Video Overview
Tshering from Marangdue village shows how a wild fruit known as tercha is collected and prepared for consumption. Tercha is the fruit of a vine that grows wild, looks like a pumpkin and hangs on trees. Sickles attached onto long bamboo stems are used to harvest the fruits. The seeds are removed and crushed to extract its inner edible content. It is then roasted or boiled. Tshering explains that the seeds have to be cooked well in order for them not to trouble the stomach. He also tells us that they are used as a substitute for butter and oil, and that they can also be consumed as a kind of cheese if ground properly to that effect.
གློག་བརྙན་འདི་ནང་ གཞལམ་སྒང་རྫོང་ཁག་ མ་རངས་འདུད་གཡུས་ཚན་ལས་ ཕོ་སྐྱེས་ཅིག་གིས་ དང་ཕུགས་ ནགས་ཚལ་ནང་གི་ ཤིང་གི་རྡོག་མ་ཏེར་ཆ་ བསྡུ་སྒྱོམ་འབད་ཐངས་དང་ འདི་ལྟོ་སྦེ་ ག་དེ་སྦེ་ ལག་ལེན་འཐབདོ་ཡོདཔ་་ཨིན་ནིའི་སྐོར་ལས་ བཤདཔ་ཨིན། རོབ་འབྱེལ་གུ་ བཏགས་ཏེ་ཡོད་པའི་ རྡོག་མ་འདིའི་ བཟོ་རྣམ་འདི་ ཀ་ཀུ་རུ་བཟུམ་སྦེ་ ཤིང་སྦོམ་ཚུ་གུ་ལས་མར་ དཔྱང་སྡོད་དོ་ཡོདཔ་ལས་ མི་ཚུ་གིས་ འདི་གཏོག་ནིའི་དོན་ལུ་ སྤག་ཤིང་གུ་ ཟོརཝ་སྦྲགས་ཏེ་ བཏོགཔ་ཨིན་པས། ཤིང་གི་རྡོག་འདི་ནང་ལས་ ནང་རྫས་བཏོན་ཞིནམ་ལས་ ད་རུང་ འདི་བཀྲུམ་ཞིནམ་ལས་ བཟའ་བཏུབ་མི་ ནང་རྫས་འདི་ གཏོན་དགོ་དོ་ཡོདཔ་ད་ འདི་ལས་ བཟའ་ནིའི་དོན་ལུ་ ནང་རྫས་འདི་ མེ་བཏངམ་ཨིན་པས། ཁོ་གིས་ སླབ་མི་ནང་ འདི་ལེགས་ཤོམ་སྦེ་ མ་བཙོ་བ་ཅིན་ ཕོཝ་དཀྲུགས་པའི་ ཉེན་ཁ་ཡོད་ཟེར་ཨིནམ་ད་ རྡོག་མ་འདི་ བཞེས་སྒོ་བཟོ་ནིའི་དོན་ལུ་ ལེགས་སྦེ་བཙོ་དགོ་ཟེར་ཨིནམ་ད་ ཤིང་གི་རྡོག་མ་འདི་ མར་དང་ མར་ཁུ་མེད་པའི་སྐབས་སུ་ མར་དང་ མར་ཁུ་གི་ ཚབ་སྦེ་བཏུབ་ཨིནམ་ཟེར་ཨིནམ་ད་ ལེགས་ཤོམ་སྦེ་རྡུངས་ཞིནམ་ལས་ དར་ཚིག་སྦེ་ཡང་ ལག་ལེན་འཐབ་བཏབ་ཟེར་ཨིན་པས།
- Ngangla
- ཚེ་རིང་ Tsheringཨ་མར་གཉིས་ཡོད་ལགས།Below, there are two.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའདུག་ག་ལགས?Is it there?
- ཚེ་རིང་ Tsheringའདུག་ལགས་གཉིས་འདི་ ཁུག་ནི་འདི་ ག་དེ་སྦེ་ཁུག་ཡི་ག་མ་ཤེས།There are two but do not know whether it has ripened or not?
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཁུག་མི་རྐྱངམ་ཅིག་ བཟའ་བཏུབ་ཨིན་ན་ལགས?The ripened only, can we eat?
- ཚེ་རིང་ Tsheringལགས?La?
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཁུག་དགོ་ཡ་ལགས?Have to ripened it?
- ཚེ་རིང་ Tsheringཁུག་དགོ་ལགས་ ཨ་ནཱི་ཁུག་ཅིག་ག་ མ་ཁུག་མ་ཤེས་ལགས།Yes, it has to be ripened. Do not know whether it has ripened or not.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukདབའི།Hey!
- ཚེ་རིང་ Tsheringམ་ཁུགཔ་བཟུམ་ཅིག་ཡོད། ཨ་ཙི་ཅིག་འདི་མ་ཁུག་པས།Seems it has not ripened. It has not ripened properly.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཁུག་ནུག་ག་ལགས?Has it ripened?
- ཚེ་རིང་ Tsheringཨ་ནཱི་ཨ་ཙི་ཅིག་ མ་ཁུག་པས་ལགས།This one has not ripened?
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukརོབ་འབྱེལ་སྦེ་དེ་ཨིན་པས་སྨོ་ལགས?This is in the form of creeper, right?
- ཚེ་རིང་ Tsheringཨ་ནཱི་རོབ་འབྱེལ་སྦེ་ཨིན་ལགས།Yes, this is in the form of creeper.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukརོབ་འབྱེལ་གུ་སྦེ?Is it on creeper?
- ཚེ་རིང་ Tsheringརོབ་འབྱེལ་གུ་སྦེ།Its on creeper.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཤིང་གི་སྤྱི་ཏོག་གུ་ གནམ་མེད་ས་མེད་ར་འགྱོཝ་ཨིན་པས་ཏེ།It really procced on the top of the tree.
- ཚེ་རིང་ Tsheringའདི་གིས་ སྤྱི་ཏོག་ཁར་ལྡིང་འགྱོ་འོང་ལགས།This one will glide on the top of the tree.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Okey...
- ཚེ་རིང་ Tsheringཨ་ནཱི་ཡང་ མ་ཁུགཔ་བཟུམ་ཅིག་འདུག། འདི་ཡང་ལ་ལུ་ཅིག་ ཧ་ཤོས་མ་དང་ ལ་ལུ་ཅིག་ཕྱི་ཤོས་མ་ཟེར་ཡོད་སྦ།Seems this one has also not ripened. Some ripens early and some do not.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukལགས?La?
- ཚེ་རིང་ Tsheringལ་ལུ་ཅིག་ཧ་ཤོས་ཟེར་ ཧེ་མ་བཏགས་མི་དེ་གིས་ ཧེ་མ་ཁུག། རྟིང་མ་བཏགས་མི་དེ་གིས་ ཤུལ་ལུ་འཚོ་མས་སྦ།Some ripen early means it gets ripen fast, and some ripen later.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Okey...
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཀ་ཀུ་རུ་བཟུམ་ཅིག་ར་འདུག་སྨོ་ལགས?It resembles like pumkin.
- ཚེ་རིང་ Tsheringཡོད་ལགས། ཨ་ནཱི་འདི་ ཀ་ཀུ་རུ་བཟུམ་ཅིག་ར་ཨིན་ལགས། ཨ་ནཱི་ཅོག་ར་འཐད།It is. It resemble like pumkin. It is almost same.
- ཚེ་རིང་ Tsheringའདི་ལེགས་ཤོམ་སྦེ་ མ་འཚོ་པ་ཅིནཁག་ཏེག་ཏེ་འོང་།ཐIf it does not ripen properly, it will be bitter.
- ཚེ་རིང་ Tsheringའ་ནཱི་རེ་རེ་ལུ་ རྡོག་མ་རེ་རེ་འོང་ལགས་ ལེགས་ཤོམ་ཚུ་ལུ།The good ones will have each fruit in it.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Okey..
- ཚེ་རིང་ Tsheringཨ་ནཱི་རེ་རེ་ལུ་ ཨ་ནཱི་སོ་རེ་རེ་ལུ།Each one has life in it.
- ཚེ་རིང་ Tsheringཨ་ཙི་ཅིག་མ་ཁུགཔ་བཟུམ་ཅིག་ཡོད།Seems it has not ripened a little bit.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukམ་ཁུག་པས་ཡ་ལགས?Have not ripened?
- ཚེ་རིང་ Tsheringཨ་ཙི་ཅིག་མ་ཁུག་པས་ལགས་ ཁུག་ནི་གི་དུས་ཚོད་ མ་རནམ་འོང་ནི་མས།It has not ripened a little bit. Seems it has not been a time to ripen.
- ཚེ་རིང་ Tsheringནང་བཏོན་དགོ་ནང་།we have to take out the inner part
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཔགས་ཀོ་འདི་གིས་ ག་ནི་ཡང་ མི་བཏུབ་ག་སྨོ?Now, the bark can not be used for anything?
- ཚེ་རིང་ Tsheringའ་ནཱི་ཚུ་གིས་ ག་ནི་ཡང་མི་བཏུབ་ལགས།These can not be use for anything now.
- ཚེ་རིང་ Tsheringརྡོག་མ་ཡང་ ཁོ་ར་ཚན་པ་ཚན་པ་སྦེ་ཡོད།Even, arecanut have units
- ཚེ་རིང་ Tsheringཕྱི་ཁ་ལས་ འ་ནཱི་བཟུམ་ཡོད་མི་རེ་ལུ་ རྡོག་མ་རེ་འོང་སྦ་ཨ་ནཱི་ལུ། ད་ཕྱི་ཁར་ལས་བལྟ་རུང་ འ་ནཱེ་སྦེ་ཡོད་མེན་ན? ཁོ་འ་ནཱི་རེ་རེ་འོང་དགོFrom outside if it is like this, it will have arecanut. Now if we look from outside, it will be like that like. It will have one each.
- ཚེ་རིང་ TsheringགཅིགOne.
- ཚེ་རིང་ Tsheringཏོག་ཏོག་ཟེར་ ཁོ་རྡོག་མ་ལེགས་ཤོམ་མེདཔ་བཟུམ་ཅིག་འདུག།If it sounds(rap) it means the fruit is not good.
- ཚེ་རིང་ Tsheringདང་ཕུའི་་་ཅ་ལ།It is traditional goods.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཏེར་ཆ་ཟེར་་་།What is tercha?
- ཚེ་རིང་ Tsheringཏེར་ཆ་ཟེར་ དང་ཕུ་འབད་བ་ཅིན་ ད་རེས་ནངས་པ་འདིནི་ བཟའ་ནི་ཨིནམ་མ་ཤེསཔ་འདྲས་ བལྟ་ར་མི་ལྟ་བས་ཏེ།Tercha means in olden days, nowdays seems people did not know about it. Have not look at it.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok...
- ཚེ་རིང་ Tsheringཨ་ནཱེ་སྦེ་ ནང་ཟས་ཐོན་སྡོད་སྡོདཔ་ཐོབ་ད་འདི་ འཐུ་འབག་འོང་མས། འདི་གིས་ ལོ་སྦེ་ཡང་སྡོད་འོང་ལགས། ནང་ན་ག་ནི་ཡང་མི་འབད་ལགས།Like this, when we get the inner grube, other may take it away. This will last for long years. Nothing will happen inside.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་། ས་ཁར་བུད་སོང་རུང་ཡ?Ok... even it falls on the ground?
- ཚེ་རིང་ Tsheringབུད་འགྱོ་མི་དེ་གི་ནང་ན་ ཁོ་རའི་ ཕྱི་ཁའི་པགས་ཀོ་བཤུབ་འགྱོ་རུང་ ནང་ན་གི་སེརཔོ་སྦེ་ཐོན་ཏེ་སྡོད་འོང་སྦ།Even it falls on the ground, its bark will peel off and the inner grube (yellow in color) will come out.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok.....
- ཚེ་རིང་ Tsheringབྱི་ཙི་གིས་ མ་བཟའ་བ་ཅིན་འདི་ དང་ཕུ་དིང་ཕུ་གི་ཡང་སྡོད་འོང་ལགས།If it is not eaten by rats, even the arecanuts of long time back would have been last.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok..
- ཚེ་རིང་ Tsheringའ་ནཱི་ཚུ་འདི་ གནམ་མེད་ས་མེད་ལེགས་ཤོམ་ཨིན་ལགས། ཁོ་ལུ་ མ་པ་ལས་མེདཔ་ཐལ་ནི་ཟེར་མེད། ཁོ་གི་ ནང་གི་རྡོག་མ་སྡོད་འོང་།These all are very good ones. It never used to get spoiled.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukལཱ་འདི་ཧ་ལམ་ཅིག་འདུག་སྨོ?More work has to be done?
- ཚེ་རིང་ Tsheringའ་ནཱེ་སྦེ་བཤུབ་སྟེ།It has to be peel off like this.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཔགས་ཀོ་བཤུབ་ནི?Peeling off bark?
- ཚེ་རིང་ Tsheringབཤུབ་ནི་ཡོད་ལགས་ བཤུབ་ཞིནམ་ལས་ བཀག་སྟེ།Have to peel off. After peeling off, then later it has to be cut.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok...
- ཚེ་རིང་ Tsheringའེང་་ འ་ནཱེམ་ཅིག་ཐོན་ནུག་ལགས། (ཏེར་ཆ་སྒོང་)གཉིས་ཀྱིས།This much is the quantity from two gulp of arecenuts.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukགཉིས་ཀྱི་ཨིན་པས་སྨོ་ལགས?That is from two gulp of Tercha( wild fruit ), right?
- ཚེ་རིང་ Tsheringགཉིས་ཀྱི་འ་ནཱེམ་ཅིག་ཐོན་ཡི་ལགས།Yeah, that is from two gulp of tercha.
- ཚེ་རིང་ Tsheringཁོ་བཀག་ནི་ཡང་ ག་ལྷོད་ལྷོད་བཀག་ནི་མེད་ལགས། ཁོ་བཀག་ནི་གི་ ཁོ་རའི་མཚམས་ཡོད་པ་བལྟ་ཤིག།While cutting off, it should not cut off in any ways. To cut it, there is demarcation.. Just look it.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok...
- ཚེ་རིང་ Tsheringཨ་ནཱི་ ཁ་ལས་འ་ནཱེ་སྦེ་ཡོད་པ། སློབ་དཔོན་བཀག་ནི།་ འ་ནཱི་ཁ་ཐུག་ཡང་མེན་ལགས། འ་ནཱེ་སྦེ་ཡོད་པ། འ་ནཱེ་སྦེ་བཀག་དགོ་ལགས།From the top, it looks like this. Sir, to cut off, it is not from this side. It has like this. It has to be cut off like this.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok...
- ཚེ་རིང་ Tsheringཁོ་ར་གི་གས་ནི་ཡོད་པ།Tercha has its own way of old.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukགས་ནི་གི་རིམ་པ?Way of getting old.
- ཚེ་རིང་ Tsheringའོང་ལགས་ རིམ་པ་ འ་ནཱེ་སྦེ་བཀག་ནི་ཨིན།Yeah, it has to be cut off in serial ways.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་ ང་བཅས་རའི་ སྟར་གོ་དང་ ཁམ་གྱི་རྡོག་མ་བཟུམ་ཅིག་ཨིན་པས་སྨོ་ལགས?Ok. Then it resemble like walnut and the fruits of peach that we have at our home, right?
- ཚེ་རིང་ Tsheringའོང་ལགས་ནང་།Yes it is.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukསྟར་གོ་དང་ ཁམ་གྱི་ནང་ཟས་བཟུམ་སྦེ།Same like the inner nuts of walnut and peach.
- ཚེ་རིང་ Tsheringབཀག་ནི་ འ་ནཱེ་སྦེ་བཀག་ནི། འ་ནཱིའི་ཁ་ འ་ནཱེ་སྦེ་ཡོད་ལགས། ཁུག་མི་འདི། ཁ་ལས་བཀགཔ་ད་ ཀེག་བཏང་གས་འགྱོ་འོང་། གཞན་ག་ཏེ་ལས་ བཀག་རུང་ བཀག་མི་ཚུགས། རྡོག་མ་ངོ་མ་བཟའ་མི་འདི་ ཨ་ནཱི་ཨིན། འ་ནཱི་ཚུ་ ངོ་མ་ཨིན།To cut off, it has to be cut off like this. This tercha(wild fruit) has mouth like this. The ripened one, when we cut off, it will break like this. If we try to cut off from any directions, we will not be able to cut it off. The true fruits (tercha) is this one. These are the true ones.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukབཟའ་མི་འདི་ འ་ནཱི་ཨིན་ལགས?Is these are the ones which can be eaten?
- ཚེ་རིང་ Tsheringཨིན་ལགས་འ་ནཱི།Yes, these are.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok....
- ཚེ་རིང་ Tsheringད་རུང་ ནང་ན་ཡང་ གཅིག་བཀོག་ནི་ཡོད་ འ་ནི་ཚུ་ཟ་མ་བཏུབ་མི་ཨིན།Again, inside we have to cut off, and these can not be eaten.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok...
- ཚེ་རིང་ Tsheringའ་ནི་ཟ་མ་བཏུབ་མི་སོ་སོ་ཨིན། ཨ་ནི་These are the seperate ones which can not be eaten. These are
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukག་འདི་ལོ་ ཚར་གཅིག་སྟོན་གནང་ཤིགWhich one, can you show again.
- ཚེ་རིང་ Tsheringའ་ནཱི་ཚུ་ལགས།These are the ones.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukབཟའ་མ་བཏུབ་མི།Which can not be eaten.
- ཚེ་རིང་ Tsheringབཀོ་དགོ་ཁོ་ཨ་ནཱི། འ་ནཱི་པགས་ཀོའི་ནང་ན་ཡོད་པགས་ཀོ།These has to be thrown. These are inside the bark of tercha (wild fruit).
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཔགས་ཀོ་བཤུབ་བཏང་དགོཔ་ཨིན་ན?It has to peel off?
- ཚེ་རིང་ Tsheringའ་ནཱི་ཚུ་བཀོ་དགོ་ལགས་ འ་ནཱི་འདི་ བཟའ་བཏུབ་མི་ཨིན་པས། ནང་ཟས་ར་ཨིན་པས།These ones has to be thrown. This can not be eaten. It is the inner fruit.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok..
- ཚེ་རིང་ Tsheringག་ར་བཤུབ་ན་ སློབ་དཔོན? ཨ་ནཱེ་ཅིག་བཤུབ་ད་ བཏུབ་ག་སློབ་དཔོན?Can I peel off all sir? Will it be fine by peeling off this much sir?
- ཚེ་རིང་ Tsheringའ་ནཱེ་སྦེ་བཀོཝ་ད་མེདཔ་འགྱོཝ་ཨིན། འ་ནཱེ་སྦེ་བཀག་པ་ཅིན་ ཁོ་མེདཔ་འགྱོ་འོང་ འ་ནཱ་ལས་ཀོག་བཏང་བཀག།When we dig like this, it gets spoiled. If we cut off like this, it will be spoiled.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukརིམ་པ་ལས་ཡ?From serial ways?
- ཚེ་རིང་ Tsheringའོང་ལགས། ནང་ཟས་ག་ར་མེདཔ་འགྱོ་འོང་ལགས། འ་ནཱེ་སྦེ་བཀག་པ་ཅིན་ འ་ནཱི་བཟའ་བཏུབ་ཨིན།Yes. The inner part will be spoil. If we cut off like this, we can eat it.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukབཤུབ་ཞིནམ་ན་ དེ་ལས་མེ་བཏང་སྦེ་ བཟའ་ནི་ལོ?After peeling off, have to eat by roasting it?
- ཚེ་རིང་ Tsheringམེ་བཏང་ཞིནམ་ལས་ བཟའ་ནི་ལགས། མེ་མ་བཏང་རུང་བཏུབ།After roasting it, can eat it. It is fie by not roasting.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཨོང་་་།Yes..
- ཚེ་རིང་ Tsheringབརྡུང་ཞིནམ་ན་ཚོདམ་ནང་བླུགས་བཏུབ་ལགས།After cracking it, even we can put it in curry.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཡ་ཡ་ རྩི་ཀུ་ནང་བརྡུང་ཞིནམ་ལས?ok ok, after grinding it in a motar?
- ཚེ་རིང་ Tsheringའོང་་་ རྩི་ཀུ་ནང་བརྡུང་ཞིནམ་ལས།Yeah, after grinding it in motar
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok..
- ཚེ་རིང་ Tsheringརྩི་ཀུ་མིན་འདུག་སྟེ་ རྩི་ཀུ་ཕར་འབག་འགྱོ་ཡར་སོངཔ་ཨིན།There is no grinding motar. It had been taken.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok..,
- ཚེ་རིང་ Tsheringགཞན་རྩི་ཀུ་ནང་བརྡུང་ནི།Will grind it in another.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukབརྡུང་ཞིནམ་ལས་ ཚོད་མའི་ནང་བླུགསནི།After grinding it, I will put it in curry.
- ཚེ་རིང་ Tsheringཨོང་ལགས།Ok.....
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་ འེང་་་། མར།Ok,ok. Butter
- ཚེ་རིང་ Tsheringམར་ཨིན་ལགས་ཁོ་ མཱག་མཱག་ཞིམ་སྦ་ལགས།Tercha (wild fuits) are butter.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་ །Ok...
- ཚེ་རིང་ Tsheringམར་གྱི་ཚབ་འ་ནི་སྦེ་བླུགས་འོང་ལགས་དང་ཕུ་ལགས།In olden days, we put tercha as a substitute spices.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་ ཨིན་ན་ལགས?Ok, is it?
- ཚེ་རིང་ Tsheringམར་མེད་མི་ཚུ་གིས། ཁོ་མར་བཟུམ་ཅིག་ཨིན་ལགས།People who do not have butter, it is like butter.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok..
- ཚེ་རིང་ Tsheringརྡུང་ཡི་རྡུང་ཡི།Have grind it, grind it.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok...
- ཚེ་རིང་ Tsheringདེ་ལས་ དར་ཚིལ་གྱི་ཚབ་ཡང་བཏུབ་ དར་ཚིལ་བཟུམ་ཅིག་ཡང་ཨིན་ དཀརཔོ་དཀརཔོ་བསྒྱུར་འོང་།Then, it can be also a substitute for cheese, it will turn into white.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok....
- ཚེ་རིང་ Tsheringདར་ཚིལ་གྱི་ ཚབ་ཡང་བཏུབ་ལགས།It can be substitute for cheese.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukསྐ་པག་པ་འགྱོ་ནི་ཨིན་པས་སྨོ?Will it become viscious?
- ཚེ་རིང་ Tsheringདེ་འབདཝ་ད་ ལེགས་ཤོམ་སྦེ་ བཙོ་བཅུག་དགོ་ལགས། ལེགས་ཤོམ་སྦེ་ བཙོ་བ་ཅིན་ དཀར་དུར་དུ་སྦེ་ ཐོན་འོང་ལགས། ལེགས་ཤོམ་སྦེ་ མ་བཙོ་བ་ཅིན་ ད་རུང་ དུག་ནི་གི་ཉེན་ཁ་ཡོད།But, we have to cook it properly. If we cook it properly, it will come in the form of white. If we do not cook it properly, there is chances to be poison.
- ཚེ་རིང་ Tsheringཕོརཝ་ན་ནའི་ ཉེན་ཁ་ཡོད་པ།There is chances of having stomach pain.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok...
- ཚེ་རིང་ Tsheringཡ་ཏེ།But,
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཏེར་ཆ་དང་ ལེ་ཀོ་གི་གཏམ་འདུག་མེན་ན་ཡོད་ནི་འདི།There is an account of tercha and leyko, there is
- ཚེ་རིང་ Tsheringཡོད་ལགས་ ཏེར་ཆ་གི།There is, about tercha
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཨ་པ་གིས་ མཁྱེན་ག་མི་མཁྱེན་ག?Do not know whether father knows about it or not?
- ཚེ་རིང་ Tsheringཏེར་ཆ་ གཏམ་འབད་བ་ཅིན་ དང་ཕུ་འ་ནཱེ་སྦེ་ སླབ་མས་ལགས། མི་གཅིག་ཚལ་མ་བཤལ་ཏེ་འགྱོ་འགྱོཝ་ཨིན་ལོ་ལགས།The story about tercha, it used to be told like this.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཨོང་ལགས།Ok..
- ཚེ་རིང་ Tsheringའ་ནཱི་བསྒང་ ཚལ་མ་ནང་གི་ བྱ་ལེ་ཀོ་ ཀོ་ཏེ་ཀོ་ཏེ་ཟེར་ འདུག་ཟེར་ཨིན་པས།That time, there was wild kalij pheasant,
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཨོང་་་།Ok....
- ཚེ་རིང་ Tsheringཚལ་མ་ནང་ ལེ་ཀོ་ལུ་ དབའེ་ག་ཅི་སྦེ་ བསྔུཝ་སྨོ་ཁྱོད་ཟེར་ འདྲི་འདྲིཝ་ཨིན་ལོ།In the forest, it was asked to the kalij pheasant, why you are crying?
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཨོང་་་།Ok...
- ཚེ་རིང་ Tsheringཨའེ་་་ ང་བསྔུ་ནི་གི་བང་ཡང་མེད། མ་བསྔུ་ནི་གི་བང་ཡང་མེད། ངནི་ད་ ང་སྒོང་རྡོག་བུད་དེ་ ཁུངས་མིན་འདུག། ངེའི་སྒོང་རྡོག་འདིནི་ སྦུལ་གྱིས་ག་ར་བཟའ་ད་ཡི་ཟེརཝ་མས་ལོ་ ལེ་ཀོ་གིས།Aieeee... I do not have peace with crying, I do not have peace without crying. I do not have any reason to lay eggs as snake eat it up all.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok..
- ཚེ་རིང་ Tsheringདབའེ་་་ ག་དེ་སྦེ་འབད་ཡི། འགྱོ་ཤིག་དེནི་སྦུལ་འབོ་བར་ཟེར་ བཏང་བཏངམ་ཨིན་ལོ་ ཁོ་གིས།Wai.. then what happened? okey then lets go to call out snake, was told like that,
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok....
- ཚེ་རིང་ Tsheringའགྱོ་ཤིག་སྦུལ་འབོ་བར་ཟེར་ དབའེ་སྦུལ་ཤོག་ལོ་ ཁྱོད་ཟེར་ སླབ་སླབ་ཨིན་ལོ་ལགས།Lets go to call out snake, was told come out snake
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཨོང་ལགས།Ok
- ཚེ་རིང་ Tsheringལེ་ཀོ་འབོ་བར་བཏང་བཏངམ་མས། རྩོད་གཞི་ཕྱེ་ནི་ཟེར་ཨིན་པས་ཏེ་ལགས་ ཁོ་གིས་Kajil pheasant was sent. He want to have litigation.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཨོང་་་།Yes....
- ཚེ་རིང་ Tsheringཁོ་ཨ་ཙི་ཅིག་སྡོད་སྡོདཔ་མས། མི་འདྲི་བ་བཀོད་མི་ཅིགHe wait for a short moment. One who ask the question.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok..
- ཚེ་རིང་ Tsheringཤོག་ཟེར་ དེ་ལས་འོང་འོངམ་མས་ལགས།Come, then he came.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཨོང་་་།Yes...
- ཚེ་རིང་ Tsheringཡ་་་ ཁྱོད་མོ་གི་ སྒོང་རྡོག་ག་ཅི་སྦེ་ བཟའ་ཡི་ཟེར་ འདྲི་འདྲིཝ་མས་ལགས་ སྦུལ་ལུ། ཁྱོད་ཀྱིས་ མོ་གི་ སྒོང་རྡོ་ག་ཅི་སྦེ་བཟའ་ཡི་ཟེར་ འདྲི་འདྲིཝ་ཨིན་ལོ་ལགས།Oh! asked to snake, why did you ate the eggs? why did you ate her eggs?
- ཚེ་རིང་ Tsheringཐུགས་བདེན་ལགས། ང་མ་བཟའ་བར་ཐབས་ར་མེད། ང་སྒྲིལ་སྒོར་རྐྱབ་སྡོད་སྡོདཔ་ཨིན། དེ་འབདཝ་ད་ ཀ་ཤ་གིས་ ག་འོང་གུ་འོང་མེད་པར་ ངེ་གུ་ བསྣད་བྱིན་ཡི་ལགས། ཨཱ་བསྣད་བྱིནམ་ད་ འདྲོག་སྟེ་འགྱོཝ་ད་ ཡ་ཨིན་ན་དེ་སྦེ་ཟེརཝ་མས་ལོ།You are right. There is no choice left for, rather to eat. Actually I was surrounding it. But deer came out in sudden from nowhere, and then deer crushed over me. So, when he crused over me, I was frightened, oh! is it in this way?
- ཚེ་རིང་ Tsheringཀ་ཤ་གིས་བསྣད་བྱིནམ་ད་ འདྲོག་པའི་ཤུགས་ཀྱིས་ མགྱོགསཔ་ད་བཟའ་ཡི་ཟེར་ སླབ་སླབ་མས།When deer crushed over me, I was frigtened so when I ran I eat it told by snake.
- ཚེ་རིང་ Tsheringདེ་འབད་བ་ཅིན་ འགྱོ་ཤིག་ཀ་ཤ་འབོ་བར་ཟེར་ སླབ་སླབ་ཨིན་ལོ་ལགས། ཀ་ཤ་ཨིན་ན་ ཀ་ཤ་འབོ་སྦེ་ཤོག་ཟེར་ སླབ་སླབ་མས་སྦུལ་ལུ།If this is the case, go and call deer. Is it deer, call deer was asked to snake.
- ཚེ་རིང་ Tsheringཀ་ཤ་ནང་ཤོག་ལོ། ཨ་ལྕོ་ཀ་ཤ་ཟེར་ སླབ་སླབ་མས། དེ་ལས་ ཀ་ཤ་འོང་འོངམ་མས་ཏེ། ཡ་ཁྱོད་ ཁོ་ལེགས་ཤོམ་སྦེ་ སྒྲིལ་སྒོར་རྐྱབ་ཉལ་སྡོདཔ་ད་ ག་ཅི་སྦེ་ བསྣད་བྱིན་ཡི་ཟེར་ འདྲི་འདྲིཝ་མས་ལགས།Deer, you are asked to come, brother deer. Then, deer came. While he (snake) was sleeping, why did you crushed over him?
- ཚེ་རིང་ Researcher Yeshi Wangchuk Tshering: ཡ་་་ མ་བསྣད་བར་ ང་ཡང་ཐབས་མེད་ལགས་ཟེར་ སླབ་སླབ་ཨིན་ལོ་ལགས། ང་ཚལ་མ་ནང་ ཉལ་ཏེ་སྡོདཔ་ད་ ཨཱ་་་ད་ཅི་མ་བཀག་པར་ཡོད་མེན་ན་ ཏེར་ཆ་ཨ་པ་ཆད་འོངམ་ད་ ངེའི་སྒོལ་ཏོ་ཁར་ དོང་བཏང་རེདཔ་ད་ འདྲོག་སྟེ་མགྱོགསཔ་པའི་སྐབས་ལུ་ ཁོ་གུ་ དཔྱད་རིག་མེད་པར་བསྣད་བྱིན་ཡི་ཟེར་ སླབ་སླབ་ཨིན་ལོ་ལགས་ ཏེར་ཆ་ལུ།Deer replied, Oh! I do not have any choice rather than crushing over him. When I was sleeping in the forest, that time one farmer ( ap tercha ) was coming, when he touched over my back, I was frightened and then I crushed over it.ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ཨ་ནཱི་ཏེར་ཆ་གིས།So, this farmer (ap tercha )
- ཚེ་རིང་ Tsheringའོང་ལགས་ ཏེར་ཆ་གིས།Yeah, this farmer (ap tercha)
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའ་ནཱི་གིས་ འེང་་་།This farmer, ok..
- ཚེ་རིང་ Tsheringའགྱོ་ཤིག་ཏེར་ཆ་འབོ་བ་ཟེར་ སླབ་སླབ་ཨིན་ལོ། ཏེར་ཆ་འབོ་བར་སོང་སྟེ་ ཡ་་་ཏེར་ཆ་ག་ཅི་སྦེ་ ཁྱོད་ཁོ་གུ་བུད་སོངཔ་སྨོ་ཟེར་ སླབ་སླབ་མས།Then, go and call farmer (ap tercha)
- ཚེ་རིང་ Tsheringཡ་་་བདེན་ལགས་ད་ ང་ཡང་ མ་བུད་མ་འོང་བར་ཐབས་མེད། ང་རའི་ རོབ་འབྱེལ་གུ་སྡོདཔ་ད་ ཨཱ་ལགས་་་ཨ་ནཱི་ བྱ་དགོ་བོ་འོང་སྟེ་ ངེ་གུ་ཆགས་པར་འོངམ་ད་ ང་ཡང་ ཆད་འགྱོ་དགོཔ་ཐོན་སོང་ཟེར་ སླབ་སླབ་མས། ལོ་ཆོ་ཟེར་ བྱ་ཡོད་མེན་ན་ལགས།Yeah, it is right, I too do not have any choice rather than coming, when I was on the crepper, bird flew towads me and tried to land on me, then I fell down from the crepper.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའོང་་་།Ok...
- ཚེ་རིང་ Tsheringབྱ་ལགས། བྱ་འོང་འོངམ་མས་ལགས། ཁོ་གུ་ཆགས་པར་ འོང་ནི་འབདཝ་ད་ ཁོ་ཆད་འོང་འོངམ་མས། འ་ནཱེ་སྦེ་ རྩོད་གཞི་ཕྱེ་ཡི་ཟེར་ དེ་སྦེ་ཡོད་ལགས། འདིའི་སྐོར་ལས་ ལེ་ཤ་ཡོད་ལགས།Bird, bird came. When bird tried to land on him, he fell down from the crepper. There is an account in which litigation had been done. There are lots about it.
- ཚེ་རིང་ Tsheringལེ་ཀོ་གིས་ འགོ་རིམ་བཞིན་དུ་ར་འབོ་ནུག་སྦ། ཁྲིམས་དཔོན་གྱིས་ལགས་འབོ་ནི་དེ།Kajil pheasant called all one by one.
- ཚེ་རིང་ Tsheringཨ་ནཱི་འདི་ མ་བཀག་རུང་ བཏུབ་པས་མེན་ན་སློབ་དཔོན?Sir, will it be fine by not cutting off this one (tercha-wild fruit)?
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukབཏུབ་ལགས།Ok....
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཨ་ནཱ་ཧྲིལ་བུམ་སྦེ་ མེ་བཏང་པ་ཅིན་ ཨ་ཙི་ཅིག?This entire one, can you burn it little bit?
- ཚེ་རིང་ Tsheringཧྲིལ་བུམ་འདི་ མགྱོགས་པར་མི་འཚོ་བས་ལགས།Actually the entire one does not get cooked up.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་ དེ་འབད་ནི་དེ་གིས་ ནང་ཟས་བཏོན་མི་འདི་ཨིན་ན?Ok...that's why have to take out all the inner fruit?
- ཚེ་རིང་ Tsheringདང་ཕུ་ ང་བཅས་ཚུ་གིས་ ནང་ཟས་བཏོན་ཞིནམ་ལས་ མགྱོགས་པར་མགྱོགས་པ་བཟའ་འོང་སྦ། ཁོ་འ་ནཱེ་སྦེ་ མེ་བཏང་པ་ཅིན་ མགྱོགས་པ་འཚོ་མི་བཏུབ་ལགས།In olden days, we used to take out all and then eat it immediately.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok....
- ཚེ་རིང་ Tsheringཨ་ནཱི་འདི་ མགྱོགས་པར་འཚོ་ནིའི་དོན་ལུ་ལགས།This is the reason to get cooked up fastly.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok....
- ཚེ་རིང་ Tsheringའ་ནཱེ་སྦེ་མེ་བཏང་ཞིནམ་ལས་ མེ་རུ་ནང་ མེ་བཏང་དགོ་ལགས། འ་ནཱེ་སྦེ་མེ་བཏང་སྟེ་ ལེགས་ཤོམ་སྦེ་ མ་འཚོ་ཚུན་ཚོད་ར་ མེ་བཏང་དགོ་ལགས།After burning it like this, then have to burn it into embers. After burning it like this, have to burn it till it get cooked up properly.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཤེས་པ་ཅིན་ག་ནི་ཡང་ བཟའ་བཏུབ་པས་ཏེ་སྨོ་ལགས?If we know everything about it, then can we eat it?
- ཚེ་རིང་ Tsheringབླ་མ་བཟའ་ནི་ལེ་ཤ་ཡོད། ཧྲིལ་བུམ་སྦེ་ མེ་བཏང་ཞིནམ་ན་ ཧྲིལ་བུམ་སྦེ་ བཤུབ་སྟེ་ཡང་བཏང་ནི་ཡོད་ལགས་།Lama used to eat lot. After burning it entirely, even we used to peel off entirely.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའ་ནཱེམ་ཅིག་ཨིན་ན་མེ་བཏང་ནི?That's all that had to be burnt.
- ཚེ་རིང་ Tsheringམེ་བཏང་ནི་ལགས། ད་ང་བཅས་ཀྱི་ ལུགས་སྲོལ་ལས་ ཀེམ་པ་ཟེར་གཅིག་བཟོ་ནི་ཡོད། ཀེམ་པ་བཟོ་གེ་ལགས།Have to burn it. Now, in our tradition use to make kempa(dzongkha term). Lets make it.
- ཚེ་རིང་ Tsheringའ་ནཱི་ཀེམ་པ་ འ་ནཱེ་སྦེ་བཟོ་སྟེ་ ལགཔ་མི་འཚིག་ནིའི་དོན་ལུ་ཨིན་ལགས་ འ་ནཱི་འདི།After making it, its for hand safety.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukལགས་སོ།Lasola.
- ཚེ་རིང་ Tsheringའ་ནཱེ་སྦེ་ འཐུ་ཞིནམ་ལས་ འ་ནཱེ་སྦེ་མེ་བཏང་དགོ།Have to pick up like this and have to burn it.
- ཚེ་རིང་ Tsheringའདི་ཨིན་ནི་འདི་ མར་ཨིན་པས་སྦ། མངར་ཏོང་ཏོ་འབད་འོང་། ཚོདམ་ནང་བླུགསཔ་ད་ བརྡུང་ཞིནམ་ལས་བླུགས་དགོ། ང་བཅས་རའི་ ཨེ་མ་བརྡུང་སའི་རྩི་ཀུ་ནང་སྦེ་ ཚོདམ་ནང་འདི་ མེ་བཏང་མི་དགོ་ལགས། རློནམ་སྦེ་བཤུབ་སྟེ་ རློནམ་སྦེ་ར་བརྡུང་ཞིནམ་ན་ བླུགས་ནི་ཨིན་ལགས། དེ་མ་ཚད་This is butter. It will have sweet taste. While we put it in curry, we have to grind it. We have to grind it in chilli grinding motar and then if we are going to put it in curry, no need to roast it. Can peel off it in fresh and even can put it in curry freshly.
- ཚེ་རིང་ Tsheringདར་ཚིལ་གྱི་ཚབ་ཡང་བཏུབ་ལགས། དཀརཔོ་དཀརཔོ་འགྱོ་འོང་ལགས། དར་ཚིལ་བཟུམ་སྦེ་འགྱོ་འོང་། ལེགས་ཤོམ་སྦེ་བཙོ་དགོ། མ་བཙོ་པ་ཅིན་ འདི་གིས་ཕོརཝ་ན་འོང་།It can be substitute for cheese. It will turn into white. It will turn like cheese. Have to cook it properly. If we do not cook it, we will get stomach pain
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok...
- ཚེ་རིང་ Tsheringབཙོ་ཞིནམ་ལས་ འཚོ་པ་ཅིན་འདི་ ག་ནི་ཡང་མི་འབད་སྦ་ལགས།After cooking it, if it is cooked properly nothing will happen.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukལགས་སོ།Lasola..
- ཚེ་རིང་ Tsheringག་ཅི་སྦེ་ཟེར་བ་ཅིན་ དང་ཕུ་ ང་བཅས་ཚུ་གིས་ ཨ་ལོ་སྦེ་སྡོད་པའི་སྐབས་ ནོར་འཚོ་སྡོདཔ་ད་ ཚལ་མ་ནང་ཡང་ པགས་ཀོ་བཤུབ་ཅི་ར་ བཟའ་འོང་ལགས།Because in olden days when we were children, when we were grazing cattles in the forest, used to peel it off and eat it.
- ཚེ་རིང་ Tsheringད་འདི་འཚོ་སོང་ནུག། བཟའན་ན་སློབ་དཔོན? ཨ་ཙི་ཅིག་བལྟ་ཤིག་ལགས། ལེགས་ཤོམ་སྦེ་ བཙོ་དགོ་ལགས། འ་ནཱི་བཙོ་ཞིནམ་ན་ འ་ནཱེ་སྦེ་བཟའཝ་ད་ བལྟ་ཤིག། འ་ནཱེ་སྦེ་ བཟའ་དགོ་ལགས། མེ་བཏང་ཞིནམ་ན་ ལེགས་ཤོམ་སྦེ་ འཚོ་དགོ་ལགས། འཚོ་ཞིནམ་ན།Now, it had cooked. Want to eat it, sir? Do look at it. Have to cook it properly. After cooking it, while eating have a look at it. Have to eat like this. After burning it (tercha), it has to cook properly.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukད་འཚོ་ནུག་ག་ལགས?Now, did it cooked?
- ཚེ་རིང་ Tsheringད་འཚོ་ནུག་ལགས། ད་འཚོ་ཅི་ལགས། ཏེར་ཆ་ འ་ནཱེ་སྦེ་བཟའ་དགོ། མེ་བཏངམ་ད་ འ་ནཱེ་སྦེ་བཏང་དགོ་ལགས། འ་ནཱེ་སྦེ་ ལེགས་ཤོམ་སྦེ་བཙོ་སྟེ་ ཡ?Now, it had cooked. Tercha(wild fruit) should be ate like this. While roasting, have to roast it like this. Like this, did it cooked properly?
- ཚེ་རིང་ Tsheringཡ་འཚོཔ་ད་འདི་ཞིམ།When it is roast, it delicious.
- ཚེ་རིང་ Tsheringཧེ་མ་ ང་བཅས་ཀྱིས་ འ་ནཱེ་སྦེ་ བཟའ་འོང་ལགས།In past, we used to eat like this.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Ok.....