Video Overview
Pema Lhadon from Phimshong village sings “Chema Zamae,” which usually sung while clearing the ground for cotton cultivation. Pema Lhadon is the only one in her village who knows the song's lyrics and tune. The song can be sung individually, but when performed in groups, there can be an accompanying dance. The song expresses the hopes for abundant rainfalls, bountiful harvests, and tranquility among families.
༉ བཀྲ་ཤིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ གཡུས་ཕིམ་སོང་ལས་ ཕྱེ་མ་བརྫམ་མེས་བརྫམ་ལུགས་ཟེར་བའི་གླུ་གཞས་ཅིག་ པདྨ་ལྷ་སྒྲོན་གྱིས་འཐེན་ཏེ་འདུག གླུ་གཞས་འདི་ ཁོང་རའི་ མི་རྒས་ཤོས་ཚུ་ལས་བརྒྱུད་དེ་འོང་ནུག གླུ་གཞས་འདི་ཡང་ ད་ལྟོ་ཚུན་ཚོད་ སྒྲ་པར་བཟུང་སྟེ་མེདཔ་མ་ཚད་ ཡིག་ཐོག་ནང་ཡང་མེདཔ་ཨིན་མས། གླུ་གཞས་འདི་གི་བརྗོད་དོན་འདི་ རྩེ་རི་བརྫམས་ཞིནམ་ལས་ ཀ་བལ་བཏབ་སྟེ་ཀ་བལ་གྱི་གོ་ལ་འཐག་པའི་སྐོར་ལས་ཨིན་མས། གླུ་གཞས་འདི་གི་འབྱུང་ཁུངས་བྱུ་རབས་ཚུ་ཡང་མི་ཤེས་དོ་ཡོདཔ་ད་ ད་རེས་ནངས་པར་ གླུ་གཞས་འདི་གི་ཚིག་དང་གདངས་ཤེས་མི་ཡང་ པདྨ་ལྷ་སྒྲོན་རྐྱངམ་ཅིག་མ་གཏོགས་ གཞན་མེདཔ་ཨིན་པས། གླུ་གཞས་འདི་འཐེན་པའི་སྐབས་ལུ་ མི་རང་རྐྱང་དང་ཡང་ན་ སྡེ་ཚན་འབད་འཐེན་ནི་ཡོདཔ་མ་ཚད་ བྲོ་འཁྲབ་ནི་ཡང་ཡོདཔ་ཨིན་པས། གླུ་གཞས་འདི་འཐེན་དགོ་པའི་རྒྱུ་མཚན་ཡང་ ཆར་ཆུ་འདུས་སུ་འབབ་ ལོ་ཕྱུགས་རྟག་ཏུ་ལེགས་ཏེ་ བཟའ་ཚང་དེ་ཚུ་དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་སྦེ་བཞུགས་ཅུག་ ཟེར་འཐེནམ་ཨིན་མས།
- Trashigang
- Phongme
- པད་མ་ལྷ་སྒྲོན་Pema Lhadon: ཕྱེ་མ་བརྫམ་མེ་བརྫམ་ལུགས་རེ་ངན་རྒྱལ་མོས་བརྫམ། །སྭོ་ ང་ལུ་ཁྲི་གདུགས་ཉི་མ་དྲན་ལ་དྲན་འབྱུང་སོ། །
- པད་མ་ལྷ་སྒྲོན་Pema Lhadon: ཤིང་གཏུབ་ཕེ་གཏུབ་ལུགས་རེ་ངན་རྒྱལ་མོས་གཏུབ། །སྭོ་ ང་ལུ་སེང་ཆེན་དཀར་མོ་དྲན་ལ་དྲན་འབྱུང་སོ། །
- པད་མ་ལྷ་སྒྲོན་Pema Lhadon: མོ་ངན་གཡབ་ཕེ་གཡབ་ལུགས་རེ་ངན་རྒྱལ་མོས་གཡབ། །སྭོ་ ང་ལུ་སེང་ཆེན་དཀར་མོ་དྲན་ལ་དྲན་འབྱུང་སོ། །
- པད་མ་ལྷ་སྒྲོན་Pema Lhadon: མོ་ངན་ཤེ་ལེ་ཤེ་ལུགས་རེ་ངན་རྒྱལ་མོས་ཤེ །སྭོ་ ང་ལུ་ཤ་བ་རྭ་བཅུ་དྲན་ལ་དྲན་འབྱུང་སོ། །
- པད་མ་ལྷ་སྒྲོན་Pema Lhadon: མོ་ངན་གབ་ཕེ་གབ་ལུགས་རེ་ངན་རྒྱལ་མོས་གབ། །སྭོ་ ང་ལུ་ [དུམ་བུ་གནས་ག?] དྲན་ལ་དྲན་འབྱུང་སོ། །
- པད་མ་ལྷ་སྒྲོན་Pema Lhadon: མོ་ངན་ཇཱད་པེ་ཇཱད་ལུགས་རེ་ངན་རྒྱལ་མོས་ཇཱད། །སྭོ་ ང་ལུ་ [ངབ་ཀའི་གིན་ལ?] དྲན་ལ་དྲན་འབྱུང་སོ། །
- པད་མ་ལྷ་སྒྲོན་Pema Lhadon: ཁ་མོང་ནམ་མེ་ནམ་ལུགས་རེ་ངན་རྒྱལ་མོས་ནམ། །སྭོ་ ང་ལུ་ [དུམ་བུ་གནས་ག?] དྲན་ལ་དྲན་འབྱུང་སོ། །
- པད་མ་ལྷ་སྒྲོན་Pema Lhadon: ལགས་སོ།། །།