Skip to main content Skip to search
28 Aug 2018
6 min 18 sec
Rating
0
No votes yet
Video Overview
Creators: 
Sonam Tobgye

༉  ལྷུན་རྩེ་རྫོང་ཁག་ ཀུར་སྟོད་རྒེད་འོག་ལས་ སེངྒེ་བཟང་མོ་གིས་འཐེན་མི་ བོད་སྒྲའི་གླུ་གཞས་རྙིངམ་ ཡས་ཀྱི་དགུང་སངས་ཀྱི་མཐོན་པོ་ཟེར་མི་ཅིག་འཐེན་ཏེ་འདུག གླུ་གཞས་འདི་ གངས་སྟོད་དགུང་སྟོད་བསྐོར་བའི་གླུ་གཞས་ཅིག་ཨིནམ་ད་ རང་ཡུལ་བཀོ་བཞག་སྟེ་མི་ཡུལ་འཁྱམས་སྡོད་ས་ལས་ ལོག་སྟེ་ཕམ་དང་སྤུན་ཆ་ཡོད་སའི་རང་ཡུལ་ཕྱོགས་ལུ་ལོག་དགོ་པའི་སྐོར་ལས་ཨིན་མས། དེ་ཡང་རང་ཡུལ་ཕ་མ་བཞུགས་ས་ལུ་ དུས་ད་རེས་རྩྭ་སྣ་གཅིག་ལ་ཆུ་སྣ་རེ་འཛོམས་ཏེ་ རྩྭ་ཆུ་དང་ལྡན་པའི་ས་ ཉམས་དགའ་ཏོག་ཏོ་སྦེ་ཡོད་པའི་ལོ་རྒྱུས་དང་ དེ་བཟུམ་གྱི་ཉམས་དགའ་བའི་ས་ཆ་ རང་ཡུལ་ཕམ་བཟང་པོའི་ཕྱོགས་ལུ་ལོག་འགྲོ་ཟེར་ རང་ཡུལ་ཟམ་པའི་འོག་ལུ་ཨིན་རུང་དགའ་ཟེར་དོ་བཟུམ་ རང་གི་གཡུས་དྲན་ཏེ་ལོག་འགྱོ་བའི་སྐོར་ལས་ཨིན་པས།

Show More

  • སེངྒེ་བཟང་མོ་ Singye Zangmo
    ཡས་ཀྱི་གཅིག་ལ་དགུང་སངས་ཀྱི་མཐོན་པོ། །དགུང་སྟོད་གཅིག་ལ་ཁྲི་གདུགས་ཀྱི་ཉི་མ། །དགུང་སྟོད་གཅིག་ལ་ཁྲི་གདུགས་ཀྱི་ཉི་མ། །
    In the sky above, the sky consist with sun.
  • སེངྒེ་བཟང་མོ་ Singye Zangmo
    དུས་ད་རེས་རྩྭ་སྣ་ལས་འཛོམས་པ། །རྩྭ་སྣ་གཅིག་ལ་ཆུ་སྣ་རིགས་འཛོམས། །རྩྭ་སྣ་གཅིག་ལ་ཆུ་སྣ་རིགས་འཛོམས། །
    In the several of grass, varieties of grass consist variety of water.
  • སེངྒེ་བཟང་མོ་ Singye Zangmo
    ས་ལ་དགའ་བ་རང་ཡུལ་ཕྱོགས་ལ་ལོག་འགྲོ། །ཕ་མ་བཟང་པོ་བཟང་པའི་ཕྱོགས་ལ་ལོག་འགྲོ། །ཕ་མ་བཟང་པོ་བཟང་པོའི་ཕྱོགས་ལ་ལོག་འགྲོ། །
    Will return back to our home, will return towards the noble parents. Will return to towards the noble parents.
  • སེངྒེ་བཟང་མོ་ Singye Zangmo
    ཡས་ཀྱི་གཅིག་ལ་གངས་སྟོད་ཀྱི་མཐོན་པོ། །གངས་སྟོད་གཅིག་ལ་སེང་ཆེན་གྱི་དཀར་མོ། །གངས་སྟོད་གཅིག་ལ་སེང་ཆེན་གྱི་དཀར་མོ། །
    In the peak above, peak with lion.
  • སེངྒེ་བཟང་མོ་ Singye Zangmo
    དུས་ད་རེས་རྩྭ་སྣ་ལས་འཛོམས་པ། །རྩྭ་སྣ་གཅིག་ལ་ཆུ་སྣ་རིགས་འཛོམས། །རྩྭ་སྣ་གཅིག་ལ་ཆུ་སྣ་རིགས་འཛོམས། །
    In the several of grass, varieties of grass consist variety of water.
  • སེངྒེ་བཟང་མོ་ Singye Zangmo
    ས་ལ་དགའ་བ་རང་ཡུལ་ཕྱོགས་ལ་ལོག་འགྲོ། །ཕ་མ་བཟང་པོ་བཟང་པའི་ཕྱོགས་ལ་ལོག་འགྲོ། །ཕ་མ་བཟང་པོ་བཟང་པོའི་ཕྱོགས་ལ་ལོག་འགྲོ། །
    Will return back to our home, will return towards the noble parents. Will return to towards the noble parents.
  • སེངྒེ་བཟང་མོ་ Singye Zangmo
    ཡས་ཀྱི་གཅིག་ལ་སྤང་སྟོད་ཀྱི་མཐོན་པོ། །སྤང་སྟོད་གཅིག་ལ་ཤཝ་རྒས་རེ་གཡུ་མོ། །སྤང་སྟོད་གཅིག་ལ་ཤཝ་རྒས་རེ་གཡུ་མོ། །
    In the pastureland, pastureland consists with reindeer.
  • སེངྒེ་བཟང་མོ་ Singye Zangmo
    དུས་ད་རེས་རྩྭ་སྣ་ལས་འཛོམས་པ། །རྩྭ་སྣ་གཅིག་ལ་ཆུ་སྣ་རིགས་འཛོམས། །རྩྭ་སྣ་གཅིག་ལ་ཆུ་སྣ་རིགས་འཛོམས། །
    In the several of grass, varieties of grass consist variety of water.
  • སེངྒེ་བཟང་མོ་ Singye Zangmo
    ས་ལ་དགའ་བ་རང་ཡུལ་ཕྱོགས་ལ་ལོག་འགྲོ། །ཕ་མ་བཟང་པོ་བཟང་པའི་ཕྱོགས་ལ་ལོག་འགྲོ། །ཕ་མ་བཟང་པོ་བཟང་པོའི་ཕྱོགས་ལ་ལོག་འགྲོ། །
    Will return back to our home, will return towards the noble parents. Will return to towards the noble parents.
  • སེངྒེ་བཟང་མོ་ Singye Zangmo
    ཡས་ཀྱི་གཅིག་ལ་གཡུས་སྟོད་ཀྱི་མཐོན་པོ། །གཡུས་སྟོད་གཅིག་ལ་སྨན་ཆུང་བུ་མོ། །གཡུས་སྟོད་གཅིག་ལ་སྨན་ཆུང་གི་བུ་མོ། །
    In the village, village consists with damsel.
  • སེངྒེ་བཟང་མོ་ Singye Zangmo
    དུས་ད་རེས་རྩྭ་སྣ་ལས་འཛོམས་པ་ལ། །རྩྭ་སྣ་གཅིག་ལ་ཆུ་སྣ་རིགས་འཛོམས། །རྩྭ་སྣ་གཅིག་ལ་ཆུ་སྣ་རིགས་འཛོམས། །
    In the several of grass, varieties of grass consist variety of water.
  • སེངྒེ་བཟང་མོ་ Singye Zangmo
    ས་ལ་དགའ་བ་རང་ཡུལ་ཕྱོགས་ལ་ལོག་འགྲོ། །ཕ་མ་བཟང་པོ་བཟང་པའི་ཕྱོགས་ལ་ལོག་འགྲོ། །ཕ་མ་བཟང་པོ་བཟང་པོའི་ཕྱོགས་ལ་ལོག །
    Will return back to our home, will return towards the noble parents. Will return to towards the noble parents.
  • སེངྒེ་བཟང་མོ་ Singye Zangmo
    ལགས་སོ་ལགས།། །།