Video Overview
༉ ནགས་ཚལ་ནང་ལས་ དེ་སྦེ་ཕ་ཐའི་བསྡུ་ནིའི་སྲོལ་འདི་ དང་ཕུགས་ཕམ་གི་སྐབས་ལས་རང་ བསྡུ་ལེན་འབད་དེ་ ཟ་སྤྱོད་འབད་དེ་སྡོད་ནུག དེ་བསྒང་ ཟས་དང་ལོངས་སྤྱོད་ཚུ་ ད་རེས་ནངས་པ་བཟུམ་སྦེ་མེད་པར་ ལྟོཝ་བཀྱེས་པའི་སྐབས་ འདི་ཚུ་བསྡུ་སྦེ་ ཟ་སྟེ་སྡོད་ཡོད་པའི་ ཚལ་མ་ནང་གི་ཟས་ཅིག་ཨིནམ་བཞིན་དུ་ ད་ལྟོའི་ཕམ་རྒན་ཤོས་དག་པ་ཅིག་གིས་ ཁོང་ར་ཆུང་སུ་ཅིག་སྦེ་སྡོདཔ་ད་ ཟ་ཡོདཔ་མ་གཏོགས་ ཁོང་རའི་ངོ་བོ་བསྒང་ལུ་ ཟ་མ་མྱོངམ་ཨིན་རུང་ ལ་ལུ་ཅིག་གིས་ ཁོང་རའི་ངོ་བོ་བསྒང་ལུ་ཡང་ དེ་བཟུམ་མའི་ཟས་ཚུ་བསྡུ་ལེན་འབད་དེ་ ཧ་ལམ་ཚུན་ཟ་སྡོད་སྡོདཔ་ཨིན་མས། དེ་འབད་ནི་འདི་གིས་ ཕ་ཐའི་བསྡུ་ལེན་འབད་ཤེས་མི་ རེ་རེ་གཉིས་གཉིས་མ་གཏོགས་མེདཔ་ཨིན་པས། ད་ལྟོའི་གནས་སྟངས་དང་འཁྲིལ་བ་ཅིན་ དེ་བཟུམ་མའི་ ཕ་ཐའི་བཟུམ་གྱི་ཟས་ ཚལ་མ་ནང་ལས་བསྡུ་ལེན་འབད་དེ་ ཟ་དགོ་པའི་གནས་སྟངས་ཅིག་མེད་རུང་ གལ་སྲིད་ མ་འོངས་པ་ལུ་ མི་ཚུ་གི་བསོད་ནམས་ཉམས་ཡི་ཉམས་ཡི་འགྱོ་ད་ལུ་ དཔལ་འབྱོར་ལོངས་སྤྱོད་མར་ཕབ་འགྱོ་བའི་གནས་སྟངས་ཅིག་ཤར་བ་ཅིན་ ཟ་བཏུབ་པའི་ཟས་ ཚལ་མ་ནང་ལེ་ཤ་་ཡོད་རུང་ ག་དེ་སྦེ་ཟ་ནི་ཨིན་ན་རང་མི་ཤེས་ནི་ཨིན་པས། དེ་འབདཝ་ལས་ ཤེས་རྒྱུན་ལས་སྡེའི་ཁ་ཐུག་ལས་ མ་འོངས་པའི་དོན་ལུ་ འབྲུག་གི་ལམ་སྲོལ་ཚུ་ ཕབ་བཟུང་འབད་བའི་སྐབས་ གཞལམ་སྒང་འཕྲིས་སྒང་ལས་ སྟོང་ལྡན་དང་ ལས་སྐྱིད་རྡོེ་ གཉིས་ཀྱིས་ཁས་བླངས་འབད་དེ་ ལཱ་ཁག་སྦེ་ ཚལ་མ་ནང་སོང་སྟེ་ ཕ་ཐའི་བསྡུ་ལེན་འབདཝ་ཨིན་པས།
- Thinleygang
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཨ་ནཱི བཟའ་བཏུབ་མི་ག་འདི་ཨིན་ན? བཟའ་མ་བཏུབ་མི་ག་འདི་ཨིན་ན་? གསུང་གནང་ཤིག་ད་འབདན་ ཤུབས་ཅི་ཤུབས་ཅི།From this which one is eatable? Which one is not eatable? Now you can tell me.
- སྟོང་ལྡན་ Tongdenཨའི་ཟེར་མི་ཨིན་ལགས་(རྒསཔ་)Eatable one is in local term it is called as aie.(Old)
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok...
- སྟོང་ལྡན་ Tongdenད་འ་ནཱི་གི་བཏུབ་ལགས། བཟའ་བཏུབ་མི་ཨིན།Now this is enough. That is eatable one.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་། འ་ནཱི་ཡ་ལགས?Ok. That one?
- སྟོང་ལྡན་ Tongdenའོང་ལགས།It is ok.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་Researcher Yeshi Wangchuk: ཨ་ནཱི་ཡང་བཏུབ་ག་? Is this one also ok?
- སྟོང་ལྡན་ Tongdenའ་ནཱི་ཡང་བཏུབ།This one also ok.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukལགས་སོ།Ok.
- སྟོང་ལྡན་ Tongdenའ་ནཱ་ལས་ཡར་མི་བཏུབ་ལགས། གནས་སྐབས་མེད་པ་ཅིན་ ལཱ་ཁག་ཡོད་ཏེ།It will not work from that. If there is no idea it is difficult.
- ལས་སྐྱིད་རྡོ་རྗེ་ Leki Dorjiཨིན་པས།It is right.
- སྟོང་ལྡན་ Tongdenཆུང་ཀུ་ཅིག་འདུགThere is small one.
- སྟོང་ལྡན་ Tongdenའ་ནཱི་གི་བཏུབ།It will be ok.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་Researcher Yeshi Wangchuk: ཨ་ནཱི་ལགས་ཁར་རེགཔ་ད་མི་དུག་ག? ག་ནི་ཡང་མི་འབད་གོ་ཤིག? གཡའ་ཡང་མི་གཡའ་ག? While we touch is it not poisoness? Will it happen nothing? Will it never itch also?
- ལས་སྐྱིད་རྡོ་རྗེ་ Leki Dorjiག་ནཱི་་ཡང་མི་འབད་ལགས།It will happen nothing.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་Researcher Yeshi Wangchuk: གཡའ་ཡང་མི་གཡའ་ག? Will it never itch also?
- སྟོང་ལྡན་ Tongdenགཡའ་ཡང་མི་གཡའ་ལགས། འ་ནཱེ་ཅིག་ལས་ཡར་བཟའ་མི་བཏུབ་ལགས།It will never itch also. From that onwards it is not for eating.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok...
- སྟོང་ལྡན་ Tongdenའ་ནཱེ་ཅིག་ལས་ ར་ཏོ་ཐོག་གཅིགFrom that tip of root was one.
- ལས་སྐྱིད་རྡོ་རྗེ་ Leki Dorjiབཀོག་དགོ།Have to throw.
- སྟོང་ལྡན་ Tongdenཨ་ནཱ་ལས་བར་ན་འ་ནཱེ་ཅིག་བཟའ་བཏུབ་ལགས།From that in the middle it is eatable one.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་Researcher Yeshi Wangchuk: བར་ན་འདི་ཨིན་པས་སྨོ? Middle one is the one right?
- སྟོང་ལྡན་ Tongdenཨིན་ལགས་བར།Yes, middle one is right.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukབཏུབ་མི་བར་ན་།It is the middle one.