Video Overview
Aum Kinley of Ueserkha Villag sings a zhungdra about nature, praising the old mountain that lies right below the high sky. It then heralds the beautiful flower blooming at the right side of the mountain and offering that flower to the renowned master. As the song hasa long tune, it is performed in a straight line with between five and twenty dancers. It can be performed at any auspicious occasions, celebrations and gatherings.
༉ སྤུ་ན་ཁ་ཆ་འོག་ དཀར་སྦི་ས་རྒེད་འོག་ གཡུས་གསར་ཁ་གཡུས་ཚན་ལས་ཀུན་ལེགས་ཀྱིས་ ཆོས་དང་འབྲེལ་བའི་གཞུང་སྒྲའི་གླུ་གཞས་ རི་བ་རི་བ་ཟེར་མི་འདི་འཐེནམ་ཨིན་མས། གླུ་གཞས་འདི་ སྤྱིར་བཏང་ བླམ་དང་སློབ་དཔོན་ དེ་ལས་ཕམ་དང་རྒྱལ་ཁབ་ལུ་བསྟོདཔ་རྐྱབ་ཨིནམ་ད་ ལྷག་པར་དུ་ རང་བཞིན་གནས་སྟངས་ཀྱི་སྐོར་ལས་བཤད་པ་རྐྱབ་པའི་སྐབས་ དགུང་དབྱིངས་ཀྱི་འོག་ལུ་ཡོད་མི་ རི་མཐོ་དྲགས་དང་ དེ་ལས་གངས་རི་གི་གཡས་ཕྱོགས་ལུ་ཤར་ཡོད་པའི་མེ་ཏོག་འདི་ བླམ་ལུ་ཕུལ་ཡི་ཟེརཝ་མས། གླུ་གཞས་འདི་ མདངས་རིངམོ་སྦེ་ཡོདཔ་ལས་ མི་ཚུ་གྱལ་རིངམོ་སྦེ་བཟོ་སྟེ་རྐྱབ་དོ་ཡོདཔ་ད་ དགའ་སྟོན་དང་དུས་སྟོན་ ག་ཅི་བཟུམ་ཅིག་ནང་འབད་རུང་ རྐྱབ་སྲོལ་ཡོདཔ་ཨིན་པས།
- Punakha
- ཀུན་ལེགས་/ Kunley:རི་བོ་རི་བོ་རི་བོ་རྒྱལ་གྱིས་གཤེགས་ཤིག །ཡས་ཀྱི་ལ་དགུང་སངས་ཀྱི་མཐོན་མོ། །
- ཀུན་ལེགས་/ Kunley:ཡས་ཀྱི་ལ་ཁྲི་གདུགས་ཀྱི་ཉི་མ། །མེ་ཏོག་སྒྲོལ་མ་མེ་ཏོག་སྒྲོལ་མ། །གཡས་སྐོར་ཤིག་ཤིག །ལྷ་ཁང་ཁྲ་མའི་མཆོད་པ་ཅིག་འབུལ་ལོ། །
- ཀུན་ལེགས་/ Kunley:མེ་ཏོག་སྒྲོལ་མ་མེ་ཏོག་སྒྲོལ་མ། །གཡོན་སྐོར་ཤིག་ཤིག །མཚན་ལྡན་བླ་མའི་མཆོད་པ་ཅིག་འབུལ་ལོ། །ལགས་སོ།། །།