Skip to main content Skip to search
15 Dec 2011
31 min 31 sec
Rating
0
No votes yet
Video Overview
Creators: 
Unknown

Dr. Panden Tenzin, a medical scholar, provides a detailed oral commentary on kong sprul yon tan rgya mtsho on medicine and medical theory, selections from The Encompassing of All Knowledge (shes bya kun khyab) by Jamgon Kongtrul. This is part of the series A Reader of Classical Tibetan 7.3: A Commentary on Selections on Medicine from Jamgön Kongtrül's encyclopedic Encompassing of All Knowledge.

Show More

  • དེ་ནི་ཨན་འཇམ་པོའི་དཔྱད་བྱས་པ་ཡིན་ན་དུགས།དུགས་དང་ལུམས།བྱུག་པ་ཟེར་ཡས་དེ་ཚོའི་ནང་ནས་རིགས་ག་རེ་གཅིག་བརྟེན་དགོས་ཀྱི་ཡོའོ་རེད། དེ་བལྟས་ནས་ནད་པ་ཁོ་རང་ལ་གཞིགས་པའི་ཁ་ཐུག་ཁ་ཐུག་བྱས་ནི་སྨན་བཅོས་བྱེད་ཡས་དེ་འདྲས་གསུངས་པ་རེད།
  • ད་འདི་སློབ་ཚན་འཁྲིད་ཡས་འདི་གཞུང་ལུགས་འདི་ད་རེས་ཡང་གསར་པའི་བཟོ་འདྲའི་ཅིག་རེད།
  • ནམ་རྒྱུན་སློབ་ཚན་འཁྲིད་ཡས་སྒང་ག་ལོགས་རྒྱུད་བཞིའི་གྱི་རང་གཞིར་བཟུང་བྱས་ནི་འཁྲིད་ཀྱི་ཡོའོ་རེད་ལགས།
  • ཨ་ནི།ད་ཡིན་ནའི་འདིའི་ནང་ལ་ཡ་གཙོ་བོ་འདི་ཨན་གང་ལྟར་བཤད་རྒྱུད་ཀྱི་རྩ་དོན་གཞིར་བཟུང་རེད། ད།ད་ལྟ་གསོ་ཚུལ་ཟེར་ཡས་འདི་ད་བཤད་རྒྱུད་ཀྱི་ད་གསོ་ཚུལ་ཨོང་ཨ་མ་དེ་རེད།
  • བྱས་ཙང་འདི་སོང་ཙང་ད་འདིའི་ནང་ལ་ཡ་དེ་ནི་ཨན་དང་པོ་འདི་དེ་ནི་གཉིས་པ་གསོ་ཚུལ་རྒྱས་པར་བཤད་པ་ཟེར་ཡས་འདི། གསོ་ཚུལ་ལ་ཡ་དེ་ནི་རྩ་བའི་གྱི་སྤྱིའི་གསོ་ཚུལ། བྱེ་བྲག་གསོ་ཚུལ། ད་དེ་ནི་ཐུན་མོང་གསོ་བའི་དང་དེ་ནི་ཁག་བཞིའི་བཟོ་འདྲའི་ཅིག་ད་ལེའུ་ཁོ་རང་ལ་བྱས་ན་ལེའུ་བཞིའི་བཟོ་འདྲའི་ཅིག་བཤད་རྒྱུད་ཁོ་རང་ལ་འདི་འདྲས་གཅིག་རེད།
  • ད་ལྟ་འདིའི་ནང་ལ་ཡ་ད་ལྟ།ཨན།གསོ་ཚུལ་རྒྱས་པར་བཤད་པ་ཟེར་ཡས་དེ་བསྟན་པའི་ནང་འོ་འདི་འདྲས་གཅིག་རེད་བཞག། བྱས་ཙང་འདིའི་ནང་ལ་ཡ་དེ་ནི་ས་བཅད་སྒང་ལ་ཡ་མདོར་བསྟན་པ་དང་རྒྱས་པར་བཤད་པ་ཟེར་གཉིས་བཤད་པ་རེད། དེ་མདོར་བསྟན་པ་བཤད་དུས་ཙམ་ནས་ལས་སླ་པོ་རེད། ཞེ་དྲག་གི་མང་པོ་འདི་འདྲས་མ་རེད།
  • རྒྱས་པར་བཤད་དུས་དེ་ནི་ཁོ་རེ་རེ་རེ་རེ་བྱས་ནི་མར་རྩ་ཚིག་དང་སྦྱར་ནི་འགྲེལ་བཤད་རྒྱག་ཡས་འདི་འདྲས་གཅིག་རེད། ད་བྱས་ཙང་ཁོ་ཨན་དོན་དག་འདི་ཨན་གཙོ་བོ་གྱི་ད་གསོ་ཚུལ་ཟེར་ཡས་འདི། ཨན་ད་ནད་པ་གསོ་ཡས་ཀྱི་ད་ཨན་འགག་རྩ་དང་འཁེལ་མི་འཁེལ་དེ་གསོ་ཚུལ་ལ་བརྟེན་དགོས་ཀྱི་ཡོའོ་རེད།
  • ཨན་བྱས་ཙང་འདིའི་ནང་ལ་ཡ་དང་པོ་འདི་ཡིན་ན་དེ་ནི་ཨན་གསོ་ཚུལ་ཟེར་ཡས་འདིའི་ནང་ལ་གང་འདྲས་ཅིག་བྱེད་དགོས་ཀྱི་ཡོའོ་རེད་ཟེར་ན། དེ་ནི་ཨན་དང་པོ་ཡིན་ན་དེ་ནི་ཨན་གསོ་བྱ་གང་གི་ཕྱིར་གསུངས་བ་རེད།
  • འན་དེ་ནི་གང་གསོ་བའི་ནད་གསུངས་བ་རེད། ད་དེ་བཞིན་གྱི་དེ་ནི་གསོ་བྱེད་ཀྱི་སྙིང་པོ་ཨན་བྱས་ནི་ད་འདུག་ཟེར་བྱས་ནི་མར་ས་བཅད་འདི་གས་འདུག་བཟོ་དེ་ཁ་ཕྲལ་ནས་གསུངས་བ་རེད།
  • བྱས་ཙང་འདིའི་ནང་ལ་ཡ་དེ་ནི་ཨན་གང་གསོ་བར་བྱ་བའི་ལུས་ད་དེ་ནི། ནད་པ་གཅིག་གི་སྨན་བཅོས་བྱེད་ཡས་ཀྱི་སྒང་ལ་ཡ་དེ་ནི་ཨན་ནད་མེད་གསོ་དགོས་ཀྱི་ཡོའོ་རེད། ནད་ཆེན་གསོ་དགོས་ཀྱི་ཡོའོ་རེད། ཨན་ད་འདི་གཙོ་བོ་རྩ་དོན་གཉིས་རེད།
  • བྱས་ཙང་དེ་ནི་ནད་མེད་ཡིན་ན་ནད་མེད་པར་རིང་དུ་གནས་པར་བྱེད་ཡས་ཀྱི་གསོ་ཐབས། ནད་ཅན་ཡིན་ན་དེ་ལ་གཞིགས་པའི་གྱི་དེ་ནི་ཨན་གསོ་བྱེད་ཀྱི་གཉེན་པོའི་སྒང་ནས་གང་འདྲས་གང་འདྲས་ཟེར་བྱས་ནས་གསོ་དགོས་ཀྱི་ཡོའོ་རེད། དེ་འདྲས་མར་འགྲེལ་བཤད་སྐྱོན་ནས་རྒྱས་པོ་བྱས་ནི་གསུངས་པ་གནང་བ་རེད།
  • བྱས་ཙང་གསོ་བྱེད་ཀྱི་གཉེན་པོ་ལ་ཡ་དེ་ནི་ཨན།སྤྱོད་ལམ། ཟས། སྨན། དཔྱད་ཨན་ད་འདི་དེ་ནི་བོད་སྨན་གྱི་ད་རྩ་དོན་ཡོད་ན་མེད་ན་དེ་ད་ཁག་བཞི་པོ་འདི་ལ་བརྟེན་དགོས་ཀྱི་ཡོའོ་རེད། ད་ཁག་བཞི་པོ་འདི་ལ།
  • བྱས་ཙང་སྤྱོད་ལམ་གཅིག་ལ་མཚོན་པ་ཡིན་ན་ཡང་སྤྱོད་ལམ་ཟེར་ཡས་འདི། ཨན་ནད་མེད་ཀྱི་སྐབས་ལ་སྤྱོད་ལམ་གང་འདྲས་བྱེད་ཀྱི་ཡོའོ་རེད། ནད་ཅན་ཆགས་སོང་ན་སྤྱོད་ལམ་གང་འདྲས་འདུག ཁོ་ཡིས་སྤྱོད་ལམ་ཟེར་མིང་ཅིག་བཤད་པ་རེད་མ་གཏོགས་དོན་དངོས་ཀྱི་ནང་ལ་ཡ་དེ་ནི་ནད་མེད་སྐབས་ལ་སྤྱོད་ལམ་གང་འདྲས་བྱེད་ཀྱི་ཡོའོ་རེད། ནད་ཅན་ཆགས་སོང་ན་སྤྱོད་ལམ་ག་རེ་ག་རེ་བྱེད་དགོས་ཀྱི་ཡོའོ་རེད། གཅིག་རེད།
  • ད་ག་ནང་བཞིན་གྱི་ཟས་སྒང་ལ་ཡིན་ན་ཡང་ཟས་དུས་རྒྱུན་ལྡན་ནས་ཟས་གང་འདྲས་གང་འདྲས་བྱས་ནི་བཟའ་དགོས་ཀྱི་ཡོའོ་རེད། ལུས་ལ་ཕན་པའི་ཟས་ག་རེ་བཟའ་གྱི་ཡོའོ་རེད། གནོད་པའི་ཟས་གང་འདྲས་གང་འདྲས་བྱས་ནི་སྤངས་བྱ་བྱེད་དགོས་ཀྱི་ཡོའོ་རེད།
  • ཨན།དེ་འདྲས་ཀྱི་དེ་ནི་ཨན་ནད་པ་ལ་ཡ་དེ་ནི་སྨན་པས་བསླབ་བྱ་བྱེད་ཡས་ཀྱི་རྩ་འགག་ཆེན་པོ་འདི་འདྲས་བཞག་པ་རེད།
  • ད།དེ་ནས་དེ་ནི་སྨན། སྨན་གྱི་གསོ་བྱེད་ཀྱི་གཉེན་པོ་དེ་ནི་རྗེས་ལ་ཡ་དེ་ནི་ཨན་རྦད་དེ་ན་ཚ། ནད་པ་ཆགས་ཚར་རའི་གཞུག་གུ་ལ་ཡ་གསོ་བྱེད་འདི་སྨན། སྨན་འདི་ཡིན་ན་དེ་ནི་ཨན་ད་ནད་གསོ་ཡས་ཀྱི་གཉེན་པོ་ད་ཡོད་ན་མེད་ན་དེ་ད་སྨན་འདི་བྱས་ནས་སྨན་འདིས་གསོ་ཡས།
  • ཨན།ད་དེ་ནས་སྨན་གྱི་དེ་ནི་གཞུག་གུ་ལ་ཡ་དཔྱད་བྱེད་དགོས་ཡས་ད་ཡིན་ནའི་ཁག་གསུམ།ཁག་བཞི་འདུག་ཟེར་གསུངས་ཡོའོ་རེད།
  • ད་འདི་འདུག་བཟོ་ གསུངས། བཤད་དུས་ཙམ་ནས་སྟབས་བདེ་པོ་དང་ལས་སླ་པོའི་བཟོ་འདྲའི་ཅིག་རེད། དོན་དངོས་ཀྱི་ནང་ལ་ནད་པ་ངོ་མའི་སྒང་ལ་སླེབས་དུས་ཙམ་ནས་དེ་དག་རྦད་དེ་བང་བསྒྲིགས་ནི་མར་ལས་ཀ་ཡག་པོ་བྱེད་ཡས་དེ། ཨན་ཁག་པོ་ཞེ་དྲག་ཡོད་པ་འདི་འདྲས་རེད་ཁག་པོ་ཞེ་དྲག་དེ་འདྲས་རེད།
  • ཨན།དཔེར་ན་སྤྱོད་ལམ་གཅིག་ལ་སྤྱོད་དགོས་ཡིན་ན་ཡང་ཁྱོད་རང་ལ་དེ་ནི་ཨན་སྤྱོད་ལམ་འདི་བཤད་རྒྱུད་ནང་ལ་སྤྱོད་ལམ།ཟས།སྨན་དཔྱད་ཟེར་བྱས་ནས་་ཁོ་རང་ལེའུ་དེ་དག་བང་སྒྲིགས་ནི་བཞག་བཞག་ཡོའོ་རེད།
  • བྱས་ཙང་དེ་ནིསྔོན་ལ་སྤྱོད་ལམ་ཡག་པོ་བྱས་ནི་ན་ཚ་དེ་ལ་སྨན་བཅོས་གཞན་དག་བྱེད་མ་དགོས་བྱས་ནས། སྤྱོད་ལམ་ཡག་པོ་བྱས་ནི་ན་ཚ་དྲག་ཐུབ་ཡས་ཀྱི་ཐབས་ཤེས་བྱས། ཡང་དེ་ནི་ཨན་སྤྱོད་ལམ་གྱི་ཨན་འདི་རུ་ཡག་པོ་དྲག་ཀྱི་མིན་འདུག་ན། ཟས་ཀྱི་དེ་ནི་སྒང་ནས་སྤངས་བླངས་ཡག་པོ་བྱེད་ཡས་གང་དང་ན་ཚ་དྲག་ཐུབ་ཡས།
  • ཨན།ད་དེ་ནས་འདི་གཉིས་ཀྱིས་དྲག་གི་མི་འདུག་ན། དེ་ནི་སྨན་གྱིས་སྨན་བཅོས་བྱེད་ཡས་གང་ལྟར་དེ་ནི་ན་ཚ་དྲག་ཐུབ་ཡས།
  • ད་སྨན་བསྟེན་ནས་ད་དུང་ཡག་པོ་དྲག་ཐུབ་ཀྱི་མི་འདུག་ན། རྗེས་མ་ལ་ཡ་དཔྱད་བྱེད་དགོས་རེད་གསུངས་པ་རེད།
  • ད་དཔྱད་ལ་ཡ་ནང་གསེས་ཀྱི་ཁག་མང་པོ་རེད། ཨན་དཔྱད། ཨན་སྨན་ཁོ་རང་ལ་ཡ་ནང་གསེས་ཀྱི་དབྱེ་བ་ཕྱེ་ཡས་རེད། སྨན་འཇམ་པའི་གྱི་ཨན།ད་ག་རེ་ཟེར་དགོས་རེད། ཞི་བྱེད་ཀྱི་སྦྱོར་བ་དང་སྦྱོང་བྱེད་ཀྱི་སྦྱོར་བ་ཟེར་བྱས་ནས་སྦྱོར་བ་ཁོ་རང་ཆེན་པོ་ཁག་གཉིས་བཞག་པ་རེད།
  • གཅིག་ཡིན་ན་སྨན་རང་བཞིན། སྨན་ཁོ་རང་བཞིན་གྱིས་ན་ཚ་དེ་མར་མེད་པར་བཟོ་དགོས་ཡས་ཀྱི་སྨན་རེད། གཅིག་ཡིན་ན་དེ་ནི་ན་ཚ་ཤུགས་ཆེན་པོ་བྱས་ནི་མར་ཁོག་པ་མར་བཤལ་གང་ལྟར་སྦྱོངས་བཏང་ནས་དེ་ནི་ན་ཚ་ཕྱི་ལ་བཏོན་ཡས་ཀྱི་སྨན་བྱས་ནི་ཁག་གཉིས་འདི་འདྲས་བཞག་པ་གནང་བ་འདི་འདྲས་རེད།
  • ཨན།ད་ག་ནང་བཞིན་གྱི་དེ་ནི་ཨན་དཔྱད་ལ་ཡ་འཇམ་པའི་དཔྱད་དང་རྩུབ་པའི་དཔྱད་ཟེར་ཡང་ཁག་གཉིས་འབྱེད་ཡས་འདི་འདྲས་རེད། ཨན་རྩུབ་པའི་དཔྱད་ཟེར་དུས་ཙམ་ནས་ཁྲག་རྒྱག་ཡས་དང་མེ་རྒྱག་ཡས།
  • ད་བོད་རིགས་ཀྱི་དེ་ནི་ཁྲག་རྒྱག་གི་རེད་མེ་རྒྱག་གི་རེད། ད་འདི་ཚོ་ལྷ་ས་ཁུལ་ལ་ཡིན་ན་མེ་ཁྲག་རྒྱག་ཡས་དེ་ཏོག་ཙམ་ཉུང་བ་རེད།
  • ཨན།སྨད་མ་མཱ་༼ངོ་ཕྱོགས་ཀྱི་༽ཆབ་མདོ་དང་སྟོད་མངའ་རིས་ཟེས་ཡས་འདི་ཚོ་ལ་མེ་ཁྲག་དེ་ཞེ་དྲག་གི་མང་པོ་རྒྱག་གི་རེད། ཤུགས་ཆེན་པོ་རེད། ལག་ལེན་ཟེར་ཡས་དེ་མང་པོ་བྱེད་ཀྱི་རེད།
  • ཨན།ལུང་པ་སོ་སོ་ལ་ཏོག་ཙམ་མ་འདྲ་འདི་འདྲས་རེད། འོ་འདིས་ཨན་འདིའི་ནང་ལ་ཡ་དེ་ནི་འདི་རེད། དེ་ནི་དཔྱད་འཇམ་པ་བྱེད་དུས་ཙམ་ནས་ཡིན་ན་ད་ལྟ་ལུམས་རྒྱག་པ་ཟེར་ཡས། བྱུག་པ་རྒྱག་པ་ཟེར་ཡས། དུགས་རྒྱག་པ་ཟེར་ཡས། འདི་ཚོ་འཇམ་པོའི་དཔྱད་ཟེར་བྱས་ནི་ཡང་ཨན་ཁག་གཉིས་ལ་ཕྱེ་ནི་དབྱེ་བ་རང་འདི་འདྲས་ཅིག་ལ་གནང་ཡོའོ་རེད།
  • བྱས་ཙང་འདིས་ད་གསོ་བྱེད་ཀྱི་གཉེན་པོ་བཞི་པོ་དེ་ཡིན་ན་ད་ག་དུས་ཡིན་ན་ཡང་ཨན། ནད་དང་འབྲེལ་བ་མེད་པར་ཁོ་རང་ཁྱོན་ནས་ག་དུས་ཡིན་ནའི་ཁོ་གཉིས་འབྲེལ་བ་ཡོད་པ་འདི་འདྲས་ཅིག་རེད།
  • བྱས་ཙང་ཅིག་གི་ཟེར་འདིའི་སྒང་ལ་ཡ་དེ་ནི་ཟབ་ཟབ་བྱེད་ཡས་དེ་གཙོ་གནས་གཅིག་ལ་བཟུང་དགོས་ཀྱི་ཡོའོ་རེད། ད་ད་ལྟ་འདི་ཚོ་གནས་ཚུལ་དེ་ད་ལྟ་སྒང་དེར་བསྡོམས་དེ་འདུག་བཟོ་བྱས་ནས་བཞག་པ་རེད་མ་གཏོགས། གཤམ་ལ་མར་སླེབས་སོང་ན་དེ་ནི་ཡང་ནད་ཅན་དངོས་སུ་ཆགས་ན་གང་འདྲས་གང་འདྲས་བྱེད་དགོས་དེ་ད་དོན་དངོས་ཀྱི་ཁོའི་གང་ལ་བསམ་བློ་གཏང་དགོས་ཀྱི་ཡོའོ་རེད།
  • ད་ཡང་གསོ་ཐབས་ད་དངོས་སུ་ནད་པ་འདི་འདྲས་ཆགས་ཚར་ནི་གསོ་ཐབས་ཀྱི་སྒང་ལ་ཡ་ག་རེ་བྱེད་དགོས་ཀྱི་ཡོའོ་རེད་ཟེར་ན།
  • གསོ་ཐབས་ལ་ཡ་ཨ་ནི་དུས་རྒྱུན་ལྡན་ནས་རྣམ་པར་མ་འགྱུར་བ། ད་ལྟ་ཨན་རྩ་རྒྱུད་ནང་ལ་རྣམ་པར་འགྱུར་པ་དང་མ་འགྱུར་པ་ཟེར་བྱས་ནས་ས་བཅད་གཉིས་སྤེལ་ཡོའོ་རེད།
  • བྱས་ཙང་དེའི་ཡ་༼འདི་ལ་ཡ་༽དེ་ནི་གསོ་ཐབས་ཀྱི་ནང་ལ་ཡ་ནད་མེད་གནས་པ་ཟེར་ཡས་དེ་ཡིན་ན། དེ་ནི་རྣམ་པར་མ་འགྱུར་པ་བྱས་ནི་དེ་ནི་ཨན་ལུས་བདེ་ཐང་དུ་གནས་པར་བྱེད་ཡས་ཀྱི་གསོ་ཐབས། ད་ག་ནང་བཞིན་གྱི་དེ་ནི་ཨན་རྣམ་པར་འགྱུར་ཚར་སོང་ན་དེ་ནི་ཡང་གང་འདྲས་བྱས་ནི་གསོ་དགོས་ཀྱི་ཡོའོ་རེད། འདིའི་གསོ་ཐབས་བྱས་ནི་ཁག་གཉིས་གསུངས་བ།
  • བྱས་ཙང་རྣམ་པར་འགྱུར་བ་ཟེར་ཡས་དེ་ག་རེ་རེད་ཟེར་ན། ད་ད་ལྟ་ཨན་བོད་པའི་སྨན་གཞུང་སྒང་ལ་ཡ་ངེས་པ་རླུང་མཁྲིས་བད་ཀན་གསུམ་ཟེར་ཡས་དེ་རྩ་དོན་ཁོ་རང་ཟིན་སའི་ཨ་མ་དེ་འདི་རེད།
  • འདིས་དེ་གས་གསུམ་པོ་དེ་ལ་བརྟེན་གང་ལྟར་དེ་ནི་ན་ཚ་ལ་ཡ་འཕོ་འགྱུར་ཡོང་ཡས་དང་དེ་ཚོ་འདི་ཚོ་གསུམ་གྱི་བྱེད་ལས་ལ་བརྟེན་ནས་ཡོང་གི་ཡོད་ཟེར།
  • བྱས་ཙང་འདི་ག་རེ་རེད་ཟེར་ན་དུས་རྒྱུན་ལྡན་སྐབས་ལ་ངེས་པ་རླུང་མཁྲིས་བད་ཀན་གསུམ་པོ་འདི་ན་ཚ་ཁྱོན་ནས་མེད་པ་ཁོ་རང་ལུས་བདེ་ཐང་དུ་གནས་རྒྱུར་ཁོས་གཟུགས་པོ་ལ་སྒང་གས་རླུང་གིས་བྱེད་ལས་བྱས། མཁྲིས་པ་བད་ཀན་གསུམ་བྱས་ཀྱི་གཟུགས་པོ་ལ་རོགས་པ་བྱས་གང་ལྟར་ལས་ཀ་བྱེད་ཐུབ་ཀྱི་ཡོའོ་རེད།
  • རྣམ་པར་འགྱུར་ཚར་སོང་ན་ཁོ་རང་བཞིན་གྱི་དེ་ནི་ངོ་བོ་འགྱུར་ནས་དེ་ནི་རླུང་ཟད་པ་དང་། རླུང་འཕེལ་བ་དང་། རླུང་འཁྲུགས་པ་ཟེར་ཡས་ད་ག་ནང་བཞིན་བད་ཀན་མཁྲིས་པ་གང་ག་ལ་ལ་འདུག་བཟོ་སྦྱར་ཡས་ཡོད་འདུག འདུག་བཟོ་སྦྱར་དུས་ཙམ་ནས་དེ་ནི་ཨན་ཁོ་རྣམ་པར་འགྱུར་ཚར་བ་དེས། འདི་འོ་ན་གང་འདྲས་བྱས་ནི་གསོ་དགོས་ཀྱི་ཡོའོ་རེད། འདི་གསུངས་པ་རེད། ཁག་གཉིས་འདུག་བྱས་ནི་གསུངས། འདིའི་རེད།ད་འདི་ཁ་ཐུག་ཁ་ཐུག་ལ་ཞུས་པ་མ་གཏོགས།
  • ད་གསོ་མཁན། གསོ་མཁན་ཟེར་ཡས་འདི་སྨན་པ་འདི་ད་དེ་ནི་ཨན་ན་ཚ་དངོས་སུ་གསོ་མཁན་གྱི་དེ་ནི་ཨན་བྱེད་པ་པོ་དེ་སུ་རེད་ཟེར་ན། སྨན་པ་རེད་ཟེར། འདིས་དེ་ནི་འདིའི་ཀྱི་རྩ་བ་དང་ཡན་ལག་བཅས་པ་ཐམས་ཅད་མདོར་བསྡུས་པ་གཅིག མདོར་བསྡུས་པའི་སྒང་ནས་བཤད་པ་ཡིན་ན། གཙོ་བོ་འདི་ཡིན་ན་དེ་ནི་ཨན་བཤད་རྒྱུད་སྒང་ལ་གསུངས་པ་གཞིར་བཟུང་རེད་གསུངས་བ་རེད།
  • བྱས་ཙང་གོང་དུ་སྨྲོས་པའི་བཤད་པའི་རྒྱུད་ཀྱི་དེ་ནི་ཨན་སྡོམ་ནི་གསོ་རིག་སྤྱིའི་འདུ་བྱེད་ཆེན་མོ་ད་གསོ་བ་རིག་པའི་གཞུང་ལུགས་ཀྱི་ད་འགྲེལ་བཤད་རྒྱག་ཡས་ཀྱི་ཡོད་ན་མེད་ན་རྩ་དོན་དེ་ག་པར་རེད་ཟེར་ན།
  • གསོ་བ་རིག་པ་རེད་ཟེར། གང་ཟེར་བཤད་རྒྱུད་རེད་ཟེར། བཤད་རྒྱུད་སྒང་ནས་དེ་ནི་ཨན་མ་གཞི་ཁོ་ལ་ཡ་རྩ་རྒྱུད། བཤད་རྒྱུད། ཨན།མན་ངག་རྒྱུད། ཕྱི་མ་རྒྱུད་བྱས་ནི་ཁག་བཞི་གསུངས་བ་རེད་ཏེ་ཡིན་ན་ཡང་རྩ་རྒྱུད་དེ་འདུས་པོ་ཞེ་དྲག་བྱས། བཤད་རྒྱུད་དེ་རྒྱས་པོ་ཞེ་དྲག་ཡོའོ་རེད།
  • མན་ངག་རྒྱུད་ནི་གཙོ་བོ་ནད་རྟོགས་ཀྱི་རིག་པའི་སྐོར་ལ་རེད་མ་གཏོགས་འདི་འདྲས་འགྲེལ་བཤད་འདི་འདྲས་ཞེ་དྲག་ཡོའོ་མ་རེད། ད་ཕྱི་མ་རྒྱུད་དེ་ནི་གཙོ་བོ་ལག་ལེན་བྱེད་ཡས་དེ་ད་དངོས་སུ་ནད་པའི་སྒང་ལ་ལག་ལེན་བྱེད་ཡས་ཁག་བཞི་འདི་འདྲས་བྱས་ནི་སྡོམ་བརྒྱབ་ནི་གསུངས་བཞག་པ་འདི་འདྲས་ཅིག་རེད།
  • བྱས་ཙང་གོང་དུ་བཤད་ནི་གསུངས་པའི་གྱི་དེ་ནི་གསོ་རིག་སྤྱིའི་འདུ་བྱེད་ཆེན་མོ་ཡིན་པའི་དེ་ཉིད་དེ་ནི་ཅུང་ཟད་ཅིག་རྒྱས་རུ་བཏང་ནི་བཤད་ན་གསུངས་བ་རེད། ད་རྒྱས་རུ་བཤད་ནི་གཏང་ན་ཟེར།
  • གསོ་བྱ་ཟེར་ཡས་ཀྱི་ད་ནད་པའི་ཨན་སྨན་པས་གྱི་གསོ་བར་བྱེད་ཡས་ཀྱི་གསོ་བྱ་ཡི་དེ་ནི་ནད་པ་ཡིན་ནའི་རེད་དེའི་ཡུལ་འདི་ཡིན་ན་གང་གི་ཆེད་དུ་གསོ་དགོས་ཀྱི་རེད་ཟེར།
  • གང་གི། སྨན་པ་ཁོ་རང་གི་དེ་ནི་གསོ་བྱ་ཟེར་ཡས་ཀྱི་ཡུལ་དེ་ཡིན་ན་གང་འདྲས་ཅིག་ལ་གསོ་དགོས་ཀྱི་ཡོའོ་རེད་ཟེར་ན། འདི་ནི་ནད་པ་རེད་ཟེར། ནད་པ་དེ་ནི་ནད་གང་འདྲས་ཅིག་གི་ཕྱིར་དུ་དེ་ནི་གསོ་བར་བྱ་བ་བྱེད་དགོས་ཀྱི་ཡོའོ་རེད་ཟེར། དེའི་ལུས་དེ་རེད་ཟེར།ལུས་དེ་རེད་ཟེར།
  • གང་ཞིག་གསོ་བར་དེ་ལ་འོང་། ད་ནད་པ་གསོ་ཡས་དེ་ལ་ཡ་དེ་ནི་འབྱུང་བའི་དེ་ནི་ནད། ཁྱོད་དེ་ནི་གསོ་བྱའི་གྱི་ལུས་དང་ནས་དེ་གཉིས་གཉིས་ཀྱི་སྒང་ལ་ཡ་བསམ་བློ་གཏང་ཡས་ཁག་གཉིས་ནང་གསེས་ཀྱི་དབྱེ་ཕན་འབྱེད་ནི་ཁག་གཉིས་ཀྱི་གོང་ལ་བསམ་བློ་གཏང་དགོས་ཀྱི་ཡོའོ་རེད་ཟེར།
  • བྱས་ཙང་འདི་ཡིན་ན་དེ་ནི་གསོ་བྱེད་ཀྱི་གཉེན་པོ་ལ་ཡང་འོ་དེ་སྒང་གི་ནད་པ་དེ་ལ་ཡ་གསོ་བྱེད་ཀྱི་གཉེན་པོ་ལ་ཡ་དེ་ནི། ད་སྒང་གི་གང་རོབ་ཙམ་ཞུས་པ་ཡིན་སྤྱོད་ལམ་ཟེར་ཡས་སྨན་དཔྱད་བཞི་པོ་དེས་གང་འདྲས་གང་འདྲས་གང་འདྲས་བྱས་ནི་གསོ་དགོས་ཀྱི་ཡོའོ་རེད་ཟེར།
  • ད་གང་འདྲས་གང་འདྲས་གང་འདྲས་བྱས་ནི་གསོ་དགོས་ཀྱི་ཡོའོ་རེད་ཟེར། འདིའི་ཀྱི་སྡོམ་འདི་འདུག་ཟེར་བྱས་ནི་བཞག་པ་གནང་རེད། ད་འདི་གཙོ་བོའི་འདི་སྡོམ་རེད།
  • ད་གཤམ་དུ་མར་ཡང་ཁོ་ཁ་ཐུག་ཁ་ཐུག་ཡང་འགྲེལ་བཤད་རྒྱག་གི་རེད། ད་ཡིན་ནའི་འདི་ཚོའི་སྒང་ལ་ཡ་དེ་ནི་ཨན་རྙོག་དྲྭ་ཚ་པོ་ཡོའོ་རེད།
  • དཔེར་ན་ད་ལྟ་འདི་ལ་ཡ་སྤྱོད་ལམ་ཟེར་ཡས་སྨན་དཔྱད་བཞི་ཟེར་བྱས་ནི་འདུག་ཟེར་བཞག་པ་རེད། བྱས་ཙང་ད་ད་ལྟ་འདིའི་སྒང་ལ་གསོ་བྱེད་གཉེན་པོ་འདི་དཔེར་ན་ནད་པ་དངོས་སུ་ནད་པ་གཅིག་ཡོད་པ་ཡིན་ན་ནད་པ་འདི་ད་ལྟ་ན་ཚ་དེ་དངོས་གནས་དྲང་གནས་ཀྱི་ཚ་བ་རེད་གྲང་བ་རེད།
  • བོད་སྨན་སྒང་ལ་ཡ་གཙོ་བོ་འདི་ཚ་གྲང་གཉིས་ཀྱི་སྒང་ལ་དབྱེ་བ་ཕྱེས་ནི་ནད་དེ་ཚ་གྲང་གཉིས་ལ་དབྱེ་བ་ཕྱེས་ནི་དེའི་སྒང་ལ་ཡ་དེ་ནི་འདུས་པ་ཟེར་ཡས་ཀྱི་དེ་ནི་ལྡན་འདུས་ཀྱི་ནད་ཟེར་ཡས། ད་དེ་འདྲས་ཟེར་བྱས་ནི་དབྱེ་བ་འབྱེད་ཡས་ཡོའོ་རེད་དའི་ཡིན་ནའང་གཙོ་གནས་དེ་ཚ་གྲང་གཉིས་ཀྱི་སྒང་ལ་ངོས་འཛིན་དགོས་ཀྱི་ཡོའོ་རེད།
  • བྱས་ཙང་འདིའི་སྒང་ལ་ཡ་དཔེར་ན་སྤྱོད་ལམ་གཅིག་ལ་མཚོན་པ་ཡིན་ནའི་ནད་པ་དེ་ད་ལྟ་ཚ་བ་ན་ཡོའོ་རེད་པས། ཚ་བ་ན་ཡོད་ན་འོ་ན་དེ་ལ་ཡ་དེ་ནི་སྤྱོད་ལམ་གང་འདྲས་ཟེར་གང་འདྲས་ཟེར་བསྟེན་དགོས་ཀྱི་ཡོའོ་རེད།
  • ནད་པ་དེ་དེ་ནི་ཚ་བ་ན་ཡོད་ན་ཟས་གང་འདྲས་གང་འདྲས་བརྟེན་དགོས་ཀྱི་ཡོའོ་རེད་གང་འདྲས་གང་འདྲས་སྤངས་དགོས་ཀྱི་ཡོའོ་རེད།
  • ནད་པ་དེ་ད་ལྟ་དེ་ནི་ཚ་བ་ན་བ་སོང་ཙང་དེ་ལ་སྨན་དྲོད་བསྟེན་དགོས་ཀྱི་ཡོའོ་རེད་བསིལ་བརྟེན་དགོས་ཀྱི་ཡོའོ་རེད། ད་ནད་པ་དེ་ད་འོ་ན་ཚ་བ་ན་བ་ལ་སོང་སང་གཞུག་གུའི་དཔྱད་ལ་ཡང་མེ་རྒྱག་དགོས་ཀྱི་ཡོའོ་རེད། ཁྲག་རྒྱག་དགོས་ཀྱི་ཡོའོ་རེད།
  • དེ་འདྲས་བྱས་ནི་བྱེད་དགོས་ཀྱི་རེད་གསུངས་བ་རེད། ད་ཁོ་ཁ་ཐུག་ལབ་ན་འདི་རུ་སྡོམ་བྱས་ནི་གསུངས་དུས་ཙམ་ནས་ལམ་སང་གོ་བདེ་པོ་ཞེ་དྲག་ཡོའོ་མ་རེད།
  • ཨན་དོན་དངོས་ནང་ལ་ཁོ་ལག་ལེན་དངོས་ནང་ལ་བྱེད་དུས་ཙམ་ནས་རྙོག་དྲྭ་ཚ་པོ་འདི་འདྲས་ཡོའོ་རེད།
  • ནད་ཀྱི་གཉེན་པོས་ཇི་ལྟར་གསོ་བའི་ཚུལ་ལམ་ཐབས་ལ་ད་དངོས་གནས་ཀྱི་དྲང་གནས་ཀྱི་དེ་ནི་ནད་པ་དེ་ན་ནི་ནད་པ་དེའི་ཀྱི་དེ་ནི་ནད་དེ་ལ་གཞིགས་པའི་གཉེན་པོ་ཇི་ལྟར་གསོ་བ། ད་གཉེན་པོ་དེ་གང་འདྲས་གཅིག་ལ་གསོ་དགོས་ཀྱི་ཡོའོ་རེད་ཟེར།
  • འོ་དེའི་ཚུལ་ཟེར་ནའི་མིན་འདུག ཐབས་ལ་ཡ་དེ་ནི་གང་འདྲས་གང་འདྲས་གཅིག་བྱེད་དགོས་ཀྱི་ཡོའོ་རེད་ཟེར། འདིས་ཡིན་ན་དེ་ནི་ནད་མེད་པ་གཅིག་ཡིན་ནའི་དེ་ནི་ཁོ་ལ་ཡ་དེ་ནི་ཨན་ནད་མེད་ཚེ་རིང་དུ་གནས་པར་བྱེད་ཡས་ཀྱི་དེ་ནི་ཨན།ཨོའོ། རྩོལ་ག་རེ་ཟེར་དགོས་རེད་ད་ཟས་སྤྱོད་་སྨན་དཔྱད་ག་རེ་ཡིན་ནའི་ཚང་མ་ལོགས་དེ་ནི་ཨན་དེ་འདྲས་བསྟེན་དགོས་ཀྱི་རེད་ཟེར། ནད་མེད་རིང་དུ་གནས་ཡས་ཀྱི་ཆེད་དུ།
  • ཨན་ད་ཡང་དེ་ནི་ན་ཚ་དེ་ད་གིན་སྒང་ལ་ཞུས་པའི་ཉེས་པ་གསུམ་པོ་དེ་རྣམ་པར་འགྱུར་ཚར་ནས་དེ་ནི་ནད་ལ་འགྱུར་ཚར་ར་ཡིན་ན་འདིའི་གྱི་གསོ་བའི་གྱི་ཐབས་བྱས་ནས་ཁག་གཉིས་རེད་ཟེར།
  • བྱས་ཙང་ཁག་གཉིས་པོ་དེ་གཉིས་སྔོན་ལ་ཡ་དེ་ནི་གསོ་བྱའི་གྱི་གཉེན་པོ་སྨན་རྩ་བ་བཞི་ཡན་ལག་བཅུ་གཅིག་ཨན། ད་དེ་དེ་ནས་གཙོ་་བོ་བཤད་རྒྱུད་ཁོ་རང་གི་སྡོམ་འདི་འདྲས་བཞག་པའི་ནང་རེད།
  • བཤད་རྒྱུད་གཞིར་བཟུང་བྱས་ནི་འདི་འདྲས་ཟེ་བྱས་ནི་མར་རིམ་པ་བྱས་ནི་ལག་ལེན་འདི་འདྲས་བྱེད་དགོས་ཀྱི་ཡོའོ་རེད་གསུངས་བ་རེད། ཡན་ལག་བཅུ་གཅིག་དང་ལྡན་པ་དང་བཅས་པའི་གསོ་རིག་གི་གཞུང་ཡོངས་རྫོགས། འོང་།གསོ་རིག་གི་གཞུང་ཡོངས་སུ་རྫོགས་པ་འདུས་ཡོད་ཟེར་ད་དེའི་ནང་ལ།
  • དཔེར་ན་དེ་ནི་ཨན་ཡན་ལག་བཅུ་གཅིག་ཡའི་ཟེར་གྱི་རེད། གནས་བཅུ་གཅིག་ཡའི་ཟེར་གྱི་རེད། བཤད་རྒྱུད་ལ་གནས་བཅུ་གཅིག་ཡའི་ཟེར་གྱི་ཡོའོ་རེད། ཡན་ལག་བཅུ་གཅིག་ཡའི་ཟེར་གྱི་ཡོའོ་རེད། གང་ལྟར་ལེའུ་གྱི་སྡོམ་སྡོམ་བྱས་ནི་ཨན་བཅུ་གཅིག་འདི་འདྲས་གཅིག་ལ་བཞག་པ་རེད། གནང་འདིའི་སྡོམ་འདི།
  • སྡོམ་རེའི་རེའི་ནང་ལ་ཡ་དེ་ནི་གནས་ཚུལ་སོ་སོ་སོ་སོ་ཚང་མ་་ལོགས་ཚུད་བསྡད་པ་འདི་འདྲས་གཅིག་རེད་བྱས་ཙང་འདི་ཁོ་ཨན་བྱེད་བདེ་པོ་འདི་འདྲས་རེད།
  • གཉིས་པ་དེ་ལ་ཡ་བཞི། བཞི་ཡིན་པ་འདྲ་ད་འདི་ལ་ཡ་དེ་ནི་གསོ་བྱ་བྱས། གསོ་བྱེད་བྱས། གསོ་ཐབས་བྱས། གསོ་མཁན་བྱས།ཁག་བཞི་བྱས་ཙང་གསོ་བྱ་གི་ནད་པ་བྱས། གསོ་བྱེད་ཀྱི་གཉེན་པོ་བྱས། གསོ་ཐབས་ཀྱི་གསོ་ཡས་ཀྱི་ཐབས་ག་རེ་ག་རེ་ག་རེ་ག་རེ་བྱེད་དགོས་འདི་བྱས། ཨན།དེ་ནི་དངོས་སུ་གསོ་མཁན་གྱི་ཨན་ད་གསོ་མཁན་ཟེར་ནའི་མི་འགྲིག་ད་སྨན་པ་དེ་བྱས། འོ་སྨན་པ།
  • འོ།བྱས་ཙང་འདི་འདི་ལ་ཡ་དང་པོ་ལ་ཡ་གཉིས་རེད་ཟེར།ལུས་དང་ནད། ཨན།ད་ལུས། ལུས་དང་ནད་ཁག་གཉིས་རེད་ཟེར་དང་པོ་འདི་ལ་ཡ། དེ་ནི་འདི་ལ་ཡ་དེ་ནི་ལུས་ལ་ཡ་རྒྱུ་རྐྱེན་རྟགས་ཀྱི་ཆགས་ཚུལ་སྟོན། རྟོགས་དགོས་ཀྱི་རེད་ཟེར།
  • བྱས་ཙང་ཐོག་མར་དེ་ནི་ཁོ་ནད་པ་དེ་འདྲ་གཅིག་ཡིན་ན་ནད་པ་འདི་ལུས་ཀྱི་སྒང་ལ་ཡ་དེ་ནི་ཨན། བཤད་པ་ཡིན་ན་དེ་ནི་ཨན་ལུས་ཁོ་རང་རང་བཞིན་སྒང་ལ་བཤད་པ་ཡིན་ནའི་བུ་ཡིན་དང་བུ་མོ་ཡིན། ནད་པ་དེ་བུ་རེད་བུ་མོ་རེད། དེའི་སྒང་ལ་ཡ་ནད་དེ་ཡང་ན་ཚ་དེ་ད་ད་ལྟ་སྒང་ལ་ད་གིན་ཞུས་པའི་ནད་ཚ་བ་ཡིན་དང་གྲང་བ་ཡིན།དེ་འདྲས་ཀྱི་དེ་ནི་ནད་ངོས་འཛིན་བྱེད་ཀྱི་ཡོའོ་རེད་ཟེར།
  • དེ་བྱས་པ་ཙམ་དུ་མ་ཟད་པའི་ནད་དེ་ལ་ཡ་དེ་ནི་རྒྱུ་དང་རྐྱེན་གང་འདྲས་ཅིག་འཕྲད་ནི་ན་ཚ་དེ་ན་བ་རེད་ཟེར། ཁོ་ལྟོ་ཆས་བཟས་ལྟོ་ཆས་བཟའ་ཉེས་ཤོར་ནས་ན་བ་རེད་པས་ཡང་མིན་ན་སྤྱོད་ལམ་ཡག་པོ་མ་བྱུང་བྱས་ནི་ན་བ་རེད་པས།
  • ཡང་མིན་ན་དེ་མིན་གྱི་གཅིག་གི་གཞན་དག་ནས་ན་ཚ་དེ་འདྲས་འགོས་པ་རེད་པས། དེ་འདྲས་ཀྱི་རྒྱུ་རྐྱེན་འདི་འདྲས་བྱུང་ན་དེ་ནི་གསལ་པོ་འདི་འདྲས་བཤད་དགོས་ཀྱི་རེད་ཟེར།
  • བྱས་ཙང་འདིའི་རྒྱུ་རྐྱེན་འདི་ཤེས་པར་བྱེད་པ་ལ་ནད་པས་གསལ་པོ་བཤད་ཡས་མེད་ན་ཨམ་ཅེས་ནད་པའི་ཁོའི་རྒྱུ་རྐྱེན་འདི་འདྲས་གཅིག་ཡིན་པ་ལམ་སང་བཤད་ཐུབ་ཀྱི་མ་རེད་པཱ།
  • ནད་པས་ཁ་སང་ང་ཟས་འདི་འདྲས་ཅིག་བཟས་ནས་ཁ་སང་ན་བྱུང་ཟེར་ན། དེ་ནི་ཁོའི་སྒང་ནས་དེ་ནི་ཁོའི་ན་ཚའི་གྱི་གནས་ཚུལ་དེ་ཨམ་རྗེས་གསལ་པོ་དེ་འདྲས་ཤེས་ཐུབ་ཀྱི་ཡོའོ་རེད།
  • ད་དེ་འདྲས་ནད་པས། རྦད་དེ། གནས་ཚུལ་འདི་འདྲས་བཤད་པའི་དབང་དུ་གཏང་ན། ང་འདི་འདྲས་འདི་འདྲས་འདི་འདྲས་བྱས་ནས་ན་སོང་ཟེ་ཟེར་ནས་བཤད་པའི་དབང་དུ་གཏང་ན། འོ་ན།ཁོས་ཀྱི་ན་ད་དངོས་སུ་ད་ལྟ་ནད་པ་ཁོ་རང་བསྡད་པ།བསྡད་ཡོད་པ་སོང་ཙང་ཁོ་ན་ཡས་ཀྱི་ནད་རྟགས་ཀྱི་སྒང་ལ་གང་འདྲས་འདུག་གས་ཟེར།
  • འོ།ཁོའི་དངོས་གནས་དྲང་གནས་ཀྱི་ཁོའི་ན་ཚའི་རྟགས་སྒང་ལ་འོ་རྟགས་འདི་འདྲས། ནད་རྟགས་ཟེར་ཡས་འདི་ཨ་ནི་གལ་ཆེན་པོ་ཞེ་པོ་གཅིག་ལ་མན་ངག་རྒྱུད་ལ་ཡིན་ན་ཡོངས་རྫོགས་རྟགས་ལ་བརྟེན་ནས་བཅོས་དགོས་ཀྱི་རེད་ཟེར་གསུངས་ཀྱི་ཡོའོ་རེད།
  • བྱས་ཙང་ཁོའི་གྱི་ནད་རྟགས་ཟེར་ཡས་འདི་གལ་ཆེན་པོ་ཞེ་པོ་གཅིག་ལ་བཞག་པ་གནང་བ་རེད། བྱས་ཙང་ཁོ་ཨན་དཔེར་ན་ཁོ་ལ་ཡ་གཟུགས་པོ་ལ་ཡ་ཚ་བ་རྒྱག་གི་ཡོའོ་རེད་པས་འོ་ན། གྲང་ཤུམ་རྒྱག་གི་ཡོའོ་རེད་པས། ཡང་མིན་ན་དེ་ནི་ཨན་ལུས་རྦད་དེ་ཉོབ་ཏོ་ཆགས་ནི་རེབ་ཏོ་ཆགས་ཡོའོ་རེད་པས།ད་འདི་ཚོ་ཕྱིའི་ནད་རྟགས་རེད།
  • བྱས་ཙང་ནད་རྟགས་དེ་འདྲས་གཅིག་ལ་ཡ་ནད་རྟགས་དེ་གང་འདྲས་གཅིག་ཡོད་མེད་དེ་ལ་བརྟག་དགོས་ཀྱི་རེད་གསུངས་པ་རེད། ཨན་དེ་ནི་ན་ཚའི་གྱི་དེ་འདྲས་གཅིག་གང་འདྲས་ཆགས་ཡོད་མེད་ཀྱི་ཆགས་ཚུལ་ལ་ཡ་བརྟག་པ་འདི་འདྲས་བྱེད་དགོས་ཀྱི་རེད་ཟེར། ཨན།
  • དེ་ནི་ཨན་འདྲ་དཔེར་མཉམ་སྦྱར་ལུས་ཟུངས་རྩ་ཡི་གནད་ཟེར། དེ་ནི་ལུས་ཀྱི་ད་བཤད་རྒྱུད་ལ་ཡིན་ན་འདྲ་དཔེར་བཤད་ཡོའོ་རེད།འདྲ་དཔེར་བཤད་པ་ནང་བཞིན་གྱི་ཁོའི་སྒང་ལ་ཡ་མཉམ་དུ་སྦྱར་དགོས་ཀྱི་རེད་ཟེར།
  • བྱས་ཙང་འདྲ་དཔེ་ཟེར་ཡས་དེ་ག་རེ་རེད་ཟེར་ན་ཁོའི་སྒང་ལ་ཡ་དེ་ནི་ཨན་ཕོ་བའི་རྒྱ་ཁྱོན་འདི་འདྲས་ཡོའོ་རེད། འདི་བར་དེ་ནི་སྒལ་པར་འདི་མར་ཕོ་བོ་གནས་ཡོའོ་རེད། འདི་བར་འདི་བར་མཆིན་པ་གནས་ཡོའོ་རེད། འདི་བར་འདི་བར་རྒྱུ་མ་གནས་ཡོའོ་རེད་ཟེར།
  • དེ་འདྲས་ཀྱི་གནས་ཚུལ་དེ་དང་ནད་པ་ཁོའི་ད་ལྟའི་ན་ཚའི་སྒང་ལ་ཡ་ཁོའི་གྱི་འདྲ་དཔེའི་སྒང་ལ་བཤད་པ་ནང་བཞིན་གྱི་དེ་གཉིས་ཁ་ཐུག་འཁེལ་གྱི་ཡོའོ་རེད་མོའོ་རེད། དེ་འདྲས་མཉམ་དུ་སྦྱར་ནི་དེ་ནི་ཨན་ན་ཚ་ངོས་བཟུང་གི་ཡོའོ་རེད་ཟེར་གྱི་ཡོའོ་རེད།ནད་ངོས་བཟུང་ཤོག་ཟེར།
  • དེ་ནི་ད་ག་ནང་བཞིན་གྱི་རྩའི་གནད་འདི་བར་ཅིག་གི་རྩ་དང་ཅི་དག་ན་གི་ཡོད་ན་ཡང་རྩ་གནད་གང་འདྲས་གཅིག་ལ་ཡ་ནད་ཕོག་འདུག་གས། རྩ་ག་རེ་ན་གི་ཡོའོ་རེད། འདི་ག་གིའི་རྐྱེན་རེད།
  • ཨན།དེ་ནི་རྩ་ལ་ཡ་དེ་ནི་ཆུ་རྩ་དང་འདི་ཟེར་ཡས་འདི་འདྲས་མང་པོ་དབྱེ་བ་ཕྱེས་བཞག་པ་འདི་འདྲས་སོང་ཙང་དཔེར་ན་དེ་ནི་ཁ་ཤས་ཡིན་ན་ལག་པ་ཁུམས་འགྲོ་གི་ཡོའོ་རེད། རྐང་ལག་ཁུམས་འགྲོ་གི་ཡོའོ་རེད།
  • དེ་ཚོ་དེ་ནི་ག་གིའི་ནད་རེད་ཟེར་ན་ཆུས་ཆུ་རྩ་ཞར་བའི་གནད་བྱས་ནི་བྱས་ཙང་དེ་འདྲས་ཀྱི་གནས་ཚུལ་ལ་དེ་ན་འོག་ད་དེ་ཆུ་རྩ་ཞར་བའི་གནས་ཚུལ་རེད་བསམ་ནི་ཁོ་ལ་གཞིགས་པའི་ཡང་གསོ་བྱེད་ཀྱི་གཉེན་པོས་སྨན་བཅོས་བྱེད་དགོས་ཀྱི་ཡོའོ་རེད། བྱས་ཙང་གནས་ཚུལ་འདུག་་བཟོ་རེད།
  • ཨན།བྱས་ཙང་དེ་ནི་དེ་བཞིན་གྱི་བུ་གའི་གནས་ལུགས་ཨན་གནོད་བྱ་གནོད་བྱེད། བྱས་ཙང་དེ་ནི་བུ་ག་དེ་ཡིན་ན་དེ་ནི་ཨན་བ་སྤུའི་བུ་ག་ཅི་དག་ཡོའོ་རེད། དེ་མ་ཡིན་པའི་བུ་ག་ཆེས་ཡིན་ན་བུ་ག་ཆེས་དགུ་འདི་འདྲས་གསུངས་པ་རེད།
  • བྱས་ཙང་བུ་ག་འདི་ཚོའི་སྒང་ལ་ཡ་དེ་ནི་ནང་ལོགས་ཀྱི་བུ་གའི་ནང་ལ་ཡ་རྩའི་རྒྱུ་ལམ་འདི་ཚོ་ཚང་མ་བུ་ག་ལ་ཡ་བཞག་ཡོའོ་རེད། བུ་གའི་ནང་ལ་ཕྱིན་བལྟས་ནི་དེ་ནི་ཁྲག་གི་ཁྲག་ཕར་ཚུར་འགྲོ་ཡས་ཀྱི་འཁོར་བསྐྱོད་བྱེད་ཡས་ཚང་མ་ལོགས་བུ་ག་ལ་བརྟེན་དགོས་ཀྱི་ཡོའོ་རེད།
  • འདི་ཚོའི་གྱི་དེ་ནི་གནས་ཚུལ་གང་འདྲས་ཡོད་མེད་ད་ག་ནང་བཞིན་གྱི་དེ་ནི་གནོད་བྱ་བཅུ་དང་གནོད་བྱེད་བརྒྱད་ད་འདིའི་ནང་ལ་ཡ་དེ་ནི་ཨན་གནས་ཚུལ་ག་རེ་ག་རེ་ག་རེ་ཡོད་མེད་དེ་འདྲས་གསལ་པོ་འདི་འདྲས་བཤད་པ་འདི་འདྲས་བྱས་ནི་བྱེད་དགོས་ཀྱི་རེད་ཟེར།
  • ད་འདི་བཤད་རྒྱུད་ཀྱི་ལེའུའི་ནང་ལ་ཁོ་རང་ཡ་གནོད་བྱ་འདི་འདྲས་ཁ་འཕྲལ་གང་ལྟར་ཡང་འགྲེལ་བཤད་བརྒྱབ་ནས་མང་པོ་འདི་འདྲས་གསུངས་བ་འདི་འདྲས་རེད།
  • ཨན།ད་ཡང་ཨན་མཚན་ཉིད། ལས། དབྱེ་བ། འཇིག་ལྟས་དེ་འདྲས་ཡིན་ན་གཏན་ལ་ཕབ་པ་ཡོའོ་རེད་ཟེ།
  • བྱས་ཙང་གང་ནས་མར་ལུས་པོ་འདི་འདྲས་ཀྱི་རེ་རེ་རེ་རེ་རེ་རེ་རེ་རེ་བྱས་ནི་འདྲ་དཔེ་ནས་བྱས་ནི་མར་ཨན་མུ་ལ་ཡ་ལུས་ཀྱི་ཆགས་ཚུལ་ནས་དེ་ནི་རྦད་དེ་གཤམ་མ་གའི་ཨན། ལེའུ་སུམ་ཅུ་སོ་གཅིག་དེ་ཡིན་ན་གསོ་བ་པོ་སྨན་པ་ཟེར་བྱས་ནས་དེ་འདྲས་བང་རིམ་བྱས་ནས་མར་གསུངས་བཞག་པ་འདིའི་གྱི་རྒྱུ་མཚན་འདི་འདྲས་འདུག་ཟེ་བྱས་ནི་མར་ཁ་འཕྲལ་ཡོད་གསུངས་པ་རེད།
  • བྱས་ཙང་ཁ་འཕྲལ་པ་སོང་ཙང་དེ་གཞིར་བཟུང་གི་དེ་ནི་ནད་པ་དངོས་ཀྱི་སྒང་ལ་ཡ་དེ་ནི་དེ་འདྲས་ཨན་གཏན་ལ་ཕབ་པ་འདི་འདྲས་རེད།བྱས་ཙང་འདི་གཞིར་བཟུང་གི་ནད་ངོས་འཛིན་ཡས་ལ་སོགས་པ་ངོས་འཛིན་བྱེད་ཡས་སྒང་ལ་ཡ་དེ་འདྲས་ཨན་ཁོ་མེད་དུ་མི་རུང་བ་བྱས་ནི་བཞག་པ་དེ་འདྲས་རེད་གསུངས་བ་རེད།
  • བྱས་ཙང་འདི་བྱེད་དུས་ཙམ་ནས་འདི་རྒྱ་ཆེན་པོ་ཞེ་དྲག་རེད།དེ་ནི་ལེའུ་རེ་རེའི་ནང་ལ་ཁོ་རང་རང་རང་ལེའུ་ཁོའི་ནང་ལ་མི་འདྲ་བ་རེ་རེ་དཔེར་ན་ཁ་སིང་་ངས་ཆགས་ཚུལ་རོབ་ཙམ་ཞུ་ག་བྱས་པ་རེད།འོབ་ཙམ་རེད།
  • ཆགས་ཚུལ་རྒྱས་པོ་བྱས་ན་དེ་ནི་ཨན་ཆགས་ཚུལ་ཞེ་དྲག་གི་རྒྱས་པོ་རེད། བྱས་ཙང་ཐོག་མར་ལུས་མ་ཆགས་པ་ལ་དེ་ནི་ཨན་སྨན་བཅོས་བྱེད་ཡས་ག་རེ་བྱེད་དགོས་རེད།
  • བྱས་ཙང་ལུས་ཆགས་པ་ཡིན་ན་འོ་ན་ནད་ཡོང་གི་རེད་མ་རེད་གསུངས་བ་རེད། ཨན་ནད་བྱུང་བ་ཡིན་ན་འོ་ན་ག་གི དེ་ནི་བཅོས་ཐབས་ཡོའོ་རེད་མོའོ་རེད་ཟེ།
  • བྱས་ཙང་དེ་གས་མར་བང་བསྒྲིགས་ནི་ཐོག་མར་ལུས་ཆགས་དགོས་པ་དང་དེ་ནས་དེ་ནི་ཨན་ནད་ཀྱི་རྒྱུ་རྐྱེན་བཤད་གང་ལྟར་དེ་ནི་ནད་བྱུང་སོང་ན་རྒྱུ་དང་རྐྱེན་གང་འདྲས་ལ་བལྟས་ནི་ནད་ཡོང་གི་ཡོའོ་རེ། འདི་ལ་ཡ་སྤྱོད་ལམ་ཟས་སྨན་བཅོས་གང་འདྲས་གང་འདྲས་གང་འདྲས་བྱེད་ཀྱི་ཡོའོ་རེད། རྗེས་ལ་དཔྱད་གང་འདྲས་ཕྱེ་གི་ཡོའོ་རེད།
  • འདུག་ཟེར་བྱས་ནི་མར་བང་བྱས་ནི་ཨན་འདི་བྱས། རྐུབ་རྐུབ་༼མཇུག་མཇུག་༽མ་གའི་དེ་ནི་གསོ་ཚུལ་འདི་འདྲས་གསུངས་པ་དང་ད་གཞི་ནས་དེ་ནི་ན་ཚ་དེ་འདྲས་ལ་བཅོས་ཐབས་འདི་འདྲས་འདི་འདྲས་བྱེད་དགོས་ཀྱི་རེད་ཟེར།
  • འདུག་བཟོ་བྱས་ནས་མར་བཞག་པ་རེད། བྱས་ཙང་འདི་བཤད་རྒྱུད་ཀྱི་ལེའུ་འདི་གས་སྡོམ་འདི་གས་མར་བང་བྱས་ནི་གསུངས་བ་རེད།
  • བྱས་ཙང་འདིའི་ནང་ལ་ཡ་དེ་ནི་གཏན་ལ་ཕབ་པ་འདིའི་ནང་ལ་ཡ་གང་གི་དོན་དུ་གསོ་བའི་ལུས་ལ་ཆགས་པའི་རྒྱུ། འོ། འོ།ད་དེ་ནི་རྡོག་རྡོག་རྡོག་བཤད་པ་ཡིན་ན་ཁ་སིང་རོབ་ཙམ་གཅིག་ཞུས་ཚར་ར་རེད།
  • ལུས་ཆགས་པའི་གྱི་རྒྱུ་གཙོ་བོ་དེ་ག་རེ་རེད། འོ།འདིའི་འདི་ལ་བལྟ་དགོས་ཀྱི་ཡོའོ་རེད་ཟེ།ལུས་ཆགས་པའི་རྒྱུ་དེ་ཡིན་ན་གཙོ་་བོ་ཁམས་དཀར་དམར་རྣམ་ཤེས་གསུམ་པོ་འདི་ལ་ཡ་འདུ་དགོས་ཀྱི་ཡོའོ་རེད་ཟེར།ད།
  • ད་ད་ལྟ་དེའི་ཡ་ཁག་གསུམ་ལ་བཞག་པ་གནང་བཞག། དེ་ནི་ཁམས་དཀར་དམར་རྣམ་ཤེས་བྱས་ད་འདི་ཚོ་གསུམ་འཛོམས་ན་དེ་ནི་ཕལ་ཆེར་ཆགས་ཀྱི་རེད་ཟེཨེར་གསུངས་བ་རེད།
  • ད་ཡིན་ན་ཡའི་ཁམས། ཁམས་དཀར་དམར་དང་རྣམ་ཤེས་གསུམ་གཅིག་གུ་མ་ཡིན་པའི་ལས་ཟེར་ཡས་འདི་འདྲས་བརྩི་ཀྱི་ཡོའོ་རེད།ཆོས་ལུགས་དང་འབྲ་ལེ་འབྲེལ་ལེ་༼འབྲེལ་བ་བྱས་ནས།༽ཟེར་ཡས་ད་བོད་པའི་གྱི་གཞུང་ལུགས་ལ་ཡང་ཆོས་ལུགས་ཡང་ཏས་ཙ་ཏས་ཙ་༼ཏས་ཙམ་༽འབྲེལ་བསྡད་པའི་བཟོ་རའི་༼འདྲའི་༽འདི་འདྲས། ད་ཡང་གཅིག་གི་ལས་ཟེར་ཡས་འདི་ཚོ་རྨོངས་དད་སྐད་ཆ་རེད་ཟེར་གྱི་རེད་པཱ་དེང་སང་ཡིན་ན། བྱས་ཙང་འདི་འདྲས་ཀྱི་གནས་ཚུལ་འདི་འདྲས་ཡོའོ་རེད།
  • ཨཱ།དེ་མ་ཡིན་པའི་དེ་ནི་ས་མེ་མི་གྲུབ་ཆུ་མེ་སྡུད་མི་ནུས་ཟེར་བྱས་ནི་གསུངས་བ་རེད། དེ་ནི་ཨན་ཟེར་ཚུལ།འབྱུང་བ་ལྔ་པོ་དེ་མ་ཚོགས་ན་ཡང་དེ་ནི་ལུས་ཆགས་པ་ཡིན་ན་ཡང་ལུས་དེ་ཡར་འཚར་ལོངས་བྱེད་ཡས་དང་གྲུབ་ཡས་དང་འདི་འདྲས་ཡོའོ་མ་རེད།
  • བྱས་ཙང་འདི་སོང་ཙང་དེ་ནི་ཨན་འདིའི་ནང་ལ་ད་ལྟ་ཁག་གསུམ་པོ་འདི་དགོས་ཀྱི་རེད་ཟེར། དེ་འདྲས་ཚོ་འདིའི་ཨན་ལུས་ཆགས་ཡས་ཀྱི་རྒྱུ་གཙོ་བོ་དེ་འདི་རེད་ཟེ།དེ་གསུམ་པོ་དེ་བྱུང་ན་ལུས་ཆགས་ཀྱི་རེད་ཟེར་གསུངས་བ་རེད།
  • དེ་འདྲས་ཆགས་པ་གཅིག་གི་མ་འགྲིག་པའི་ད་ཡར་ཆེ་རུ་འགྲོ་ཡས་འཕེལ་འགྲོ་ཡས་འདི་ཁོག་པའི་ནང་ལ་ཆེ་རུ་འགྲོ་ཡས་འཕེལ་བ་དེ་གང་འདྲས་གཅིག་དགོས་ཀྱིས་ཟེར་ན།
  • འཕེལ་བ་འདི་རྐྱེན་འདི་ནི་གཙོ་བོ་དེ་ནི་ལྟེ་བ་ལ་བརྟེན་དགོས་ཀྱི་ཡོའོ་རེད་ཟེར། ཨན།ལྟེ།ལྟེ།ལྟེ་འཁོར་དང་བུ་སྣོད་ཀྱི་རྩ་ལ་བྱུང་ན་ཡིན་ཟེར། འོ།ད་དེ་འདྲས་ཡར་འཕེར་ཡོང་ཡས་འདི་ཁ་སིང་སྒང་ལའི་གཅིག་རོབ་ཙ་༼ཙམ་༽གཅིག་ཞུས་པ་རེད།ཆགས་ཚུལ་སྐོར་ལ།
  • བྱས་ཙང་འདི་མས་ཟས་བཟས་པའི་བཅུད་ཐམས་ཅད་ཡིན་ན་དེ་ནི་ཨན་མའི་གྱི་དེ་ནི་ཨན། ཨན།ག་རེ་ཟེར་དགོས་རེད།ཨན།ལྟེ་བའི་རྩ་དང་དེ་ནི་བུའི་གྱི་དེ་ནི་ལྟེ་བའི་རྩ་དེ་གཉིས་དེ་ནི་འབྲེལ་བསྡད་པ་བྱས་ནི་འདི་འདྲས་སོང་ཙང་དེ་ནི་ཨན་འདིའི་བཅུད་འདི་ཚང་མ་ལོགས། མས་བཟས་པའི་བཅུད་ཀྱི་དེ་དག་ཚང་མ་ལོགས་བུའི་གྱི་བཅུད་ལ་ཕྱིན་ནི་དེ་ནི་ཨན། ཨན།པུ་གུ་༼ཕྲུ་གུ་༽འདི་ཡར་འཕེལ་སྐྱེད་བྱེད་ཡས་ཡོང་ཡས་འདི་འདི་ཡིན་ཟེ་གསུངས་བ་རེད།
  • ད་ག་ནང་བཞིན་གྱི་དེ་ནི་ཨན་རྩ་ལ་འབྱུང་བའི་ཨན་དེ་ནི་བཅུད་ཨན་བཙའ་བའི་གྱི་རྟགས་དང་བཅས་པ་དེ་ནི་ཆགས་པའི་ཚུལ་རྟོགས་ཀྱི་རེད་ཟེར། དེ་ནི་གཞི་ནས་དེ་ནི་ཕྲུ་གུ་ཆགས་པའི་གྱི་རྟགས་གང་འདྲས་གང་འདྲས་ཡོའོ་རེད།
  • ཨན།ཆགས་ཚར་རའི་གཞུག་གུ་ལ་ཡ་དེ་ནི་ཁོའི་གྱི་འཕེལ་ཚུལ་སྒང་ལ་གང་འདྲས་གང་འདྲས་གང་འདྲས་གང་འདྲས་བྱས་ནི་རིམ་པ་བྱས་ནི་འཕེལ་དགོས་ཀྱི་ཡོའོ་རེད།
  • དེ་འདྲས་འཕེལ་ཚར་རའི་༼བའི་༽གཞུག་གུ་ལ་ཡ་རྗེས་ལ་ཡ་རྩ་བའི་གྱི་རྟགས་དེ་གང་འདྲས་གང་འདྲས་གང་འདྲས་སྟོན་གྱི་རེད། ད་དེ་འདྲས་ཀྱི་རྒྱུའི་ནང་ལ་དུས་ཚོད་ག་ཚད་འགོར་གྱི་རེད། དེ་འདྲས་ཆ་ཚང་ཞིབ་ཕྲ་བྱས་ནི་གསུངས་བ་རེད།
  • ད་འདི་བཤད་རྒྱུད་ཆགས་ཚུལ་སྐབས་ལ་ཡ་དེ་ནི་རྦད་དེ་རྒྱས་པོ་ཞེ་དྲག་བྱས་ནི་གསུངས་པ་རེད། ཨན།ལེའུ་ཡང་རིང་ཤོས་རེད། བྱས་ཙང་འདི་གནས་ཚུལ་གཅིག་འདུག་བཟོ་བྱས་ནས་ཨན་རྫོགས་པའི་བཟོ་རའི་༼འདྲའི་༽འདི་འདྲས་གཅིག་རེད།
  • ད་དེ་ནས་དེ་ནི་རྟེན་དེ་ལ་ཡ་ཨན་རྟེན་ཡིན་ན་དེ་ནི་ཁང་བཟང་བརྟེན་པ་རྒྱལ་བློན་བཙུན་འབངས་དང་བཅས་པའི་འདྲ་དཔེ་སྦྱར་བའི་ཨན་ལུས་གནས་ཀྱི་རྣམ་ཤེས་གསུངས་བཞག།
  • ད་འདི་ད་ལྟ་ཡང་འདྲ་དཔེའི་སྒང་ལ་ཡ་དཔེ་མཚོན་བྱས་ནི་འདི་འདྲས་གསུངས་བཞག །སྒང་དེའི་ཡ་ཆགས་ཚུལ་དེ་རོབ་ཙ་༼ཙམ་༽བྱས།གཤམ་དེའི་ཡ་ཡ་ལུས་ཆགས་ཚུལ་གྱི་གང་གི་གསུངས་བ་རེད།
  • བྱས་ཙང་འདི་ཡིན་ན་དེ་ནི་ཨན་རྟེན་དེ་ཡིན་ན་དེ་ནི་ཨན་དཔེ་དེ་ག་པར་བཞག་པ་རེད་ཟེར་ན། ཁང་བཟང་གཅིག་ལ་བཞག་པ་རེད་ཟེར། ཁང་བཟང་དེ་ཡང་དེ་ནི་རྒྱལ་པོ་འདི་འདྲས་ཀྱི་ཁང་པ་འདི་འདྲས་བཞག་པ་དེ་འདྲས་ནང་དེ་འདྲས་གསུངས་བ་རེད།
  • ད་རྒྱལ་པོ་ཟེར་ནའི་མིན་འདུག་ད་གང་ལྟར་ཨན་གཙུག་ལག་ཁང་གི་ཁང་པ་འདི་ཚོ་དེ་ནི་ཨན་ཁོ་རང་དཔེ་མཚོན་ཆ་ཚང་ཡོད་པ་འདི་འདྲས་གཅིག་རེད།
  • བྱས་ཙང་འདིའི་ནང་ལ་ཡ་དེ་ནི་དཔེ་མཚོན་འདི་འདྲས་བྱས་ནི་མིའི་གཟུགས་པོའི་གྱི་ཆགས།ཆགས་ཡས་ཀྱི་གནས་སྟངས་འདི་དེ་ནི་ཨན་ཁང་པ་གཅིག་ལ་དཔེ་མཚོན་པ་ཡིན་ན་ཁང་པའི་གཟུགས་དབྱིབས་འདྲ་བ་འདི་འདྲས་བྱས་ནི་ཆགས་པ་འདི་འདྲས་གསུངས་བ་རེད།
  • ད་འདི་ཚོ་དཔེ་མཚོན་འདི་ཚོ་ཨན་ཁ་ཤས་ཡིན་ན་འཚམ་པོ་ཞེ་པོ་ཡོའོ་རེད། ཁ་ཤས་ཡང་མཚམས་པོ་རང་མེད་པ་འདི་འདྲས་ཡང་ཡོའོ་རེད།
  • ད་སྐབས་དེ་དུས་ནས་བྱས་པ་ཡིན་ན་ཞེ་དྲག་གི་དཔེ་འདི་འདྲས་ཡག་འདི་འདྲས་བཞག་ཡོའོ་རེད། ད་དེང་སང་སྒང་ནས་བཤད་པ་ཡིན་ན་དཔེ་འདི་ཚོ་ཡང་ཁ་ཤས་འཚམས་པོ་རང་ཡོའོ་མ་རེད།
  • དཔེར་ན་མིའི་གཟུགས་པོའི་གྱི་དཔེ་ཨན་གཅིག་གི་ག་རེ་ཟེར་གྱི་ཡོའོ་རེད་དེ་འདྲས་དང་དེང་སང་ནས་བཤད་པ་ཡིན་ན་ད་མོ་ཌ་འདི་ཚོ་དང་འདྲ་པོ་ཞེ་དྲག་ཡོའོ་རེད། མོ་ཌ་ལ་ཡ་ཨན་མེ་ཡོད། ག་རེ་ཟེར་དགོས་རེད་སྣུམ་མེད་པར་ཕྱིན་ན་མོ་ཌ་ལ་བྱེད་ཡས་ཅི་ཡང་ཡོའོ་མ་རེད།
  • མི་ལ་ཁྲག་འཁོར་བསྐྱོད་བྱེད་ཡས་མེད་ན་མི་ལ་བྱེད་ཡས་ཅི་ཡང་ཡོའོ་མ་རེད། བྱས་ཙང་འདི་ཚོ་དངོས་གནས་བྱས་ན་དཔེ་མཚོན་འདི་ཚོ་དེང་སང་འདྲ་པོ་ཞེ་དྲག་འདི་འདྲས་མོ་ཌའི་སྒང་ནས་བཤད་པ་ཡིན་ནའི་འདྲ་པོ་ཞེ་པོ་འདི་འདྲས་ཡོའོ་རེད།
  • ཨན་དཔེར་ན་གློག་གཅིག་ལ་མཚོན་པ་ཡིན་ནའི་མི་ལ་ཡ་དེ་ནི་ཨན་གློག་གི་བར་ཐག་ཏོག་ཙམ་ཆད་པ་ད་ག་དེ་ནི་གློག་འབར་ཡས་མེད་པ་ཆགས་ཚར་བ་རེད་པཱ།
  • ད་ག་ནང་བཞིན་གྱི་མིའི་གྱི་འདིའི། འདིའི་འདུག་བར་ཁྲག་གི་ཅི་དག་ཕར་ཚུར་འགྲོ་ཡས་འགུལ་བསྐྱོད་བྱེད་ཡས་འདི་ཚོའི་ལམ་སང་ཨན་འགག་པ་འདི་འདྲས་བྱས་ན་མི་གློ་བུར་དུ་རིལ་གྲོ་ཡས་ལ་སོགས་པ། འགྱེལ་འགྲོ་ཡས་ལ་སོགས་པ་གནས་ཚུལ་འདི་འདྲས་མང་པོ་ཡོང་གི་ཡོའོ་རེད་པཱ།
  • བྱས་ཙང་འདི་ཚོ་དཔེ་མཚོན་འདི་ཚོ་དེང་སང་ནས་བཤད་པ་ཡིན་ན་དཔེ་མཚོན་སྦྱར་ས་འདི་འདྲས་ཡག་པོ་འདི་འདྲས་མང་པོ་འདི་འདྲས་རེད།འདུག་ཟེ།ད་སྔོན་མ་སྔོན་མའི་གྱི་དཔེ་མཚོན་སོང་ཙང་དེ་ནི་འདི་འདྲས་ཀྱི་དཔེ་འཚམ་པོ་ཞེ་པོ་འདི་འདྲས་རང་ཡོའོ་མ་རེད།
  • འོ་འདི་རེད། འདྲ་དཔེ་དང་སྦྱར་པའི་དེ་ནི་ལུས་གནས་ཀྱི་རྣམ་ཤེས་ཨན་ད་དེ་བཞིན་གྱི་དེ་ནི་ནད་དང་དྭངས་སྙིགས་ཤ་རུས་ལ་སོགས་པའི་ལྡང་ཚད་ལུས་ཟུངས་ཀྱི་གནད་ལུགས།
  • བྱས་ཙང་དེ་ནི་ཨན། ནད་ཡོང་ཡས་ཀྱི་སྒང་ལ་ཡ་དེ་ནི་བཟས་ཟས་པའི་གྱི་སྒང་ལ་ཡ་དྭངས་མ་དང་སྙིགས་མ་ཟེར་ཡས་འདི་ཚོ་དྭངས་སྙིགས་འབྱེད་ཡས་སྒང་ལ་ཡ་དེ་ནི་གང་འདྲས་གང་འདྲས་གང་འདྲས་བྱུང་ཡོད་མེད། གཙོ་གནད་དེ་འདི་ཨན་ད་ད་ལྟ་ཨན་མི་ཡིན་ན་དེ་ནི་ཨན་ག་རེ་ཟེར་དགོས་རེད། གལ་ཆེ་ཤོས་ཞིག་ནང་གི་ཆེ་ཤོས་འདི་འདྲས་རེད།
  • ཨན་ད་སྔོན་མ་ཡིན་ན་དེ་ནི་མི་ལ་ཡ་དེ་ནི་ཨན། ད་མི་རྣམས་ཐམས་ཅད་ཨན་སྤྱིར།སྤྱིར་བཏང་གི་གཏམ་དཔེ་ལ་ཟས་ནད་ཡིན་ཟེར་ཟེར་ནས་ཟེར་གྱི་ཡོའོ་རེད།
  • ད་སྔོན་མའི་གྱི་ལོ་རྒྱུས་ཁོ་རང་སྒང་ལ་ཡ་དེ་ནི་མི་ལ་ཡ་དེ་ནི་ཕོ་ནད་ཟེར། ནད་ཀྱི་དང་པོ་འདི་ཡིན་ན་དེ་ནི་མ་བཞུ་བ་བྱུང་བ་ཡིན་ཟེར། ་མི་ལ་ནད་ན་ཚ་ན་ཡས་དེ་ཐོག་མར་ཡོང་ཡས་འདི་མ་བཞུ་བ་ཟེར་ཡས་འདི་བྱུང་བ་ཡིན་ཟེར། ལྟོ་ཆས་ཟས་ནི་འཇུ་མ་ཐུབ་བའི་འདིའི་འདི་ལ་བལྟས་ནི་དེ་ནི་ན་ཚ་བྱུང་བ་ཡིན་ཟེར། འདི་གདོད།གདོད་མའི་སྤྱི་ཚོགས་སྐབས་ནས་མར་གསུངས་པའི་ལོ་རྒྱུས་རེད།
  • བྱས་ཙང་འདིའི་སྐབས་ལ་ཡ་ག་རེ་ཟེར་གྱི་ཡོད་ན། གདོད་མའི་སྤྱི་ཚོགས་ཟེར་ཡས་འདིའི་སྒང་ལ་ཡ་དེ་ནི་མེ་སྤར་ཡས་མེད་པ།སྣོད་ཆས་འདི་འདྲས་རྫ་ཀོ་དང་ཟེར་ཡས་འདི་འདྲས་བསྐོལ་ཡས་འདི་འདྲས་ཅི་ཡང་མེད་པ།
  • ད་གང་ལྟར་ཤིང་ཏོག་ཡིན་ནའི་རེད་འདུ་བར་ག་རེ་ཡིན་ནའི་ཁོ་ཚུར་བཟས་བརྐོག ལམ་སང་ཁོ་རློན་པ་ཁོ་རང་འདུག་བཟོ་ཟས་ནི་འདི་འདྲས་རྐྱང་ཟས་པ་སོང་ཙང་། དེ་ནི་གང་འཚམས་བར་ཕོ་བའི་མེ་དྲོད་སྐྱོ་རུ་སྐྱོ་རུ་སྐྱོ་རུ་ཕྱིན་ནི་དེ་ནི། ཕོ་བ་ལྟོ་ཆས་འཇུ་མ་ཐུབ་པ་བྱས་ནི་དེ་ནི་ན་ཚ་རིམ་པས་ཐོག་མའི་འབྱུང་སྟངས་ཀྱི་འདི་འདྲས་ཡིན་ཟེ་བྱས་ནི་ཨན་འདོད་མའི་སྤྱི་ཚོགས་སྐབས་ནས་མར་ལོ་རྒྱུས་འདི་འདྲས་གསུངས་བཞག་པ་འདི་འདྲས་ཅིག་རེད།
  • བྱས་ཙང་འདི་དེ་ནི་ཨན་འདི་འདྲས་ལ་བལྟས་གང་ལྟར་དེ་ནི་ན་ཚ་འདི་ཡིན་ན་ནད་དེ་ཡིན་ན་དེ་ནི་ཨན་ལྟོ་ཆས་ཟས་པ་དང་དངོས་གནས་བྱས་ན་ཨན་ཕོ་བའི་གྱི་འཇུ་བྱེད་ལ་སོགས་པ་དེ་དག་ཡག་པོ་ཡོད་པ་ཡིན་ན་དྭངས་སྙིགས་བྱེད་ཡས་ཟེར་ཡས་འདི་ཡག་པོ་གཅིག་དགོས་ཀྱི་ཡོའོ་རེད།
  • དྭངས་མ་དྭངས་མའི་གནས་ལ་འགྲོ་ཐུབ་པ་དང་སྙིགས་མ་སྙིགས་མའི་གནས་ལ་ཡག་པོ་བྱས་ནི་འགྲོ་ཐུབ་ན་དེ་ནི་གཟུགས་པོ་བདེ་ཐང་ཡག་པོ་འདི་འདྲས་ཆགས་ཐུབ་ཀྱི་ཡོའོ་རེད།
  • བྱས་ཙང་འདི་འདྲས་མ་བྱས་པ་བྱས་ནི་ལྟོ་ཆས་ཟས། ཟས་ཚར་ནི་འཇུ་བྱེད་ཡག་པོ་མེད་པ་བྱས་ནི་དེ་ནི་ཨན་ཁོག་པའི་ནང་ལ་ཡ་སྙིགས་མ་ལྷག་བསྡད་ནས་སྙིགས་མས་ལྷག་པའི་གྱི་དེ་ནི་ཨན་འདི་དྭངས་་སྙིགས་ཡག་པོ་མ་ཕྱེས་པ་བྱས། གལ་སྲིད་དྭངས་སྙིགས་ཡག་པོ་མ་ཕྱེས་པས་འདིའི་དྭངས།དྭངས་མའི་བཟོ་ལུགས་འདི་དྭངས་མ་འདི་དང་སྙིགས་མ་འདི་འདྲེས་གང་ལྟར་དེ་ནི་མཆིན་པའི་གནས་ལ་ཕྱིན་ནས་དེ་ནི་གཞི་ནས་ཁྲག་ནང་ལ་ཕྱིན་ནས་ལུས་ཟུངས་བདུན་གསུངས་བ་རེད་པཱ།གཤམ་དེའི་ལུས་ཟུངས་བདུན་གྱི་གནད་ལུགས།
  • བྱས་ཙང་ལུས་ཟུངས་མདུན་ཡོངས་རྫོགས་ལ་དེ་ནི་ཁོས་སྙིགས་མ་འདྲེས་བསྡད་པའི་གྱི་དེ་ནི་དྭངས་མ་འདི་དང་སྙིགས་མ་འདྲེས་བསྡད་པ་འདི་ལུས་ཟུངས་ཡོངས་རྫོགས་ལ་ཡ་ཨན་ཕྱིན་པ་རེད་གསུངས་བ་རེད།
  • བྱས་ཙང་དེ་ནི་དྭངས་སྙིགས་ཡག་པོ་ཕྱེ་བའི་དྭངས་མ་འདི་ཡང་ལུས་ཟུངས་བདུན་གར་ཡག་པོ་བྱས་ནི་ཕྱིན་སོང་ན་དེ་ནི་མི་འདི་གཟི་མདངས་དང་བཀྲག་མདངས་ད་ག་རེ་ཟེར་དགོས་རེད། གདོང་གཤིས་ཡག་པོ་གཟུགས་པོ་ཐང་པོ་ག་རེ་ཡིན་ནའི་ཡག་པོ་ཡོང་ཡས་ཀྱི་དེ་ནི་ཨན་དྭངས་མ་འདི་དྭངས་མའི་གནས་ནས་དེ་ནི་ལུས་ཟུངས་བདུན་ལ་ཡག་པོ་བྱས་ནི་ཕྱིན་ནི་སྙིགས་མ་མ་འདྲེས་པ་བྱས་ནི་ཕྱིན་ན། དེ་ནི་གཟུགས་པོ་བདེ་ཐང་ཡག་པོ་འདི་འདྲས་གནས་ཐུབ་པ་འདི་རྒྱུ་མཚན་འདི་འདྲས་ཡིན་གསུངས་བ་རེད།
  • འོ་འདི་རེད། དྭངས་སྙིགས་བྱེད་ཡས་ཟེར་ཡས་འདི་གལ་འགངས་ཆེན་པོ་གཅིག་ལ་བཞག་པ་གནང་བ་འདི་འདྲས་ཅིག་རེད། ད་འདི་ཙམ་མ་ཟད་པའི་དེ་ནི་ཤ་ཡིན་ནའི་རེད། རུས་པ་ལ་སོགས་པ་དེ་ནི་ཚང་མའི་གྱི་དྭངས་ཚད་ད་རུས་པའི་ལྡང་ཚད་ཡོའོ་རེད། ཤའི་གྱི་ལྡང་ཚད་ཡོའོ་རེད། ཁྲག་གི་ལྡང་ཚད་ཡོའོ་རེད།འདི་ཚོ་ཚང་མ་ལོགས་བཤད་རྒྱུད་ནང་ལ་ཡ་ལྡང་ཚད་འདི་སོ་སོ་སོ་སོ་ལྡང་ཚད་ཟེར་ན་ད་མང་ཉུང་ག་ཚད་དགོས་ཀྱི་ཡོའོ་རེད།
  • ཁྱོད་རའི་རུས་པའི་ལྡང་་ཚད་ག་ཚད་དགོས་ཀྱི་ཡོའོ་རེད། ཁྲག་གི་ལྡང་ཚད་ག་ཚད་ཙམ་དགོས་ཀྱི་ཡོའོ་རེད།དེ་འདྲས་ལྡང་ཚད་ཀྱི་ཚད་གཞི་འདི་དག་ཨན་བཤད་རྒྱུད་ནང་ལ་གསུངས་པ་རེད།
  • ད་ཡིན་ནའི་ཚད་གཞི་ཁོ་རང་ཚད།ཕ་གའི་རྒྱུད་ལ་གསུངས་པ་ནང་བཞིན་རང་མ་འབྱུང་པ་ཡིན་ནའི་ཁ་ཤས་འདི་ལས་མང་ཙམ་ཡོང་མདོག་ཁ་པོ་རེད། ཁ་ཤས་འདི་ལས་ཉུང་ཙམ་ཡོང་མདོག་ཁ་པོ་རེད་དའི་ཡིན་ན་ཡང་ཚད་ལས་འགལ་བ་དང་ཚད་ལས་ཞེན་པའི་གྱི་དེ་ནི་གནས་ཚུལ་འདི་འདྲས་བྱུང་ན། དེ་ནི་བདེ་ཐང་གི་གནས་ཟེར་ཡས་འདི་ཡོང་ཐུབ་ཡས་མེད་པ་གནས་ཚུལ་འདི་འདྲས་ཆགས་འགྲོ་གི་ཡོའོ་རེད་པཱ།འདི་རེད།
  • དེ་ནི་ཐོག་མར་ལུས་ཆགས་པའི་གྱི་ཆགས་པའི་རྩ་དང་དེ་ནི་སྲིད་པའི་རྩ། ཨན།འདི་འདྲས་འབྲེལ་པའི་གྱི་རྩ་དེ་དེ་ནི་ཨན། ཨན།ཁག་དེ་གས་ཡིན་ན་དེ་ནི་རྩའི་གནས་ལུགས་སྐབས་ལ་ཡ་དེ་ནི་ཞིབ་ཅིང་ཕྲ་བ་འདི་འདྲས་གསུངས་པ་ཡིན་ཟེ་གསུངས་བ་རེད།
  • རྩའི་གནད་ལུགས་ནང་ལ་ཡ་དེ་ནི་ཨན་ཆགས་པའི་རྩ་ཟེར་ཡས་འདི་གང་འདྲས་གང་འདྲས་གང་འདྲས་གང་འདྲས་བྱེད་ཀྱི་ཡོའོ་རེད། སྲིད།སྲིད་རྩ་ཟེར་ཡས་འདི་གང་འདྲས་གང་འདྲས་གང་འདྲས། སྲིད་རྩ་ཟེར་ཡས་འདི་སྤྱིར་བཏང་བྱས་ན་ཨན། ཕྲུ་གུ་འཁོར་ཡས་ཀྱི་དང་དེའི་ཀྱི་རྩ་དེ་ལ་ཡ་སྲིད་སྲིད་རྩ་ཟེར་གྱི་ཡོའོ་རེད།
  • དེ་ནི་ཨན་ཁོ་ཡར་སྲིད་རྩ་དེ་དེ་ནི་ཨན་གནས་སའི་ཡུལ་དེ་ཡིན་ན་གཙོ་བོ་དེ་མ་གའི་མཚན་དབྲག་རང་ལ་གནས་བསྡད་པ་འདི་འདྲས་ཡིན་ཟེར། 
  • ད་ལྟ་བོད་ཀྱི་བོད་པས་མེ་རྒྱག་ཡས་འདི་འདྲས་མང་པོ་ཡོའོ་རེད། 
  • གང་ཡང་གཅིག་གི་ཕྲུ་གུ་མ་སྐྱེས་པ་བྱེད་ཡས་ཡིན་ན་ས་ཆ་དེ་ལ་ཡ་མེ་བརྒྱབ་ཟེ་ཕྲུ་གུ་མ་སྐྱེས་པ་བཟོ་ཡས་ལ། ཡང་ཕྲུ་གུ་སྐྱེས་དགོས་མཁན་ལ་དེའི་མེ་བརྒྱབ་ན་ཕྲུ་གུ་མ་སྐྱེས་པ་བྱེད་ཀྱི་རེད་ཟེར།
  • འདི་འདྲས་གསུངས་ཡོའོ་རེད། ད་ཡིན་ནའི་འདི་ཨན་ད་བོད་པས་མེ་འདི་འདྲས་རྒྱག་གི་ཡོའོ་མ་རེད། འདི་འདི་འདྲས་ཡོད་པ་ཡིན་ན་ཡང་ཕྲུ་གུ་དེང་སང་ཕྲུ་གུ་སྐྱེས་འགོག་བྱེད་དགོས་ཀྱི་ཡོའོ་རེད་པཱ། པུ་གུ་མ་སྐྱེས་པ་བྱེད་དགོས་ཀྱི་ཡོའོ་རེད་པཱ།འདི་འདྲས་ལ་མེ་བརྒྱབ་ནི་བྱེད་དགོས་རེད་དའི་འདི་འདྲས་ད་ལྟ་མེ་དེ་གཅིག་ཀྱང་རྒྱག་གི་ཡོའོ་མ་རེད།
  • བལྟ་ཚོད་འདི་འདྲས་བྱེད་ཀྱི་ཡོའོ་མ་རེད། བཀག་ཐུབ་ཀྱི་ཡོད་དམ་མེད། གཏན་གཏན་དི་འདྲས་ད་ད་ལྟ་གསལ་པོ་འདི་འདྲས་བཤད་ཐུབ་ཀྱི་མ་རེད་པཱ། འོ་ད་གནས་ཚུལ་ངོ་མའི་སྒང་ལ་འདི་འདྲས་རྒྱུ་མཚན་འདི་འདྲས་སྔ་ས་ནས་གསུངས་བཞག་པ་འདི་འདྲས་རེད།ཨན།ལགས།
  • ད་འདི་སྒང་གི་དེ་ནི་རྩའི་གནད་བྱས། ད་དེ་ནས་གཤམ་ལ་ཡ་ཤའི་གྱི་གནད། ཚིལ་གྱི་གནད། རུས་པའི་གནད། ཆུ་རྒྱུས་ཀྱི་གནད། དོན་སྣོད་ཀྱི་གནད། རྩའི་གནད་བྱས་ནི་ཁྱོན་གནད་བདུན།
  • འན།གནད་དེ་ཡ་དེ་ནི་གཉན་པའི་གནད་ཟེར་གྱི་ཡོད་ཟེར། འོ།གཉན་པའི་གནད། བཀའ་གཉན་པའི་གནད། ད་མ་གཞི་ག་པར་ག་པར་ཡིན་ནའི་རྩ་འདི་འདྲས་ལུས་ཡོངས་རྫོགས་ལ་དྲྭ་བ་ནང་བཞིན་ཡོའོ་རེད་དའི་ཡིན་ནའི་ཁེལ་མ་ཁེལ། ཁེལ་སའི་སྒང་ལ་ཡ་གནད་ཆེ་ཆུང་ཞེ་དྲག་འདི་འདྲས་མང་པོ་བཞག་པའི་ནང་ཡོའོ་རེད།
  • ད་ཡིན་ནའི་དེང་སང་ཨེན། ཤགས་བཅོས་ཆེན་པོ་འདི་འདྲས་བྱེད་ཀྱི་ཡོའོ་རེད། རྦད་དེ་བཤགས་བཅོས་ཆེན་པོ་འདི་འདྲས་བྱས་ནི་ད་ཡང་གནད་ཟེར་ཡས་འདི་ཚོའི་སྒང་ལ་ཡ་ཞེ་དྲག་བསམ་བློ་བཏང་མཁན་ཡོད་ད་མེད་ད། གནས་སྒང་ལ་ཁེལ་གྱི་ཡོད་ཀྱི་རེད། ང་ད་བཤགས་བཅོས་བྱེད་སར་སླེབས་མ་སོང་།
  • ཡང་འདིའི་སྒང་ལ་ཡ་ནད་པ་གསོ་ཡས་ཀྱི་སྒང་ལ་ཁྱད་པར་ཞེ་དྲག་ཡོད་པ་འདི་འདྲས་ཡོད་པ་འདི་འདྲས་བྱས། དཔེར་ན་སྤྱིར་བཏང་གི་བཤད་པར་གཞིགས་ན་ཤ་གནད་སུམ་ཅུ་ཟེར་འདི་འདྲས་བཞག་པའི་ནང་རེད་བོད་སྨན་སྒང་ལ་ཤ་གནད་གསུམ།བྱས་ཙང་ཤ་གནད་ཀྱི་སྒང་ལ་ཡ་རྨ་ཏས་ཙམ་བཟོས་པ་ཡིན་ན་ཡང་དྲག་ཁག་པོ་ཡོད་པ།
  • ཤ་གནད་མ་ཡིན་པའི་སྒང་ལ་རྨ་ཆེ་ཙམ་བཟོས་པ་ཡིན་ནའི་མགྱོགས་པོ་དྲག་འགྲོ་ཡས་འདིའི་སྒང་ལ་ཡ་ཁྱད་པར་འདི་འདྲས་ཨན་ཆེན་པོ་འདི་འདྲས་བཞག་པ་རྣམས་འདི་འདྲས་ཡོའོ་རེད།
  • བྱས་ཙང་གནད་ཟེར་ཡས་འདི་གལ་འགངས་ཆེན་པོ་འདི་འདྲས་རུས་ཀོག་གི་གནད་ལ་ཡང་གནད་ཡོད་སའི་སྒང་ལ་ཁེལ་ན་ཡང་གཞན་དང་མི་འདྲ་བའི་ན་ཟུག་ཆེན་པོ་གཏང་ཡས། མགྱོགས་པོ་མགྱོགས་པོ་སྐྲངས་ཡས། ཤུགས་ཆེན་པོ་ཡར་སྐྲངས་ཡས་ལ་སོགས་པ་གནས་ཚུལ་འདི་འདྲས་ན་ཚ། ན་ཚ་ཨང་། ནད་པ་༼ཚ་༽འདི་འདྲས་ནད་པའི་སྒང་ལ་ཡ་དངོས་སུ་འདི་འདྲས་ཡོང་གི་ཡོའོ་རེད།
  • དཔེར་ན་ང་ཚོ་པུས་མོའི་ལྷ་ང་ཟེར་ཡས་འདིའི་རུས་ཀོག་འདི་རྨ་ཏས་ཙམ་གཅིག་ལའི་མ་བཟོས་ནའི་ད་དངོས་གནས་བྱས་པ་ཡིན་ན་རྨ་སེར་ཁའི་བཟོ་འདྲའི་ཅིག་ཏོག་ཙམ་ཅིག་ལས་མ་བཟོས་པ་ཡིན་ན་ཡང་ནད་པ་ལ་ཡ་བཟོད་ཐབས་མེད་པ། ནད་པ་ཁྱོན་ནས་རྐང་པ་སྤོས་ནི་འགྲོ་ཐུབ་ཡས་ཅི་ཡས་༼ཅི་ཡང་འམ་གང་ཡང་༽མེད་པ་འདི་འདྲས་ཀྱི་ན་ཚ་གཏོང་ཡས་ཡོད་པ།
  • ད་འདི་དེ་ནི་ཨན་རྙོག་དྲྭ་འདི་འདྲས་ཡོད་པ་འདི་འདྲས། ད་ཨེམ་ཅེ་དང་མི་གཞན་དག་གི་བལྟས་པ་ཡིན་ན་ད་འདི་གཡོ་ཁྲམ་རང་རེད་བཞག་ཟེར། རྨ་འདི་འདྲ་གཅིག་ལས་མིན་འདུག་དེ་ཁོས་ད་སྐྱག་རྫུན་བཤོད་ཀྱི་ཡོའོ་ཡིན་པས་ཟེར།༼སྐྱག་རྫུན་བཤོད་ཀྱི་ཡོའོ་རེད་ཟེ།༽བསམ་བསམ་འདི་འདྲས་ཀྱི་གནས་ཚུལ་ཡོའོ་རེད་དའི་ཡིན་ནའི་དོན་དངོས་ནང་ལ་ཡ་ཁོ་གནད་སྒང་ལ་ཁེལ་ན་ནད་པ་ལ་ཡ་དཀའ་ངལ་ཆེན་པོ་འདི་འདྲས་བཟོ་ཀྱི་ཡོད་པ་ཟེར་ཡས་རྒྱུ་མཚན་འདི་འདྲས་ཡོའོ་རེད།
  • བྱས་ཙང་གནད་ཟེར་ཡས་འདི་ཤ་གནད་རུས་གནད་ཟེར་ཡས་འདི་ཚོའི་གནད་འདི་འདྲས་ཨན་མི་རེ་ངོ་རེའི་གྱི་གནད་འདི་འདྲས་ཡག་པོ་བྱས་ནི་ཕར་བཤད་ཚར་བ་ཡིན་ན། དེ་ནི་ཨན་རྗེས་མ་དེ་ནི་ཨན་དཔེར་ན་བཤགས་བཅོས་བྱེད་ཡས་ཡིན་ནའི་རེད་འདི་འདྲས་ཀྱི་སྒང་ལ་ཡ་ད་གནད་ཀྱི་སྒང་ལ་མ་ཁེལ་བ་བྱེད་ཡས་ཟེར་ཡས་འདི། ཨན་གལ་ཆེན་པོ་ཡིན་པ་དང་ནད་པ་འདི་ལ་ཡ་དེ་ནི་ན། ན་ཚ་དེ་བཤགས་བཅོས་བྱས་པའི་གཞུག་ལ་རྨ་གསོས་ཡས་ལ་སོགས་པ་དྲག་ཡས་ལ་སོགས་པ་ལ་ཡ་ཞེ་དྲག་གི་མགྱོགས་ག་ཡོད་པ་གནས་ཚུལ་འདི་འདྲས་ཡོད་པ་འདི་འདྲས་གཅིག་རེད།
  • ཨན། འདི་བྱས།