད་པའི་ནང་ལོགས་ནས། ད་ཡིན་ན་ཆོས་མེད་པའི་ལུང་པ་ད་མཐའ་འཁོབ་ཀྱི་ལུང་པ་དེ་འདྲས་བཏུལ་ཡས་ལ་ཀ་ཏ་ཡ་མ་ཟེར་ཡས་དེ་ནུས་པ་ཞེ་པོ་ཡོའོ་རེད།
  • འོ་ཆོས་མེད་པའི་ལུང་པ་དེ་འདྲས་ལ་ཡ་ཁོང་གིས་སངས་རྒྱས་ཀྱི་ཆོས་སྤེལ་ཐུབ་ཀྱི་ཡོའོ་རེད། གཞན་དག་གི་མ་ཐུབ་ན་ཡང་། ཨོའོ་བྱས་ཙང་དེ་མཐའ་འཁོབ་འདུལ་བ་ལ་མཆོག་ཏུ་འགྱུར་པ། ཟེར་བྱས་ནས་ལུང་བསྟན་པ་རེད།
  • འོང་། ད་དེ་ནས་འདི་མང་པོས་བཀུར་བའི་སྡེ་པ་ཟེར་ཡས་དེ་ད་རྩ་བའི་སྡེ་བཞི་ནང་ནས། རྒྱུད་པ་དེ་ག་རེ་རེད་ཟེར་ན། མང་པོས་བཀུར་བའི་སྡེ་པ་ཟེར་ཡས་དེ་རེད།
  • མང་པོས་བཀུར་བའི་སྡེ་པ་ཟེར་ཡས་དེ་ཡང་རྒྱུད་པ་འདྲ་དེ་བརྩིས་ན། དེ་ག་ནས་བྱུང་པ་རེད་ཟེར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐབས་དེ་ཡིན་ན། ཨ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཀྱི་ནང་ལོགས་ནས་འདུལ་བ་འཛིན་པ་ལ་ནི་མཆོག་ཏུ་འགྱུར་བ་ཉེ་བར་མཁོ་ཡིན་ཟེར་གསུངས་པ་རེད་པ།
  • ཨོའོ་མཁན་པོ་ཉེ་བར་མཁོ་ནས་མར་རྒྱུད་བྱས་རབ་ཏུ་བྱུང་བའི་སྡེ་གཅིག་ཡོའོ་རེད་པ། དེ་ལ་ཡ་མང་པོས་བཀུར་བའི་སྡེ་ཟེར་ཡས་གཅིག་ཆགས་པ་རེད།
  • ད་རྡོག་རྡོག་ཁོང་རང་ཚོ་བཞི་སློབ་དཔོན་མི་འདྲ་བ་བཞི་ལ་བསྟེན་བྱས་ཨ་ནི་མི་འོད་སྲུངས་ཀྱི་ཕྱོགས་ཁག་ཡིན། ང་ཚོ་དགྲ་ཅན་འཛིན་ཡིན་ཟེར་བྱས་བྱས། འདུག་བཟོ་སྡེ་པ་བཟི་ཐཽག་མར་ཆགས་པ་རེད་བྱས་པ་རེད།
  • ད་སྡེ་པ་བཞི་ཆགས་པ་དེ་ཡིན་ན་ལས་ཡིན་རྒྱུ་ཁོ་སྒང་ག་ལོགས་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་འདུན་ཤ་གཅིག་རེད་པ་གཅིག་པ་རེད་པ། སྡེ་པ་གཅིག་ཡིན་དགོས་ཀྱི་རེད་དའི་ཡིན་ནའི་ལས་སྐབས་དེ་དུས་མར་ཆོས་དེ། དེ་བྱེད་དུས་ཙམ་ནས། ཨ་ནི་ཆོ་ག་བྱེད་ཡས་ཏིག་ཙ༼ཙམ་༽གཅིག་གི་མི་འདྲ་བའི་དབང་གིས། མཁན་པོ་སོ་སོའི་གནང་སྟངས་དང་ཆོ་ག ལག་ལེན་བྱེད་སྟངས་མི་འདྲ་བའི་ཏིག་ཙ་ཏིག་ཙ་མི་འདྲ་བའི་ཆོ་གའི་དབང་གིས། 
  • འོང་། རྩ་བའི་རྩ་དོན་འགལ་བ་མེད་ན་ཡང་། ད་གཅིག་གི་ལག་ལེན་དེ་ཆ་ཚང་མ་ལོགས་ཏིག་ཙ་ཏིག་ཙ་མི་འདྲ་བ་དེ། རྒྱུ་མཚན་དུ་བྱས་ནས་ཨ་ནི་སྡེ་པ་བཞི་ལ་འགྱེད་པ་རེད།
  • ད་སྡེ་པ་བཞི་ལ་འགྱེད་དུས་ཙང་ནས་སོ་སོའི་ཆོས་དང་ཞལ་འདོན་དང་དེ་འདྲས་བྱེད་དུས་ཙམ་ནས། སྐད་ཡིག་བེད་སྤྱོད་བཏང་སྟངས་ཅིག་ཡོའོ་རེད་པ།
  • དེ་ཚོ་ཡང་མི་འདྲ་བ་ཆགས་བསྡད་ཡོའོ་རེད། གང་འདྲས་ཆགས་བསྡད་ཡོའོ་རེད་ཟེར་ན། ཕལ་ཆེན་སྡེ་པ་འོད་སྲུངས་ཆེན་པོ་སྡེ་པ་དེ་ཚོས་ཡིན་ན། གཅིག་གི་ཁོང་རང་ཚོ་ཁ་འདོན་འདྲ་པོ་བྱས་ཅིག་གི་ཞལ་འདོན་གནང་དེ་འདྲས་བྱས་བྱེད་དུས་ཙམ་ནས། སྐད་ཡིག་ག་རེ་བདེ་སྤྱོད་བཏང་གི་ཡོའོ་རེད་ཟེར་ན།
  • ལེགས་སྦྱར་གྱི་སྐད་བདེ་སྤྱོད་བཏང་གི་ཡོའོ་རེད་བྱས་པ་རེད། འོང་། ཐམས་ཅད་ཡོད་པར་སྨྲ་བ་ཁོང་ཚོས་སྐད་ག་རེ་བེད་སྤྱོད་བཏང་གི་ཡོའོ་རེད་ཟེར་ན།
  • ཡུལ་མི་རང་བཞིན་པའི་སྐད་བདེ་སྤྱོད་བཏང་གི་ཡོའོ་རེད་བྱས་པ་རེད། རྒྱ་གར་གྱི་ང་རང་ཚོའི་ཡུལ་མི་རང་བཞིན་པའི་སྐད་ཨོའོ་ཕལསྐད་དེ་བེད་སྤྱོད་བཏང་གི་ཡོའོ་རེད་སབྱས་པ་རེད།
  • ཨེ་གནས་བརྟན་སྡེ་པ་ཚོས་ག་རེ་བེད་སྤྱོད་བཏང་གི་ཡོའོ་རེད་ཟེར་ན། ཟུར་ཆག་གི་སྐད་བེད་སྤྱོད་བཏང་གི་ཡོའོ་རེད་བྱས་པ་རེད།
  • ཟུར་ཆག་གི་སྐད་ཟེར་དུས་ཙམ་ནས། ཨ་ནི་སྐད་དེ་ལ་སྐད་མང་པོ་བཀྲེས་བྱས་ཨོའོ། བོད་སྐད་ལ་རྒྱ་སྐད་བཀྲེས་ཀྱོག རྒྱ་སྐད་ལ་ཡ་དབྱིན་ཇིའི་སྐད་བཀྲེས་ཀྱོག ད་སྐད་མང་པོ་ཅིག་བཀྲེས་བྱས། སྐད་གང་ག་ཟུར་ཆག་བྱས། ཨོའོ་དེ་འདྲས་བཏོན་གྱི་ཡོའོ་རེད་ཟེར།
  • རྒྱུ་མཚན་ག་རེ་རེད་ཟེར་ན། ཁོང་མཐའ་འཁོབ་ལ་ཕེབས་དགོས་ཀྱི་ཡོའོ་རེད་པ། ཨ་ནི་མཐའ་འཁོབ་ཀྱི་ལུང་པ་ལ་སྐད་ལེགས་སྦྱར་གཙང་མ་གཅིག་བརྒྱབ་སོང་ན་གོ་གི་མ་རེད་པ།
  • འོ། ཁོ་ཁོ་རང་ཁོ་རང་ལ་དཔག་པའི་ཡུལ་མང་པོའི་སྐད་གཅིག་བརྒྱབ་སོང་ན། གོ་གི་ཡོའོ་རེད་པ། ཨོའོ་དེ་འདྲས་དབང་གིས་ཟུར་ཆག་གི་སྐད་དེ་བརྒྱབ་དགོས་ཀྱི་ཡོའོ་རེད་ཟེར།
  • ཨ་ནི་མང་པོས་བཀུར་བའི་སྡེ་པ་ཟེར་མཁན་དེ་ནི། ཨེ། སྡེ་པ་དེ་ཚོས་ཞལ་འདོན་གནང་དུས་ཙམ་ནས་སྐད་ཁོ་ག་རེ་བེད་སྤྱོད་བཏང་གི་ཡོའོ་རེད་ཟེར་ན།
  • འང་། པི་ཤ་ཙིའི་སྐད་ཟེར་ཡས་དེ་བེད་སྤྱོད་བཏང་གི་ཡོའོ་རེད་བྱས་པ་རེད། པི་ཤའི་སྐད་ཟེར་ཡས་དེ། ཨོའོ། དེ་ག་རེ་རེད་ཟེར་ན། 
  • ཁོང་རང་གི་ཨ་ནི་རྦད་དེ་ཞལ་འདོན་གནང་ཡས་དང་དེ་གྱད་དེ་ཡང་ཁོང་རང་གི་སྐད་དེ་གིའི་སྒང་ནས། ཨ་ནི་ཐུན་མོང་མ་ཡིན་པའི་ཉམས་སྟོན་ཡས་ཡོད་ཀྱི་རེད་པ། 
  • འོང་། གོ་རྒྱུ་གོ་རྒྱུ་ཡོད་ཀྱི་རེད་པ། ཨོའོ་བྱས་ཙང་ཁོས་དེ་འདྲས་ཀྱི་དབང་གི་དེ་བེད་སྤྱོད་བཏང་བྱས་ད། ཚོགས་པ་མི་འདྲ་བ་འདུག་བཟོ་རེད། སྐད་མི་འདྲ་དང་དེ་འདྲས་མི་འདྲ་ཆགས་ཀྱི་འདུག་ག
  • འོང་། འོང་བྱས། གནས་པ་ཡིན་ནོ། ཟེར་བྱས། 
  • ད་འདུག་བཟོ་བྱས་ནས་རྩ་བའི་སྡེ་བཞི་བྱུང་པ་རེད་པ། ཐོག་མར་ད་རྩ་བའི་སྡེ་བཞི། ད་ད་ལྟ་འདི་ནས་མར་ག་རེ་བཤད་ཀྱི་ཡོའོ་རེད་ཟེར་ན།
  • སྡེ་པ་བཅོ་བརྒྱད་ལ་འགྱེད་པ་ཅིག་ཡོའོ་རེད་པ། ཁོ་སྡེ་པ་བཅོ་བརྒྱད་ལ་འགྱེད་སྟངས་ཁོ་བཤད་ཀྱི་ཡོའོ་རེད།
  • འོང་། ད་སྡེ་པ་བཅོ་བརྒྱད་ཁོ་དང་པོ་རྩ་བའོ་སྡེ་བཞི་ཆགས། ད་རྩ་བའི་སྡེ་བཞི་ནས་ཨ་ནི་མར་དེ་འདྲས་དེ་འདྲས་ཀྱི་མང་རུ་མང་རུ་ཕྱིན་སྡེ་བཞི་པ་དེ། དེ་རེ་རེ་ལ་ཡང་ཅིག་གི་ཕྱོགས་ཁག་མང་པོ་ཅིག་ཆགས་ཀྱི་ཡོའོ་རེད།
  • ཨོའོ། འོང་། ད་སྡེ་བཅོ་བརྒྱད་གང་འདྲས་ཟེར་ཆགས་པ་རེད་ཟེར་ན། དེ་ལས་གྱེས་པ་བཅོ་བརྒྱད་ནི་ཟེར། ད་སྡེ་བཞི་པོ་དེ་ལ་ཡང་སོ་སོ་ལ་མི་འདྲ་བ་མང་པོ་གྱེས་ཀྱི་རེད།
  • དུལ་བ་ལྷས་ཟེར། རྒྱ་གར་གྱི་མཁས་པ་དུལ་བའི་ལྷ་ཟེར་ཡས་གཅིག་བྱུང་ཡོའོ་རེད། སྔ་མ། འོང་། དུལ་བའི་ལྷས་ཨ་ནི་སྐབས་དེ་ལ་གྱེས་པ་དེ་ལ་ཡ།
  • གྱེས་སྟངས་དེ་ལ་ཁོང་གིས་ཞིབ་འཇུག་གནང་འདུག་ག ཞིབ་་འཇུག་གང་འདྲས་ཟེར་གནང་འདུག་ཟེར་ན།
  • ཨོའོ་ཁོང་གིས་འདུག་བཟོ་བྲིས་བཞག་གསུངས་པ་རེད། ཨེ་ཕལ་ཆེན་སྡེ་པ་ཟེར་ཡས་དེ་ལ་ཡང་། སྡེ་པ་ལྔ་ཅིག་འགྱེད་བཞག་གསུང་པ་རེད། གང་འདྲས་ཟེར་འགྱེད་པ་རེད་ཟེར་ན།
  • ཁོང་གིས་ཞིབ་འཇུག་གནང་བྱས་ཨ་ནི་འདུག་བཟོ་ཕྱོགས་བསྡོམས་གནང་པ་རེད། ཤར་དང་ནུབ་དང་གངས་རི་དང་། ཞེས་སོགས་གསུངས་པའི་དོན།ཟེར།
  • ཁོང་གིས་ད་ཤར་དང་ནུབ་དང་གངས་རི་དང་དེ་འདྲས་བརྟེན་བྱས་ཨ་ནི། གཅིག་གི་ཕལ་ཆེན་སྡེ་པའི་སྡེ་པ་ལྔ་འདུག་བྱས་ཨོའོ་འདུག་བཟོ་གསུངས་པ་རེད།
  • དེ་ག་རེ་ཟེར་གྱི་རེད་པས་ཟེར་ན། ཤར་དང་ནུབ་དང་གངས་དང་ཟེར་ཡས་དེ་ཚོ་གནས་རེད་པ། ཤར་ལ་ཞུགས་མཁན། ནུབ་ལ་ཞུགས་མཁན། གངས་རི་ལ་ཞུགས་མཁན་ཟེར་གྱི་ཡོའོ་རེད་པ།
  • དེ་འདྲས་ཀྱི་སྡེ་པ་ཟེར་གྱི་ཡོའོ་རེད་པ། ཨོའོ་ཕལ་ཆེན་སྡེ་པ་ཁོང་ཚོའི་ནང་ལོགས་ནས་ཕལ་ཆེན་སྡེ་པ་ཁ་ཤས་ཅིག་གངས་རི་ལ་ཞུགས་བྱས་སྒོམ་བརྒྱབ། ཕལ་ཆེན་སྡེ་པ་ཁ་ཤས་ཅིག་ཤར་ཕྱོགས་ལ་ཞུགས།  ཕལ་ཆེན་སྡེ་པ་ཁ་ཤས་ཅིག་ནུབ་ཕྱོགས་ལ་བཞུགས། ད་དེ་འདྲས་ཀྱི་ཨ་ནི་ད་ཁོ་ལུང་པ་སོ་སོ་བསྡད་པ་སོང་ཙང་ཨ་ནི་ཡང་།
  • ཡང་ཁོང་རང་ཚོ་ཁོང་རང་ཚོ་མི་འདྲ་ཏོག་ཙ་ཏོག་ཙ་ཆགས་ཀྱི་ཡོད་ཀྱི་རེད་པ། དང་པོ་ཁོ་སྡེ་པ་གཅིག་པ་ཡིན་ན་ཡང་ཁོ། ཡང་མི་འདྲ་ཏོག་ཙ་ཏོག་ཙ་ཆགས་བྱས་ཡང་ཕལ་ཆེར་སྡེ་པའི་ནང་ལོགས་ནས། སོ་སོ་དེ་འདྲས་ཟེར་འགྱེད་པ་རེད་བྱས་པ་རེད། སྡེ་པ་ལྔ་ལ་ཕྱིན་པ་རེད།
  • ཨེ། ཤར་དུ་གནས་པ། ནུབ་ཏུ་གནས་པ། གངས་རིར་གནས་པ་གསུམ་ནི་ཡུལ་གྱིས་ཕྱེ་པ་ཡིན་ལ། ཡུལ་མི་དྲ་བའི་དབང་གིས། ད་དེའི་སྒོ་ནས་་་་ལྟ་བའི་སྒོ་ནས།
  • ཡང་ཕལ་ཆེན་སྡེ་པ་ལ་ལྟ་བ་གཉིས་ཆགས་ཀྱི་ཡོའོ་རེད། འཇིག་རྟེན་ལས་འདས་པ་སྨྲ་བ་དང་། རྟོག་པར་སྨྲ་བ་གཉིས་ནི་དོན་གྱི་ཕྱེ་བ་སྡེ་པ་དེ། ཕལ་ཆེན་སྡེ་པ་ལ་ཡང་ཁོང་རང་སྡེ་པ་གཉིས་ལྟ་བའི་སྒོ་ནས།  ལྟ་བའི་སྒོ་ནས་སྡེ་པ་གཉིས་ཆགས། ཡུལ་གྱི་སྒོ་ནས་གནས་ཀྱི་སྒོ་ནས་སྡེ་པ་ལྔ་ཆགས། བྱས་པའི་བསྡོམ་པའི་སྡེ་པ་ལྔ་ཆགས་པ་རེད། 
  • ཕལ་ཆེན་སྡེ་པ་གཅིག་གུ་ལ་ཡང་སྡེ་པ་ལྔ་བྱས། འང་ད་དེ་ནས། ཐམས་ཅད་ཡོད་པར་སྨྲ་བ་ལ་ཡང་སྡེ་པ་ཁ་ཤས་ཅིག་ཆགས་ཀྱི་ཡོའོ་རེད།
  • འོང་། དེ་ལ་ཡ་སྡེ་པ་གང་འདྲས་ཟེར་ཆགས་ཀྱི་ཡོའོ་རེད་ཟེར་ན། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ལ། གཞི་ཀུན་ཡོད་པར་སྨྲ་བའི་སྡེ་དང་། འོད་སྲུངས་ཀྱི་སྡེ་དང་། ས་སྟོན་གྱི་སྡེ་དང་། ཆོས་སྲུངས་ཀྱི་སྡེ་དང་། མང་དུ་ཐོས་པའི་སྡེ་དང་། རྣམ་པར་བརླག་པའི་སྡེ་དང་། གོས་དམར་ཅན་གྱི་སྡེ་དེ།
  • འོ།བདུན་ཆགས་སོང་ག འོང་། ཐམས་ཅད་་ཡོད་པ་སྨྲ་བ་དེ་ལ་ཡང་སྡེ་བདུན་ཆགས། དང་པོ་དེ་ལ་སྡེ་ལྔ་ཆགས། ད་འདིའི་བདུན་ཆགས། བཅུ་གཉིས་བྱས་རེད་པ།
  • ད་འོང་། ད་དེ་ནས་གནས་བརྟན་སྡེ་པ་ལ་ཡང་གནས་བརྟན་སྡེ་པ་ལ་ཡང་རིགས་ག་ཚོད་ཆགས་བསྡད་ཡོའོ་རེད་ཟེར་ན། 
  • རྒྱལ་བྱེད་ཚལ་དུ་གནས་པ། འཇིག་མེད་དུ་གནས་པ་དང་། གཙུག་ལག་ཁང་དུ་གནས་པ་དང་གསུམ་ཆགས། རེད་པ། བཅུ་གཉིས་སྒང་ལ་གསུམ་བརྒྱབ་པས་བཅོ་ལྔ་ཆགས། རེད་པ། འོང་ད།
  • ད་དེ་ནས་མང་པོས་བཀུར་བ་ལ་ཡང་སྡེ་པ་མི་འདྲ་ག་ཚོད་ཆགས་པ་རེད་ཟེར་ན། ཨེ། ས་སྒྲོགས་རིགས་དང་། བསྲུང་བ་པ་དང་། གནས་མ་བུ་པའི་སྡེ་ཟེར་ནས་སྡེ་པ་གསུམ་ཆགས། ད་བཅོ་ལྔའི་སྒང་ལ་གསུམ་བརྒྱབ་ནས་བཅོ་བརྒྱད་ཆགས་སོང་གང་།
  • ད་རྩ་བའི་སྡེ་པ་བཞི་ལ་ཡ་རང་སོ་སོ་ལ་སྡེ་པ་མི་འདྲ་མི་ཆགས་སོང་ག ཕལ་ཆེན་སྡེ་པ་ལ་ལྔ་ཆགས། འོང་།ཐམས་ཅད་ཡོད་པར་སྨྲ་བ་ལ་བདུན་ཆགས། འོ་གནས་བརྟན་སྡེ་པ་དང་མང་པོས་བཀུར་བ་ལ་གསུམ་གསུམ་ཆགས་པའི་བཅོ་བརྒྱད་འདུས་བཟོ་མར་གྱེས་པ་རེད་བྱས་པ་རེད། ད་མི་འདྲ། 
  • ཡིན་ན་ཡང་ད་རྩ་བའི་སྡེ་པ་དེ་སྒང་ག་ལོགས་ཡ་གིའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དང་པོའི་སྡེ་པ་གཅིག་པ་ཁོ་རང་རེད་པ། བྱས་ཙང་ད་རས་ཡུག་གཅིག་ཕར་ཚུར་འཐེན་ཤར་ཞེ་པོ་བརྒྱབ་ནས། ད་མི་བཅོ་བརྒྱད་ཀྱི་འཐེན་པའི་བཟོ་འདྲ་ཅིག་རེད་ད།
  • མི་བཅོ་བརྒྱད་ཀྱི་འཐེན་ན་ཡང་སྒང་ག་ལོགས་ཀྱི་ལག་པའི་ནང་རས་ཡུག་གཅིག་ཆ་ཚང་རག་བསྡད་ཡོའོ་རེད། དེ་དུས་ཙམ་ནས་སྒང་ལོགས་ཀྱིས་དང་པོའི་སངས་རྒྱས་བསྟན་པ་ད་ག་རེད་པ། གཅིག་པ་རེད་པ།
  • ཨོའོ་ཁོས་རེད་ད། ཨོའོ་འདུག་བཟོ་ཟེར་གྱི་ཡོའོ་རེད་ད། རྒྱལ་པོ་ཀྲི་ཀྲི་ལ་ཡ་རྨི་ལམ་ཡ་མི་སྟོབས་ཆེན་བཅོ་བརྒྱད་ཀྱི་རས་ཡུག་གཅིག་ལ་ཡ་ཕར་ཚུར་འཐེན་ཤར་བརྒྱབ་ནས། ཨ་ནི་མི་སྒང་ག་ལོགས་ལ་རས་ཡུག་ཆ་ཚང་རེ་རེ་རག་པ་རེད། ཟེར་ཡས་ཨོའོ་ད་ལུང་བསྟན་རེད།
  • རེད་ཟེར། མ་འོངས་པ་ལུང་བསྟན་པ་རེད་ཟེར། འོ་ཡག་སངས་རྒྱས་འོད་སྲུངས་ཀྱི་ལུང་བསྟན་དེ་ལ་འགྲེལ་བཤད་འདུག་བཟོ་བསྐྱོན་པ་རེད་པ།
  • འདུག་བཟོ་བྱེད་ཀྱི་རེད། ཨ་ནི་ཡང་རྗེས་མ་ནས་བསྟན་པ་ཁོ་རྣམ་པར་ཐར་བ་ཐོབ་པ་ལ་ནུས་པ་ཁོ་གཅིག་པ་གཅིག་རྐྱང་རེད། སྡེ་པ་ད་བཅོ་བརྒྱད་རེད་མི་འདྲ་བ་རེད་དའི། གྲངས་ཀ་མི་འདྲ་བ་ཙམ་རེད་མ་གཏོགས། ནང་དོན་ཁོ་ག་རེ་ཟེར་གྱི་རེད་ཟེར་ན།
  • སྒང་ག་ལོགས་རྣམ་པར་ཐར་པ་། ཐར་པ་ཐོབ་པ་བྱེད་ཀྱི་རེད་ཟེར། ཐར་པ་ཐོབ་ཡས་ཀྱི་འབྲས་བུ་ཁོ་གཅིག་གཅིག་རྐྱང་རེད། དམིག་ཡུལ་དེ་སྒང་ག་ལོགས་ཀྱིས་བསྒྲུབ་ཐུབ་ཀྱི་ཡོའོ་རེད་ཟེར།
  • ཁོང་རང་ཚོ་སྡ་པ་མི་འདྲ་བ་བཅོ་བརྒྱད་རེད་དའི་དམིག་ཡུལ་ཁོ་གཅིག་པ་གཅིག་རྐྱང་བསྒྲུབ་ཐུབ་ཀྱི་ཡོའོ་རེད་ཟེར། བྱས་ཙང་འོང་། སངས་རྒྱས་ཀྱི་བསྟན་པ་དེ། རྣམ་པ་འདུག་བཟོ་བལྟ་དུས་ཙམ་ནས་བཅོ་བརྒྱད་མི་འདྲ་སོང་འདྲ་གཅིག་ཡོའོ་རེད་དའི། ཡིན་ན་ཡང་།   
  • གཅིག་རྐྱང་རེད། ནང་དོན་གཅིག་ཟེར་གྱི་ཡོའོ་རེད། ཨོའོ་ཁོས་ད་འགལ་ལ་མཐོང་མཁན་འཐོབ་རྩོད་བྱེད་དགོས་མ་རེད། ཨོའོ་དེ་ཟེར་གྱི་ཡོའོ་རེད།
  • ཞིང་ང་རང་ཚོ་བོད་ལ་ཡང་ད་ག་རེད་པ། གྲུབ་མཐའི་སྔ་མ་ཡིན་ན་ཨེ། ང་ཚོའི་བོད་ལ་ཡ་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དུས་ཙམ་ནས། ཨ་ནི་ཆོས་ལུགས་དང་གྲུབ་མཐའ་དང་བྱས་བྱས་རྒྱག་རེས་བརྒྱབ། འཐོབ་རྩོད་བྱས་ནས། ཨོའོ་འདུག་བཟོ་རྒྱག་རེས་ཞེ་དྲག་རྒྱག་གི་འདུག་ག
  • ངའི་ཆོས་དང་ངི་གྲུབ་མཐའ་ཟེར་དུས། འོང་དངོས་གནས་བྱས་ན། སྒང་ག་ལོགས་ཀྱིས་སངས་རྒྱས་འོད་སྲུངས་ཀྱི་རྨི་ལམ་དེ་བལྟ་དགོས་ཡས་བཟོ་འདྲ་གཅིག་འདུག་ག
  • འདུག་བཟོ་བལྟས་བྱས་ཨ་ནི་ད་རྒྱག་རེས་བརྒྱ་དགོས་ཡས་ཅིག་རེད་འདུག་མི་འདུག་ ཨོའོ་འདུག་བཟོ་བལྟས་ནས་ཡག་པོ་ད་ཡོང་པ་འདུག་ག
  • ཡིན་ནའི་ལས་ད་ཨ་ལས་དེ་དུས་ཚོད་ཀྱི་རྐྱེན་པས་གཡུགས་བཞག ད་དེ་ནས་གཉིས་པ། 
  • ཐེག་ཆེན་ཐུན་མོང་མ་ཡིན་པའི་བསྡུས་ཚུལ།ཟེར། ད་དེ་གྱད་དེ་ད་གིན་ཐེག་པ་ཆེན་པོ་བའི་སྐབས་ཀྱི་འདོད་ཚུལ་དེ་རེད་པ།
  • ད་ད་ལྟ་འདི་ནས་མར་ཐེག་ཆེན་ཐུན་མོང་མ་ཡིན་བའི་སྐབས་ཀྱི་བསྡུས་ཚུལ་དེ་གསུངས་ཀྱི་ཡོའོ་རེད།
  • ཐེག་ཆེན་ཐུན་མོང་མ་ཡིན་བའི་སྐབས་ཀྱི་འདོད་ཚུལ་འདྲ་པོ་དེ། ཨ་ནི་ད་ཐེག་ཆེན་ཐུན་མོང་མ་ཡིན་བ་ཟེར་ཡས་དེ་གཙོ་བོ་ཡིན་ན་ད། གསང་བསྔགས་དང་དེ་འདྲས་ཀྱི་ཐོག་ནས་གསུང་ཀྱི་ཡོའོ་རེད་པ། 
  • ཨོའོ་འདི་རྒྱལ་པོའི་ཁབ་གྱི་ལྷོ་ཕྱོགས་བི་མ་ལ་སམ་པོང་ཞེས་པའི་རི་ལ། རྒྱས་སྲས་འབུམ་ཕྲག་བཅུ་འདུས་ཏེ། འཇམ་དཔལ་གྱིས་མངོན་པོ། བྱམས་པས་འདུལ་བ། ཕྱག་ན་རྡོ་རྗེས་མདོ་སྡེ་ཞེས་གྲགས་སོ། བྱས་པ་རེད།
  • ད་ཐེག་པ་ཆེན་པོའི་མདོ་སྡེ་དེ། ཡང་ཚུར་ཕྱོགས་བཟོ་འདྲ་གཅིག་བྱས། ཨ་ནི་རྦད་དེ་ཅིག་གི་དག་སེལ་འདྲ་པོ་ཅིག་བྱེད་མཁན་དེ་སུ་རེད་པས་ཟེར་ན།
  • འོང་། ཨ་ནི་ཡིན་ན་གནས་པོ་ཁོ་བྱས་ན། ཕ་གའི་རྒྱ་གར་ལྷོ་ཕྱོགས་ལ་ཡ་ལྷོ་ཕྱོགས་ལ་ཡིན་ན་ཨ་ནི་རྦད་དེ་ཅིག་གི་སམ་པོང་ཟེར་ཡས་དེ་གིའི་རིགས་དེ་ལ་ཡ། ཨ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའ། འབུམ་ཕྲག་བཅུ་འདུས་པ།
  • འབུམ་ཕྲག་བཅུ་ཟེར་དུས་ཙམ་ནས། ད་འབུམ་ཕྲག་བཅུ་ནི་འབུམ་ཕྲག་བཅུ་རེད་པ། འོང་འབུམ་ཕྲག་བཅུ་རེད།
  • འོང་བྱས། ད་ཨ་ནི་དེའི་དུས་ལ་ཨ་ནི་མངོན་པའི་སྡེ་སྣོད་དེ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བསྡུས་པ་རེད་ཟེར་བྱས་ནས། འོང་འདུལ་བའི་སྡེ་སྣོད་དེ་རྗེ་བཙུན་འཇམ་པ་མགོན་པོས་བསྡུས་པ་རེད་ཟེར། འོང་མདོ་སྡེའི་སྡེ་སྣོད་དེ་ཅིག་གི་རྗེ་བཙུན་ཕྱག་ན་རྡོ་རྗེས་བསྡུས་པ་རེད་ཟེར།
  • ཨོའོ་འདུག་བཟོ་ཐེག་པ་ཆེན་པོ་བ་རྣམས་ལ་གྲགས་སོ་བྱས་པ་རེད། འོང་། རྟོག་གེ་འབར་བ་ལས་ཀྱང་། 
  • རྟོག་གེ་འབར་བ་དེ་རེད། སློབ་དཔོན་ལུང་བསྟན་བྱེད་ཀྱི་རྒྱ་གར་གྱི་མཁས་པ་སློབ་དཔོན་ལུང་བསྟན་འབྱེད་ཟེར་ཡས་གཅིག་ཡོའོ་རེད་པ།
  • ཨོའོ་ཁོང་གིས།ཁོང་གིས་ཨ་ནི་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་བསྡུ་སྟངས་དེ་གྱད་ཁོང་གིས་འདུག་བཟོ་ཞུས་བྱས་བྱས། རྒྱབ་བརྟེན་གྱི་ལུང་ལ།
  • རྟོག་གེ་འབར་བ་དྲངས་པ་རེད་པ། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་ཡིན་ཏེ། རྩ་བའི་བསྡུས་པ་བྱེད་པོ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དང་གསང་བའི་བདག་པོ་དང་། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ།
  • ཟེར་བྱས་བྱས་རྟོག་གེ་འབར་བ་ལས་གསུངས་པ་རེད་ཟེར།  དེ་འདི་སྐད་ཆ་དེ་འདྲས་གཅིག་འདུག་གང་། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་ཡིན་ཏེ།ཟེར་དུས་ཙམ་ནས་ད་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ཙམ་འགྲོ་དུས་ཙམ་ནས།
  • ཨ་ནི་རྒྱ་གར་ལ་ཐེག་པ་ཆེན་པོའི་བསྟན་པ་དེ་ཉམས་ཆགས་ཞེ་དྲག་ཕྱིན་པ་རེད་ཟེར། འོང་ཉམས་ཆགས་ཞེ་པོ་ཞེ་པོ་ཕྱིན་ཙང་། ག་རེ་བྱེད་ཀྱི་ཡོའོ་རེད་ཟེར་ན།
  • ཉན་ཐོས་ཐེག་པ་དམན་པ་འོག་མ་ཁོང་ཚོས་ཐེག་པ་ཆེན་པོ་ཟེར་ཡས་དེ་སངས་རྒྱས་ཀྱི་གསུང་མ་རེད། ཟེར་གྱི་ཡོའོ་རེད། འོང་། 
  • ཨ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། ཁྱེད་རང་ཚོས་་ལྟོས་དང་ཟེར། ཨེ་འོད་སྲུངས་ཆེན་པོ་དང་། ཀུན་དགའ་བོ་དང་། ཅིག་གི་ཉེ་བར་མཁོ་གཅིག་གིས་ཁོང་ཚོས་བསྡུས་པའི་བཀའ་དེ་གྱད་དེ་ལ་ལྟོས་དང་།
  • དེའི་ནང་ལ་ཐེག་པ་ཆེན་པོ་ག་པར་འདུག་ཟེར། ད་འོ་ད་ཁོང་རང་ཚོས་ཐེག་པ་ཆེན་པོ་ག་པར་འདུག དེ་འདི་མ་རེད་ད་འོད་སྲུངས་དང་། ཁོང་ཚོས་དེ་འདྲས་ཟེར་གྱི་ཡོའོ་མ་རེད།
  • ད་དཔེར་ན་ཅིག་གི་ང་རང་ཚོའི་འཕགས་པ་ཉེ་གནས་དང་དེ་འདྲས་ཀྱི་ཡ་པར་ཡིན་ན། ཨ་ནི་བྱེ་བྲག་ཏུ་སྨྲ་བ་ལ། བྱེ་བྲག་བཤད་སྲོལ་ལ་སོགས་པ། ཨོའོ་དེ་འདྲས་ལ་བརྟེན་བྱས་ཨ་ནི་ཐེག་པ་དམན་པ་དེ་ལ་ཞེ་པོ་ཅིག་ཤུགས་ཆེ་རུ་ཕྱིན།
  • ཨ་ནི་ད་ཐེག་པ་ཆེན་པོ་ད་རྦད་དེ་གཅིག་གི་ག་རེ་ཟེར་དགོས་རེད་པས། མངོན་གསལ་དོད་པོའོ་སྒོ་ནས་རྒྱ་གར་ལ་ཕ་གའི་ལག་ལེན་འདྲ་པོ་ཁོ་བྱེད་མཁན་ཞེ་དྲག་མེད་པ་འདྲ་འདུག་ག
  • ཨོའོ་མེད་དུས་ཙང་ནས་ཨ་ནི་ཐེག་པ་འོག་མ་དམན་པས་ཚོས་ད་ཐེག་ཆེན་ཟེར་ཡས་དེ་སངས་རྒྱས་ཀྱི་བཀའ་མ་རེད་ཟེར་བྱས་ནས། སྐུལ་བ་ཞེ་དྲག་བཏང་གི་ཡོའོ་རེད་ཟེར། 
  • ཨོའོ་ལྷག་པར་དུ་མགོན་པོ་ཀླུ་གྲུབ་དང་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་དེ་པར་སླེབས་དུས་ཙམ་ནས། ཤུགས་ཆེན་པོ་ཡོད་པ་འདྲ་འདུག་ག དེ་རྒྱ་གར་ལ།
  • བྱས་ཙང་ཨ་ནི་མགོན་པོ་ཀླུ་གྲུབ་དང་ཅི་དག་ཕེབས་བྱས་རྒྱ་གར་ལ་ཡ། ཨོའོ་ཐེག་པ་ཆེན་པོ་ཟེར་ཡས་དེ་སངས་རྒྱས་ཀྱི་བསྟན་པ་རེད་ད།
  • དེ་སངས་རྒྱས་ཀྱི་གསུང་རང་རེད་ད་ཟེར་བྱས་བྱས་བསྟན་ཡས་ཀྱི་ཆེད་དུ་ཨ་ནི་མགོན་པོ་ཀླུ་གྲུབ་དང་ཅི་དག་གི་ཨ་ནི་དེབ་ཐེར་མང་པོ་བརྩམས། རིག་པ་མང་པོས་བསྒྲུབ། དེ་གནང་ཡོའོ་རེད་པ། 
  • ཐེག་པ་ཆེན་པོ་བཀའ་རེད་ཟེར་བྱས་ནས་གྲུབ་ཡོའོ་རེད་པ། འོང་བྱས་ཙང་ཁོ་སྔ་མ་མ་རེད་ཟེར་མཁན་ཡོད་པའི་རྟགས་རེད་པ། ཁོ་ཕྱི་རོལ་མུ་སྟེགས་པ་གཅིག་གུ་གིས་སངས་རྒྱ་ལ་གྱི་བསྟན་པ་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་རེད་པ།
  • ནང་པ་སངས་རྒྱས་ཁོང་རང་ཚོའི་ནང་ལོགས་ནས་ཀྱང་། ནང་པ་སངས་རྒྱས་ཐེག་པ་དམན་པ་དེ་ཚོས་ཨ་ནི་ཐེག་པ་གོང་མ་དེ་ལ་ངོ་རྒོལ་བྱེད་ཀྱི་འདུག་ག
  • དེ་སངས་རྒྱས་ཀྱི་བཀའ་མ་རེད་ཟེར་གྱི་འདུག་ག དེ་མ་རེད་ཟེར་དགོས་དོན། ངོ་རྒོལ་བྱེད་དགོས་དོན་ཁོ་ག་རེ་རེད་ཟེར་ན།
  • ད་ཁོང་རང་ཚོས་དེ་བླ་ལ་ཐེག་གི་ཡོའོ་མ་རེད།ཐེག་པ་ཆེན་པོ་དེ། ཐེག་པ་ཆེན་པོ་དེ་ནང་ལོགས་ལ་བསམ་བློ་རླབས་ཆེན་ཞེ་པོ་དེ་འདྲས་བསྟན་ཡས་ཡོའོ་རེད་པ། 
  • ད་བསམ་བློ་རླབས་ཆེན་དེ་ཚོ་ཉན་ཐོས་ཀྱི་ཆོས་ལ་སྦྱངས་མཁན་དང་ཉན་ཐོས་པ་ཁོང་ཚོས་ཨ་ནི་སེམས་ཀྱི་ནང་ལོགས་ལ་ཐེག་གི་ཡོའོ་མ་་ཨ་ནི་འཁྱོག་གི་ཡོའོ་མ་རེད།
  • འོང་དེའི་ནང་ལོགས་ལ་ག་རེ་བྱེད་ཟེར་གྱི་ཡོའོ་རེད་ཟེར་སོང་ན། ཁྱེད་རང་འཁོར་བ་ལ་དབྱིངས། ཐེག་པ་ཆེན་པོའི་ནང་ལ་ག་རེ་གསུངས་ཀྱི་ཡོའོ་རེད་ཟེར་སོང་ན།
  • ཁྱེད་རང་ཡུན་རིང་པོར་འཁོར་བའི་གནས་དུ་བསྡད་དགོས་རེད། ག་རེ་བྱེད་དགོས་རེད་ཟེར་སོང་ན། ཨ་ནི་སེམས་ཅན་ལ་ཕན་ཐོགས་བྱེད་དགོས་རེད་ཟེར་ཡས་གཅིག་ཡོའོ་རེད་པ།
  • ད་ཁོ་ཉན་ཐོས་ཁོང་ཚོས་ཆོ་ག་རེ་ཡོའོ་རེད་ཟེར། འཁོར་བའི་ནང་ལོགས་ལ་བསྡད་ན་དཔེ་བསགས་པ་རེད། འཁོར་བ་སྡུག་བསྔལ་དེ་འདྲས་ལ་དེའི་ནང་ལོགས་ལ་བསྡད་ན་ཆོ་ཁྱོན་ནས་མ་བྱུང་།
  • ང་རས་༼རང་གིས༽ཚོགས་བསགས་ནས་ཨ་ནི་རྦད་དེ་ང་རང་བདེ་བ་མྱོང་དགོས་རེད་མ་གཏོགས། ང་སྡུག་བསྔལ་མྱོང་གི་བསྡད་ན་ཆོ་ཡོའོ་མ་རེད་ཟེར་བྱས་བྱས། ཨ་ནི་བསམ་བློ་ཁོ་ལ་གཞན་དག་ལ་བདེ་བ་སྐྲུན་ཡས་ཀྱི་བསམ་བློ་ཁོ་ཁོས་ཁྱེར་ཐུབ་ཀྱི་ཡོའོ་མ་རེད། འཁྱོག་གི་ཡོའོ་མ་རེད། བྱས་ཙང་ཁོང་ཚོས་ཐེག་པ་ཆེན་པོ་བཀའ་མ་རེད། དེ་སངས་རྒྱས་ཀྱི་བཀའ་མ་རེད།
  • སངས་རྒྱས་ཀྱི་དེ་འདྲས་གསུངས་ཀྱི་མི་འདུག་ཟེར་གྱི་ཡོའོ་རེད། ངོ་རྒོལ་བྱེད་ཡས་ཁོ་དེ་རེད་པ། སངས་རྒྱས་ཀྱིས་ཐེག་པ་ཆེན་པོའི་དགོངས་པ་དེ་གྱད་དེ་ཁོས་སེམས་ཀྱི་ནང་ལོགས་ནས། མཐུན་གྱི་ཡོའོ་མ་རེད་ད།
  • བྱས་ཙང་དེ་ནི་སངས་རྒྱས་ཀྱི་བཀའ་དེ་ལ་དོགས་པ་བྱས་ནས། དེ་དེང་སང་ང་རང་ཚོ་རེད་པ། སོ་སོའི་ལྟ་བ་དང་མ་མཐུན། སོ་སོའི་སེམས་ཁམས་དང་མ་འཚམས་ན། འང་དེ་ཡག་པོ་མི་འདུག་ཟེར་གྱི་རེད་པ།
  • འོ་དེ་ནང་བཞིན། ཉན་ཐོས་ཀྱི་ཆོས་ལ་ཞུགས་པ་གང་ཟགས་འགའ་ཤས་གས་༼གིས༽ཨོའོ་འདུག་བཟོ་ཟེར་གྱི་ཡོད་པ་འདྲ་འདུག་ག
  • འོང་། ཉན་ཐོས་ཀྱི་ཐེག་པ་བ་དང་ཉན་ཐོས་ཀྱི་གྲུབ་མཐའ་སྨྲ་བ་ཟེར་བ་ཁོ་གཉིས་ལ་དབྱེ་བ་ཡོད་ཟེར་གྱི་ཡོའོ་རེད།
  • ད་ཉན་ཐོས་ཀྱི་གྲུབ་མཐའ་སྨྲ་བ་ཁོང་ཚོས་འོ་ད། སྐུར་བ་བཏབ་ཡས་དང་དེ་འདྲས་བྱེད་ཀྱི་ཡོད་ས་རེད་བཞག ཡིན་ན་ཡང་ཉན་ཐོས་ཀྱི་ཐེག་པ་བ་ཁོང་ཚོས་ཕལ་ཆེར་སྐུར་བ་བཏབ་ཀྱི་མེད་ས་རེད་བཞག
  • ཡིན་ན་ཡང་ཁོང་ཚོས་ཐེག་པ་ཆེན་པོའི་ཆོས་དེ། ཡིན་ན་ཡང་སོ་སོས་གྲུབ་མཐའ་སྲུངས་ཀྱི་ཡོའོ་མ་རེད་དའི། ཡིན་ན་ཡང་བསྒྲུབ་མཁན་དེ་ཚ་ལ་ཁོང་ཚོས་སྐུར་བ་འདེབས་། མ་སྒྲུབ་ཟེར་བྱས་ནས། དེ་སངས་རྒྱས་ཀྱི་ཆོས་མ་རེད་ཟེར་བྱས་ནས།
  • མེད་པ་འདྲ་ཡང་དེ་ཉན་ཐོས་དེ་ལ་ཡང་དབྱེ་བ་འབྱེད་རྒྱུ་ཡོད་པ་འདྲ། འོ་ཡག ད་ལྟ་ང་རང་ཚོས་བཤད་ཡས་དེ་ལ་ག་རེ་རེད་ཟེར་ན། ཉན་ཐོས་སྡེ་པ་ཟེར་ཡས་དེ་རེད་པ།
  • བྱས་ཙང་ད་ཁོང་ཚོས་ད་སྐུལ་བ་འདེབས་ཀྱི་ཡོད་པ་འདྲ་འདུག་ག འོ་བྱས། བྱས་ཙང་།སློབ་དཔོན་ལུང་བསྟན་འབྱེད་ཀྱིས། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་ཡིན་ཏེ་བྱས། གསུངས་ཡས་ཁོ་དེ་ཡིན་པ་འདྲ་འདུག་ག
  • འོང་། སངས་རྒྱས་ཀྱི་གསུང་ཡིན་པའི་རྒྱུ་མཚན་ཁོ་ག་རེ་རེད་ཟེར་ན། རྩ་བའི་སྡུད་པ་བྱེད་པོ་དེ་རྒྱལ་སྲས་ཀུན་ཏུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། དཔལ་གསང་བའི་བདག་པོ་དང་། རྗེ་བཙུན་བྱམས་པ་ལ་སོགས་པ་རྣམས་ཀྱིས། བསྡུས་པའི་ཕྱིར་ན།
  • ད་དེ་བྱང་ཆུབ་སེམས་དཔའ་རླབས་ཆེན་འདི་འདྲས་ཀྱི་བསྡུ་དུས་ཙམ་ནས། ཨ་ནི་སངས་རྒྱས་ཀྱི་བཀའ་མིན་ན་ཁོང་ཚོས་བསྡུ་གི་མ་རེད།
  • ཨོའོ་བྱས་ཙང་འདི་སངས་རྒྱས་ཀྱི་བཀའ་སོང་ཙང་། བྱང་ཆུབ་སེམས་དཔའ་རླབས་པོ་ཆེན་པོ་འདུག་ཚོས་བསྡུས་པ་གནང་པ་རེད། ཨོའོ་འདུག་བཟོ་རེད།
  • བྱས་ཙང་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་རེད་ཟེར་བྱས་བྱས། ཉིན་མ་དེ་རིང་ནས་མ་གསུངས་ཨཱ། དེ་སངས་རྒྱས་ཀྱི་བཀའ་ཡིན་ད་གསུངས་ཀྱི་ཡོའོ་རེད།
  • ཨེ། བདག་ཅག་གི་རྩ་བའི་སྡུད་པར་བྱེད་པ་པོ་ཉན་ཐོས་ནི་མ་ཡིན་ཏེ། ཐེག་པ་ཆེན་པོའི་གསུང་ནི་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར་ཞེས་འབྱུང་ངོ།བྱས་པ་རེད།
  • ཏག་ཏག་རེད་ཡས་རེད་པ། བདག་ཅག་གི་རྩ་བའི་སྡུད་པར་བྱེད་པ་པོ་ཉན་ཐོས་ནི་མ་ཡིན་ཏེ། བདག་ཅག་གི་རྩ་བའི་སྡུད་པ་པོ་ཟེར་དུས་ཙམ་ནས། ཐེག་པ་ཆེན་པོ་བདག་ཅག་གི་ཐེག་པ་ཆེན་པོའི་མདོ་སྡེ་གཅིག་ཡོའོ་རེད་པ།
  • ཨོའོ་དེ་གྱད་དེ་རྩ་བའི་སྡུད་པ་པོ། ཉན་ཐོས་དེ་ཚོས་བསྡུ་ཐུབ་ཀྱི་མ་རེད་གསུངས་ཀྱི་ཡོའོ་རེད། ཉན་ཐོས་དེ་ཚོས་ཐེག་པ་ཆེན་པོ་ཁོ་ར་བློ་ལ་ཐེག་གི་ཡོའོ་མ་རེད་པ།
  • བྱས་ཙང་ད་དེ་སངས་རྒྱས་ཀྱི་བཀའ་མ་རེད་ཟེར་གྱི་ཡོའོ་རེད་པ། ཨོའོ་བྱས་ཙང་ཁོས་བསྡུ་ཐུབ་ཀྱི་མ་རེད། བྱས་ཙང་བསྡུ་བ་པོ་ད་ག་ཡིན་གཅིག་མིན་གཅིག་བྱང་ཆུབ་སེམས་དཔའ་རླབས་ཆེན་དེ་འདྲས་དགོས་རེད།  ཨོའོ་ཁོང་ཚོས་སྡུད་འདུག་གང་།
  • བྱས་ཙང་འདི་སངས་རྒྱས་ཀྱི་བཀའ་ཡིན་ཐག་མཆོད་རེད། འོང་བྱས་ཙང་ཉན་ཐོས་ལ་སོགས་པ་དེ་ཚོའི་བླ་ལ་མ་ཕྱིན་པ་ཧང་བསང་ཡས་གའི་ཡོའོ་མ་རེད། ཁོང་ཚོས་བློ་ལ་མ་ཕྱིན་ཙང་། སངས་རྒྱས་ཀྱི་བཀའ་མ་རེད་བྱས་པ་ལ་ང་རང་ཚོ་ཡིད་ཆེ་དགོས་མ་རེད། ཐེག་པ་ཆེན་པོ་དེ་ཐེག་པ་ཆེན་པོའི་བཀའ་རང་རེད།སངས་རྒྱས་ཀྱི་བཀའ་རང་རེད། ཨོའོ་འདུག་བཟོ་རེད། 
  • གསུངས་པ་རེད་ད། ད་དེ་ནས་ཨེ། ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྡུད་པ་པོ་ནི། ད་དེ་གྱད་དེ་ང་རང་ཚོ་སྤྱིར་བཏང་གི་ཐེག་ཆེན་དེ་གྱད་དེ་བྱས་རེད་པ།
  • ཨང་། ད་དེ་ནས་མར་ཐེག་པ་ཆེན་པོ་འོང་ཐུན་མོང་མ་ཡིན་པ། གསང་སྔགས་ཀྱི་ཐེག་པ་གཅིག་ཡོའོ་རེད་པ། དེ་ཐེག་པ་ཆེན་པོ་གཅིག་རེད་པ་ཡང་གསང་སྔགས་ཟེར་ཡས་དེ།
  • གསང་སྔགས་ཀྱི་ཐེག་པ་ཆེན་པོ་དེ་ལའི་ཡང་། སྡུད་པའི་རིམ་པ་ཡོའོ་རེད་ཟེར། དེ་ལ་བསྡུད་པའི་དུས་རིམ་འདྲ་པོ་གང་འདྲས་རེད་ཟེར་ན།
  • འདུག་བཟོ་རེད་བཞག་ཟེར། ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྡུད་པ་པོ་ནི། རྒྱུད་རང་རང་གི་ཞུ་བ་པོས་བསྡུས་པ་ཡང་ཡོད། ཨ་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་རྒྱུད་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུངས་དུས་ཙམ་ནས། གསུངས་ས་དེ་གང་བྱུང་མ་བྱུང་མི་རེ་རེ་ལ་གསུངས་ཀྱི་མ་རེད་པ།
  • གསང་སྔགས་ཟེར་ཡས་དེ་ང་རང་ཚོ་བོད་ལ་གསང་སྔགས་འབལ་པོ་ཞེ་དྲག་བྱུང་པ་རེད་མ་གཏོགས། རྒྱ་གར་ལ་སྔོན་མ་གསང་སྔགས་འབལ་པོ་ཡོའོ་མ་རེད།
  • འོང་། སངས་རྒྱས་བཅོམ་ལྡན་འདས་ཁོང་རང་སྐུ་ངོ་མ་བཞུགས་དུས་ཙམ་ནས། ཆོས་དེ་ཚོ་མི་རེ་ཙ་གཉིས་ཙ་ལ་མ་གཏོགས་མི་མང་པོ་ལ་མཉམ་པོ་དབང་བསྐུར་ཆོས་བཤད་དེ་འདྲས་བྱེད་ཀྱི་ཡོའོ་མ་རེད།
  • བྱས་ཙང་རྒྱ་གར་ལ་ཡ། གསང་སྔགས་དེ་སངས་རྒྱས་བཅོམ་ལྡན་འདས་ཁོང་གི་སྐབས་ལ་ཡིན་ན། རྦད་དེ་མང་ཚོགས་མང་པོའི་ནང་ལོགས་ལ་མང་ཚོགས་ཀྱི་རང་བཞིན་ཅན་གྱི་དར་པའི་ཆོས་དེ་འདྲས་ཅིག་མ་ཆགས་པ་རེད།
  • ཁོ་མ་ཆགས་པའི་ཡག་ག་བྱུང་པ་རེད་པ། ཨོའོ་ག་རེ་རེད་ཟེར་ན། གསང་སྔགས་ཟེར་ཡས་ཁོ་དར་གསོ་ཆེན་པོ་ཆགས་ན་ཨ་ནི་ཡང་དེ་སྟོན་པོ་དེ་སྐུ་མྱ་ངན་ལས་འདས་པའི་རྗེས་སུ། ཡང་ཆོས་དེ་ཟིངས་བརྒྱབ་བྱས། དེ་ནི་ཆོས་དེ།
  • ཆོས་དེ་བེད་སྤྱོད་བཏང་ནས་ག་བྱུང་མ་བྱུང་བྱེད་ཀྱི་ཡོའོ་རེད་པ། འོང་མགྱོགས་པོ་ཆོས་དེ་ཉམས་ཀྱི་ཡོའོ་རེད་པ། བྱས་ཙང་ཁོ་གསང་སྔགས་དེ་མགྱོགས་པོ་མ་ཉམས་ཡས་དང་རྒྱུན་རིང་པོ་གནས་ཡས་ཀྱི་ཆེད་དུ།
  • ཆོས་ཁོ་ལ་ཡ་ཨ་ནི་ལྷད་མ་ཞུགས་ཡས་དང་གཙང་མ་ཅིག་འཇིག་རྟེན་ལ་ཡུན་རིང་པོ་གནས་ཡས་ཀྱི་ཆེད་དུ། ཨེ་འདྲས་རྒྱ་དེ་འདྲ་རྒྱུན་རིང་པོ་གནས་ཡས་ཀྱི་ཆེད་དུ་ཨ་ནི་གསང་སྔགས་ཟེར་ཡས་དེ་ག་གསང་ནས་བསྒྲུབ་་ཀྱི་ཡོའོ་རེད་པ། 
  • བྱས་ཙང་ཁོས་བཀའ་བསྡུ་བྱེད་ཡས་དེ། ཨོའོ་མངོན་གསལ་དོད་པོས་མང་པོ་བསྡུ་ཡས་གའི་ཡོའོ་མ་རེད། བྱས་པ་རེད།
  • དེ་ག་རེ་རེད་ཟེར་ན། གསུངས་སའི་གང་ཟགས་ཁོང་ཚོའི་ཐུན་མོང་མ་ཡིན་པའི་གང་ཟགས་དེ་ཚོ་ལ་གསུང་པ་སོང་ཙང་། ཁོང་ཚོས་ཁོང་རང་ཚོ་བསྡུས་ཡོའོ་རེད་ཟེར།
  • འོང་། རྒྱུད་རང་རང་གི་ཞུ་བ་པོས་བསྡུས་པ་ཡང་ཡོད་ལ། ཕལ་ཆེར་ཕྱག་ན་རྡོ་རྗེས་བསྡུས་སོ་ཟེར། རྒྱུད་ཟེར་ཡས་དེ་གསང་སྔགས་ཟེར་ཡས་དེ་མང་ཆེ་བ་གང་བྱུང་མ་བྱུང་གིས་བསྡུས་ན་འགྲིག་གི་ཡོའོ་མ་རེད།
  • ཨོའོ་ཨ་ནི་ང་བྱང་ཆུབ་སེམས་དཔའ་ཡིན་མདོག་མདོག་བྱས་ནས་དེ་འདྲས་ཀྱི་བསྡུས་ནའི་ལས་འགྲིག་གི་ཡོའོ་མ་རེད།  འོ་ན་སུས་བསྡུ་གི་ཡོའོ་རེད་ཟེར་ན།
  • ཁོ་རང་ཁོ་རང་ཐུན་མོང་མ་ཡིན་པའི་གསང་སྔགས་ལ་བདག་པོ་བརྒྱབ་ཐུབ་མཁན་གཅིག་གི་ཡོའོ་གང་ཟགས་གཅིག་གིས་བསྡུ་དགོས་ཀྱི་ཡོའོ་རེད།
  • དེ་སུ་རེད་ཟེར་ན། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་བསྡུས་པ་རེད་བྱས་པ་རེད། འོ་ཕྱག་ན་རྡོ་རྗེ་ལ་གསང་བའི་བདག་པོ་ཟེར་ར་རེད་པ་མིང་ཁོ་ལ།
  • འོ་ཡག གསང་བའི་བདག་པོ་ཕྱག་ན་རྡ་རྗེས་བསྡུས་པ་རེད་ད་ཟེར། དེ་ཐམས་ཅད་ཀྱང་དུས་ཀྱིས་དབྱེ་ན། འཁོར་ལོ་རིམ་པ་གསུམ་མམ་བཞི།
  • རྗོད་བྱེད་ཀྱིས་དབྱེ་ན། གསུང་རབ་ཡན་ལག་གཉིས་སམ། སྡེ་སྣོད་གསུམ།
  • བརྗོད་བྱ་བསླབ་པ་རིན་པོ་ཆེ་གསུམ་དུ། བསྟན་པའི་ཆོས་ཐམས་ཅད་འདུས་པ་གསུངས་ལ། ད་གཅིག་གི་སངས་རྒྱས་ཀྱི་ད་གང་ལྟར། རྒྱུད་ལ་ཡང་ཆ་དོ་ཅིག་ཡོའོ་རེད།
  • བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་ཡང་ཆ་དོ་ཅིག་ཡོའོ་རེད། དེ་ནི་ཐེག་ཆེན་དང་ཐེག་དམན་གཉིས་ལ་ཡང་ཐུན་མོང་བའི་བཀའ་ལ་ཡིན་ན་ཡང་། ཆ་དོ་ཅིག་ཡོའོ་རེད།
  • ད་སངས་རྒྱས་ཀྱི་གསུང་ལ་ཡང་ཆ་དོ་ཅིག་ཡོའོ་རེད། ད་སངས་རྒྱས་ཀྱི་གསུང་རྡོག་རྡོག་འདྲ་པོ་ཁོ་བྱས་པ་ཡིན་ན། ནང་དོན་གྱི་སྒོ་ནས་བཤད་པ་ཡིན་ན། འཁོར་ལོ་རིམ་པ་གསུམ་དུ་བསྡུ་གི་རེད་བྱས་པ་རེད།
  • ནང་དོན་གྱི་སྒོ་ནས་དབྱེ་བ་ཕྱེ་པ་ཡིན་ན། འཁོར་ལོ་རིམ་པ་གསུམ་ཟེར་ན་ག་རེ་ཟེར་གྱི་རེད།ཟེར་ན། བཀའ་དང་པོ་འོང་བདེན་བཞིའི་ཆོས་ཀྱི་འཁོར་ལོ་ཟེར་གྱི་རེད། 
  • བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཟེར་གྱི་རེད། ཨ་ནི་མཐའ་མ་ལེགས་པར་རྣམ་པར་འབྱེད་པའི་ཆོས་འཁོར་ཟེར་བྱས་བྱས། འཁོར་ལོའི་རིམ་པ་གསུམ་དེ་ག་རེ་རེད་ཟེར་ན། ནང་དོན་གྱི་སྒོ་ནས། ནང་དོན་ག་རེའི་ནང་དོན་རེད་ཟེར་ན། གཙོ་བོ་ཡིན་ན། ལྟ་བའི་སྒོ་ནས་འོང་། ཨ་ནི་རིམ་པ་གསུམ་འདུག་བཟོ་བསྡུ་ཐུབ་ཀྱི་རེད་ཟེར་སངས་རྒྱས་ཀྱི་གསུང་པའི་བཀའ་དེ་གྱད་དེ།
  • འོང་། རྗོད་བྱེད་ཀྱི་སྒོ་ནས་དབྱེ་ན། ཨ་ནི་གསུང་རབ་ཡན་ལག་བཅུ་གཉིས་ལ་བསྡུ་ཐུབ་ཀྱི་རེད། གསུང་རབ་ཡན་ལག་བཅུ་གཉིས་ཟེར་དུས་ཙམ་ནས། ཨ་ནི་དེའི་ནང་ལོགས་ལ་ཡ།  གཅིག་གི་ད་ང་རང་ཚོའི་ཚིག་མཛོད་ནང་ལ་འཚལ་རྒྱུ་བྱས་གྲངས་ཀ་བགྲངས་དུས་ཙམ་ནས།
  • ད་དེའི་ནང་ལོགས་ལ་ང་རེ་རེ་ནས་བཤད་ཀྱི་བསྡད་སོང་ན། ཡང་ཁོ་དགོས་མེད་བྱེད་ཀྱི་འདུག་ག གཡུག་བཞག
  • ཡན་ལག་བཅུ་གཉིས་བྱས། སྡེ་སྣོད་གསུམ་བྱས། འདུག་བཟོ་བསྡུས་ན་འགྲིག་གི་འདུག་ཟེར། དེ་ཚོ་རྗོད་བྱེད་ཀྱི་སྒོ་ནས་རེད་ཟེར།
  • སྡེ་སྣོད་གསུམ་ཟེར་ན་འདུལ་བའི་སྡེ་སྣོད་དང་། མངོན་པའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད་ཟེར་བྱས་དེ་ཚོ་རྗོད་བྱེད་ཀྱི་སྒོ་ནས་རེད་པ།
  • འོ་ཡག་འདུག་བཟོ་བྱས་ནས་རེད་ཟེར། བརྗོད་བྱའི་སྒོ་ནས་བྱས་པ་ཡིན་ན་ཨ་ནི་བསླབ་པ་རིན་པོ་ཆེ་གསུམ་དུ་བསྡུས་ན་འགྲིག་གི་རེད་ཟེར།
  • བསླབ་པ་རིན་པོ་ཆེ་གསུམ་ཟེར་དུས་ཙམ་ནས་ཨ་ནི་རྦད་དེ་ཏིང་ངེ་འཛིན་གྱི་བསླབ་པ། ཚུལ་ཁྲིམས་ཀྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ།བྱས་ནས་གཙོ་བོ་བསླབ་པ་གསུམ་དུ་བསྡུ་གི་རེད་ཟེར།
  • ཡང་བསླབ་པ་གསུམ་མ་གཏོགས་བསླབ་པ་གཞན་དག་མེད་པ་མ་རེད་པ། དཔེར་ན་འདུན་པལྟ་བུ་དང་མང་ང་ཅིག་ད་ཡོའོ་རེད་པ།
  • ཡིན་ན་ཡང་བསྡུ་དུས་ཚུར་ནང་ལོགས་ལ་བསྡུས་ཡོང་གི་ཡོའོ་རེད་པ། བརྗོད་བྱེད་ཟེར་ན།
  • ཨ་ནི་བསྟན་པའི་ཆོས་ཐམས་ཅད་འདུས་པར་གསུངས་སོ།ཟེར། ད་བརྗོད་བྱའི་དབང་དུ་བྱས་ན་བསླབ་པ་རིན་པོ་ཆེ་གསུམ་དུ་འདུས་ཀྱིས། རྗོད་བྱེད་ཀྱི་དབང་ཏུ་བྱས་པ་ཡིན་ན་སྡེ་སྣོད་གསུམ་དུ་འདུ་གིས། བྱས་པ་རེད། ཡང་མིན་ན་གསུང་རབ་ཡན་ལག་བཅུ་གཉིས་དུ་འདུས་ནའང་འགྲིག་གི་རེད་བྱས་པ་རེད།
  • འོ་ཡག དེ་འདྲས་གཅིག་རེད་ཟེར། འང་དེ་གསང་སྔགས་ནི། འོང་སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོའི། བཀའ་ནང་ལ་གསང་སྔགས་ཟེར་ཡས་ད་ག་ཡོའོ་རེད་པ།
  • གསང་སྔགས་ཟེར་ཡས་དེ་སངས་རྒྱས་བཅོམ་ལྡན་འདས་སྐུ་ངོ་མས་གསུང་པ་ཡིན་ཟེར་གྱི་ཡོའོ་རེད་པ། དེང་སང་ང་རང་ཚོའི་འཛམ་བུ་གླིང་ལ་ཡ་ཞིབ་འཇུག་བྱེད་མཁན་མང་པོ་ཅིག་གིས་དེང་སང་གིས་ཞིབ་འཇུག་བྱེད་མཁན་མང་པོ་གཅིག་གིས་ག་ཟེར་གྱི་ཡོའོ་རེད་ཟེར་ན།
  • གསང་སྔགས་ཟེར་ཡས་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཁོང་གིས་གསུང་པ་མ་རེད། འོ་ན་དེ་ག་དུས་རེད་ཟེར་ན། མགོན་པོ་ཀླུ་གྲུབ་ལ་སོགས་པ་རྣམས་ཀྱི་གཅིག་གི་རྒྱ་གར་གྱི་ཆོས་ལུགས་དང་ཨ་ནི་ཆོས་ལུགས་གཞན་དག་ནས་གཅིག་གི་ཨ་ནི་ག་རེ་ཟེར། རུབ་བསྡུས་བྱས་ནས། ཨ་ནི་དེའི་ནང་ལོགས་ལ་བསྡུས་པ་རེད་ཟེར་གྱི་ཡོའོ་རེད་པ།
  • འོང་དེ་འདྲས་ཟེར་མཁན་མང་པོ་ཡོའོ་རེད་དའི་ཡིན་ནའི་ཡང་ང་རང་ཚོ་ནང་ལ་སངས་རྒྱས་རང་གི་ལྟ་བ་ལྟར་བྱས་ན། གསང་སྔགས་ཟེར་ཡས་དེ་སངས་རྒྱས་བཅོམ་ལྡན་འདས་རང་གིས་སྐུ་ངོ་མས་གསུངས་པ་ཡིན་ཟེར་གྱི་ཡོའོ་རེད། ཡིན་ན་ཡང་གསུངས་དུས་ཙམ་ནས་གསུངས་་སྟངས་ཁོ་གང་འདྲས་འདྲ་པོ་རེད་པས་ཟེར་ན།
  • མི་མང་པོ་ལ་ར་གསུངས་ཀྱི་མ་རེད་ཟེར། ཨོའོ་ག་རེ་རེད་ཟེར་ན། སྣོད་དང་ལྡན་པ་དེ་འདྲས་གཅིག་ཙམ་གཉིས་ཙམ་ལ་བཤད་ཀྱི་རེད་མ་གཏོགས། མང་ཚོགས་རང་བཞིན་ཅན་གྱི་གཅིག་རྦད་དེ། མཉམ་པོ་དེ་དྲས་རྒྱང་གྲགས་བཏང་བྱས་མ་རེད་ཟེར། དེ་འདྲས་ཀྱི་དབང་གིས་ཁྱབ་བརྡལ་ཆེན་པོ་མ་བྱུང་བ་རེད་ཟེར།
  • འོ་རེད། འོང་། གསང་སྔགས་ནི་ཤཱནྟི་པས་ཟབ་མོའི་དོན་བསྡུས་ཏེ་སྟོན་པའི་ཕྱིར་མདོ་སྡེའོ་ཞེས་དང་། འོང་ད་ཨ་ནི་གསང་སྔགས་ཟེར་ཡས་དེ་ག་རེའི་ཕྱོགས་སུ་བསྡུ་ག་ཟེར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྡེ་སྣོད་གསུང་ཀྱི་ཡོའོ་རེད་པ།
  • སྡེ་སྣོད་གསུམ་པོ་དེ་གིའི་ནང་ལོགས་ནས་གསང་སྔགས་དེ་སྡེ་སྣོད་གསུམ་གྱི་ནང་ལོགས་ནས་ག་རེའི་ཕྱོགས་སུ་བསྡུ་ཡོད་ནམ་ཟེར་ན།
  • དེ་མདོ་སྡེའིསྡེ་སྣོད་ནང་ལ་བསྡུས་ན་འགྲིག་གི་བྱས་པ་རེད། ཨོའོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྡེ་སྣོད་གསུམ་ཡོའོ་རེད་པ།
  • མངོན་པའི་སྡེ་སྣོད། འདུལ་སྡེ་སྣོད། མདོ་སྡེའི་སྡེ་སྣོད། ཟེར་བྱས་སྡེ་སྣོད་གསུམ་རེད་པ། སྡེ་སྣོད་གསུམ་པོ་དེའི་ནང་ལོགས་ནས་བྱས་པ་ཡིན་ན། གསང་སྔགས་དེ་ཟེར་ཡས་དེ་ག་རེའི་ནང་ལ་བསྡུ་ག་ཟེར་ན།
  • མདོ་སྡེའི་སྡེ་སྣོད་ཟེར་ཡས་དེ་གིའི་ནང་ལ་བསྡུས་ན་འགྲིག་གི་རེད་གསུང་པ་རེད། མཁས་པ་དེས་པཎྜི་ཏས། རྒྱ་གར་གྱི་མཁས་པ་པཎྜི་ཟེར་མཁན་གཅིག་ཡོའོ་རེད་པ།
  • ཨེ། དཔུང་བཟང་ལས། གསང་སྔགས་མདོ་སྡེའི་ཚུལ་ཏུ་ཉོན། ཞེས་མདོ་སྡེའི་སྡེ་སྣོད་དུ་གསུངས་ལ། ཨ་ནི་དཔུང་བཟང་ཟེར་ནའི་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཁཽང་རང་གི་གསུངས་པའི་རྒྱུད་གཅིག་ཡོའོ་རེད་པ།
  • གསང་སྔགས་རེད་པ། གསང་སྔགས་དཔུང་བཟང་ཟེར་ཡས་དེའི་ནང་ལོགས་ལ་ཡིན་ནའི་གསལ་ཐག་ཆོད་གསུང་བཞག་ཟེར། གང་འདྲས་གསུང་ཡོའོ་རེད་ཟེར་ན།
  • གསང་སྔགས་ཟེར་ཡས་ཀྱི་ཨ་ནི་རྦད་དེ་གསུང་དེ་གྱད་དེ་སྡེ་སྣོད་གསུམ་གྱི་ནང་ནས་ག་རེའི་ཁོངས་སུ་བསྡུ་གི་རེད་ཟེར་ན། མདོ་སྡེའི་སྡེ་སྣོད་ཀྱི་ཁུངས་སུ་བསྡུས་པ་ཡིན་པས་ཨ་ནི་མདོ་སྡེའི་ཚུལ་དུ་བཤད་ཀྱི་ཉོན། གསུང་འདུག་གས་གསུང་མི་འདུག ཨོའོ་དེ།
  • མདོ་སྡེའི་ཁུངས་སུ་བསྡུ་གི་ཡིན་བྱས་པ་རེད། ཞེས་མདོ་སྡེའི་སྡེ་སྣོད་དུ་གསུངས་ལ། ཨབྷཡས། བྱས་པ་རེད། ཨབྷཡ་ཟེར་ན་ཡང་རྒྱ་གར་གྱི་མཁས་པ་ཅིག་གི་རེད་པ༎
  • རྒྱ་གར་གྱི་མཁས་པ་འདིས་ཡང་། སྡེ་སྣོད་གསུམ་ཀའི་དོན་ཆ་ལྡན་དུ་སྟོན་པས། གསུམ་ཀའི་ཆར་གཏོགས་པར་བཞེད་དོ། ཨབྷྱ་དེ་ཡང་པཎྜི་ཏ་དང་ཏིག་ཙ་མི་འདྲ་བའི་ཁྱད་པར་དེ་ག་རེ་ཡོའོ་རེད་ཟེར་ན།
  • ཨབྷཡ་ཟེར་ན་གསང་སྔགས་ཟེར་ཡས་དེ། ཡིན་གཅིག་མིན་གཅིག་མདོ་སྡེ་གཅིག་གུ་ལ་འགྲོ་དགོས་མ་རེད་ཟེར། དེའི་ནང་ལ་མངོན་པའི་ཆ་ཡང་འདུག ཨེ་འདུལ་བའི་ཆ་ཡང་འདུག་ལ། མདོ་སྡེའི་ཆ་ཡང་འདུག་བྱས་ཙང་། སྡེ་སྣོད་གསུམ་ཀའི་ཁོངས་ལ་བསྡུ་གི་བྱས་པ་རེད།
  • གཙོ་བོ་ཆེ་ཁག་ཡོའོ་མ་རེད་པ། འགྲིག་གི་རེད་པ། ཡོང་གི་རེད་པ། འོ་དེ་རེད།
  • ཞེས་དོ་ཟེར། དེ་ལྟ་བུའི་ལུང་སྡེ་སྣོད་གསུམ་འཆད་ཉན་གྱི་གཏན་ལ་འབེབས་ཤིང་། བསླབ་པ་རིན་པོ་ཆེ་གསུམ་བསྒྲུབ་པ་ཉམས་ལེན་གྱིས་རྒྱུད་སྨིན་པར་མཛད་པ་དེ་ལ་བསྟན་པ་འཛིན་པའི་གང་ཟགས་ཅེས་བྱ་ཞིང་།
  • ད་བསྟན་པ་འཛིན་པའི་བསྟན་འཛིན་སྐྱེ་བུ་ཟེར་། བསྟན་པ་འཛིན་གང་ཟགས་ཟེར་ཡས་དེ་གང་འདྲ་ཅིག་ལ་ཟེར་གྱི་རེད་ཟེར་ན།
  • ལུང་སྡེ་སྣོད་གསུམ་དེ་འཆད་ཉན་གྱི་གཏན་ལ་ཕབ། འཆད་ཉན་ཟེར་ན་བཤད་མཁན་གྱིས་བཤད། ཉན་མཁན་གྱི་ཉན་ནས་ཨ་ནི་ཡག་པོ་སློབ་སྦྱོང་བྱེད་ཡག་དེརེད།
  • དེ་ནས་བསླབ་པ་རིན་པོ་ཆེ་གསུམ། བསླབ་པ་རིན་པོ་ཆེ་དེ་ལ་བསྒྲུབ་པ་ཉམས་ལེན་བྱས་ཟེར་ན། ཨ་ནི་སྡེ་སྣོད་གསུམ་པོ་ནས་བསྟན་པའི་ནང་དོན་གཅིག་ཡོའོ་རེད་པ། ནང་དོན་དེ་གྱད་སྒང་ག་སོ་སོའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས། ལག་ལེན་ཏུ་བལྟས་པ་དེ་ལ་བསྒྲུབ་པ་ཉམས་ལེན་བྱས་ཟེར་ར་རེད། 
  • འོང་། གསུང་པ་ནང་བཞིན་བྱས་པ་དེ་ལ་ཡ་འོ་ཡ་སྲོག་མ་གཅོད་པ་ཨ་གསུང་པ་ནང་བཞིན་སྲོག་མ་བཅད། འང་བརྫུན་མ་ཤོད་གསུང་པ་ནང་བཞིན་བརྫུན་མ་བཤད་པ་དེ་ལག་ལེན་བྱས་པ་རེད།
  • འོ་འདི་ཡི་སྒོ་ནས་རྒྱུད་སྨིན་པ་ར་བྱས་པ་དེ་ལ་ཨ་ནི་གང་ཟགས་དེ་ལ་བསྟན་པ་འཛིན་པ་ཟེར་གྱི་རེད་མ་གཏོགས་ཅིག་གིས། གཞི་ནི་ཆོས་ཁ་ནས་སྟོན་པ་ཙམ་གྱིས་བསྟན་པ་འཛིན་པ་ཟེར་གྱི་མ་རེད། གསུང་ཀྱི་ཡོའོ་རེད་ད།
  • དེ་ཇི་སྲིད་དུ་གནས་ཀྱི་བར་བསྟན་པ་གནས་པ་ཞེས་བྱའོ།ཟེར། ད་སྡེ་སྣོད་གསུམ་དང་། སྡེ་སྣོད་གསུམ་ལ་བསྒྲུབ་པ་ཉམས་ལེན་བྱེད་མཁན། འོ་དེ་འདྲས་གནས་བདུས་ཇི་སྲིད་དུ་ཨ་ནི་བསྟན་པ་གནས་པ་རེད་ཟེར་བྱས་ནས། ཚད་གཞི་ཁོ་དེ་ནས་བཞག་གི་རེད་ཟེར།
  • བསྟན་པ་གནས་པའི་འཆར་གཞི་ཁོ་ཡང་། བསྟན་པའི་གཏད་ལུགས་ཀྱང་། ད་བཅོམ་ལྡན་འདས་ཀྱི་བསྟན་པ་དེ་མར་ང་རང་ཚོ་ལ་དེ་རིམ་པར་ལྟར་བྱས་བརྒྱུད་ཡོང་ཡོའོ་རེད་པ།
  • བརྒྱུད་པའི་རིམ་པ་དེ་ལ་ཡང་རིམ་པ་བརྩིས་སྟངས་མང་པོ་ཡོའོ་རེད་ཟེར། གང་འདྲས་ཡོའོ་རེད་ཟེར་ན།
  • ཨེ། ཁ་ཤས་ཀྱི་འདུག་བཟོ་ཟེར་གྱི་འདུག་ཟེར། ཐུབ་དབང་ཉེ་བར་འཁོར་དང་ཀུན་དགའ་བོ༎ ཤ་ནའི་གོས་ཅན་ཉེར་སྦས་དྷི་དྷི་ཀ༎ 
  • ནག་པོ་ལེགས་མཐོང་བློས་མི་འབེབས་ལ་སོགས༎ ཞེས་སོགས་གསུངས་པ་ལྟར་བྱོན་ནོ། ཡང་ཁ་ཤས་ཀྱི་འདི་འདྲས་ཟེར་གྱི་འདུག་ཟེར།
  • ཡང་ཁ་ཤས་ཀྱི་ག་རེ་ཟེར་གྱི་ཡོའོ་རེད་ཟེར་ན། ཐུབ་དབང་ནས་འོད་སྲུངས་ཆེན་པོ་ལ་ཕྱིན། འོད་སྲུངས་ཆེན་པོ་ནས་ཀུན་དགའ་ལ་ཕྱིན། ཨ་ནི་གོས་ཅན་དང་ཉེར་སྦས་དྷི་དྷི་ཀ་ཟེར་ཡས་དང་ནག་པོ་ལེགས་པོ་ཡོའོ་རེད་ཟེར།
  • ཞེས་ཟེར། བཤད་སྟངས་དེ་ལ་མི་འདྲ་བ་གཉིས་འདུག་ག ཁ་ཤས་ཀྱིས་ཐུབ་དབང་ནས་ཉེ་བ་འཁོར། ཉེ་བར་འཁོར་ནས་ཀུན་དགའ་ལ་བརྒྱུད་པ་རེད་ཟེར། ཟེར་མཁན་ཅིག་ཡོའོ་རེད་པ།
  • དེ་དུས་ཙམ་ནས་བསྟན་པའི་གཏད་རབས་བདུན་ཟེར་ཡསས་གཅིག་ཡོའོ་རེད་པ། ད་དེ་སང་ང་རང་བོད་ལ་ཡོངས་གྲགས་ལ་ག་རེ་ཟེར་གྱི་ཡོའོ་རེད་ཟེར་ན།
  • སངས་རྒྱས་བཅོམ་ལྡན་འདས་ནས་འོད་སྲུངས་ཆེན་པོ་ལ་བརྒྱུད། འོད་སྲུངས་ཆེན་པོ་ནས་ཀུན་དགའ་བོ་ལ་བརྒྱུད། ཟེར་བྱས་ནས་བཞི་མར་ལོ་རྒྱུས་གྲགས་ཆེ་བ་རེད་འོང་།
  • དེའི་ནང་ལོགས་ལ་ཉེ་བར་འཁོར་བ་ལ་བརྒྱུད་ནས། དེ་ནས་ཀུན་དགའ་བོ་ལ་བརྒྱུད། ཟེར་ཡས་གཅིག་གསུངས་འདུག་ག
  • ཞེས་གསུངས་ལྟར་བྱོན་ནོ། ཟེར། འདི་ལུང་ཕྲན་ཚེགས་ལས་གསུངས་པ། ཉན་ཐོས་པའི་ལུང་ཡིན་ཀྱང་དོན་ལ་མི་འགལ་ཏེ། བསྟན་པའི་རྩ་བ་སོ་སོར་ཐར་པ་ཡིན་པས་སོ༎ 
  • འདུག་བཟོ་གསུངས་པ་རེད། ད་འདིས་ག་རེ་བྱས་པ་རེད་ཟེར་ན། ཨེ་བསྟན་པའི་གཏད་རབ་འདི་འོ་གསུངས་ཚུལ་གཞན་དག་ལྟར་བྱས་སོང་ན་ཏིག་ཙ་འགྲིག་གི་མི་འདུག་དའི་། ཡིན་ན་ཡང་འདི་འདུག་བཟོ་བཤད་ན་ཡང་འགྲིག་གི་རེད་ཟེར།
  • རྒྱུ་མཚན་ག་རེ་རེད་ཟེར་ན། ཨེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་འདུལ་བའི་བསྟན་པ་འདི་གཙོ་བོ་ཁ་ཕྱེ་མཁན་ཟེར་ནའང་འདྲ། འདུལ་བའི་བསྟན་པ་འདུལ་བའི་སྡེ་སྣོད་ཚུར་བསྡུ་མཁན་ཚུར་དང་པོ་ཕྱོགས་བཏུས་བྱེད་མཁན་དེ་བཀའ་བསྡུ་བྱེད་མཁན་སུ་རེད་ཟེར་ན། ཉེ་བར་འཁོར་རེད་པ།
  • བྱས་ཙང་ཁོས་སོ་སོར་ཐར་པ་ཉན་ཐོས་ཀྱི་སྡེ་པ་སོ་སོར་ཐར་པ་གཙོ་བོ་བྱེད་ཀྱི་རེད་པ། བྱས་ཙང་འདི་ལ་ལྟོས་སོང་ན་ཨ་ནི་ཉེ་བ་འཁོར་དེ་བསྟན་པའི་གཏད་རབ་གཅིག་ལ་བཞག་ན་ཡང་འགྲིག་གི་རེད་གསུངས་པ་རེད།
  • ད་ལྟའི་རྩོམ་པ་པོ་འདིས་ངག་དབང་བསོད་ནམས་གྲགས་པས། འོང་འགྲིག་གི་རེད་ཟེར། ཨོའོ་རེད་དའི། ཡིན་ན་ཡང་ད་བསྟན་པ་སྤྱིའི་ཁོ་ལ་ཆ་བཞག་ན་ཉེ་བ་འཁོར་མ་བཞག་པ་བྱས། དུས་གསུམ་ཆེན་པོ་བཞག་དགོས་ཀྱི་རེད་ཟེར་རྡོག་རྡོག་དེ་རེད་པ།
  • ཨོའོ་འགལ་གྱི་མི་འདུག་ཟེར། བསྟན་པའི་རྩ་བ་སོ་སོར་ཐར་བ་ཡིན་པས་སོ།ཟེར་བྱས། འོ་ཡག ད་དེ་རིང་སློབ་ཚན་འདི་འདྲས་གཅིག་རེད་ཤག་རེད་ཟེར།