Skip to main content Skip to search
28 Aug 2018
4 min 11 sec
Rating
0
No votes yet
Video Overview
Creators: 
Sonam Tobgye

༉  ལྷུན་རྩེ་རྫོང་ཁག་ ཀུར་སྟོད་རྒེད་འོག་ ཟིམ་སྤོངས་ལས་སེངྒེ་བཟང་མོ་གིས་བོད་སྒྲའི་གླུ་གཞས་རྙིངམ་ ཡས་ཀྱི་དགུང་སངས་མཐོན་པོ་ཟེར་མི་ཅིག་འཐེན་ནི་འདུག གླུ་གཞས་འདི་ འབྲས་ཆང་ཨ་རག་འཐུང་དགོ་པའི་སྐོར་ལས་དང་ ཞབས་བྲོ་རྐྱབ་དགོ་པའི་སྐོར་ལས་ཨིནམ་ད་ ཆང་འདི་བསྐོལ་ཞིནམ་ལས་འཐུང་དགོ་ མ་འཐུང་པ་ཅིན་ ཆང་བསྐོལ་སྦེ་ག་ཅི་འབད་ནི་ དེ་བཟུམ་སྦེ་ ཞབས་བྲོ་ཚེ་དབང་འབྲུག་རྒྱས་ཡང་འཁྲབ་དགོ་ མ་འཁྲབ་པ་ཅིན་ཞབས་བྲོ་ག་ཅི་འབད་ནི་ཟེར་ འཐེན་ནི་འདུག

Show More

  • སེངྒེ་བཟང་མོ་ Singye Zangmo
    ཡས་ཀྱི་དགུང་སངས་མཐོན་པོའི་ཕྱོགས་ལ། །ཡས་ཀྱི་དགུང་སངས་མཐོན་པོའི་ཕྱོགས་ལ། །གྲེ་བའི་གྲེ་གླུ་ཡ་ག །གྲེ་བའི་གྲེ་གླུ་ཡ་ག །
  • སེངྒེ་བཟང་མོ་ Singye Zangmo
    འབྲས་ཆང་ཨང་རྒས་དང་པོ་བཞེས་པའི། །འབྲས་ཆང་ཨང་རྒས་དང་པོ་བཞེས་པའི། །འཐུང་དགོས་བསམ་ནི་ཡོངས་སོང་། །མ་འཐུང་ན་ཏ་གང་བྱེད། །
    From the lofty of sky, sing in the line. Have the first alcohol by grandmother, thought of drinking; if not drank what to do?
  • སེངྒེ་བཟང་མོ་ Singye Zangmo
    གླུ་མོ་མ་ཕྱེ་དཔེ་ཡང་ངེད་ཚོ། །གླུ་མོ་མ་ཕྱེ་དཔེ་ཡང་ངེད་ཚོ། །རྒྱབ་དགོས་བསམ་ནས་ཡོང་སོང་། །མ་རྒྱབ་ན་ཏ་གང་བྱེད། །
  • སེངྒེ་བཟང་མོ་ Singye Zangmo
    ཞབས་བྲོ་ཚེ་དབང་འབྲུག་རྒྱས་ངེད་ཚོ། །ཞབས་བྲོ་ཚེ་དབང་འབྲུག་རྒྱས་ངེད་ཚོ། །འཁྲབ་དགོས་བསམ་ནས་ཡོང་སོང་། །མ་འཁྲབ་ན་ཏ་གང་བྱེད། །
    Its bad if we don't compete song came with thought of singing; if not sing what to do? The song call tshewang drukjay, came with thought of dancing; if not dance what to do?
  • སེངྒེ་བཟང་མོ་ Singye Zangmo
    ཡས་ཀྱི་གངས་སྟོད་མཐོན་པོའི་ཕྱོགས་སུ། །ཡས་ཀྱི་གངས་སྟོད་མཐོན་པོའི་ཕྱོགས་སུ། །གྲེ་བའི་གྲེ་གླུ་ཡ་ག །གྲེ་བའི་གྲེ་གླུ་ཡ་ག །
  • སེངྒེ་བཟང་མོ་ Singye Zangmo
    འབྲས་ཆང་ཨང་རྒས་དང་པོ་ངེད་ཚོ། །འབྲས་ཆང་ཨང་རྒས་དང་པོ་ངེད་ཚོ། །འཐུང་དགོས་བསམ་ནས་ཡོང་སོང་། །མ་འཐུང་ན་ཏ་གང་བྱེད། །
    From the lofty of peak, lets sing in line. We the grandmothers have the first line alcohol, came with the thought of drinking; if not drank what to do?
  • སེངྒེ་བཟང་མོ་ Singye Zangmo
    གླུ་མོ་མ་ཕྱེ་དཔེ་ཡང་ངེད་ཚོ། །གླུ་མོ་མ་ཕྱེ་དཔེ་ཡང་ངེད་ཚོ། །རྒྱབ་དགོས་བསམ་ནས་ཡོང་སོང་། །མ་རྒྱབ་ན་ཏ་གང་བྱེད། །
  • སེངྒེ་བཟང་མོ་ Singye Zangmo
    ཞབས་བྲོ་ཚེ་དབང་འབྲུག་རྒྱས་ངེད་ཚོ། །ཞབས་བྲོ་ཚེ་དབང་འབྲུག་རྒྱས་ངེད་ཚོ། །འཁྲབ་དགོས་བསམ་ནས་ཡོང་སོང་། །མ་འཁྲབ་ན་ཏ་གང་བྱེད། །
    Its bad if we don't compete song came with thought of singing; if not sing what to do? The song call tshewang drukjay, came with thought of dancing; if not dance what to do?
  • སེངྒེ་བཟང་མོ་ Singye Zangmo
    ལགས་སོ་ལགས།། །།
    Thank you