06 Jan 2016
3 min 12 sec
Video Overview
Creators:
Tibetan & Himalayan Library
This is a video of Takdo from Topden Township in Chentsa singing a song called "A Clever Horse and an Excellent Man." This song is part of a collection of folk songs from the Rebgong cultural area.
འདི་ནི་མཉམ་དུ་འཛོས་པར་སྤྲོ་བའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་ཆོས་བྱེད་པ་རྣམས་ཇོ་བོ་རིན་པོ་ཆེའི་མདུན་དུ་འཛོམས་ན་དགའ་བ་དང་། གཡང་དཀར་ལུག་དང་རྫི་བོ་གཉིས་རི་མགོ་ནས་འཛོམས་ན་སྤྲོ་བ། འདོ་རིགས་རྟ་བོ་དང་ཕ་བཟང་བུ་གཉིས་རྟ་རྒྱུགས་སའི་བྱང་ལམ་ས་ནས་འཛོམས་པར་སྤྲོ་བ་བརྗོད་པའི་གླུ་ཞིག་ཡིན།
- ༼ཡེ་་་་ཡ་རེ་ཡ་རེ་ངས་ཡ་རེ་ཡང་ལེན་གོ་་་ན་ཟླ་ལོ་ལོ་་་ངས་གླུ་ཞིག་ལེན༽
- མགོ་ཞྭ་སེར་ཅན་དང་ཕྲེང་སེར་ཅན།།
- ནམ་ལངས་དུས་ཇོ་བོའི་མདུན་ན་ཡོད།།
- ༼ཡེ་་་་ཡ་རེ་ཡ་རེ་ངས་ཡ་རེ་ཡང་ལེན་གོ་་་ན་ཟླ་ལོ་ལོ་་་ངས་གླུ་ཞིག་ལེན༽
- མགོ་ཚར་་ཞྭ་ཅན་དང་མཚེར་དཀར་ལུག།
- ནམ་ལངས་དུས་རི་གསུམ་རྩེ་ན་ཡོད།།
- ༼ཡེ་་་་ཡ་རེ་ཡ་རེ་ངས་ཡ་རེ་ཡང་ལེན་གོ་་་ན་ཟླ་ལོ་ལོ་་་ངས་གླུ་ཞིག་ལེན༽
- འདོ་རིགས་རྟ་དང་ཕ་བཟང་བུ།།
- ནམ་ལངས་དུས་བྱང་ལམ་ས་ན་ཡོད།།
- གླུ་ཡང་ཡང་ལེན་པའི་སྨོན་ལམ་འདེབས།།