Video Overview
A medical scholar provides a detailed oral commentary on Kongtrül yönten gyatso on medicine and medical theory from The Encompassing of All Knowledge by Jamgön Kongtrül.
- དཔལ་ལྡན་བསྟན་འཛིན།ཨོའོ་ད་གཉན་པའི་གནད་དེ་འདྲས་གཅིག་བྱས། ད་དེ་བཞིན་གྱི་དེ་ནི་ད་ཕྱི་ནང་ལུས་ཀྱི་ཕྱི། ནང་། དྭངས་སྙིགས་ཟས་ཀྱི་རྒྱུ་ལམ། བུ་གའི་གནད། འོ་ད་དེ་ནི། ཕྱིའི་དེ་ནི་ག་རེ་ཟེར་དགོས་རད༿རེད་༾ཟེར་ན། བ་སྤུའི་བུ་ག་ལ་སོགས་པ་དེ་ཚོ་ཡིན་ནའི་རེད།
- དཔལ་ལྡན་བསྟན་འཛིན།ནང་གི་དོན་སྣོད་ནང་གི་དེ་ནི་ཨེ་་་ ད་བུ་ག་གཅིག་ཡིན་ནའི་རེད། ཟས་ཀྱི་ཨ་ནི་་་ ལྟོ་ཆས་ཟས་པའི་དྭངས་སྙིགས་འབྱེད་ཡས་ལ་སོགས་པ་དེ་ཚོ་བུ་ག་སོ་སོའི་ནང་འགྲོ་ཡས་ལ་སོགས་པ་དེ་ཚོ་ཡིན་ནའི་རེད།
- དཔལ་ལྡན་བསྟན་འཛིན།ཨེ་དེའི་རྒྱུ་ལམ་དེ་གྱད་༿དེ་ཚོ་༾ཡཱ། བུ་ག་དེ་དག་ཨ་ནི་་་ དེ་ནི་གནད་གཅིག་རེད་ཟེར། དེའི་གནད་སྒང་ལ་ཡཱ། ཁོ་རང་བུ་ག་དེ་དག་ཡག་པོ་མེད་པ་བྱས། བུ་ག་དེ་འགའ་ཤས་འགག་པ་ལ་སོགས་པའི་གནས་ཚུལ་ཡོད་ན་ཨེ་་་ཡང་དེ་ནི་དེ་བྱེད་ཀྱི་རེད་ཟེར།
- དཔལ་ལྡན་བསྟན་འཛིན།ཨེ་་་ཉེན་ཁ་ཆེན་པོ་ཡོད་པ་དེ་འདྲས་ཀྱི་གནས་ཚུལ་དེ་འདྲས་ཡོང་གི་ཡོའོ་རེད༿ཡོད་རེད་༾། ཟེར།
- དཔལ་ལྡན་བསྟན་འཛིན།ཨེའི་་་ ལུགས་ཤེས་ལུས་ཀྱི་གནས་ལུགས་རྟོགས། ཨོ་ད་་་དེ་ནི་གནོད་བྱ་ཁམས་ལ་ལུས་ཟུངས་བདུན། དྲི་མ་གསུམ། ཨོ་་་གནོད་བྱེད་ཉེས་པ་བརྒྱད་རེད། ད་རླུང་མཁྲིས་བད་ཀན་ནང་གསེས་དབྱེ་བ་བཅོ་ལྔ་བཅས་སོ།
- དཔལ་ལྡན་བསྟན་འཛིན།ཨོ་ད་་་ གང་གི་དེ་དག་བསྡོམས་བྱས་བྱས་ན་དེ་ནི། འགང་ག་ལོགས་༿ཚང་མ་༾དེ་ནི་གནོད་བྱ་ཁམས་ཡིན་ནའི་རེད། ལུས་ཟུངས་བདུན་ཡིན་ནའི་རེད། དྲི་མ་གསུམ་ཡིན་ནའི་རེད། གནོད་བྱེད་ཉེས་པ་བརྒྱད་ཡིན་ནའི་རེད།
- དཔལ་ལྡན་བསྟན་འཛིན།རླུང་མཁྲིས་བད་ཀན་གསུམ་གཙོ་བོ་བྱས་པས་དེ་དག་ཡིན་ན་བསྡོམས་པས་ག་ཚོད། དེ་ནི་གནད་ཆེ་བ་དེ་ག་ཚོད་བརྩི་དགོས་ཟེར་ན། བཅོ་ལྔ་དེ་འདྲས་གཅིག་བརྩི་དགོས་རེད་ཟེར།
- དཔལ་ལྡན་བསྟན་འཛིན།དེའི་སྒང་ལ་དེ་ནི་སོ་སོའི་སྒང་ལ་དབྱེ་རྐྱང་བྱས་ནས་གནས་ཚུལ་ག་པར་ཡོད་མེད་ཀྱི་དེ་དག་གི་གནས་ཚུལ་དེ་དག་རེ་རེ་བྱས་བྱས་ཤེས་དགོས་རེད།
- དཔལ་ལྡན་བསྟན་འཛིན།ཨོ་་་ ད་ཡང་གྲུབ་ཚུལ་རང་བཞིན་མེ་དྲོད་ལྟོ་བ་གནས་པ། དཱ་གནས་པ་བྱེད་ལས་ད། དེ་ནི་མཚན་ཉིད་ཀྱི་སྒོ་ནས་དེ་ནི་ལུས་ཀྱི་མཚན་ཉིད། དེ་ད་ལྟ་ལུས་ཀྱི་གྲུབ་ཚུལ་སྒང་ལ་ཡ། ཨ་ནི་་་རང་བཞིན་སྒང་ལ་ཡ། དེ་ནི་རང་བཞིན་ཁག་མང་པོ་རེད།
- དཔལ་ལྡན་བསྟན་འཛིན།རླུང་གི་རང་བཞིན། མཁྲིས་པའི་རང་བཞིན། བད་ཀན་གྱི་རང་བཞིན། རྒྱུན་ལྡན་གྱི་མི་ཁོ་རང་ཡ་༿ལ་༾ཐོག་མར་ལུས་ཆགས་ཚུལ་སྐབས་དེ་ནས་རང་བཞིན་ཤུགས་ཆེ་ཆུང་གིས་དེ་ནི་ཕ་མའི་རང་བཞིན་ཤུགས་ཆེ་ཆུང་བལྟས་ནས་ཕྲུ་གུ་ལ་རང་བཞིན། དེ་ནི་རླུང་ཤས་ཆེ་བ། མཁྲིས་པ་ཤས་ཆེ་བ། བད་ཀན་ཤུགས་ཆེ་བ་ཟེར་ཡས་ད་དེ་འདྲས་ཡོའོ་རེད༿ཡོད་རེད་༾།
- དཔལ་ལྡན་བསྟན་འཛིན།དེ་ནི་ད་ལྟ་མི་དངོས་སུ་ཡོད་པའི་སྒང་ལ་མི་ཁ་ཤས་ཨ་ནི་་་ཤ་རྒྱགས་པ་ཞེ་པོ་དེ་འདྲས། ད་དེ་ཚོ་བད་ཀན་རང་བཞིན་ཟེར་གྱི་ཡོའོ་རེད༿ཡོད་རེད་༾། ཡང་མི་ཁ་ཤས་རྔུལ་ནག་ཞེ་དྲག་མང་པོ་དོན་མཁན་དེ་ཚོ་མཁྲིས་པའི་རང་བཞིན་ཟེར་གྱི་ཡོའོ་རེད༿ཡོད་རེད་༾།
- དཔལ་ལྡན་བསྟན་འཛིན།མི་ཁ་ཤས་ཡང་དེ་ནི་གཉིད་ཡེར་བ་དང་ཁྲོ་ལངས་ཆེ་བ་དེ་ཚོ་རླུང་གི་རང་བཞིན་ཟེར་ནས། རང་བཞིན་ཁོ་རའི་འདུག་ཟེ་བྱས་ནས་རྒྱུན་གནས། རྒྱུན་དུ་ནས་མི་ཁོ་རའི་རང་བཞིན་གྱི་དེ་འདྲས་ཡོད་བསྡད་པ་དེ་འདྲས་ཡོའོ་རེད༿ཡོད་རེད་༾།
- དཔལ་ལྡན་བསྟན་འཛིན།བྱས་ཙང་དེའི་རང་བཞིན་ཟེར་ཡས་དེ་ཡང་ཁོ་ཐོག་མར་ནས་གྲུབ་པ་སོང་ཙང་རྗེས་ལ་ཁོ་ཕར་བཟོས་པ་ཡིན་ན་བཟོ་ཡས་དེ་ཏོག་ཙམ་ཁག་ག་༿པ་༾ཡོད་པ་དེ་འདྲས། གནས་ཚུལ་དེ་དེ་འདྲས་གཅིག་རེད།
- དཔལ་ལྡན་བསྟན་འཛིན།ཨེ་ད་་་ཡང་མཚན་ཉིད་སྒོ་ནས་ལུས་ཀྱི་མཚན་ཉིད་རྟོགས་ཡས་ལ་ཡ། ཨོའོ་་་མཚན་ཉིད་རྟོགས་ཡས་ལ་སྤྱིར་སྒོ་གསུམ། དགེ་མི་དགེ་ལུང་མ་བསྟན་ལ་སྤྱོད་ཅིང་བྱེ་བྲག་དབང་པོ་ལྔ་ཡིས་རང་གི་ཡུལ་ལ་སྤྱོད་པ། ལུས་ཀྱི་ལས། རྟེན་ཕོ་མོ་མ་ནིང་། ན་ཚོད་རྒན་བྱིས་དར་མ། རང་བཞིན་ཡིན་ན་དེ་ནི་ཉེར་གསུམ་སོ་སོ་ཡི་མི།
- དཔལ་ལྡན་བསྟན་འཛིན།ཨེ་་་དེ་ནི་ནད་རྣམ་པར་མ་འགྱུར་པ་དང་འགྱུར་པའི་དབྱེ་བ། ཨེའི་་་དེ་དག་དེ་ནི་རྟོགས་དགོས་ཀྱི་རེད།
- དཔལ་ལྡན་བསྟན་འཛིན།ཨོའོ་་་དེ་དག་རྟོགས་དགོས་ཀྱི་རེད་ཟེར།
- དཔལ་ལྡན་བསྟན་འཛིན།བྱས་ཙང་དེ་ནི། དེའི་སྤྱིར་བཏང་གི་མཚན་ཉིད་སྒོ་ནས་བཤད་དུས་ཙམ་ནས་དེ་ནི་སྤྱིར་སྒོ་གསུམ་དགེ་མི་དགེ་ཟེར་ཡས་དེ་ད། སྒོ་དགེ་མི་དགེ་ཟེར་ཡས་དེ་ཚོ་ཡང་ཆོས་ལུགས་དང་འབྲེལ་བ་བྱས་ནས་དེ་འདྲས་གསུངས་ཀྱི་ཡོའོ་རེད༿ཡོད་རེད་༾།
- དཔལ་ལྡན་བསྟན་འཛིན།དཔེར་ན་མི་དེ། དེ་ནི་དགེ་བའི་ལས་ལ་བརྩོན་པ་དེ་འདྲས་ཡིན་ན། མི་དགེ་བའི་ལས་ལ་བརྩོན་པ་དེ་འདྲས་ཡིན་ན། མི་འགའ་ཤས་ཡིན་ན་ནི་ག་དུས་ཡིན་ན་ཡང་སྡིག་པ་ལ་འཛེམས་མི་དགོས་པར་སྡིག་པའི་ལས་ཁོ་ན་བྱེད་མཁན།
- དཔལ་ལྡན་བསྟན་འཛིན།འགའ་ཤས་ཡང་དེ་ནི། དེ་པར་གཅིག་གིས་ད་ལྟ་ཁ་ཤས་དེ་འདྲས་བྱེད་ཀྱི་རེད། དེ་པར་ཚགས་པར་དེ་འདྲས་ཏོག་ཙམ་ལམ་ཁར་དེ་པར་༿སྟེང་ལ་༾ཟགས་ཡོད་ནའི། ཏིག་ཙ་༿ཏོག་ཙམ་༾དེ་འདྲས་ཟགས་ཡོད་ནའི་སྒྲུག གང་ལྟར་འཁྱེར་ཕྱིན་ནས་མེ་ལ་བསྲེག་གི་རེད།
- དཔལ་ལྡན་བསྟན་འཛིན།ཡང་མིན་ན་རྩིག་གསེང་དེ་པར་བཅུག་ན་དྲག་འདུག དེ་འདྲས་བྱས་གང་ལྟར་དེ་རུ་དེ་ཐང་དེ་ནས་སྒྲུག་ནས་བཞག་གི་མ་རེད།
- དཔལ་ལྡན་བསྟན་འཛིན།བྱས་ཙང་དེ་ཡིན་ན་ག་རེ་ཟེར་ན། སངས་རྒྱས་ཀྱི་བཀའ་རེད་ཟེར། དེ་མི་མང་པོས་ཡར་མར་རྡོག་བརྫིས་བཏང་གི་རེད། སངས་རྒྱས་ཀྱི་བཀའ་ཉམས་དམས་སུ་བཏང་གི་རེད་ཟེར།
- དཔལ་ལྡན་བསྟན་འཛིན།ད་དེ་ཚོ་དགེ་བའི་ལས་ཟེར་ཡས་དེ། དེ་འདྲས་ཟེར་ནས་བྱེད་མཁན་དེ་འདྲས་ཡོའོ་རེད༿ཡོད་རེད་༾།
- དཔལ་ལྡན་བསྟན་འཛིན།ད་དེ་ལས་དེ་མ་ཡིན་པའི་དགེ་བའི་ལས་ནི་ད། བྱས་ན་ཤུགས་ཆེན་པོ་དེ་འདྲས། ད་གཅིག་གིས་ཞེ་དྲག་ཆེན་པོ་དེ་འདྲས་བྱེད་ཡས་ཡོའོ་རེད༿ཡོད་རེད་༾།
- དཔལ་ལྡན་བསྟན་འཛིན།ཨེ་དེང་སང་དེ་འདྲས་འདུག་ག་མི། ཨེའི་་་བོད་ལ་དེ་འདྲས་ཀྱི་ཤུགས་ཆེན་པོ་དེ་འདྲས་དཔལ་འབྱོར་ཆེན་པོ་དེ་འདྲས་བྱས། དཔལ་འབྱོར་ཡོད་པ་ཡིན་ནའང་དཔལ་འབྱོར་དེ་འདྲས་སོ་སོ་རང་གི། རྦད་དེ་ག་རེ་ཟེར་དགོས་རད༿རེད་༾། སྲི་ཚགས་གྲོན་ཆུང་བྱས་ནས་གཏོང་མི་དགོས་གཙོ་དོན་བྱས། དེ་ནི་མི། ཕྱིའི་རྒྱལ་ཁབ་དེ་པར་ཁ་ཤས་དེ་ནི་དཔལ་འབྱོར་ཚེན་པོ་ཡོའོ་རེད༿ཡོད་རེད་༾།
- དཔལ་ལྡན་བསྟན་འཛིན།དཔལ་འབྱོར་ཆེན་པོ་ཡོད་པས་བེད་སྤྱོད་བྱས་ནས་སློབ་གྲྭ་བ་སྐྱོ་པོ་དང་། དེ་ནི་ཨོའོ་་་རྒན་གསོ་ཁང་ཟེར་ཡས། དབུལ་ཕོངས་དེ་འདྲས་ལ་ཡ་༿ལ་༾ཁྲི་མང་པོ་སྤྲད་མཁན་དེ་འདྲས་ཡོའོ་རེད་༿ཡོད་རེད་༾པཱ།
- དཔལ་ལྡན་བསྟན་འཛིན།ཨོའོ་ད་་་དེ་འདྲས་ཀྱི་དགེ་བའི་ལས་དེ་འདྲས་བྱེད་མཁན་ནི་ད་འདི་གར་ཞེ་དྲག་ཀྱི་ཁག་པོ་འདུག
- དཔལ་ལྡན་བསྟན་འཛིན།དགེ་བའི་ལས་ཆུང་ཚགས་དེ་འདྲས་བྱེད་མཁན་མང་པོ་ཡོའོ་རེད༿ཡོད་རེད་༾། མའོ་ཙེ་རེ་རེ་ཙ་སྟེར་གག་བྱེད་ཀྱི་ཡོའོ་རེད༿ཡོད་རེད་༾།
- དཔལ་ལྡན་བསྟན་འཛིན།ད་མའོ་ཙེ་གཅིག་སྟེར་པ་ཡིན་ན། མི་མང་པོས་སྟེར་པ་སོང་ཙང་བསགས་ནས་གཅིག་སླེབས་ཀྱི་རེད་མ་གཏོགས་གཞན་ནི་མའོ་ཙེ་གཅིག་ལ་ཁོ་ལ་གའི་གི་བྱེད་ཡས་གཅིག་ཡས་ཡོའོ་༿ཡོད་༾མ་རེད།
- དཔལ་ལྡན་བསྟན་འཛིན།ཁོ་རང་མོའོ་ཙེ་བྱུང་ན་ཡང་། བྱས་ཙང་དེ་ནི་དགེ་བའི་ལས་ལ་སྟོབས་ཆེ་ཆུང་། སྟོབས་ཆེ་ཆུང་ལ་གཞིགས་པའི་དེ་ནི་ཚོགས་བསགས་ཡས་ལ་ཡ་ཡང་སྟོབས་ཆེ་ཆུང་། དཔེར་ན་ངའི་དཔལ་འབྱོར་ཟེར་འགའ་ཡོའོ་༿ཡོད་༾མ་རེད། སྐྱོ་པོ་རེད། ངས་སྒོར་མོ་བརྒྱ་ཙམ་ཞིག་མི་གཅིག་ལ་སྟེར་པ་ཡིན་ན་དེ་ནི་ཁྱོད་རང་དཔལ་འབྱོར་ཆེན་པོ་ཞེ་དྲག་ཡོའོ་རེད༿ཡོད་རེད་༾།
- དཔལ་ལྡན་བསྟན་འཛིན།སྒོར་མོ་བརྒྱ་སྟེར་བ་གཉིས་བྱས་ན་དེ་ནི་་་ངའི་འདི་ཕན་ཡོན་ཆེ་བ་ཡོའོ་རེད། ང་དཔལ་འབྱོར་ཞེ་པོ་མེད་ནའི་སྒོར་མོ་བརྒྱ་སྟེར་པ་རེད། ཁྱེད་རང་དཔལ་འབྱོར་ཞེ་དྲག་ཡོའོ་རེད། སྒོར་མོ་བརྒྱ་ལས་མ་སྟེར་པ་དེ་ནི་ཕན་ཡོན་སུ་ལ་ཆེ་བྱུང་བ་རེད་ཟེར་ན་ང་ལ་ཆེ་བ་ཡོའོ་རེད།༿ཡོད་རེད་༾
- དཔལ་ལྡན་བསྟན་འཛིན།ངའི་དེ་ནི་ཉུང་ཉུང་ལས་ཡོའོ་མ་རེད་དེ་ང་སྐྱོ་པོ་རེད་པ། སྐྱོ་པོས་སྐྱོ་པོར་སྟེར་པ་རེད།
- དཔལ་ལྡན་བསྟན་འཛིན།ཁོང་དཔལ་འབྱོར་ཆེན་པོ་ཞེ་དྲག་ཡོའོ་རེད་དེ་ཡོད་ན་ཡང་སྒོར་མོ་བརྒྱ་ལས་ཡོའོ་༿ཡོད་༾མ་རེད།
- དཔལ་ལྡན་བསྟན་འཛིན།ཡང་དེ་རྩིས་ཀྱིས་ཕན་ཡོན་སྒང་ལ་ཁྱད་པར་དེ་འདྲས་རེད། བྱས་ཙང་དེའི་སྒང་ལ་ཡ་དགེ་མི་དགེའི་ཟེར་ཡས། བྱེད་ལས་ཟེར་ཡས་དེ་ཚོའི་སྒང་ལ་ཞེ་དྲགས་ཀྱི་རྒྱ་ཆེན་པོ་དང་དེ་འདྲས་རེད། གཏིང་ཟབ་པོ་དེ་འདྲས་རེད།
- དཔལ་ལྡན་བསྟན་འཛིན།ལུང་མ་བསྟན་སྤྱོད་པ། ད་དེ་ནི་ལུང་མ་བསྟན་ཟེར་ཡས་དེ་ཚོ་དེང་སང་བྱེད་མཁན་མང་པོ་ཞེ་དྲག་རེད།
- དཔལ་ལྡན་བསྟན་འཛིན།ཁྱོན་ནས་ད་གཅིག་གིས་དེ་པར་༿འདི་གར་༾དེ་ནི་ཨེ་་་་ག་རེ་ཟེར་དགོས་རད༿རེད་༾། ཉི་མའི་དགུང་ལ་དེ་ནི་གཅིག་གིས་ཨེ་་་གང་ཟེར་དགོས་རེད། ཞེ་དྲག་གི་གཅིག་གི་བླ་མ་དང་གཅིག་འགའ་རོའི་གཅིག་གི་སྤྲུལ་སྐུ་ཡིན་པའི་བཟོ་འདྲ་། ད་དེ་འདྲས་བྱས་གང་ལྟར་དེ་ནི་མི་ལ་མགོ་བསྐོར་བཏང་ནས་དེ་ནི་དེ་པར་དཔལ་འབྱོར་ཚུར་རག་ཐབས་བྱེད་ཡས་ལ་སོགས་པ་དེ་ཚོ་ལུང་མ་བསྟན་གྱི་ཆོས་བྱེད་པ་ཟེར་ནས་ད་དེ་ཚོ་ཡག་པོ་ཁྱོན་ནས་མེད་པའི་ལས་ཀ་བྱེད་མཁན་མང་པོ་ཡོའོ་རེད༿ཡོད་རེད་༾།
- དཔལ་ལྡན་བསྟན་འཛིན།ད་དེ་ལས་དེ་འདྲ་བྱེད་པ་ལས་སློང་བསྡད་ན་ད་ཡག་ཤོས་དེ་རེད། ད་ཁོ་སློང་བསྡད་པ་ཡིན་ན་སོ་སོའི་ཉིན་རེའི་གྲོད་ཁོག་དེ་རྒྱགས་པ་མ་གཏོགས། ཨེའི་་་དེ་དེ། ཚེ་ཕྱི་མ་ལ་ཡ་རྡོག་ཁྲེས་ཆེན་པོ་དེ་འདྲས་བཟོ་ཡས་གའི་ཡོའོ་༿ཡོད་༾མ་རེད།
- དཔལ་ལྡན་བསྟན་འཛིན།བྱས་ཙང་ཡིན་ནའི་དེ་འདྲས་ཀྱི་བྱ་བ་བྱེད་མཁན་ཞེ་དྲག་གི་མང་པོ་ཡོའོ་རེད༿ཡོད་རེད་༾། ལག་རིས་བལྟ་ཁུལ་བྱེད་ཀྱི་རེད། མོ་རྒྱག་་ཀྱི་ཡོའོ་རེད།
- དཔལ་ལྡན་བསྟན་འཛིན།ད་དེ་པར་མགོ་སྐོར་གཏོང་ཡས་ཀྱི་བྱ་བ་བྱེད་མཁན་མང་པོ་ཡོའོ་རེད། བྱས་ཙང་ལུང་མ་བསྟན་དེ་འདྲས་བྱེད་ཡས་དེ་ཚོ་ཡིན་ན་ཨ་ནི་་་ཨེན་་་ མ་འགྲིག་པ་དེ་འདྲས་ཀྱི་གནས་ཚུལ་དེ་འདྲས་ཡོའོ་རེད།
- དཔལ་ལྡན་བསྟན་འཛིན།དེ་དག་དབང་པོ་ལྔ་ཡི་རང་ཡུལ། ཡུལ་ལ་སྤྱོད། སྤྱོད་པའི་དེ་ནི་ལུས་ཀྱི་ལས། ད་དེ་དག་དེ་ནི་དབང་པོ་ལྔ་མིག་རྣ་བ་ཟེར་ཡས་དེ་ཚོ་ཨམ་ཅོག་༿རྣ་བ་༾གིས་སྒྲ་གང་འདྲས་ཟེ་གོ་གི་ཡོའོ་རེད། མིག་གིས་ཕར་བལྟ་ཡས་དེ་འདྲས་ག་འདྲས་ག་འདྲས། གསལ་ལོས་ད་གང་འདྲས་གང་འདྲས་མཐོང་ཐུབ་ཀྱི་ཡོའོ་རེད།
- དཔལ་ལྡན་བསྟན་འཛིན།སྣ་བས་ད་དེ་པར། ལྟོ་ཆས་ད་དེ་པར་མི་གཙང་བའི་དྲི་མ་ལ་སོགས་པ་ཡང་སྙིང་གང་འདྲས་གང་འདྲས་སྣ་བས་ཤེས་ཐུབ་ཀྱི་ཡོའོ་རེད།
- དཔལ་ལྡན་བསྟན་འཛིན།དེ་ནི་དེ་ག་ནང་བཞིན་གྱི་ལུས་ཀྱི་སོ་སོའི་ལུས་ལ་ཡ་དེ་ནི་རེག་བྱའི་སྒང་ལ་ཚ་བ་དང་གྲང་བ་དང་གཅིག་གི་དེ་འདྲས་ཀྱི་གནས་ཚུལ་ག་འདྲས་ག་འདྲས་ཡོའོ་རེད།
- དཔལ་ལྡན་བསྟན་འཛིན།དེ་དག་ཚང་མ་ལོགས་དེ་ནི་ཡག་ལོས་ཀྱི་ག་འདྲས་ཡོད་མེད། དཱ་དེ་བཞིན་དེ་ནི་ཨེན་་་ རྟེན་དེ་ཡིན་ན་ཕོ་དང་མོ་དང་མ་ནིང་དེ་འདྲས་གང་འདྲས་རེད།
- དཔལ་ལྡན་བསྟན་འཛིན།ཁག་གསུམ་སྒང་ལ་ཡཱ། དེ་ནི་དབྱེ་ཕལ་བཅད་ནས་དེ་འདྲས་ཟེར་བསྟན་པ་གནང་བ་ཡིན་ཟེར།
- དཔལ་ལྡན་བསྟན་འཛིན།ན་སོའི་སྒང་ནས་བཤད་པ་ཡིན་ན་མི་དེ་ན་སོ་ཆུང་ཆུང་གི་བྱིས་པ་རེད་པས། ཡང་མིན་ན་རྒན་འཁོགས་རེད་པས། ཡང་མིན་ན་དར་མ་རེད་པས། ཨེ་་་དེ་གསུམ་ལ་དབྱེ་བ་འབྱེད་ནས་ཨེ་དཱ་་་དེ་འདྲས་གསུངས་པ་རེད།
- དཔལ་ལྡན་བསྟན་འཛིན།ད་དེའི་སྒང་ལ་ཡའི་དེ་ཚོ་བྱེད་དུས་སྒང་ལ་ཨ་ནི་་་དངོས་གནས་དྲང་གནས་ཀྱི་དེ་ལྟར་གསུངས་དགོས་ཡས་དེ་ག་རེ་རད་༿རེད་༾ཟེར་ན། གཙོ་བོ་དེ་ཕ་གིའི་རྗེས་མ་དེ་ནི་ནད་པ་དངོས་དང་འཕྲད་དུས་ཙམ་ནས། དེ་ནི་ནད་པ་དེ་བྱིས་པ་ལ་སྨན་བཅོས་ག་རེ་བྱེད་དགོས་རད༿རེད་༾། དར་མ་ལ་སྨན་བཅོས་ག་རེ་བྱེད་དགོས་རད། དར་མ་དེ་ནད་དེ་སྟོབས་ཆེ་ཆུང་ག་འདྲས་ཅིག་ཡོའོ་རེད༿ཡོད་རེད་༾།
- དཔལ་ལྡན་བསྟན་འཛིན།རྒན་འཁོགས་དེ་དེ་ནི། ཨེན་་་ན་ཚ་དེ་སྟོབས་ཆེ་ཆུང་ག་འདྲས་ཅིག་ཡོའོ་རད༿ཡོད་རེད་༾། དེ་ལ་སྨན་བཅོས་ག་འདྲས་ཅིག་ག་འདྲས་ཅིག་བྱེད་དགོས་རེད། བྱས་ཙང་དེའི་སྒང་ལ་ཨ་ནི་་་ཁྱད་པར་ཞེ་དྲག་ཡོད་པ་དེ་འདྲས་ཅིག་བཞག་པ་གནང་བྱས་འདུག་ཟེ་གསུངས་གནང་པ་རེད།
- དཔལ་ལྡན་བསྟན་འཛིན།ད་རང་བཞིན་སྒང་ལ་ཉེས་གསུམ་འོང་། ད་གིན་སྒང་ལ་ཞུས་པའི་རང་བཞིན་སྒང་ལ་ཉེས་གསུམ་སོ་སོའི་མི་གསུངས་པ་རེད་པ།
- དཔལ་ལྡན་བསྟན་འཛིན།བྱས་ཙང་དེ་སྒང་ལ་ཡང་ཞུས་པ་ཡིན། རླུང་གི་རང་བཞིན་གྱི་མི། མཁྲིས་པའི་རང་བཞིན་གྱི་མི། བད་ཀན་རང་བཞིན་གྱི་མི། འོ་ད་དེ་འདྲས་རྒྱུན་ལྡན་ནས་རང་བཞིན་ག་རེ་རེད།
- དཔལ་ལྡན་བསྟན་འཛིན།དེའི་སྒང་ལ་ཡ་ཤེས་རྟོགས་བྱེད་དགོས་རེད། བྱས་ཙང་ཁོ་ཨོའོ་་་ ད་དེ་ནི། ད་ལྟ་ཁོ་དཔེར་ན་ཨོའོ་་་ ད་སྒང་གི་དེ་དང་མར་སྦྱར་ནས་མར་བཤད་པ་ཡིན་ན། མི་དེ་ཨ་ནི་་་ལོ་ན་རྒས་པོ་རེད།
- དཔལ་ལྡན་བསྟན་འཛིན།ཨེན་་་ ཡ་གིའི་ལོ་ན་བྱིས་པ་དང་། དར་མ་དང་རྒས་པ་བྱས་ནས་ལོ་ན་རྒན་གཞོན་གསུམ་ལ་བཞག་པ་གནང་། བྱས་ན་ད་ལྟ་གཤམ་འདའི་ཡ་༿འདིར་༾རང་བཞིན་དེ་དག་བཞག་པ་གནང་ད་མི་དེ་རྒན་འཁོགས་རེད།
- དཔལ་ལྡན་བསྟན་འཛིན།ཨེན་་་རྒན་འཁོགས་ཡིན་པ་ཙམ་དུ་མ་ཟད་ཁོ་རང་བཞིན་དེ་རླུང་གི་རང་བཞིན་རེད།
- དཔལ་ལྡན་བསྟན་འཛིན།བྱས་ཙང་དེ་འདྲས་ཅིག་ལ་ཡ་དེ་ནི་ན་ཚ་འཇུག་པ་ཡིན་ན། དེ་ནི་སྨན་པས་གཟབ་གཟབ་བྱེད་དགོས་ཡས་ག་རེ་ཡོའོ་རད་༿ཡོད་རེ་ད༾ཟེར་ན། དེ་ལ་ཡ་དེ་ནི་མི་དར་མ་དང་མི་འདྲ་ཡིན་གཅིག་མིན་གཅིག་གིས་རླུང་ཟེར་ཡས་དེ་ཤུགས་ཆེན་པོ་ཡོད་པ་ཟེར་ཡས་དེ་ངེས་པར་དུ་བསམ་བློའི་ནང་དེ་ངེས་པོ་གཅིག་དགོས་ཀྱི་ཡོའོ་རེད།
- དཔལ་ལྡན་བསྟན་འཛིན།དེ་འདྲས་མ་བྱས་ན་གཅིག་ནས་ཁོ་རྒན་འཁོགས་རེད།
- དཔལ་ལྡན་བསྟན་འཛིན།རྒན་འཁོགས་ཟེར་ཡས་དེ་ཆགས་པའི་གཞུ་གུ་ལ༿རྗེས་ལ་༾རླུང་ཟེར་ཡས་དེ་ཤུགས་ཆེན་པོ་ཡོའོ་རེད།
- དཔལ་ལྡན་བསྟན་འཛིན།དེ་ག་ནང་བཞིན་གྱི་ཁོ་རང་དུས་རྒྱུན་ལྡན་རང་བཞིན་དེ་ཡང་རླུང་གི་རང་བཞིན་རེད། བྱས་ཙང་ཁོ་གཉིས་གཉིས་འཛོམས་བསྡད་ཡོའོ་རེད།
- དཔལ་ལྡན་བསྟན་འཛིན།དེ་ནི་ཁོའི་དེ་ནི་ལུས་ཀྱི་སྟོབས་འགང་ག་༿ཚང་མ་༾མར་བྲི་ཚར་ནས་གཟུགས་པོ་ལ་སྟོབས་མེད་དུས་ཙམ་ནས། རླུང་ཤས་ཆེན་པོ་ཞེ་དྲག་ཆགས་བསྡད་བ་སོང་ཙང་དེ་ནི་ན་ཚ་དེ་ད་ལྟ་ན་ཡས་དེ་རླུང་གི་རྟགས་དེ་ཞེ་དྲག་མེད་པ་བྱས་ནི་ན་ཚ་གཞན་གཅིག་ན་གྱི་ཡོའོ་རེད་དེ། ཡིན་ནའི་ན་ཚ་གཞན་དེ་ལ་བསམ་བློ་བཏང་གིན་བསྡད་ན་ནད་པ་དེ་རླུང་གིས་ཤི་ཡས་ཀྱི་ཉེན་ཁ་ཡོད་པ་དེ་ཤེས་ཐུབ་པ་དེ་འདྲས་གཅིག་བྱེད་དགོས་ཡས་དེ་ལ་བལྟས་ནས་རྒྱུ་མཚན་དེ་འདྲས་གཅིག་མར་གསུང་བ
- དཔལ་ལྡན་བསྟན་འཛིན།བྱས་ཙང་དེ་དེའི་སྒང་ལ་དེ་ནི་སྨན་པས་གཟབ་གཟབ་བྱེད་དགོས་ཡས་ཟེར་ཡས་དེ་གལ་འགངས་ཆེན་པོ་དེ་འདྲས་བཞག་པ་གནང་བ་རེད།
- དཔལ་ལྡན་བསྟན་འཛིན།དཔེར་ན་ད་ལྟ་དེ་ནི། བཤད་རྒྱུད་ཀྱི་དེ་ནི། བཤད་རྒྱུད་ཟེར་མན་ངག་རྒྱུད་ཀྱི་ཚ་གྲང་གལ་མདོ་ཟེར་ཡས་དེ་ཚོའི་ནང་ལ་རི་ཐང་མཚམས་ཟེར་ཡས་ལིའུ་གཅིག་དང་ཚ་གྲང་གལ་མདོ་ཟེར་ཡས་ལིའུ་གཅིག་མན་ངག་རྒྱུད་ལ་དེ་ཨ་ནི་་་གཙོ་བོ་དེ། ཨེན་་་རིག་པའི་གཞུང་ལུགས་ཁུངས་བྱས་ནས་མར་དེ་འདྲས་བྱས་གསུངས་བཞག་པ་དེ་འདྲས་རེད།
- དཔལ་ལྡན་བསྟན་འཛིན།ཨེན་་་ནད་ཐོག་གི་ཁུངས་བྱས། བྱས་ཙང་དེའི་སྒང་ལ་དཔེ་མཚོན་བཞག་པ་ཡིན་ན་ཡང་དེ་ནི་་་ དཔེར་ན་ནད་པ་གཅིག་ད་ལྟ་ཚ་བ་ཡི་ཤུགས་རྒྱས་ནས་ཚ་བ། ཚ་བ་ལ་ཚ་བ་རབ་འབྲིང་ཐ་མ་བྱས་ནས་ཚ་བ་ཁག་ཤུགས་ཆེ་ཆུང་གིས་ཚད་གཞི་དེ་འདྲ་བཟོས་བཞག་ཡོའོ་རེད།
- དཔལ་ལྡན་བསྟན་འཛིན།ཚ་བ་ཤིན་ཏུ་ནས་རྒྱས་པ་དེ་འདྲས་གཅིག་ན་ནས། ནད་པ་དེ་ཚ་བ་སྟོབས་ཡོད་ན་མེད་ན་རྒྱས་ཚར་ནས། དེ་འདྲས་རྒྱས་བསྡད་པའི་ནད་པ་ལ་ད་འོ་ན་སྨན་བཅོས་ག་འདྲས་བྱེད་དགོས་རེད་ཟེར་ན།
- བཤད་རྒྱུད་ཀྱི་ནང་ལ་ཆུ་བཞི་དབབ་ཞེས་གསུང་ཡོའོ་རེད། བྱས་ཙང་དེ་འདྲས་ཚ་བ་སྟོབས་ག་ཚོད་རྒྱས་ཚར་དུས་ཙམ་ལ་བཤད་རྒྱུད་ནང་ལ་ཆུ་བཞི་དབབ་དགོས་རེད་ཟེར།
- ཟས་བསིལ་སྨན་བསིལ་སྤྱོད་ལམ་བསིལ་དཔྱད་བསིལ་དེ་དག་འགང་ག་༿ཚང་མ་༾བཞི་པོ་དེ་སྡེབས་གཅིག་ལ་ནད་པ་དེ་ལ་བྱེད་དགོས་རེད་ཟེར།
- དེ་མ་བྱས་ན་ཚ་བ་རྦད་དེ་ཡར་རྒྱས་ནས་ནད་པ་དེ་ཚ་བས་ཤི་གྱི་རེད་ཟེར།
- འདུག་བཟོ་བྱས་ནས་བཞག་པ་གནང་རེད།
- ད་ཡིན་ན་ཡང་དེ་སྨན་པས་གཟབ་གཟབ་མ་བྱས་བྱས་ནས་ད་དུང་མུ་མཐུད་ནས་སྨན་དེ་ཆུ་བཞི་པོ་མུ་མཐུད་ནས་དབབ་དྲགས་ན་མཇུག་གུ་དེར་རྗེས་འབྲས་ག་རེ་ཡོང་གི་རེད་ཟེར་ན།
- རླུང་ཟེར་ཡས་དེ་སླེབས་ནས་རླུང་གིས་ཡང་ལམ་སེང་ཤི་གི་རེད་ཟེར། བྱས་ཙང་རི་ཐང་མཚམས་ཟེར་ཡས་དེ་ག་རེ་རེད་ཟེར་ན། ཚ་བ་དེ་རི་ལ་བཞག ཐང་དེ་ཡིན་ན་དེ་ནི་བསིལ་ལ་བཞག་ནས་དེ་གཉིས་ཀྱི་མཚམས་དེ་རུ་སླེབས་དུས་ཙམ་ནས་གཟབ་གཟབ་ཞེ་པོ་ཅིག་སྨན་པ་དེ་སྤྱང་པོ་ཁྲ་ནང་བཞིན་དགོས་ཀྱི་རེད་ཟེར།
- བྱས་ཙང་ཁྲ་ཟེར་ཡས་དེ་མཆོངས་ཐེངས་གཅིག་ལ་ཆུའི་དཀྱིལ་ནས་ཉ་ཟིན་ཐུབ་ཀྱི་ཡོའོ་རེད།
- དེ་ནང་བཞིན་གྱི་སྨན་པ་ཡང་སྤྱང་པོ་དེ་འདྲས་དགོས་ཀྱི་རེད་ཟེར། དཔེ་དེ་འདྲས་བཞག་པ་གནང་ཡོའོ་རེད།
- བྱས་ཙང་དེ་འདྲས་ཁོ་སྨན་བཅོས་ངོ་མ་བྱེད་ཡས་སྒང་ལ་ཞེ་དྲག་གི་དཀའ་ལས་ཁག་པོ་དང་། གཟབ་གཟབ་ཞེ་དྲག་བྱེད་དགོས་ཡས་དེ་གལ་འགངས་ཡིན་པ་དེ་ནི་ལྟ་རྟོགས་གཏན་འཁེལ་ཡིན་པ། ད་དེ་འདྲས་བྱེད་མ་ཐུབ་པ་ཡིན་ན་ཨ་ནི་་་ནད་པ་འགའ་ཤས་འཕྲོ་བརླག་ཤོར་འགྲོ་གི་ཡོའོ་རེད།
- ད་ན་ཚ་འགའ་ཤས་ནི་བཟོ་ཐུབ་ཡས་ཁྱོན་ནས་མེད་པ་དེ་འདྲས་ཡོང་གི་རེད། ཡིན་ནའི་ནད་པ་འགའ་ཤས་བཟོ་ཐུབ་ཡས་ཀྱི་ན་ཚ་དེ་འདྲས་འཕྲོ་བརླག་ཤོར་ནས་ནད་པ་གྲོངས་འགྲོ་ཡས་ལ་སོགས་པ་འོ་དཱ། གནས་ཚུལ་དེ་འདྲས་ཡོང་གི་ཡོའོ་རེད།
- བྱས་ཙང་དེ་ཚོའི་སྒང་ལ་དེ་ནི་་་བལྟས་ནས་འདིར་གསུངས་བཞག་པ་དེ་འདྲས་ཅིག་རེད།
- ད་རྗེས་ལ་ཡ་དེ་ནི་ནད་རྣམ་པར་མ་འགྱུར་པ་དང་འགྱུར་པ། ད་ཕྱིན་སྒང་ཡ་གའི་ཞུས་པ་ནང་བཞིན་གཅིག་ཡིན་ན་རྣམ་པར་མ་འགྱུར་པའི་སྐབས་དང་གཅིག་ཡིན་ན་རྣམ་པར་འགྱུར་བའི་སྐབས། བྱས་ཙང་དེའི་ནང་ལ་དེ་གཉིས་དབྱེ་བ་ཁག་གཉིས་ཕྱེ་བའི་དེ་དག་རྟོགས་དགོས་ཀྱི་རེད་ཟེར།
- འོ་ན་ཁྱོད་རང་རྣམ་པར་མ་འགྱུར་པའི་སྐབས་ལ་དེ་ནི་ནད་པ་དེ་ལ་གང་འདྲས། གང་འདྲས། གང་འདྲས་གནས་ཚུལ་གང་འདྲས་ལ་བལྟས་ནས་རྣམ་པར་མ་འགྱུར་པའི་སྐབས་རེད་པས།
- ད་འོ་ན་རྣམ་པར་འགྱུར་ཚར་ཡོད་ན་གནས་ཚུལ་གང་འདྲས་གང་འདྲས་གཅིག་ལ་བལྟས་ནས་དེ་རྣམ་པར་འགྱུར་ནས་དེ་ལ་ན་ཚ་གང་འདྲས་གང་འདྲས་བྱུང་འདུག་གས།
- དེ་གཉིས་གཉིས་དབྱེ་བ་ཡག་པོ་ཕྱེ་ཐུབ་པ། དེ་འདྲས་རྟོགས་དགོས་ཀྱི་རེད། དེ་འདྲས་ཤེས་དགོས་ཀྱི་རེད།
- དེ་ག་ནང་བཞིན་གྱི་དེ་ནི། དེ་ཡང་དེ་ནི་རིང་བ་དང་ཐུང་བ། ཉེ་བ་དང་མ་ངེས་པ་བཅས་བཞི་ཡིས་དེ་ནི་ལུས་འཇིག་པའི་དེ་ནི་ལྟས་ལ་བལྟ་དགོས་ཀྱི་རེད་ཟེར།
- ད་ནད་པ་དེ་འཆི་ཡས་ཡིན་ན་ཡང་དེ་ནི་འཆི་ལྟས་ཀྱི་ད་ཡང་ལུས་ཀྱི་ལྟས་ཀྱི་ནང་ལ་འཆི་ལྟས་ཟེར་ཡས་དེ་རྨི་ལམ་གྱི་བརྟག་པ་བྱེད་ཡས་དེ་འདྲས་ལུས་ཀྱི་ཆགས་ཚུལ་སྐབས་ལ་ཡཱ། གཤམ་མ་གིར་ཞེ་དྲག་མང་པོ་གསུངས་བཞག་ཡོའོ་རེད།
- བྱས་ཙང་དེའི་དེ་དག་གསུང་བ་རེད། བྱས་ཙང་དེ་ནི་ནད་པ་ལ་རྨི་ལམ་འདྲ་མི་འདྲ་མང་པོ་ཞེ་དྲག་བཏང་གི་ཡོའོ་རེད།
- བྱས་ཙང་རྨི་ལམ་ཟེར་ཡས་དེར་བརྟག་པ་བྱེད་ཡས་ཟེར་ཡས་དེ་མང་པོ་ཡོའོ་རེད།
- ད་ཡིན་ནའི་རྨི་ལམ་འགའ་ཞིག་བརྟག་པ་བྱེད་ཡས་ཡོའོ་རེད། འགའ་ཞིག་ལ་བརྟག་པ་བྱེད་ཡས་མེད་པ་ཡོའོ་རེད།
- ད་ཡིན་ནའི་རྨི་ལམ་བརྟག་པ་བྱེད་ཡས་དེ་མང་ཆེ་བ་དེ། ཐོ་རེངས་ནས་དེ་ནི་ནམ་ལངས་མ་ལངས་དེའི་བར་དུ་རྨི་ལམ་བཏང་བ་དེ་དག་ལ་བརྟག་པ་བྱས་པ་མ་གཏོགས་ནམ་སྟོད་ལ་རྨི་ལམ་བཏང་བ། དེ་ལ་ཚད་འཛིན་ས་མེད་པ་དེ་འདྲས་ཡིན་ཟེར་དེ་འདྲས་གསུངས་བ་རེད།
- བྱས་ཙང་དེ་སོང་ཙང་ད་ལྟ་དེའི་ནང་ལ་དེ་ནི་རྨི་ལམ་བརྟག་ཡས་ལ་ཨོའོ་་་དེ་ནི་རིང་བའི་རྨི་ལམ་རེད། རྨི་ལམ་དེ་འདྲས་རེད ཉེ་བའི་རེད།
- ཐག་ཉེ་པོ་དེ་འདྲས་རེད། མ་ངེས་པ་དེ་འདྲས་རེད། ཡང་སྐབས་རེ་ཡིན་པའི་བཟོ་འདྲ་སྐབས་རེ་མིན་པའི་བཟོ་འདྲ། ད་དེ་འདྲས་ངེས་པ་མེད་པ་དེ་འདྲས་རེད་པས།
- ཁྱོན་དེ་འདྲས་བྱས་ནས་གང་ལྟར་ལུས་འཇིག་པའི་ལྟས་དེ་ཡང་གཏན་ལ་ཕབ་དགོས་ཀྱི་རེད་ཟེར།
- ཨོའོ་་་ད་ཡང་ལམ་སེང་ཨའི་་་ད་ལྟ་ཕྱི་མ་རྒྱུད་ཀྱི་རྩ་བལྟ་བའི་སྐབས་ལ་ཡ། སྡོད་ཟེར་ཡས་གཅིག་བཤད་ཡས་ཡོའོ་རེད།
- སྡོད་ལ་ཡ། སྡོད་ལ་ན་སྡོད་འཆི་སྡོད་འདྲེ་སྡོད་ཁག་གསུམ་ལ་དབྱེ་བ་རེད།
- བྱས་ཙང་དེའི་ནང་ལ་ཡ། འཆི་སྡོད་ཟེར་ཡས་དེ་རེད་མ་རེད་ངོས་འཛིན་ཡས་དེ་ཡག་པོ་མ་བྱུང་བ་བྱས་ནས། གཟབ་གཟབ་བྱས་མ་བལྟས་པ་བྱས་ནད་པ་ལ་ཡའི་ཧྲོབ་ཙེ་བལྟས་ཨོའོ་་་རྩ་ལ་སྡོད་སླེབས་ཤག
- ནད་པ་ཡོང་ང་མི་འདུག་འཆི་བ་འདུག་ཟེར་ན། དེ་གཏན་གཏན་ཡིན་ན་མིན་ན་ཁྱོད་རང་ལ་ངས་རྩ་བལྟ་ཡས་དེ་ཡག་པོ་བྱུང་བ་ཡིན་ན་མ་བྱུང་བ་ཡིན་ན།
- ད་དེ་ཡག་པོ་མ་བྱུང་བ་བྱས་ཁ་དམར་ལོག་པར་ཕྱིན་ན། རྗེས་ལ་དེ་ནི་སྨན་པ་དེ་ལ་རྙོག་དྲ་བཟོ་ཡས་ཉེན་ཁ་ཡང་ཡོའོ་རེད་ལ་རྙོག་དྲ་མ་བཟོས་པ་ཡིན་ནའི་སྨན་པ་དེ་ལ་གཞན་དག་ས་ལ་བཤད་ནས་སྨན་པ་དེ་ག་གའི་༿གང་ཡང་༾ཤེས་ཀྱི་མི་འདུག
- དེ་ལྐུགས་པ་རེད་ཤག་ངའི་ནད་པ་འཆི་གྱི་རེད་ཟེར་གྱིས་དཱའི་༿ཟེར་གྱི་འདུག་ཀྱང་༾། ནད་པ་དེང་སང་བདེ་ཐང་ཡིན་ཟེར་གནས་ཚུལ་དེ་འདྲས་ཡོང་གི་ཡོའོ་རེད།
- བྱས་ཙང་འདི་ལྟའི་གནས་ཚུལ་དེ་འདྲས་ཁ་དམར་ལོག་པར་འགྲོ་ཡས་ཟེར་ཡས་དེ་འདྲས་ཀྱི་གནས་ཚུལ་ཡོང་གི་ཡོའོ་རེད།
- བྱས་ཙང་འདིའི་དེ་འདྲས་ལ་བལྟས་ནས་དེ་འདྲས་གསུངས་བ་རེད།
- ད་ཡིན་ནའི་དེ་ཚོ་རྨི་ལམ་དང་ཟེར་ཡས་དེ་ཚོ་དེང་སང་ཞེ་དྲག་ཞེ་དྲག་བཤད་མཁན་ཟེར་ཡོའོ་མ་རེད་ལ། དེ་འདྲས་ལ་དེའང་ཞེ་དྲག་གཞི་འཛིན་ས་ཞེ་དྲག་བྱེད་ཀྱི་ཡོའོ་མ་རེད།
- འོ་དེ་གཅིག་རེད། ཨོའོ་་་ད་ག་ནང་བཞིན་གྱི་དེ་ནི་དེ་དག་གཏན་ལ་ཕབ་སྟེ་དེ་ནི་ནང་གསེས་དུ་མ་དང་བཅས་པ་རྣམ་གྲངས་བདུན་གྱི་གང་གསོ་བའི་ལུས་ཀྱི་གནས་ལུགས་ལ་མཁས་པར་བྱའོ་ཟེར།
- འོ་ད་གོང་ནས་གསུངས་བཞག་པ་དེ་དག་བང་༿རིམ་གྱིས་༾བྱས་གསུང་བ་དེ་དག་རིམ་པ་བཞིན་དུ་དེ་ནི་གནས་ལུགས་དེ་དག་ཡག་པོ་དེ་འདྲས་ཤེས་པ་བྱས་ན་དེ་ནི་མཁས་པ་དེ་འདྲས་ཆགས་ཐུབ་ཀྱི་རེད།
- མཁས་པ་ཟེར་ཡས་དེ་དངོས་གནས་དྲང་གནས་མཁས་པ་དེ་འདྲས་ཡོང་ཐུབ་ཀྱི་རེད།
- དེ་འདྲས་མ་བྱས་པ་བྱས་ནས་སྣ་ཁ་གཅིག་ཙམ་གཉིས་ཙམ་ཤེས་པ་དེ་འདྲས་བྱས་ན། དེ་ནི་དེ་ཡིས་ཁུངས་འཁྱོལ་གྱི་མ་རེད་ཟེར།
- ད་ད་ལྟ་དེང་སང་དེ་འདྲས་རེད། སྤྱི་ཚོགས་སྒང་ལ་ཡ་ཨེམ་རྗེ་༿སྨན་པ་༾ཡིས་ཁེངས་བསྡད་ཡོའོ་རེད།
- བོད་པའི་ཨེམ་རྗེ་༿སྨན་པ་༾ཡོའོ་རེད། ཕྱི་ལུགས་ཀྱི་ཨེམ་རྗེ་ཡོའོ་རེད།
- ཨེམ་རྗེ་༿སྨན་པ་༾ཁོ་རང་ག་ས་ག་ལ། སྲང་ལམ་ཡོད་ཚད་བར་ལ་ཨེམ་རྗེ་ཡིས་ཁེངས་བསྡད་ཡོའོ་རེད།
- དེ་ནི་ནད་པས་ཡང་ཨེམ་རྗེ་དེ་པར་གཅིག་གཅིག་ན་གཅིག་གཅིག་འདུག་ཟེར། ཡག་པོ་ཞེ་པོ་འདུག་ཟེར་གག་ཟེར་གཅིག་གིས་གཅིག་ལ་ལན་སྤྲད། གཅིག་གིས་གཅིག་ལ་ལན་སྤྲད་དེ་ནི་ཁ་ཤས་དེ་ནི་གཞུང་ལུགས་ཁྱོན་ནས་སྦྱངས་མྱོང་མེད་པ།
- སྨན་གཞུང་ཁྱོན་ནས་བལྟ་མྱོང་མེད་པ་མི་ཡིས་དེ་པར་གཅིག་གིས་དེ་འདྲས་མཐོང་བ་དང་། དེ་ནི་སྨན་གྱི་ད་དེ་འདྲས་ཕན་ཡོན་དེ་འདྲས་ཁོ་དཔེ་ཆ་ཡོའོ་རེད་པ་དེ་འདྲས་བལྟ་གྱིན་བལྟ་གྱིན་བྱས་ནས་ཨེམ་རྗེ་བྱེད་མཁན་ཞེ་དྲག་མང་པོ་ཡོའོ་རེད།
- ཡིན་ནའི་ཁོ་ཨོའོ་་་ སྐབས་གཅིག་གི་རིང་ལ་ཁ་ཐུག་འཁེལ་ན་ཡག་པོ་གཅིག་དྲག་གི་རེད། དེ་ནི་ཡང་ཁོ་ཕུགས་ཀྱི་བསམ་བློ་ཁྱོན་ནས་མ་བཏང་བ་བྱས་ན། དེ་ནི་ནད་པ་དེ་དངོས་གནས་དྲང་གནས་སྨན་དེ་བཏང་ནས་ད་ལྟ་ན་ཚ་དེ་ལ་ཕན་གྱི་རེད་དེ་རྗེས་མ་དེས་ནད་པ་དེ་ལ་གནས་ཚུལ་གང་བཟོ་གྱི་ཡོད་མེད་དེ་འདྲས་བསམ་བློ་གཏོང་མཁན་ཡོའོ་མ་རེད་ཁོ་རང་།
- ད་ཁ་ཐུག་ཁ་ཐུག་དེ་འདྲས་རེད་པཱ། བྱས་ཙང་དངོས་གནས་དྲང་གནས་བྱས་ན་ད་ལྟ་དེར་གསུངས་པ་ནང་བཞིན་བྱས་ནས། སྒང་ནས་མར་གསུང་བ་དེ་ལྟར་གཅིག་གཅིག་གཉིས་གཉིས་རིམ་པ་བཞིན་དུ་ཤེས་པ་བྱས་ནས། རྗེས་ལ་དེ་མཇུག་རྩ་དེ་ལ་ལུས་ཀྱི་གནས་ལུགས་ཚང་མ་ལོགས་ལ་མཁས་པ་དེ་འདྲས་གཅིག་ཆགས་ཐུབ་པ་དེ་འདྲས་བྱེད་ཀྱི་རེད་གསུང་བ་རེད།
- ཨོའོ་་་ཆགས་ཐུབ་པ་དེ་འདྲས་བྱེད་ཀྱི་རེད་ཟེར།
- ད་གཉིས་པ་དེ་ལ་ཡ། ནད་དེ་ལ་རེད་ནད་དེ། ནད་ལ་ཡ་ཨ་་་དེ་ནི་དུག དུག་གསུམ་སྟེ་ཉེས་གསུམ་ཉེ་རིང་གི་རྒྱུ་ད་དེ་ཉེས་པ་གསུམ་ལ་དུག་གསུམ་ཡང་ཟེར་གྱི་ཡོའོ་རེད།
- ཉེས་པ་གསུམ་ཡང་ཟེར་གྱི་ཡོའོ་རེད། རླུང་མཁྲིས་བད་ཀན་གསུམ་ཡང་ཟེར་གྱི་ཡོའོ་རེད།
- གང་ལྟར་མིང་གི་བཏགས་ཕྱོགས་སྒང་ལ་ཡ། དེ་འདྲས་ཀྱི་འདོད་ཆགས་ཞེ་སྡང་གཏི་མུག་དུག་གསུམ་ཡང་ཟེར་གྱི་ཡོའོ་རེད། བྱས་ཙང་ཁོ་མིང་གི་སྒང་ལ་ཡ་རྣམ་གྲངས་མི་འདྲ་འདི་འདྲས་ཏིག་ཙ་༿ཏོག་ཙམ་༾ཡོའོ་རེད།
- ཨེན་་་དེ་རེད་མ་གཏོགས་གང་ལྟར་དེ་ནི་ཨེན་་་ ཉེས་པ་གསུམ་དེ་རླུང་མཁྲིས་བད་ཀན་གསུམ་དེ་འོང་ཉེས་གསུམ་དེ་ལ་ཡ། དེ་ནི་ཉེ་བའི་རྒྱུ་རིང་བའི་རྒྱུ་འོང་། ཐག་ཉེ་བའི་རྒྱུ་གང་འདྲས། རིང་བའི་རྒྱུ་གང་འདྲས། ཨེན་་་ད་དེ་ནི་ནད་སྐྱེད་པར་བྱེད་པའི་རྒྱུ། ནད་དེ་གསོག་པར་བྱེད་པའི་རྒྱུ། ཨ་ནི་་་ནད་དེ་སློང་བར་བྱེད་པའི་རྒྱུ། ད་དེ་འདྲས་བྱས་བང་བྱས་གསུང་བ་རེད།
- ཐོག་མར་དེ་ནི་ཉེས་པ་གསུམ་དེའི་ནང་ལ་དེ་ནི་རིང་བའི་རྒྱུ་དེ་གང་འདྲས་གང་འདྲས་གཅིག་ལ་རིང་བའི་རྒྱུ་གང་འདྲས་བྱས་ཟེར་གྱི་ཡོའོ་རེད།
- གང་འདྲས་གཅིག་ལ་རིང་བའི་རྒྱུ་ཟེར་གྱི་རེད། དེ་ག་དུས་ནས་ན་ཚ་དེ་ག་དུས་བྱུང་བ་རད༿རེད་༾། གནས་ཚུལ་དེ་རིང་བའི་རྒྱུ་ཟེར་ཡས་དེ་ཐག་རིང་པོ་གཅིག་ལ་བཞག་ནས། ད་ནད་པ་ཁ་ཤས་ཡིན་ན་ཨ་ནི་་་དེ་འདྲས་ཡོའོ་རེད་པཱ།
- ད་སྔ་མ་སྔ་མ་ང་དུག་གཡའ་ཞིག་ཤོར་བ་རེད་ཟེར། ཁོག་པའི་ནང་དུག་གཡའ་ཞིག་ཤོར་བ་རེད་ཟེར། ད་དེ་ག་ཚོད་ཕྱིན་པ་རད་༿རེད་༾ཟེར་ན་ལོ་ཉི་ཤུ་སུམ་ཅུ་འགྲོ་གི་ཡོའོ་རེད། རིང་བའི་རྒྱུ་རེད་པཱ་
- ཉེ་བའི་རྒྱུ་ག་རེ་རད་ཟེར་ན་ང་ཁ་སང་ཤ་གཅིག་བཟས་པ་ཡིན་པས་ཁོ་ཤ་དུག་བྱས་པ་འདྲ་ད་ལྟ་དེ་ནི་ཁོག་པ་ཞེ་དྲག་ན་གིས། བཤལ་གྱིས། གཅིག་གཉིས་སྐྱུག་གིས་ཟེར་ཡས་སོགས་པ་ད་དེ་འདྲས་ཡོའོ་རེད་པཱ།
- ད་དེ་འདྲས་ཉེ་བའི་རྒྱུ་དེ་འདྲས་ཡོའོ་རེད་་པཱ།
- ད་དེ་མ་ཡིན་པའི་ནད་ངོ་མའི་སྒང་ལ་དེ་ནི་ཡང་རིང་བའི་རྒྱུ་ཐག་རིང་ས་ལ་བཞག་ན་ཨ་ནི་་་ དེ་ནི་ཚེ་རབས་སྔོན་མའི་སྒང་ལ་བཞག་ན་སྐྱེ་བའི་སྔོན་མའི་ལས་འབྲས་རེད་ཟེར་ཡས་དེ་འདྲས་ཟེར་གྱི་ཡོའོ་རེད།
- བྱས་ཙང་དེ་ག་རེ་ཟེར་ན་རིང་བའི་རྒྱུ་རེད། ཁོ་ཐག་རིང་པོ་ནས་ཚེ་སྔོན་མའི་ནད་ཀྱི་རྒྱུ་དེ་འདྲས་བལྟས་ནས་ད་ལྟ་ན་ཚ་དེ་འདྲས་བྱུང་བ་ཟེར་ཡས་དེ་འདྲས་བཞག་ཡས་ཡོའོ་རེད་པཱ།
- ད་དེ་རེད། བྱས་ཙང་ནད་སྐྱེས་པར་བྱེད་ཡས། ད་ན་ཚ་དེ་དེ་འདྲས་ཅིག་ན་ནས་དུས་ཚོད་རིང་པོ་གཅིག་ཕྱིན་བ་རེད།
- ཕྱིན་བ་རེད་དེ། ཡིན་ནའང་བར་ལམ་དེ་ལ་ཁོས་ནད་པ་དེ་ལ་དམིགས་བསལ་གྱི་གནས་ཚུལ་ཆེ་བ་རང་མ་བཟོས་པ་བྱས། མ་གཞི་གཟུགས་པོ་བདེ་པོ་རང་མེད་པ་མ་གཏོགས་ཁོས་ནད་པ་དེ་ལ་གནོད་སྐྱོན་ཆེ་བ་དེ་འདྲས་མ་བྱས་པ་རེད།
- ད་ཡིན་ནའང་ཁོས་ག་ལེར་ག་ལེ་ཡཱ། རྐྱེན་གཅིག་འཕྲད་ནས་སྤྱོད་ལམ་ཡིན་ནའི་རེད། ཡང་ཟས་ཡིན་ནའི་རེད་དེ་འདྲས་རྐྱེན་གཅིག་འཕྲད་པའི་སྒང་ལ་དེ་ནི་ནད་དེ་སྐྱེས་པར་བྱེད་པར་བྱེད་ཀྱི་ཡོའོ་རེད།
- སྟོབས་དེ་ཡར་ཆེ་རུ་ཕྱིན་བ་རེད་ཟེར།
- ཡང་དེ་ནི་རྗེས་ལ་ཁོ་མགྱོགས་པོ་མགྱོགས་པོ་སྨན་བཅོས་མ་བྱས་ན། སྐྱེས་པའི་སྐབས་ལ་སྨན་བཅོས་བྱེད་མ་ཐུབ་པ་བྱས་ད་དུང་དབྱུགས་བཞག་ན་ཨ་ནི་་་ནད་དེ་གཞི་ནས་ཁོག་པའི་ནང་ལ་གསོག་པ་དེ་འདྲས་བྱེད་ཀྱི་རེད་ཟེར།
- ད་དེ་བསགས་བཞག་ནས་དེ་ནི་ག་ལེར་ག་ལེར་ཡ། དེ་ནི་ཡང་ཡར་ལངས་ཡོང་གི་རེད།
- སྤྱིར་བཏང་གི་ཉེས་པ་གསུམ་པོ་ཁོ་རང་ད་ག་རེད། ད་བད་ཀན་དེ་དཔྱིད་དུས་ལྡང་། དགུན་ཁ་གསོག་པ་དེ་ཟེར་གྱི་རེད།
- བད་ཀན་ཡིན་ན་དགུན་ཁ་གནམ་གཤིས་གྲང་བའི་སྒང་ལ་དེ་ནི་བད་ཀན་རྦད་དེ་ཁོག་པའི་ནང་གསོག་གི་རེད།
- དེ་ནི་དཔྱིད་ཀ་དྲོད་འདུག་ཟེ་སླེབས་པ་དེ་གར་དེ་ནི་བད་ཀན་ཡར་ལྡང་ཡོང་གི་རེད།
- བྱས་ཙང་ཁོ་ག་རད་༿རེད་༾ཟེར་ན། དགུན་ཁ་གྲང་པའི་སྐབས་ལ་ཁོ་འཁྱག་པ་ནང་བཞིན་བྱས་ནས་འདྲིལ་བསྡད་ནས་དེ་ནི་ཁོས་གའི་མ་བྱས་པ་བྱས། དཔྱིད་ཀ་དྲོད་སླེབས་པ་དང་དེ་ནི་དྲོད་ཚད་དེ་ལ་བལྟས་ནས་དེ་ནི་བད་ཀན་དེ་འཁྱག་པ་བཞུར་འདྲའི་བཟོ་འདྲ་བྱས། ཨ་ནི་་་གང་ལྟར་ཡར་ལྡང་ཡོང་གི་རེད་ཟེར།
- ཨོའོ་་་ ད་ནད་ལྡང་བ། ལྡང་བའི་སྐབས་ལ་ཡ། དེ་ནི་སློང་རྐྱེན། ད་ཟས་ལ་སོགས་པ་སྤྱོད་ལམ་སོགས་པ་དེ་འདྲས་ཀྱི་གཅིག་གི་རྐྱེན་བྱས་ནས་ནད་དེ་ཡར་སླངས་ནས་དེ་ནི་སྐྱེས་པར་བྱེད་ཀྱི་ཡོའོ་རེད་ཟེར།
- འོང་་་ནད་ཀྱི་སྟོབས་སྐྱེད་པར་བྱེད་ཀྱི་རེད། ད་དེ་ཚོ་བཤད་རྒྱུད་རང་གི་འཕེལ་འགྲིབ་ནད་ཀྱི་སྐབས་ལ་རྒྱས་ཤིང་རྒྱས་པ་དེ་འདྲས་གསུངས་པ་རེད་པ།
- ད་འདིར་ཡ། སྟབས་བདེ་པོ་བྱས་མདོར་བསྡུས་མདོར་བསྡུས་སོང་ཙང་ཏིག་ཙ་༿ཏོག་ཙམ་༾བྱེད་བདེ་པོ་རེད་འདུག་ག
- ད་དེ་ནས་དེ་ནི་ནད་དེ་སྐྱེས་ཚར་བའི་རྗེས་ལ་ད་དུང་སྨན་བཅོས་ཡག་པོ་མ་བྱུང་བ་བྱས། དུས་ཚོད་རིང་ཙམ་ཕྱིན་ན་ག་རེ་བྱེད་ཀྱི་རེད་ཟེར་ན། ལམ་དྲུག་ལ་བཞུགས་ཀྱི་རེད་ཟེར།
- དེ་ག་ལེར་ག་ལེར་ཁོ་ཕར་རྙིང་པ་ཆགས་ནས་དེ་ནི་ལམ་དྲུག་ལ་བཞུགས་ཀྱི་རེད་ཟེར། ལམ་དྲུག་ཡིན་ན་དེ་ནི་པགས་ལ་འགྲམ་པ་ཤ་ལ་རྒྱས་་པ་རུས་ལ་ཞེན་པ་ཟེར་ཡས་དེ་འདྲས་བང་བྱས་བཞག་པ་གནང་ཡོའོ་རེད།
- དེའི་ལམ་དྲུག་པོ་དེ་ལ་ཡ། དེ་ནི་དེ་འདྲས་ནད་དེ་མར་རིམ་པས་བྱ་ས་བཞུགས་ཀྱི་རེད་ཟེར།
- འོང་་་ བཞུགས་ཡོང་གི་རེད་ཟེར། བྱས་ཙང་དེ་འདྲས་ཅིག་བཞུགས་ཚར་དུས་ཙམ་ནས་དེ་ནི་ན་ཚ་རྙིང་པ་ཆགས་ནས་ཨ་ནི་་་བཅོས་དཀའ་བའི་ནད་དེ་འདྲས་གཅིག་ལ་འགྱུར་ཚར་བ་རེད།
- བཟོ་ཐུབ་ཡས་ཞེ་དྲག་མེད་པ་དེ་འདྲས་འགྱུར་ཚར་བ་རེད། བྱས་ཙང་འོ་དེ་ང་ཚོར་དེ་འདྲས་བཞུགས་ཀྱི་རེད་ཟེར།
- ད་ཡང་ལམ་དྲུག་པོ་ཁོ་རང་ལ་ཡང་དེ་ནི་ཐོག་མར་པགས་ལ་འགྲམ་པའི་སྐབས་ལ་ཏིག་ཙམ་ལས་སླ་གྱི་༿བ་༾རེད།
- ད་རྒྱས་བྱས་མར་རུས་ལ་བཞུགས་པ་དེ་འདྲས་བྱས་ཚར་ན་རྦད་དེ་གཟུགས་པོ་ཡོངས་ལ་བཞུགས་ནས་དེ་ནི་རུས་ལ་བཞུགས་ཚར་བ་རེད་ཨ་ནི་་་དཀའ་ལས་ཁག་པོ་ཆགས་ཡོའོ་རེད་པཱ།
- གནས་ཚུལ་ངོ་མའི་སྒང་ལ་བལྟ་དུས་དེ་འདྲས་རེད།
- ད་དེ་ནས་མཚན་ཉིད་འཕེལ་ཟད་འཁྲུགས་གསུམ། དེ་ནི་ཉེས་པ་གསུམ་པོ་དེ་འཕེལ་བ་རེད་པས། ཉེས་པ་གསུམ་པོ་མི་རེ་ངོ་རེར་འབྱར་རྒྱུ་རེད་ཁོ་ཡང་བཤད་རྒྱུད་ནང་རྒྱས་ཤིང་རྒྱས་པ་རེད།
- རླུང་འཕེལ་བ། རླུང་ཟད་པ། རླུང་འཁྲུགས་པ་ཨེན་་་འཕེལ་ཟད་འཁྲུགས་གསུམ་བྱས་ནས་འགང་ག་༿ཚང་མ་༾ལ་ཡ། རླུང་ད་ལྟ་འཕེལ་བ་རེད་པས། རླུང་འཁྲུགས་པ་རེད་པས། འོ་ན་རླུང་དེ་ནི་ཟད་པ་རེད་པས།
- བྱས་ཙང་དེ་འདྲས་བྱས་ནས་དེ་ནི། འོ་ན་འཕེལ་བ་ཡིན་ན་སྨན་བཅོས་གང་འདྲས་བྱེད་དགོས་རེད་པས། ཟད་པ་ཡིན་ན་སྨན་བཅོས་ག་རེ་བྱེད་དགོས་རེད་པས། འཁྲུགས་པ་ཡིན་པ་སྨན་བཅོས་ག་རེ་བྱེད་དགོས་རེད་པས།
- ཡང་ཁོ་ཁོ་རང་ལ་ཡང་སྨན་བཅོས་བྱེད་ཡས་ཁག་ཁག་རེད།
- ཁག་ཁག ཁག་ཁག་བྱས་གསུངས་པ་རེད་མ་གཏོགས་དེའི་སྒང་ལ་ན་ཚ་ཁག་གསུམ་གསུངས། ཁོ་ལ་སྨན་བཅོས་ཁག་ཁག་བྱེད་ཡས་མེད་པ་དེ་འདྲས་གསུངས་བ་མ་རེད།
- འགང་ག་༿ཚང་མ་༾ལོགས་ལ་འཁྲུགས་པ་ཡིན་ན་འཁྲུགས་པའི་སྨན་བཅོས་བྱེད་དགོས་ཀྱི་ཡོའོ་རེད། ཟད་པ་ཡིན་ན་ཟད་པའི་སྨན་བཅོས་བྱེད་དགོས་ཀྱི་ཡོའོ་རེད།
- ཨེན་་་དེ་ནི། འཕེལ་བ་ཡིན་ན་འཕེལ་བའི་སྨན་བཅོས་བྱེད་དགོས་ཀྱི་ཡོའོ་རེད། བྱས་ཙང་གནས་ཚུལ་ངོ་མའི་སྒང་ལ་དེ་འདྲས་བྱས་ནས་བཞག་གནང་བ་དེ་འདྲས་གཅིག་རེད།
- རྒྱུ་དང་རྐྱེན་དང་རྣམ་པ་བཞི་ཡི་སྒོ་ནས་དབྱེ་དགོས་རེད་ཟེར། ཨོའོ་་་འཕེལ་ཟད་འཁྲུགས་གསུམ་བྱས་དེའི་སྒང་ལ་འཕེལ་བའི་རྒྱུ་གང་བྱས་པ་རད་༿རེད་༾། ད་དེ་བཞིན་གྱི་རྟེན་གྱི་སྒང་ལ་བསམ་བློ་གཏོང་དགོས་རེད་ཟེར།
- ད་དེ་བཞིན་གྱི་དེ་ནི་དེ་དག་ལ་རྣམ་པ་བཞི་པོ་དེའི་སྒང་ནས་དེ་ནི་ན་ཚ་དེ་ཡོང་སྟངས་སྒང་ལ་དབྱེ་བ་ཕྱེ་ནས་གསལ་པོ་དེ་འདྲས་ཤེས་ཡས་ཀྱི་ཐབས་ཤེས་བྱེད་དགོས་ཀྱི་རེད་ཟེར།
- ནད་སྐྱེ་ཡས་ད་འདིར་གང་དེ། ཨོའོ་་་འདི་བྱས། གང་གསོ་བའི་ནད་པ། ཨོའོ་་་གང་གསོ་བའི་ནད་ལ་རིང་བའི་རྒྱུ་མ་རིག་པ་རེད་ཟེར། རིང་རྒྱུ་ངོ་མ་དེ་རྒྱུ་མ་རིག་པ་ཟེར་ཡས་དེ་རེད།
- རྒྱུ་མ་རིག་པ་ཟེར་ཡས་དེ་ཐོག་མར་ལུས་གྲུབ་དུས་ནས། དེ་ནི་རང་གི་ལུས་དང་བྲལ་མེད་སླེབས་པ་དེ་འདྲས་གཅིག་ཡིན་ཟེར།
- ད་དེ་བཤད་རྒྱུད་ནང་ལ་ཡ། དཔེར་ན་བྱ་ནི་མཁའ་ལ་ལྡིང་འགྱུར་ཀྱང་། རང་གི་ལུས་དང་བྲལ་མེད་གྲིབ་ནག་ཡོང་གི་རེད་ཟེར་ཡོའོ་རེད།
- བྱས་ཙང་བྱ་དེ་འདྲས་ནམ་མཁའ་ལ་འཕུར་བ་ཡིན་ནའི་ཁོ་རང་ནམ་མཁར་འཕུར་བ་རེད་དེ་གྲིབ་ནག་དེ་ས་ལ་གང་ལྟར་ཁོ་ག་པར་འགྲོ་སའི་ས་ལ་གྲིབ་ནག་ཡོང་གི་ཡོའོ་རེད་ཟེར།
- དེ་ནང་བཞིན་གྱི་ནད་ཀྱི་རྒྱུ་དེ་ཡང་ཐོག་མར་ལུས་གྲུབ་དུས་ནས་ད་གང་ལྟར་རྦད་དེ་ལུས་དང་བྲལ་མེད་ཁོ་རང་ལུས་ལ་གནས་བསྡད་པ་དེ་ལ་ནད་ཀྱི་རྒྱུ་ཨ་མ་དེ་དེ་ཡིན་གསུངས་བ་རེད་ཟེར།
- ནད་ཀྱི་རྒྱུ་ཨ་མ་དེ་དེ་ཡིན་ཟེར། འོང་བྱས་ཙང་དེ་ཡིན་ན་ནད་ཀྱི་རྒྱུ་དེ་དེ་འདྲས་གཅིག་ལ་བཞག་པ་གནང་བ་ཡིན་གསུངས་བ་རེད།
- རྒྱུ་མ་རིག་པ་ཟེར་ཡས་དེ་ལ། འོང་རྒྱུ་མ་རིག་པ། ད་མ་རིག་པ་ཟེར་ཡས་དེ་ཐོག་མར་ལུས་གྲུབ་དུས་ནས། དེ་ནི་ཁུ་ཁྲག་སེམས་གསུམ་མཉམ་དུ་ཡོད་དུས་ཙམ་ནས་དེ་ནི་མཉམ་དུ་གྲུབ་བསྡད་པ་གཅིག་རེད།
- འོང་། རྒྱུ་མ་རིག་པ་ལས་བྱུང་བའི་དུག་གསུམ་དང་འོང་། དུག་གསུམ་འོང་ད་གིན་གོང་ལ་ཞུས་པའི་ད་གང་ལྟར་ཉེས་པ་གསུམ། ད་དེའི་སྒང་ལ་དེ་ནི་ཉེ་བའི་རྒྱུ། དེས་སྐྱེས་པའི་ཉེས་པ་གསུམ་ནི་ནད་ཀྱི་རྒྱུ་ཡིན་ཟེར།
- འོང་ད་ནད་ཀྱི་རྒྱུ། རྒྱུ་ཨ་མ་དེ་མ་རིག་་པ་རེད་ཟེར།
- དེ་ལ་ཡང་རྒྱུ་ཉེས་པ་གསུམ་མཉམ་དུ་འབྲེལ་བསྡད་ཡོའོ་རེད་ཟེར།
- བྱས་ཙང་དེ་ཡིན་ན་ཉེ་བའི་རྒྱུ་དེ་འདྲས་གཅིག་རེད་ཟེར། རྒྱུ་ཡིན་ན་དེ་ནི་ཉེས་པ་གསུམ་དང་དེ་དག སྒང་གི་དེ་དག་མཉམ་དུ་བྱས་པ་དེ་དག་ཡིན་ན་ནད་ཡོང་ཡས་ཀྱི་རྒྱུ་ངོ་མ་དེ་ད་དེ་གསུམ་ལ་ཐུག དེ་དག་ལ་ཐུག་བསྡད་པ་དེ་འདྲས་གཅིག་རེད་ཟེར།
- འོང་དེ་དག་ལ་ཐུག་པ་རེད་ཟེར།
- དཔལ་ལྡན་བསྟན་འཛིན།ད་དུས་ཀྱི་སྒང་ནས། དུས་ལ་ཡ་ནི་དབང་པོ་སྤྱོད་ལམ་དམན་ལྷག་ལོག་པའི་བསྐྱེད་མཆེད་ཀྱི་རྐྱེན། ད་ཡང་དུས་ཚོད་ཀྱི་རྐྱེན་སྒང་ནས་བཤད་པ་ཡིན་ན། དུས་སོ་སོ་ལ་ཡ་དེ་ནི་དབང་པོ་སྤྱོད་ལམ་དམན་དྲགས་པ་ལྷག་དྲགས་པ་ལོག་པ་ཁག་གསུམ་དེ་འདྲས་གཅིག་རེད་ཟེར།
- དཔལ་ལྡན་བསྟན་འཛིན།བྱས་ཙང་དབང་པོ་སྤྱོད་ལམ་དམན་ལྷག་ལོག་པ། བྱས་ཙང་དེ་ནི་སྤྱོད་ལམ་དམན་ལྷག་ལོག་པ་ཟེར་ཡས་དེ་ཚོ་ལ། ཨ་ནི་་་དབང་པོ་ཡིན་ན་དཔེར་ན་མིག་ལ་མཚོན་པ་ཡིན་ན་མིག་ཚད་ལས་འགལ་བའི་གློག་གི་འོད་ཆེན་པོ་དེ་འདྲས་བལྟས་པ་ཨ་ནི་་་ལོག་པ་རེད།
- དཔལ་ལྡན་བསྟན་འཛིན།ཡང་དེ་ནི་ནག་ཁུང་ཁོ་ར་ལ་བསྡད་པ་ཡིན་ན་ཡང་དེ་ནི་དམན་དྲགས་པ། མདངས་ཁྱོན་ནས་མེད་པ་བྱས་དམན་པ་དེ་འདྲས་ཆགས་པ་རེད།
- དཔལ་ལྡན་བསྟན་འཛིན།བྱས་ཙང་ཡང་དེ་ནི་ལྷག་པ་དེ་ནི་ཡང་ཤས་ཆེར་བལྟས་དྲགས་པ། དེ་ནི་རྦད་དེ་དཔེ་ཆ་བལྟས་པ་ཡིན་ནའི་དཔེ་ཆ་རྦད་དེ་འགོ་ནས་རྐུབ་༿མཇུག་༾བར་དུ་ཉི་མ་ཉིན་གང་དེ་འདྲས་ཟེ་ཤུགས་བརྒྱབ་ནས་བལྟས་ན་མིག་ལ་སྐྱོན་བྱས་ནས་དབང་པོ་ལོག་པ་ཆགས་འགྲོ་གྱི་རེད།
- དཔལ་ལྡན་བསྟན་འཛིན།བྱས་ཙང་ཁོ་ར་ཡང་ཚོད་རན་པོ་དེ་འདྲས་དགོས་ཀྱི་རེད་ཟེར།
- དཔལ་ལྡན་བསྟན་འཛིན།བལྟ་ཡས་ལ་ཚོད་འཛིན་དེ་འདྲས་ཀྱི་དགོས་ཀྱི་རེད་ཟེར།
- དཔལ་ལྡན་བསྟན་འཛིན།ད་དེང་སང་མི་མང་པོ་དེ་འདྲས། ད་ལྟ་ཁ་ཤས་སློབ་ཕྲུག་ཧུར་བརྩོན་ཆེ་ཁ་ཤས་དེ་འདྲས་འདུག རྒྱ་ནག་ཁུལ་དུ་ཕྱིན་ན་སློབ་སྦྱོང་ཞེ་དྲག་བྱས་ནས་ཡར་སླེབས་ནས་མིག་མ་མཐོང་བ་ཆགས་པ་དེ་འདྲས་འདུག
- དཔལ་ལྡན་བསྟན་འཛིན།བྱས་ཙང་དེ་ཨོའོ། ད་དམན་ལྷག་ལོག་པ། དབང་པོ་དེ་ནི་ཧ་ལམ་གྱིས་དེབ་བལྟས་དྲགས་ནས། དེ་ནི་མིག་ལ་སྐྱོན་བྱས་ནས་མིག་ཤེད་ཤོར་བ་ད་གནས་ཚུལ་དེ་འདྲས་ཡོང་གི་ཡོའོ་རེད།
- དཔལ་ལྡན་བསྟན་འཛིན།བྱས་ཙང་དམན་ལྷག་ལོག་གསུམ། དམན་ལྷག་ལོག་གསུམ་པོ་དེ་ནི་ད་ལྟ་འདིའི་སྒང་ལ་དབང་པོ། དབང་པོ་དང་སྤྱོད་ལམ་ལ་ཡའི་དམན་ལྷག་ལོག་གསུམ་འདུག་བཟོ་གསུངས་པ་རེད།
- དཔལ་ལྡན་བསྟན་འཛིན།ཨོའོ། ད་ཡང་དེ་ནི་ང་རང་ཚོའི་སྨན་རང་གི་གསོ་བྱེད་ཀྱི་གཉེན་པོའི་སྒང་ལ་ཡང་དམན་ལྷག་ལོག་གསུམ་ཟེར། དེ་ནི་ཡང་སྨན་ཨེན། ནད་པ་གཟུགས་པོ་སྐྱོ་པོ་ལ་ཡ་སྨན་ཤུགས་ཆེ་དྲགས་པ། ཨོའོ་་་ནད་པ། ན་ཚ་སྟོབས་ཆེན་པོ་ལ་ཡ་སྨན་ཐུན་ཆུང་དྲགས་པ་དེ་འདྲས་བྱས་ནས། དེ་ནི་ན་ཚ་གསོ་མི་ཐུབ་པ་དེ་འདྲས་ལ་ཡང་དམན་ལྷག་ལོག་པ་ཟེར་ཡང་།
- དཔལ་ལྡན་བསྟན་འཛིན།ཡང་འཛར་ར་གཅིག་དེའི་གྲས་རེད། འོ་ད་དེ་བྱས།